རྒྱལ་གཅེས་པ།

རྒྱལ་གཅེས་སྐུ་ལུས་མེར་སྲེག་གནང་མཁན།

དཀོན་མཆོག
དཀོན་མཆོག
དཀོན་མཆོག
གནས་ཚུལ་བྱུང་ཚེས། -
September 17, 2014
རྟགས། -
Male
ས་གནས། -
མགོ་ལོག་དགའ་བདེ་རྫོང་ཁོངས་གཙང་སྐོལ་བཤོལ་མ་གྲོང་བརྡལ་གྱི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་
ལོ། -
༤༢
མ་མིང། -
ཁྲ་རིལ་མ།
ཕ་མིང། -
དམེ་ཚེ།
སྐྱེས་ཡུལ། -
དགའ་བདེ་རྫོང་། གཙང་སྐོར་ཡུལ་ཚོ། (གཙང་སྐོར་ཞོལ་མ) དམེ་སྐོར་སྡེ་བ།
ད་ལྟའི་གནས་སྟངས། -
སྨན་བཅོས་བྱེད་བཞིན་པ།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ ཉིན་མགོ་ལོག་དགའ་བདེ་རྫོང་ཁོངས་གཙང་སྐོལ་བཤོལ་མ་གྲོང་བརྡལ་གྱི་ཉེན་རྟོག་ལས་ ཁུངས་ཀྱི་ཉེ་འཁྲིས་སུ། རང་ལོ་ ༤༢ ཙམ་ཡིན་པའི་བོད་མི་དཀོན་མཆོག་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་ གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག འོན་ཀྱང་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་གནས་ཚུལ་འདི་ད་བར་བརྒྱུད་བསྒྲགས་ བྱེད་ཐུབ་མེད།

དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱལ་གཅེས་པ་དཀོན་མཆོག་ལགས་ད་ལྟའི་ཆར་གསང་བའི་སྒོ་ནས་ཟི་ལིང་གྲོང་ཁྱེར་གྱི་ སྨན་ཁང་ཞིག་ཏུ་ཛ་དྲག་ངང་ནས་མྱུར་སྐྱོབ་ཀྱི་སྨན་བཅོས་བྱེད་བཞིན་ཡོད་འདུག ཁོང་གིས་རང་ཉིད་བོད་མི་རིགས་ཀྱི་ཆེད་ཚེ་སྲོག་བློས་གཏོང་གི་ཆོད་སེམས་ལེགས་ འགྲུབ་བྱུང་མ་སོང་། ཞེས་མིག་ཆུ་ཡང་ཡང་གཏོང་བཞིན་གདུང་སེམས་དྲག་པོ་སྐྱེ་མུས་ཀྱི་གནས་ཚུལ་ཐོན་ འདུག དེ་བཞིན་ད་ལྟ་ཁོང་སྨན་བཅོས་བྱེད་བཞིན་ཡོད་ཀྱང་གསོན་པའི་རེ་བ་ཆེན་པོ་མེད་ ཚུལ་སོགས་ཀྱི་གནས་ཚུལ་ཡང་ཐོན་འདུག ད་ལྟའི་ཆར་དཀོན་མཆོག་ལགས་ཀྱི་ནང་མི་རྣམས་ཀྱིས་གལ་ཏེ་དཀོན་མཆོག་ལགས་གསོན་ པོར་གནས་ན། རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱེད་པར་བློ་འཚབ་བྱེད་བཞིན་ཡོད་པ་མ་ ཟད། གལ་སྲིད་འདས་གྲོངས་སུ་གྱུར་ན་ཁོང་གི་སྐུ་ཕུང་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ འཁྱེར་བྱེད་འགྲོ་བ་སོགས་ཀྱི་བློ་འཚབ་བྱེད་བཞིན་ཡོད་འདུག དཀོན་མཆོག་ལགས་ཀྱི་བུ་དགེ་འདུན་པ་ཡིན་པ་དང་བུ་མོ་བཙུན་མ་ཡིན་འདུག

ལྷ་མོ་བཀྲ་ཤིས།
ལྷ་མོ་བཀྲ་ཤིས།
ལྷ་མོ་བཀྲ་ཤིས།
གནས་ཚུལ་བྱུང་ཚེས། -
September 17, 2014
རྟགས། -
Male
ས་གནས། -
ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁར།
ལོ། -
༢༢
མ་མིང། -
གདུགས་དཀར་མཚོ།
ཕ་མིང། -
གཅོད་པ་ཚེ་རིང་།
སྐྱེས་ཡུལ། -
