༢༠༡༡ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་རྒྱ་གར་བྱང་ཕྱོགས་ཇམ་མུ་(Jammu)ནས་ཀི་ལོ་མི་ཊར་ ༣༠ ཙམ་གྱི་སར་ཡོད་པའི་ཨམ་བྷ་རན་(Ambran)ཞེས་པའི་གྲོང་ཚོའི་ནང་དུ་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་རྒྱ་གར་གྱི་ས་གཞི་དཔྱད་རིག་ཚན་པས་ཨམ་བྷ་རན་ཁུལ་དེ་ནས་རྙེད་སོན་བྱུང་བའི་རིང་བསྲེལ་དང་ནང་པའི་ལྷ་ཁང། དགེ་འདུན་པའི་གཟིམ་ཤག དེ་བཞིན་མཚམས་ཁང་སོགས་ཀྱི་དངོས་རྫས་རྣམས་ལ་བརྟག་དཔྱད་བྱེད་སྐབས་ས་གནས་དེར་དེ་སྔ་དུས་རབས་ ༢ ནས་ ༧ བར་ནང་ཆོས་ཤུགས་ཆེ་དར་ཡོད་ཚུལ་བརྗོད་བཞིན་ཡོད། དེར་བརྟེན་ཕྱི་ཚེས་ ༡༤ རེས་གཟའ་ཟླ་བའི་ཉིན་མངའ་སྡེའི་འཕྲོད་བསྟེན་དང་ཡུལ་འཁོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ཤཱམ་ཤར་མ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། ས་གནས་དེར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་སྐོར་དང། མང་ཚོགས་རྣམས་ཀྱིས་ཡུན་རིང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཕེབས་སྒུག་ཞུ་བཞིན་ཡོད་སྐོར་སོགས་འགྲེལ་བཤད་གནང་ཡོད།
གཞན་ཡང་༸གོང་ས་མཆོག་གིས་ཨམ་བྷ་རན་ཁུལ་ལ་ཕེབས་ཞོར་དུ་ཇམ་མུའི་གྲོང་ཁྱེར་ནང་པར་རིགས་འགྲེམ་སྟོན་ཞིག་དབུ་འབྱེད་མཛད་རྒྱུ་ཡིན་འདུག དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཨམ་བྷ་རན་གྲོང་ཚོའི་ས་ཁུལ་གྱི་་སའི་འོག་ནས་རྙེད་སོན་བྱུང་བའི་རིང་བསྲེལ་ལ་མཇལ་ཁ་ཞུ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།
༸གོང་ས་མཆོག་རྒྱ་གར་བྱང་ཕྱོགས་ཇམ་མུའི་ནང་པའི་གནས་ཤུལ་དུ་ཆིབས་སྒྱུར་བསྐྱངས་པ།
གསར་གནས།
འབྲེལ་གནས།