gen_aརྡ་སར་མི་གསུམ་བསད་པའི་དོན་རྐྱེན་སྐོར་ཀངྒ་ར་སྤྱི་ཁྱབ་ཉེན་རྟོག་འགོ་དཔོན་སྐུ་ཞབས་པི་རི་ཐི་ཝི་རཱཇ་ Mr. Prithvi Raj མཆོག་ལ་སུད་སིའི་བརྙན་འཕྲིན་ཚན་པས་བཅར་འདྲི་gen_bབྱས་པའི་དུམ་བུ་ཞིག་འདིར་ཟུར་འདོན་ཞུས་ནས་བཀོད་པ།

Prithvi Raj (PR), Chief Police of Kangra District:
སྐུ་ཞབས་པི་རི་ཐི་ཝི་རཱཇ་མཆོག་གིས། ང་ཚོས་ལག་དམར་བ་གཉིས་རྩད་གཅོད་ཐུབ་བྱུང་། ཁོ་ཚོ་ཤུགས་ལྡན་ཚོགས་པ་དང་ཐད་ཀར་འབྲེལ་བ་ཡོད་པ་ང་ཚོར་ར་སྤྲོད་གསལ་པོ་བྱུང་བ་མ་ཟད། མི་གསོད་དོན་རྐྱེན་དང་ཐད་ཀར་འབྲེལ་བ་འདུག འོན་ཀྱང་ད་བར་ང་ཚོས་ཁོ་པ་ཚོ་འཛིན་བཟུང་ཐུབ་མེད། ལག་དམར་བ་གཉིས་ལས་གཅིག་བསྟན་འཛིན་ཆོས་འཛིན་ཟེར་ཞིང་། གཅིག་ཤོས་ལ་བློ་བཟང་ཆོས་གྲགས་ཟེར། མཚན་ཉིད་སློབ་དཔོན་མ་བཀྲོངས་གོང་ཁོང་ལ་ཤུགས་ལྡན་ཚོགས་པའི་སྡིགས་རའི་ཡི་གེ་མང་པོ་ཞིག་འབྱོར་འདུག

དང་ཐོག་དེར་དམར་གསོད་གཏོང་སའི་ས་གནས་དེ་རང་ནས་ང་ཚོར་ཡི་གེ་ཞིག་ལག་སོན་བྱུང་། ཡི་གེ་དེ་འཇམ་མགོན་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་ལ་མི་ཕྱེད་དད་སྟོབས་ལྷ་མི་སྲུང་སྐྱོབ་ཚོགས་པས་བྲིས་ཏེ་ཚོགས་པ་དེའི་དྲུང་ཆེ་འཆི་མེད་ཚེ་རིང་གིས་མིང་རྟགས་བཀོད་འདུག ཡི་གེ་དེ་ནི་མཚན་ཉིད་སློབ་དཔོན་བློ་བཟང་རྒྱ་མཚོར་སྡིགས་ར་བཏང་བའི་ཡི་གེ་ཞིག་རེད་འདུག དེར་བརྟེན་ལག་དམར་བ་ཚོ་ཤུགས་ལྡན་ཚོགས་པ་དང་ཐད་ཀར་འབྲེལ་བ་ཡོད་པ་ཁུངས་སྐྱེལ་བྱེད་ཐུབ། འདི་གནད་དོན་གཅིག་རེད། གཞན་ཡང་ལག་དམར་པ་ཚོ་ལྡི་ལི་མན་ཇུ་ཊི་ལར་སྡོད་མཁན་ཡིན་པར་བརྟེན། ཤུགས་ལྡན་ཚོགས་པ་དང་འབྲེལ་བ་ཡོད་པ་ཁུངས་སྐྱེལ་བྱེད་ཐུབ། ང་ཚོས་ཁ་མཆུ་གཞི་བཞག་སའི་གནད་དོན་གཙོ་བོ་ནི། ལག་དམར་བ་གཉིས་དང་འཆི་མེད་ཚེ་རིང་དབར་འབྲེལ་བ་ཇི་འདྲ་ཡོད་མེད་གསལ་སྟོན་བྱ་རྒྱུ་དེ་ཡིན། གང་ཡིgen_cན་བརྗོད་ན། བློ་བཟང་རྒྱ་མཚོ་ལགས་སིངྒ་པུར་ནས་ཕྱིར་ཕེབས་སྐབས་ལྡི་ལི་གསར་པར་མཚན་གཅིག་བཞུགས་འདུག ཕྱི་ཉིན་དེར་ཁོང་རྡ་སར་ཐོན་སྐབས་ལག་དམར་བ་gen_dཚོས་རྗེས་འདེད་བྱས་ནས་ཨམ་བྷ་ལར་འབྱོར་སྐབས་ཁོ་པ་ཚོའི་རླངས་འཁོར་འཕྲོ་བརླག་ཕྱིན་ནས་ལྡི་ལིར་འཇམ་མགོན་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་ལ་མི་ཕྱེད་དད་སྟོབས་ལྷ་མི་སྲུང་སྐྱོབ་ཚོགས་པའི་དྲུང་ཆེ་འཆི་མེད་ཚེ་རིང་ལ་ཁ་པར་བཏང་ནས་སྐད་ཆ་བཤད་འདུག ཁོ་པ་ཚོའི་དབར་སྐད་ཆ་བཤད་པའི་སྒྲ་དེ་ང་ཚོས་བཟུང་ཐུབ་པ་བྱུང་།