ཨ་མཆོག་སྒྲོག་མདོ་སྡེ་བ།
འཚོ་ཐབས། -
སློབ་ཕྲུག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །བོད་མདོ་སྨད་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དུ་རང་ལོ་ ༢༢ སོན་པའི་སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཐོག་བོད་མདོ་སྨད་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁར། རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཁོང་གིས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་འབོད་ཚིག་ཇི་བསྒྲགས་དང་། ཞལ་ཆེམས་བཞག་ཡོད་མེད་ཐོག་གནས་ཚུལ་ཁ་གསལ་ད་ལྟ་གསལ་རྟོགས་གང་ཡང་ཐུབ་མེད། འོན་ཀྱང་ཁུལ་དེའི་མང་ཚོགས་རྣམས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ ནས་ཉིན་གསུམ་རིང་རྒྱ་གར་ནང་ཐེངས་དང་པོར་རྒྱལ་དོན་འཚམས་གཟིགས་ལ་བསླེབས་པའི་དུས་ཚིགས་དང་བསྟུན། རྒྱ་ནག་གཞུང་གིས་བོད་ནང་དུ་དམ་བསྒྲགས་ཧ་ཅང་བྱེད་བཞིན་པའི་དཀའ་ངལ་དེ་དག་གསལ་སྟོན་ཆེད་རང་ལུས་མེར་སྲེག་བཏང་བའི་ཚོད་དཔག་བྱེད་བཞིན་འདུག
མདོ་སྨད་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁར། རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཁོང་གིས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་འབོད་ཚིག་ཇི་བསྒྲགས་དང་། ཞལ་ཆེམས་བཞག་ཡོད་མེད་ཐོག་གནས་ཚུལ་ཁ་གསལ་ད་ལྟ་གསལ་རྟོགས་གང་ཡང་ཐུབ་མེད། འོན་ཀྱང་ཁུལ་དེའི་མང་ཚོགས་རྣམས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ ནས་ཉིན་གསུམ་རིང་རྒྱ་གར་ནང་ཐེངས་དང་པོར་རྒྱལ་དོན་འཚམས་གཟིགས་ལ་བསླེབས་པའི་དུས་ཚིགས་དང་བསྟུན། རྒྱ་ནག་གཞུང་གིས་བོད་ནང་དུ་དམ་བསྒྲགས་ཧ་ཅང་བྱེད་བཞིན་པའི་དཀའ་ངལ་དེ་དག་གསལ་སྟོན་ཆེད་རང་ལུས་མེར་སྲེག་བཏང་བའི་ཚོད་དཔག་བྱེད་བཞིན་འདུག

དོན་རྐྱེན་བྱུང་འཕྲལ་རྒྱ་གཞུང་གི་ཉེན་རྟོག་པས་ལྷ་མོ་བཀྲ་ཤིས་ལགས་ཀྱི་ཕུང་པོ་བཙན་འཁྱེར་བྱས་སྟབས་ནང་མིས་ཉེན་རྟོག་ལས་ཁུངས་སུ་བཅར་ནས་ཁོང་གི་སྐུ་ཕུང་ཕྱིར་སྤྲོད་དགོས་པའི་རེ་སྐུལ་ཇི་ཙམ་ཞུས་ཀྱང་ཉན་འཇོག་རྩ་བ་ནས་བྱས་མི་འདུག ཕྱི་ཚེས་ ༡༩ ཉིན་རྒྱ་གཞུང་གི་འབྲེལ་ཡོད་ཉེན་རྟོག་ལས་ཁུངས་ཀྱིས་ལྷ་མོ་བཀྲ་ཤིས་ལགས་ཀྱི་ནང་མི་སྤུན་མཆེད་ཚོར་རུས་ཐལ་ཞིག་སྤྲད་དེ་དམ་པ་ཁོང་གི་ཕུང་པོ་མེར་སྲེག་བཏང་ཟིན་སྐོར་བཤད་འདུག

