༢༠༡༠ ཟླ་ ༩ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༩ ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་བཙན་བྱོལ་བོད་གཞུང་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཕྱོགས་ཌལ་ཧོར་དུ་གཞུང་དོན་ཕྱོགས་བསྐྱོད་ཆེད་ཕེབས་ཐོན་གནང་རྒྱུ་དང། ཕྱི་ཚེས་ ༢༠ ཉིན་བཀའ་ཁྲི་མཆོག་གིས་ཌལ་ཧོར་ས་གནས་སུ་མང་ཚོགས་ལ་གསུང་བཤད་གནང་རྒྱུ་སོགས་གཞུང་འབྲེལ་མཛད་འཆར་ཁག་ལེགས་པར་གྲུབ་བསྟུན། ཕྱི་ཚེས་ ༢༡ ནས་ ༢༥ བར་ཨཱུཏཏརཱཁཎཌ་ཁུལ་དུ་བོད་མི་གཞིས་ཆགས་དང་སློབ་གྲྭ་ཁག་གཅིག་ཏུ་གཞུང་འབྲེལ་འཚམས་གཟིགས་བསྐྱང་རྒྱུ་མ་ཟད། ཕྱི་ཚེས་ ༢༦ ནས་ ༢༨ བར་བཀའ་ཁྲི་མཆོག་ཧི་མཱ་ཅལ་ཁུལ་དུ་གནས་ཡོད་བོད་མི་གཞིས་ཆགས་ཁག་ཅིག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་དང། ཕྱི་ཚེས་ ༢༩ ཉིན་ཀམ་རའོ་ནས་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།