༢༠༡༡ ཟླ་ ༥ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༧ ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་རྟེན་གཞི་བྱས་པའི་ཇོན་ཇི་ནང་པའི་ལྷ་ཁང་དུ་སྔ་འགྱུར་རྙིང་མའི་བླ་ཆེན་རྫ་་དཔལ་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཉི་ཧོང་མང་ཚོགས་རྣམས་ས་ཡོམ་དང་མཚོ་རླབས་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་ཚོགས་ཡོད། སྨོན་ལམ་གོ་སྒྲིག་གནང་མཁན་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་ཁང་ཡིན་འདུག་པ་དང་སྐབས་དེར་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་ཐོག་མར་མཆོད་འབུལ་སྨོན་ལམ་གྱི་ངོ་སྤྲོད་གནང་བ་དང་། དེ་རྗེས་རྫ་་དཔལ་སྤྲུལ་རིན་པོ་ཆེ་མཆོག་གིས་སྨོན་ལམ་གྱི་ཕན་ཡོན་རྣམས་གསལ་བཤད་གནང་སྟེ་ཤེས་རབ་སྙིང་པོ་གསུང་འདོན་གནང་ཡོད་པ་བཅས།།
རྫ་དཔལ་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཉི་ཧོང་མང་ཚོགས་རྣམས་ཀྱིས་མཆོད་འབུལ་སྨོན་ལམ་ཚོགས་པ།
གསར་གནས།

འབྲེལ་གནས།