དེ་ཡང་རྒྱལ་གཅེས་པ་ལྷ་མོ་བཀྲ་ཤིས་ལགས་ནི། ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་། དེང་སྐབས་རྒྱ་གཞུང་གིས་ཆ་བགོས་བྱས་པའི་འབོར་རྭ་ཡུལ་ཚོའི་འོག་ཡོད་པའི་ཨ་མཆོག་སྒྲོག་མདོ་སྡེ་བའི་ཕ་གཅོད་པ་ཚེ་རིང་ལགས་དང་། མ་གདུགས་དཀར་མཚོ་ལགས་གཉིས་ཀྱི་བུ་ཡིན་པ་དང་། ད་ལྟ་རང་ལོ་ ༢༢ དང་། ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དུ་སློབ་གྲྭར་སྐྱོད་བཞིན་ཡོད་འདུག ཁོང་ནི་བོད་པའི་བདེན་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་ ༡༣༡ པ་དེ་ཆགས་ཡོད་འདུག
གཞན་ཡང་རྒྱལ་གཅེས་པ་དམ་པ་ཁོང་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་ཏེ་འཁྱུག་ཙམ་འཛིན་བཟུང་བཀག་ཉར་ཡང་བྱས་མྱོང་ཡོད་པའི་གནས་ཚུལ་འདུག

འཕྲིན་ལས་རྣམ་རྒྱལ།
འཕྲིན་ལས་རྣམ་རྒྱལ།
འཕྲིན་ལས་རྣམ་རྒྱལ།
གནས་ཚུལ་བྱུང་ཚེས། -
April 15, 2014
རྟགས། -
Male
ལོ། -
༣༢
མ་མིང། -
དཔལ་ལྷ།
ཕ་མིང། -
བདུད་ལོ།
སྐྱེས་ཡུལ། -
རྟའུ་རྫོང་ཁང་སར་ཤང་རྒན་ནད་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ། དཀར་མཛེས་ཁུལ་རྟའུ་རྫོང་ནས་རང་ལོ་ ༣༢ ཡིན་པའི་བོད་མི་འཕྲིན་ལས་རྣམ་རྒྱལ་ཞུ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད། ཁོང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་རྗེས་ཁོང་འདས་ གྲོངས་སུ་གྱུར་ཡོད། འཕྲིན་ལས་རྣམ་རྒྱལ་ལགས་ནི་རྟའུ་རྫོང་ཁང་སར་ཤང་རྒན་ནད་སྡེ་བའི་ཕ་བདུད་ལོ་དང་ མ་དཔལ་ལྷ་གཉིས་ཀྱི་བུ་ཡིན་འདུག
སྒྲོལ་མ།
སྒྲོལ་མ།
སྒྲོལ་མ།
གནས་ཚུལ་བྱུང་ཚེས། -
March 29, 2014
རྟགས། -
Female
ས་གནས། -
འབའ་ཐང་རྫོང་འབའ་ཆོས་སྡེ་དགོན་པའི་ཉེ་འགྲམ།
ལོ། -
༣༡
མ་མིང། -
དབང་མོ།
ཕ་མིང། -
ཉི་མ།
སྐྱེས་ཡུལ། -
འབའ་ཐང་སྤྱི་སྲུང་ཤོག་དགུ།
འཚོ་ཐབས། -
བཙུན་མ།
ད་ལྟའི་གནས་སྟངས། -
ཤེས་རྟོགས་མེད།
གནས་སྟངས་རྒྱས་པ། -
༄༅། ། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༩ ཉིན་བོད་ནང་གི་ཆུ་ཚོད་ ༣ ཙམ་ལ་འབའ་ཐང་དུ་བཙུན་མ་སྒྲོལ་མ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོར་འབའ་ཐང་རྫོང་འབའ་ཆོས་སྡེ་དགོན་པའི་ཉེ་འགྲམ་དུ་འབའ་ཐང་སྤྱི་སྲུང་ཤོག་དགུའི་ཁོངས་ནས་ཡིན་པའི་བཙུན་མ་སྒྲོལ་མ་ལགས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་པ་དང་། དེ་མ་ཐག་དགོན་པར་སྐོར་བ་རྒྱག་མཁན་གྱི་བོད་མི་ཚོས་མཐོང་ནས་ཁོ་མོའི་ལུས་སྟེང་གི་མེ་བསད་པ་དང་། འབའ་ཐང་རྫོང་མི་དམངས་སྨན་ཁང་དུ་འཁྱེར་ཏེ་མྱུར་སྐྱོབ་བྱེད་ཐབས་གནང་འདུག སྐབས་དེར་ལམ་སེང་ས་གནས་ཀྱི་དྲ་རྒྱ་སྔོག་མི་ཐུབ་པར་བཟོས་ཡོད་པ་དང་ཁ་པར་སོགས་བརྒྱུད་ལམ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་པར་ཞིབ་ཕྲའི་གནས་ཚུལ་དམ་བསྒྲགས་དབང་གིས་ཤེས་བཀའ་བའི་གནས་སུ་གྱུར་ཡོད་འདུག
