༢༠༡༡ ཟླ་ ༡༠ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༦ ཉིན་ཕྱི་དྲོ་ནས་ཕྱི་ཟླ་ ༡༡ ཚེས་ ༡༠ སྔ་དྲོ་བར་དཔལ་ལྡན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་བཀའ་ཁྲི་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༧ ཉིན་ལྡི་ལིར་ཕེབས་རྗེས་མི་སྣ་ཁག་མཇལ་འཕྲད་གནང་རྒྱུ་ཡིན་པ་དང། ཕྱི་ཚེས་ ༢༨ ཉིན་སྔ་དྲོ་ལྡི་ལིར་ཤེས་རིག་པར་ཁང་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་གསུང་བཤད་གནང་རྒྱུ་ཡིན་འདུག དེ་ཉིན་ལྡི་ལི་ནས་ནེ་ཝཀ་རུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༩ ཉིན་ནེ་ཝཀ་རུ་ཕེབས་འབྱོར་གནང་རྒྱུ། ཕྱི་ཟླ་ ༡༠ ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༦ བར་བྱང་ཨ་རི་ཁུ་ལ་དུ་གྲོས་ཚོགས་ཀྱི་འཐུས་མི་དང། སྲིད་བྱུས་ཉམས་ཞིབ་པ། རོགས་ཚོགས་ཁག གསར་འགོད་པ་བཅས་མཇལ་འཕྲད་གནང་རྒྱུ་དང། དེ་བཞིན་བོད་དོན་སྐོར་གྲོས་ཚོགས་ཀྱི་གསན་ཞིབ་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།།
བཀའ་ཁྲི་མཆོག་གི་གཞུང་འབྲེལ་ཕྱོགས་བསྐྱོད།
གསར་གནས།

འབྲེལ་གནས།
