ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་སྐུ་ཁམས་ཕྲན་བུ་བདེ་མིན་བྱུང་བར་སྐུ་གཟུགས་བརྟག་དཔྱད་རིམ་ཞུས་མཐར་སྐུའི་མཁྲིས་རྡོར་སྨན་བཅོས་མཛད་ལེགས་སྨན་པ་རྣམས་ཀྱིས་ནན་ཞུས་གནང་དོན་བཞིན་འདི་ཚེས་ ༡༠ ཉིན་སྨན་བཅོས་ལེགས་གྲུབ་ཀྱིས་ཉིན་ཤས་ལྡི་ལིར་སྐུ་ངལ་གསོ་གནང་རྒྱུ་དང་། དེ་རྗེས་རྡ་སར་ཆིབས་སྒྱུར་གྱིས་རྒྱུན་གཏན་གྱི་མཛད་འཆར་བསྐྱང་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་རེད།།