བཙུན་མ་སྒྲོལ་མ་ལགས་ནི། ད་ལྟ་རང་ལོ་ ༣༡ ཙམ་ཡིན་པ་དང་འབའ་ཐང་རྫོང་འབའ་ཐང་སྤྱི་སྲུང་ཤོག་དགུའི་ཕྱོགས་ནས་ཡིན་འདུག ཁོང་གི་ཕ་མིང་ལ་ཉི་མ་དང་མ་མིང་ལ་དབང་མོ་ཞུ་བཞིན་ཡོད་འདུག
རང་ལུས་མེར་སྲེག་མ་གནང་གོང་ཁོང་འབའ་ཐང་རྫོང་རི་སྟོད་རྐ་མགོར་ཕྱག་འཚལ་བཞིན་བཞུགས་ཡོད་པ་དང་། རྒྱ་གཞུང་གིས་ཉེ་ལམ་ཁོང་དང་མཉམ་དུ་བཞུགས་མཁན་གྱི་བཙུན་མ་གསུམ་འཛིན་བཟུང་གིས་གར་ཡོད་མ་ཤེས་པར་ལྷག་ཡོད་འདུག དེའི་ཁྲོད་ནས་ཨ་ནི་གཅིག་དེ་སྔོན་རྒྱ་གར་ནས་ཕྱིར་བོད་ནང་ཕྱིར་ལོག་གནང་མཁན་ཞིག་ཡིན་འདུག
འཇིགས་མེད་བསྟན་འཛིན།
འཇིགས་མེད་བསྟན་འཛིན།
འཇིགས་མེད་བསྟན་འཛིན།
གནས་ཚུལ་བྱུང་ཚེས། -
March 16, 2014
རྟགས། -
Male
ཁུངས། -
རྨ་ལྷོ་ཁུལ་རྩེ་ཁོག་རྫོང་བྱ་འདར་དགོན་པ།
ས་གནས། -
རེབ་གོང་རྩེ་གཞུང་སོ་ནག
ལོ། -
27----29
མ་མིང། -
གཡང་ཁོ།
ཕ་མིང། -
ལ་སྐྱབས་རྒྱལ།
སྐྱེས་ཡུལ། -
རེབ་གོང་རྩེ་གཞུང་སོ་ནག་ཚོ་བ་ལྔ་ཡོད་པའི་ནང་གི་རྔ་དཀར་ཚོ་བ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༤ ཟླ་༣ ཚེས་ ༡༦ ཉིན་གྱི་སྔ་དྲོ་རེབ་གོང་རྩེ་གཞུང་སོ་ནག་ཏུ་རང་ལུས་མེར་སྲེག་གཏོང་མཁན་གྲྭ་ འཇིགས་མེད་བསྟན་འཛིན་ལགས་ཉིན་དེ་རང་དུ་འདས་གྲོངས་སུ་གྱུར་འདུག དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་རེབ་གོང་རྩེ་ཁོག་སོ་ནག་དགོན་པའི་ཉེ་འཁྲིས་ སུ་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་ བསྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་མཁན་གྱི་མཚན་ལ་འཇིགས་མེད་བསྟན་འཛིན་ཞུ་བ་ དང་རང་ལོ་ ༢༧་་་་༢༩ ཙམ་ཡིན་འདུག་ཅིང་། ཕ་མིང་དུ་ལ་སྐྱབས་རྒྱལ། མ་མིང་གཡང་ཁོ་ཡིན་འདུག་པ་དང་། རེབ་གོང་རྩེ་གཞུང་སོ་ནག་ཚོ་བ་ལྔ་ཡོད་པའི་ནང་གི་རྔ་དཀར་ཚོ་བ་ནས་ཡིན་འདུག དམ་པ་ཁོང་གིས་སོ་ནག་དགོན་པའི་གླིང་གི་ཕྱི་རོལ་དུ་རང་ལུས་མེར་སྲེག་བཏང་བ་ དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཤེས་ཏེ་སོ་ནག་དགོན་པའི་ནང་གདན་འདྲེན་ཞུས་ རྗེས་ཅང་མ་འགོར་བར་འདས་གྲོངས་སུ་གྱུར་འདུག

གནས་ཚུལ་དེ་ས་གནས་ཉེན་རྟོག་པས་ཤེས་ཏེ་དགོན་པར་དམ་བསྒྲགས་བྱས་ཡོད་པ་མ་ཟད། དགོན་པའི་དགེ་འདུན་པ་ཁག་གཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁུངས་སྣེ་མ་རག་པར་དགེ་འདུན་པ་ཁག་ཅིག་གློད་བཀྲོལ་བཏང་ཡོད་ཀྱང་། ཁག་གཅིག་མུ་མཐུད་ཁུལ་དང་རྫོང་དུ་བཀག་ཉར་བྱེད་བཞིན་ཡོད་འདུག་པ་དང་། དགོན་པར་གནས་སྐབས་རིང་ཆབ་སྲིད་བསམ་བློའི་སློབ་གསོ་གཏོང་རྒྱུའི་བཙན་བཀའ་བཏང་ སྟེ་དམ་བསྒྲགས་བྱེད༌བཞིན་ཡོད་འདུག ཉིན་དེ་ནས་བཟུང་རྩེ་ཁོག་ཕྱོགས་ཀྱི་ཁ་པར་དང་བརྡ་འཕྲིན་སོགས་བཀག་འགོག་གིས་ གནས་ཚུལ་ཕྱི་ལ་ཐོན་མི་ཐུབ་པ་བཟོས་ཡོད་འདུག

