༢༠༡༡ ཟླ་ ༡ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༧ ཉིན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས་ཀྱིས་དངོས་གཞིའི་འོས་མིའི་གསལ་བསྒྲགས་འདི་ཟླའི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བསྐྱངས་གཏན་འཁེལ་བའི་འགྲེལ་བརྗོད་གནང་བའི་ནང་། སྤྱིར་བཏང་ཆོས་དང་འཇིག་རྟེན་བྱ་བ་གང་ཡིན་ཡང་། སྦྱོར་དངོས་རྗེས་གསུམ་ཚང་དགོས་པ་བཞིན་སྔོན་འགྲོའི་འོས་གཞི་གྲུབ་ཟིན་པ་དང་། ད་ཆ་དངོས་གཞིའི་འོས་མི་གསལ་བསྒྲགས་བྱེད་རྒྱུའི་དུས་ལ་སླེབས་ཡོད། དེར་བརྟེན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིར་ཆོལ་ཁ་རེ་ནས་མི་ ༢༠ དང་ཆོས་བརྒྱུད་ཁག་ནས་མི་ ༤ རེ། ཡུ་རོབ་དང་ཨ་རི་ཁུལ་ནས་མི་ ༤ བཅས་དང་། དེ་བཞིན་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་རྣམ་པ་བཅས་གསལ་བསྒྲགས་གནང་རྒྱུ་ཡིན་སྐོར་དང་། བལ་ཡུལ་དང་འབྲུག་ནང་ཆབ་སྲིད་ཐད་དཀའ་ངལ་ཡོད་མུས་ལ་སོང་། འོས་བླུགས་ཐུབ་རྒྱུར་ཞིབ་འཇུག་གི་དྲ་རྒྱ་སོགས་བརྒྱད་ཐབས་ལམ་གཞན་ཀྱི་འབད་བརྩོན་ཞུ་མུས་ཡིན་སྐོར་དང་། འོས་བསྡུའི་དེབ་སྐྱེལ་གཉིས་པ་གོ་སྐབས་ཕུལ་བ་དེས་གསར་པ་དེབ་སྐྱེལ་གནང་མཁན་གྲངས་ ༤༠༠༠ ལྷག་འཕར་སྣོན་བྱུང་ཡོད་པའི་ཚོད་དཔག་ཞུ་བཞིན་འདུག ས་གནས་འགའ་རེར་བཀའ་ཁྲིའི་དེབ་སྐྱེལ་གཅིག་དང་སྤྱི་འཐུས་དེབ་སྐྱེལ་གཅིག་གནང་གི་ཡོད་ཚེ་དེ་འདྲ་རྩ་བ་ནས་དགོས་ཀྱི་མེད་པའི་དེབ་སྐྱེལ་གཅིག་གི་འཐུས་ཀྱི་ཡོད་འབོད་སྐུལ་ཡང་ཞུས་གནང་བ་བཅས་སུ།།
དངོས་གཞིའི་འོས་མིའི་གསལ་བསྒྲགས་བསྐྱངས་གཏན་འཁེལ་བ།
གསར་གནས།
འབྲེལ་གནས།