དེ་བཞིན་མན་ཌི་རྫོང་གི་ཀལ་སུ་ར། ཞེས་པའི་གྲོང་ཁྱེར་ནང་དུ་ལག་དམར་མ་རྣམས་དང་འཇམ་མགོན་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་ལ་མི་ཕྱེད་དད་སྟོབས་ལྷ་མི་སྲུང་སྐྱོབ་ཚོགས་པའི་དྲུང་ཆེ་མཉམ་དུ་པར་བརྒྱབ་པ་ཞིག་ལག་སོན་བྱུང་། དེ་ནི་ཁུངས་ལྡན་ཡིན་པར་བརྟེན་ལག་དམར་བ་ཚོ་དང་ཤུགས་ལྡན་ཚོགས་པའི་དབར་འབྲེལ་བ་ཡོད་པའི་དཔང་རྟགས་གཞན་ཞིག་ཆགས་ཡོད། ལག་དམར་བ་ཚོས་མཚན་ཉིད་སློབ་དཔོན་བཀྲོངས་པ་དེར་ང་ཚོར་ངེས་པ་རྙེད་བྱུང་། མཚན་ཉིད་སློབ་དཔོན་ནི་དུས་རྟག་ཏུ་ཤུགས་ལྡན་བསྟེན་གསོལ་བྱ་རྒྱུར་དགག་པ་རྒྱག་མཁན་ཞིག་ཡིན་པ་དང་། ཏཱ་ལའི་བླ་མ་མཆོག་གི་བཀའ་དགོངས་ཅི་གསུང་ཞུ་མཁན་ཞིག་ཡིན་འདུག

psitherསྦེལ་ཀོབ་ཉེན་རྟོག་འགོ་དཔོན་ The Station House Officer སྐུ་ཞབས་ཨེམ་ཨེམ་མ་ཧཱ་དེ་བ་ཡ་ལགས་ Mr. M.M. Mahadevaya ཀྱིས་སྦེལ་ཀོབ་བདེ་སླར་གཞིས་འགོ་ཕུར་བུ་སྲི་མཐར་ལགས་ལ་ཤུགས་ལྡན་ཚོགས་པས་རྒོལ་རྡུང་བཏང་བའི་སྐོར་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འདི་ལྟར་འཁོད་འདུག ང་ཚོས་བརྟག་དཔྱད་བྱས་པ་དེར་གཞི་བཅོལ་ནས་བརྗོད་ན།

བདེ་སླར་ས་གནས་གཞི་འགོ་སྐུ་ཞབས་ཕུར་བུ་སྲི་མཐར་ལགས་དང་ཁོང་གི་སྐུ་ཟླ་གཉིས་ལ་ཉེས་རྡུང་གཏོང་མཁན་སྤོམ་ར་pswifeཁང་ཚན་གྱི་གྲྭ་པ་རེད། ངས་བོད་མི་ཕན་ཚུན་དང་བོད་པའི་བླ་སྤྲུལ་ཕན་ཚུན་དབར་ཤུགས་ལྡན་བསྟེན་གསོལ་བྱ་རྒྱུ་དེར་མཐོང་ཕྱོགས་ཧ་ཅང་ཤུགས་ཆེ་ཡོད་པ་མ་ཟད། ལྷག་པར་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་སྤོམ་ར་ཁང་ཚན་ལ་མཐོང་ཕྱོགས་ཤུགས་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད། ས་གནས་འགོ་འཛིན་དང་ཁོང་གི་སྐུ་ཟླར་ཉེས་རྡུང་གཏོང་མཁན་ཤུགས་ལྡན་ཚོགས་པ་རེད། ཅེས་ངས་བརྗོད་ཆོག

Menu