དམ་པ་འཇིགས་མེད་བསྟན་འཛིན་ལགས་ནི་མདོ་སྨད་རེབ་གོང་རྩེ་གཞུང་(རྩེ་ཁོག་ ཀྱང་འབོད།) སོ་ནག་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་དགེ་འདུན་པ་ཡིན་པ་དང་། དེ་སྔ་རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་ ནས་ལོ་བཅུའི་རིང་ལ་ཕྱག་དཔེ་ཚུལ་བཞིན་གཟིགས་ནས་འཛིན་གྲྭ་སྐབས་དང་པོའི་བར་དུ་ སླེབས་ཡོད་ཅིང་། ཕྱིས་སུ་སོ་ནག་དགོན་པར་ཕེབས་ཡོད་འདུག དམ་པ་ཁོང་ནི་ནམ་རྒྱུན་ཉམ་ཆུང་ཚུལ་མཐུན་དང་སྙིང་སྟོབས་ཅན་དཀར་ཟས་ཁོ་ན་བརྟེན་ མཁན་ཞིག་ཡིན་འདུག

ཁོང་གིས་ཕྱི་ཟླ་ ༣ པའི་ཚེས་ ༡༦ དང་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཉིན་རྩེ་ཁོག་ སོ་ནག་དགོན་པའི་ཉེ་འཁྲིས་སུ་རང་ལུང་མེར་སྲེག་བཏང་རྗེས་དགོན་པར་དམ་བསྒྲགས་ བྱས་ཡོད་པ་དང་། ཁོང་འདས་གྲོངས་སུ་གྱུར་བའི་རྗེས་ཁོང་གི་སྤུན་མཆེད་གཉིས་བཀག་ཉར་བྱས་རྗེས་ གློད་བཀྲོལ་བཏང་ཡོད་འདུག་ཀྱང་། ཁོང་གི་ཕ་བཀག་ཉར་བྱས་རྗེས་ད་དུང་གློད་བཀྲོལ་བཏང་མེད་པ་རེད། སོ་ནག་དགོན་པའི་དགེ་འདུན་པ་ཁག་གཅིག་ལ་དྲག་ཆས་དམག་མིས་ཉེས་རྡུང་བཏང་ཡོད་པ་མ་ ཟད། དགེ་འདུན་པ་དགོན་པའི་ཕྱི་ལོག་ཏུ་འགྲོ་མི་ཐུབ་པ་དང་། དགོན་པའི་ནང་མཆོད་མཇལ་པའང་གཏོང་གི་མེད་པ་རེད།

སོ་ནག་དགོན་དགའ་ལྡན་བཀྲིས་ཆོས་གླིང་ནི་རེབ་གོང་གྲོང་ཁྱེར་གྱི་རྩེ་གཞུང་གི་ལྷོ་ ཕྱོགས་ཏེ། རྒྱ་ནག་གཞུང་གིས་རྩེ་ཁོག་རྫོང་བྱ་དར་ཞང་ཞེས་འབོད་པའི་སོ་ནག་སྡེ་བའི་རྩེ་ འགྲམ་རྩ་བ་རིང་དུ་ཆགས་ཡོད། ཕྱི་ལོ ༡༦༦༠ ལོར་གཡུ་རྔོག་བསམ་གཏན་རྒྱ་མཚོས་སོ་ནག་འབྲོག་ཏུ་ཟླ་བརྒྱད་པའི་ནང་མ་ཎིའི་ཆོས་ ཐོག་བཙུགས་ཤིང་། དེ་ནས་བཟུང་གུར་མཚམས་པ་འགའ་འདུས་སྡོད་བྱུང། ཕྱི་ལོ ༡༧༤༠ ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་རྒྱ་སྐྱེད་གནང་སྟེ་དེང་སང་དགེ་འདུན་པ་དགུ་ བཅུ་ལྷག་ཡོད་འདུག
༼གནས་ཚུལ་ཡོང་ཁུངས་ཁ་ཤས་ནས་ཁོང་ནི་རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ ཚང་གི་དགེ་འདུན་པ་ཡིན་པ་ལས་སོ་ནག་དགོན་གྱི་དགེ་འདུན་པ་མིན་པའི་གནས་ཚུལ་ འདུག༽

བློ་བཟང་དཔལ་ལྡན།
བློ་བཟང་དཔལ་ལྡན།
བློ་བཟང་དཔལ་ལྡན།
གནས་ཚུལ་བྱུང་ཚེས། -
March 16, 2014
རྟགས། -
Male
ཁུངས། -
རྔ་པ་ཀིརྟི་དགོན་པ།
ས་གནས། -
