༄༅། །འབྲུག་གནས་སྡོད་བོད་མིའི་ལྟ་རྟོགས་འགན་ཁུར་ལས་ཁང་ནས་བཏང་གནས་ནང་འཁོད་དོན། རང་གཞུང་བཀའ་སྤྱི་གཉིས་དང་། ནང་སྲིད་ལས་ཁུངས་བཅས་ནས་བཀའ་ཡིག་ཕེབས་དོན་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༤ ཉིན་བོད་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་རྐྱེན་པའི་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་གལ་ཆེའི་བདུན་ཚིགས་གསུམ་པར་འབྲུག་གི་ཁྱབ་ཁོངས་གཞིས་སྒར་ཁག་བདུན་ལ་ཡིག་ངག་གཉིས་ནས་གསལ་བསྒྲགས་ཞུས་དོན་ལྟར། དེ་ཉིན་གཞིས་སྒར་ཁག་གི་ནང་སྔ་དྲོ་ཆུ་ཚོད་ ༧།༤༩ ཐོག་མྱ་ངན་གུས་འདུད་སྐར་མ་གཅིག་དང་། དེ་ནས་རིམ་བཞིན་མཆོད་འབུལ་དང་སྨོན་ལམ་གཟབ་རྒྱས་ཞུས་ཡོད།
དེ་ཡང་འབྲུག་སྡོད་བོད་མིའི་ལྟ་རྟོགས་འགན་ཁུར་ལས་ཁང་གིས་གོ་སྒྲིག་འོག་བོད་སྒར་ནང་རྣམ་གླིང་གུ་རུ་ལྷ་ཁང་དུ་བླ་མ་ཆོས་ཉིད་རིན་པོ་ཆེ་མཆོག་གདན་ཞུས་ཐོག་མཁན་པོ་དང་དགེ་འདུན་པ་བཅས་གྲངས་ ༡༤ ཙམ་གྱིས་བཀའ་གླིང་ཞི་ཁྲོའི་ཆོག་གའི་ཐོག་ནས་སྨོན་ལམ་དང་། མར་མེ་བརྒྱ་མཆོད་ ༥། གསོལ་ཚོགས། མི་མང་རྣམས་ཀྱིས་མ་ཌྷི་གསོག་སྒྲུབ་ཞུས་ཡོད།
དེ་བཞིན་དཀར་ཕྱེ་ས་གཞིས་ཆགས་ལྷ་ཁང་དུ་མི་མང་ནས་ཏང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་མི་འཁྲུགས་པའི་ཆོ་ག་དང་། མར་མེ་བརྒྱ་མཆོད་ ༧། གསོལ་ཚོགས། མི་མང་ནས་མ་ཌྷི་གསོག་སྒྲུབ་ཞུས།
ཁ་ས་ཁ་གཞིས་དགོན་དུ་དགོན་པའི་དབུ་མཛད་བློ་བཟང་ནོར་བུ་ལགས་དབུ་བཞུགས་ཐོག་མང་ཚོགས་ཀྱིས་བླ་མ་མཆོད་པ་དང་འབྲེལ་བརྒྱ་ཚོགས་གཉིས་དང་། བརྒྱ་མཆོད་ལྔ། སྒྲོལ་མ་གྲངས་ ༡༡༧། ༸རྒྱལ་བའི་གསོལ་འདེབས་གྲངས་ ༡༡༧། མ་ཌྷི་གྲངས་ ༤༩༦༥༠༠། བདེན་གསོལ་སྨོན་ལམ་གྲངས་ ༤༣༨། བརྟན་བཞུགས་གྲངས་ ༡༣། སྨོན་ལམ་རྣམ་བརྒྱད་བཅས་གསོག་སྒྲུབ་ཞུས། འཇིགས་མེད་ནང་ཉི་སྡེ་རབ་བརྟན་གླིང་གཞིས་དགོན་དུ་བླ་མ་དབུ་བཞུགས་ཐོག་དགེ་འདུན་པ་གྲངས་ ༡༥ ནས་སྨན་བླ་རྡོ་སེམས་ཆོག་ག་དང་། སྟོང་མཆོད་བཅས་གནང་། འཇིགས་མེད་ནང་མི་མང་ནས་མ་ཎི་གྲངས་ ༥༣༠༠ དང་། བདེན་སྨོན་རྒྱས་པ་གྲངས་ ༡༥། སྟོང་མཆོད་བཅས་གསོག་སྒྲུབ་ཞུས་ཡོད།
དེ་བཞིན་གཞིས་སྒར་གཞན་ཁག་གི་མི་མང་ནས་གཞིས་ཆགས་སོ་སོའི་ལྷ་ཁང་དུ་འདུུ་འཛོམས་ཐོག་མཆོད་མེ་དང་མ་ཌྷི་གང་མང་གསོག་སྒྲུབ་ཞུས་ཡོད། གཞན་ཡང་གཞིས་སྒར་ཁག་བདུན་དང་ཐིམ་ཁྲོམ་ཚོང་རིགས་བཅས་ནས་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཞལ་འདེབས་བསྡོམས་སྒོར་ ༡༠༢༨༤༧། ཌབ་འཛིན་བརྒྱུད་འབུལ་རྒྱུ་ཡིན་འདུག དེ་བཞིན་གཞིས་ཁག་སོ་སོ་ནས་ཞལ་འདེབས་ཕུལ་བ་རྣམས་རེའུ་མིག་ནང་གསལ།
འབྲུག་ཁུལ་གཞིས་སྒར་ཁག་ནས་ཞལ་འདེབས་བསྡུ་རུབ་བྱུང་བ་གཤམ་གསལ
ཨང་། ས་གནས། སྒོར།
༡༽ ཁ་ས་ཁ་ཀུན་དགའ་རབ་བརྟན་གླིང་མི་མང་ནས། ༣༣༠༧༥།
༢༽ འཇིགས་མེད་ནང་རབ་བརྟན་གླིང་མི་མང་ནས། ༡༢༢༡༠།
༣༽ དཀར་ཕྱེ་ས་ཀུན་ཕན་གླིང་མི་མང་ནས། ༡༩༧༧༤།
༤༽ བོད་སྒར་ནང་རྣམ་གླིང་མི་མང་ནས། ༢༤༣༨།
༥༽ སྤ་རོ་ཀུན་དགའ་གླིང་མི་མང་ནས། ༦༢༢༥།
༦༽ ལྷོང་མཚོ་ཡིད་སྨོན་གླིང་མི་མང་ནས། 5༩༩༠།
༧༽ བུམ་ཐང་སྐལ་བཟང་གླིང་མི་མང་ནས། ༡༡༡༣༥།
༨༽ ཐིམ་ཁྲོམ་ཚོང་རིགས་ཁག་གཅིག་ནས། ༡༢༠༠༠།
བསྡོམས། ༡༠༢༨༤༧།
ཌབ་འཛིན་བཟོ་གླ། ༢༧༨།
ཁྱོན་བསྡོམས། ༡༠༢༥༦༩