༢༠༡༠ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རིའི་བོད་གཞུང་སྐུ་ཚབ་དོན་ཁང་གིས་བཏང་གནས་ནང་འཁོད་དོན། སྤྱི་ཁྱབ་དབུས་འོས་བསྡུ་ལས་ཁང་ནས་སྤྱི་འཐུས་སྐབས་ ༡༥ པ་དང་། བཀའ་ཁྲི་སྐབས་ ༣ པའི་སྔོན་འགྲོའི་འོས་གཞི་ཁྱབ་བསྒྲགས་གནང་རྗེས་ས་གནས་འོས་བསྡུ་ལས་ཁང་ཡོངས་ལ་གཅིག་གྱུར་བཀའ་ཁྱབ་གནང་བའི་དགོངས་དོན་ལྟར། བྱང་ཨ་རིའི་ཁྱབ་ཁོངས་ནས་སྤྱི་འཐུས་སྔོན་འགྲོའི་འོས་གཞི་ནང་ཡོད་པ་མི་གྲངས་ ༡༠ དང་། བཀའ་ཁྲིའི་སྔོན་འགྲོའི་འོས་གཞི་ནང་ཡོད་པའི་མི་གྲངས་ ༣ ལ་འོས་གཞིར་ཞུགས་འདུན་ཡོད་མེད་བཀའ་འདྲི་ཞུས་པའི་དོ་བདག་སོ་སོའི་ལན་འདེབས་དང་། ཞུགས་འདུན་ཡོད་པ་རྣམས་ལ་འོས་ཆོས་ལྡན་མིན་ཞིབ་འཇུག་ཆེད་བདུན་ཕྲག་སྔོན་མར་བྱང་ཨ་རིའི་ས་གནས་འོས་བསྡུའི་འགན་འཛིན་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ས་གནས་འོས་བསྡུའི་ཚོགས་འདུ་སྐོང་ཚོགས་གནང་སྟེ། ཞིབ་འཇུག་སྙན་ཐོ་ཆ་ཚང་དབུས་འོས་བསྡུ་ལས་ཁང་ལ་ཕུལ་ཟིན་པ་བཅས།།
བྱང་ཨ་རིའི་ཁྱབ་ཁོངས་ནས་སྔོན་འགྲོའི་འོས་གཞི་ནང་ཚུད་པ་རྣམས་ལ་ཞིབ་འཇུག་ཟིན་པ།
གསར་གནས།
འབྲེལ་གནས།