ཨ་མདོ་རྔ་པའི་དཔའ་བོའི་སྲང་ལམ།
ལོ། -
༢༣
མ་མིང། -
ནམ་ཁོ།
ཕ་མིང། -
༼ཕ་གཡར༽ཤེས་རབ།
སྐྱེས་ཡུལ། -
རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡་༤༠ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན། རང་ལོ་༢༠ ཡས་མས་ཡིན་པ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་དྲག་རྩུབ་ཅན་གྱི་ སྲི་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེ་རུ་སྒྲོན་ཡོད་འདུག ཁོང་གིས་ཨ་མདོ་རྔ་པའི་དཔའ་བོའི་སྲང་ལམ་དུ་ལུས་ལ་ས་སྣུམ་བྱུུགས་ནས་མེར་སྲེག་ སྟེ་སྐད་འབོད་༼འབོད་ཚིག་གི་ནང་དོན་ཤེས་རྟོགས་མ་བྱུང་།༽གནང་བཞིན་གོམ་པ་འགར་ ཕེབས་ཡོད་ཀྱང་། དེ་མ་ཐག་རྒྱ་གཞུང་གིས་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་དམིགས་བསལ་ཉེན་རྟོག་ པ་སོགས་འབོར་ཆེན་སླེབས་ནས་མེ་བསད་ཅིང་རླངས་འཁོར་ཆུང་བ་སྒམ་ཤིང་ཅན་ཞིག་གི་ ནང་བཙན་ཁྲིད་བྱས་ཡོད་པ་དང་།
དེའི་རྗེས་ནས་ས་གནས་གང་དུ་ཁྱེར་ཡོད་མེད་དང་ཤི་གསོན་གྱི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད། དམ་པ་ཁོང་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རི་ཆེན་གསུམ་པའི་ཨ་ཤེར་ཚང་ནས་ ཡིན་ཞིང་། མ་མིང་ལ་ནམ་ཁོ་དང་། ཕ་གཡར་གྱི་མིང་ལ་ཤེས་རབ་ཡིན་འདུག མི་ཚང་དེར་རྔ་པ་ཀིརྟི་དགོན་དུ་གྲྭ་པ་སྤུན་གཉིས་ཡོད་པ་ལས་ཆེ་བ་དེ་ཡིན། ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་ད་ལྟ་འཛིན་གྲྭ་ བསྡུས་ཆེན་ལ་སླེབས་ཡོད་འདུག དེ་རིང་གནས་ཚུལ་དེ་བྱུང་མ་ཐག་རྔ་པ་རྫོང་མཁར་གྱི་བོད་མིའི་ཟ་ཁང་དང་ཚོང་ཁང་ ཚང་མ་སྒོ་བརྒྱབ་ནས་ཁོང་དང་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེ་དང་། སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་བསྟན་ཡོད་པ་དང་། ད་ལྟའི་རྔ་པའི་ཁྲོམ་གཞུང་དུ་སྒྲིག་ཆས་གྱོན་པ་དང་མ་གྱོན་པའི་ཉེན་རྟོག་པ་མང་ པོས་དམ་བསྒྲགས་བྱེད་མུས་ཡིན་འདུག
དེ་རིང་ནི་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་ཨ་མདོ་རྔ་པ་ནས་རང་དབང་གི་འབོད་སྒྲ་སྒྲོག་མཁན་གྱི་བོད་མི་སྐྱ་སེར་རྒན་ གཞོན་མང་པོ་དམར་གསོད་བཏང་ནས་མི་ལོ་དྲུག་འཁོར་བའི་ཉིན་མོ་ཡིན་ཞིང་། ཕྱི་ལོ་ ༢༠༡༡ ཟླ་༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་དང་། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཚུལ་ཁྲིམས། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཐོགས་མེད་བཅས་ཀྱིས་སྔ་ཕྱིར་ཉིན་མོ་དེ་ དྲན་གསོ་ལྟ་བུར་མེ་དཔུང་གི་ཁྲོད་ནས་བོད་ལ་རང་དབང་དགོས་པའི་འབོད་སྒྲ་སྒྲོག་ བཞིན་མི་ཡུལ་ནས་ཞལ་གྱེས་གནང་ཡོད་ལ། ད་ལོ་ཡང་འདི་ལྟར་ཁོང་ཅག་དང་འདྲ་བར་དཔའ་བོའི་སྲང་ལམ་ནས་ཚེ་སྲོག་གི་མེ་ལྕེས་ རང་དབང་གི་འབོད་སྒྲ་སྒྲོག་བཞིན་པ་བཅས།།
