༢༠༡༠ ཕྱི་ཟླ་ ༦ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཧིན་སྐད་ཉིན་རེའི་གསར་ཤོག་ཨ་མར་ཨུ་ཇ་ལ་ (Amar Ujala) ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༤ རེས་གཟའ་ཉི་མའི་ཕྱེད་ཡོལ་ཆུ་ཚོད་ ༢ ནས་ ༥། ༣༠ བར་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་ཁང་ནང་ཧིན་བོད་རིག་གཞུང་གི་གཞས་སྣ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག དེ་ཡང་གཞས་སྣ་འཁྲབ་སྟོན་གྱི་གཟིགས་འབུལ་གོ་སྒྲིག་གནང་དགོས་པའི་རྒྱུ་ཚན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་དགའ་སྟོན་དང་། རྒྱ་གར་ཡུལ་མི་དང་བོད་རིགས་སྐྱབས་བཅོལ་བ་གཉིས་ཀྱི་མཛའ་མཐུན་མཉམ་གནས་ཡོད་པ་མངོན་སླད་ཧིན་བོད་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞིག་སྔ་ལོ་མང་ཚོགས་ལ་གཟིགས་འབུལ་ཞུས་པ་བཞིན་འདི་ལོ་ཡང་མགོན་པོ་གང་ཉིད་མཆོག་དགུངས་གྲངས་ ༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་མཚོན་ཆེད་དུ་གཞས་སྣ་དེ་བཞིན་གོ་སྒྲིག་ཞུས་ཡོད་པ་བཅས།།