༢༠༡༡ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུད་བོད་མཛའ་འབྲེལ་མཐུན་ཚོགས་གཉིས་ཀྱིས་མགྲོན་འབོད་ལྟར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༡ ཉིན་སུད་སིའི་གྲོས་ཚོགས་འཐུས་མི་རྣམས་དང་ཐེངས་དང་པོ་མཇལ་འཕྲད་གནང་རྒྱུ་ཡིན་འདུག མཇལ་འཕྲད་གནང་ཡུལ་དེ་བཞིན་སུད་སི་གྲོང་ཁྱེར་བྷར་ཎ་(Bern)ཁུལ་གྱི་ཤུ་ཝི་ཆི་ཝ་རོབ་(Schweizerhof)ཞེས་པའི་ཚོགས་ཁང་གི་ཁང་ཨང་ ༤ ནང་ཡིན་འདུག མཇལ་འཕྲད་སྐབས་གསར་འགོད་པ་ཚོར་པར་རྒྱག་རྒྱུའི་གོ་སྐབས་གནང་རྒྱུ་མ་ཟད། མཇལ་འཕྲད་གྲུབ་བསྟུན་གསར་འགོད་པ་དང་ཐུག་འཕྲད་ཀྱིས་དྲི་བར་ལན་འདེབས་གནང་རྒྱུ་ཡིན་འདུག་པ་བཅས།།
བཀའ་ཁྲི་མཆོག་གིས་སུད་སི་གྲོས་ཚོགས་འཐུས་མི་དང་ལྷན་མཇལ་འཕྲད་གནང་རྒྱུ།
གསར་གནས།
འབྲེལ་གནས།