Last Words:
མ་དང་ཕ་ལ་འབྲེལ་བའི་ཕུ་ནུ་མིང་སྲིང་རྣམས་ལ་བརྗོད་འདོད་པ་ནི། མི་རིགས་ཕན་ཚུན་བར་ལ་མཐུན་སྒྲིལ་དང་ལྷག་བསམ་གཙང་མས་བྱ་བ་སྒྲུབ་ནའདྲིག་མོད། གཞན་ལ་ཞེ་སྡང་བྱས་ན་ཕམ་ཁ་དང་། གཞན་ལ་ལྷག་བསམ་དཀར་ན་རྒྱལ་ཁ་ཡིན་པསྨྲ་མི་དགོས་པ་རེད་མོད། དེ་བཞིན་དུ་བྱ་བ་གང་ཞིག་སྒྲུབ་ན་ཡང་། གླེན་རྟགས་མི་བྱེད་པར་བསམ་གཞིགས་གཏོང་རྒྱུ་ནི་གལ་ཆེ་འདུག སློབ་མ་ཡིན་ན་སློབ་སྦྱོང་དོན་འོངས་བ་ཞིག་དང་། ཕ་མ་ཡིན་ན་བུ་ལ་སློབ་གསོ་ཐོངས་པ་ཞིག་དང་། ཚོང་པ་ཡིན་ན་རང་གཞན་གཉིས་ཕན་ཞིག་དང་། རོང་འབྲོག་གང་ཞིག་ཡིན་རུང་ཕ་མ་བདག་སྐྱོངས་བྱེད་པ་ཞིག་དགོས། དེ་བཞིན་དུ་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་མི། ཁྱིམ་འཚེས་ཕན་ཚུན་ལ་མཐུན་སྒྲིལ་ངེས་པར་བྱེད་དགོས། རྒྱུ་མཚན་ནི་ཕན་ཚུན་ལ་མཐུན་སྒྲིལ་དང་བརྩེ་བ་ཆེན་པོ་ཡོད་ན། འུ་ཚོའུ་བསམ་ཚུལ་ཅི་ཞིག་ཡོད་ན་ཡང་། བཤད་ན་བཤད་ས་འགྲོ་བ་ཞིག་དང་། རྒྱུགས་ན་རྒྱུགས་ས་ཡོད་པ་ཞིག་མ་ཡིན་ནམ། འོ་ངས་ཁྱེད་ཚོ་ལ་བཤད་རྒྱུ་ཞིག་ལ་ནམ་རྒྱུན་སྤྱི་ཕན་དང་སྒེར་ཕན་གཉིས་སོ་སོར་ངོས་ཟིན་ནས་བྱ་བ་གང་ཞིག་སྒྲུབ་ཡང་སྤྱི་ཕན་དང་མཐུན་སྒྲིལ་གྱི་སྒོ་ནས་བྱ་བ་སྒྲུབ་ན་འགྲིག་ཟེར་ནས་ནམ་ཡང་བཤད་རྒྱུ་ཡོང་ངོ་། རྒྱུ་མཚན་བདེ་སྐྱིད་ཀྱི་རྩ་བ་ནི་སྤྱི་ཕན་དང་མཐུན་སྒྲིལ་ཡིན། ཨ་མ་དང་ཨ་མྱི་ཨ་ནེ་ཨ་ཞང་སྲུ་མོ་མག་པ་རྣམས་དང་སློབ་གྲོགས་རྣམས་ལ་བྱ་བ་ལམ་འགྲོ་འོངས་བའི་སྨོན་ལམ་དང་། གང་བསམ་སྤྱི་ཕན་ཡིན་པར་རེ་བ་ཆེ། ངའི་ཨ་མ་ལགས་ཁྱེད་ཀྱིས་བྱམས་བརྩེས་ང་ཚོ་སྐྱོངས་ནས་ཡོང་། ཁྱེད་ཀྱི་རྔུལ་ཁྲག་གི་ཁྲོད་ནས་ང་ཚོའི་ལང་ཚོ་དར། ཀྱེད་ཀྱི་ལག་ཁུག་ནས་ང་ཚོ་སྤྲོ་སྣང་སྦྱིན། ཁྱེད་ཀྱིས་བྱམས་བརྩེས་ང་ཚོར་དཀའ་ངལ་མེད་བྱུང་། ཡོད་ཚད་ཁྱེད་ཀྱིས་བསྐྱངས་པ་བཀའ་དྲིན་ཆེ། ཨ་མ་བཀའ་དྲིན་ཆེ། ངོ་མ་ཁྱེད་ལ་བཤད་ནབཤད་མི་འཚག་པ་ཡོད་མོད། ད་དེ་ཙམབྱེད། ཡིག་སྐྱོན་ངོ་མ་ཡོད་ངེས། ཡིན་ཡང་ངས་ཁྱེད་ཚོ་ལ་དགོངས་དག་ཞུ།
བློ་བཟང་རྡོ་རྗེ།
བློ་བཟང་རྡོ་རྗེ།
བློ་བཟང་རྡོ་རྗེ།
གནས་ཚུལ་བྱུང་ཚེས། -
March 13, 2014
རྟགས། -
Male
ས་གནས། -
རྔ་པཀིརྟི་དགོན་པའི་ཉེ་འཁྲིས།
ལོ། -
25
མ་མིང། -
མེ་སྐྱིད།
ཕ་མིང། -
ཚེ་དཔག
སྐྱེས་ཡུལ། -
