༢༠༡༡ ཟླ་ ༤ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༩ རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཤི་རི་ལང་ཀའི་ནང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ (Enlightenment Seeker`s Study Circle) ཞེས་པ་དང་ཤི་རི་ལང་ཀ་བོད་ཀྱི་གྲོགས་པོ་ (Friend`s of Tibet) ཞེས་པའི་ཚོགས་པ་གཉིས་ཟུང་འབྲེལ་ཐོག་བོད་མིའི་འཐབ་རྩོད་དང་བོད་ཀྱི་ནང་ཆོས། འཚེ་མེད་ཞི་བའི་ལྟ་གྲུབ་བཅས་གནད་དོན་གཙོ་བོ་གསུམ་གྱི་ཐོག་གོ་རྟོགས་རྒྱ་ཆེ་སྤེལ་བའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་འདུག སྐབས་དེར་ཁྲིམས་རྩོད་པ་དང་གཙུག་ལག་སློབ་གྲྭའི་སློབ་དཔོན། ཁོར་ཡུག་ཉམས་ཞིབ་པ། རྩོམ་པ་པོ་བཅས་ལྷན་འཛོམས་བྱུང་ཡོད། ལྷན་ཚོགས་སྐབས་ཤི་རི་ལང་ཀ་བོད་ཀྱི་གྲོགས་པོའི་ཚོགས་མི་སྐུ་ཞབས་ར་བིན་སྡ་ར་སིན་ཧཱ་ (Ravindra Ranasinha)ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་གྲོས་ཚོགས་སུ་སྩལ་བའི་གསུང་འཕྲིན་རིན་པོ་ཆེ་བཀླགས་ཏེ་རྒྱ་ནག་གཞུང་གིས་ད་བར་བོད་མི་རྣམས་ལ་སྡུག་སྦྱོང་བཙན་ཤེད་ཐོག་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་ལས་གཞི་སྤེལ་མུས་ཁར་བོད་ཀྱི་ཁོར་ཡུག་ལ་གང་བྱུང་གཏོར་ཤིག་དང་བོད་ཀྱི་རང་བྱུང་ཐོན་སྐྱེད་འཕྲོག་བཅོམ་བྱེད་བཞིན་པའི་རྗེས་འབྲས་དེ་བཞིན་བོད་ཙམ་མ་ཟད། ཤི་རི་ལང་ཀ་གཙོས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་ཕུགས་རྒྱང་རིང་པོའི་གྱོང་གུན་ཤུགས་ཆེ་འབྱུང་ངེས་ཡིན་པ་ར་སྤྲོད་གསལ་འདོན་གནང་ཡོད་པ་བཅས།།
ཤི་རི་ལང་ཀའི་ཡུལ་དུ་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་སྤེལ་བ།
གསར་གནས།
འབྲེལ་གནས།