རྒྱ་འབུམ་ཕྱུག་རྭ་གོང་མ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་ཚེ་དཔག་དང་མ་ན་མེ་སྐྱིད་གཉིས་ཀྱི་བུ་བློ་བཟང་རྡོ་རྗེ། རང་ལོ་ ༢༥ ཙམ་ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེར་སྲེག་བཏང་ཡོད་ལ། གནས་ཚུལ་དེ་བྱུང་མ་ཐག་རྔ་བ་རྫོང་མཁར་དུ་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་འབྱོར་ནས་ཁོང་གི་ལུས་ལ་འབར་བཞིན་པའི་མེ་བསད་དེ་རླངས་འཁོར་ཆུང་ཆུང་སྒམ་ཤིང་ཅན་ཞིག་གི་ནང་དུ་བཞག་ཅིང་སྟེང་ལ་རས་ནག་པོ་ཞིག་བཀབ་ནས་བཙན་ཁྲིད་བྱས་ཀྱང་སྐབས་དེར་ཁོང་གིས་མགོ་ཡར་བཀྱགས་ནས་ལག་གཉིས་ཐར་མོ་སྦྱར་ཡོད་ཀྱང་དེ་མ་ཐག་ཉེན་རྟོག་པས་མར་མནན་ནས་ཁྱེར་འདུག
ཁོང་ཚང་ལ་མིང་སྲིང་བཞི་ཡོད་པའི་ཆེ་བ་བུ་མོ་དར་མཚོ་དང་། གཉིས་པ་བློ་བཟང་རྡོ་རྗེ་ཁོང་ཡིན་ཞིང་། གསུམ་པ་བུ་མོ་མེས་མེས། བཞི་པ་བུ་བཀྲ་ཤིས་བཅས་ཡིན་འདུག ལོ་ཤས་གོང་ཕ་མ་གཉིས་ཁག་ཁག་བྱས་ཡོད་འདུག བློ་བཟང་རྡོ་རྗེ་ཁོང་ཆུང་ཆུང་སྐབས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་ལོ་ཤས་རིང་དགོན་པའི་ནང་བསྡད་འདུག་ཀྱང་རྗེས་སུ་སྐྱ་སར་བབ་རྗེས་ཨ་མ་དང་སྤུན་ཆུང་བ་བཀྲ་ཤིས་གཉིས་དང་མཉམ་དུ་མགོ་ལོག་དར་ལག་རྫོང་དུ་རླངས་འཁོར་འཁྲུད་སའི་ཚོང་ཁང་ཞིག་གཉེར་ནས་བསྡད་ཡོད་འདུག ཟླ་ཤས་གོང་ནས་ཕྱུགས་ལས་གོང་མར་ཡོང་ནས་ཕ་ཚེ་དཔག་དང་མཉམ་དུ་བསྡད་ཅིང་དེ་རྗེས་རྔ་བ་ཀིརྟི་དགོན་པའི་སྨོན་ལམ་ཆེན་མོར་མཇལ་དུ་ཡོང་འདུག ཁ་སང་བོད་ཚེས་བཅུ་བཞིའི་ཉིན་རྔ་བ་ཀིརྟི་དགོན་པའི་འཆམ་ལ་ཁེལ་ཡོད་པ་དང་སྔ་དྲོ་ཁོང་འཆམ་ལ་མཇལ་དུ་ཡོང་ཡོད་འདུག གནས་ཚུལ་དེ་བྱུང་ཙམ་ནས་རྔ་བ་རྫོང་མཁར་གྱི་གཞུང་ལམ་ཁག་དང་ལམ་གྱི་བཞི་མདོ་སོགས་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་མང་པོས་དམ་བསྒྲགས་ནན་མོ་བྱས་ཡོད་འདུག་པ་བཅས།
འཕགས་མོ་བསམ་གྲུབ།
འཕགས་མོ་བསམ་གྲུབ།
འཕགས་མོ་བསམ་གྲུབ།
གནས་ཚུལ་བྱུང་ཚེས། -
February 5, 2014
རྟགས། -
Male
ས་གནས། -
རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་གྲོང་སྡེའི་ཉེ་འཁྲིས་སུ་ཡོད་པའི་བན་ཆེན་ཉིན་སློབ་གཉིས་པའི་ཉེ་འདབས།
ལོ། -
༢༧
ད་ལྟའི་གནས་སྟངས། -
ཤེས་རྟོགས་མེད།
གནས་སྟངས་རྒྱས་པ། -
༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༥ ཉིན་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༩།༣༠ ཡས་མས་སུ་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་གྲོང་སྡེའི་ཉེ་འཁྲིས་སུ་ཡོད་ པའི་བན་ཆེན་ཉིན་སློབ་གཉིས་པའི་ཉེ་འདབས་སུ། མགོན་ཤུལ་སྒར་པ་ནས་ཡིན་པ་རང་ལོ་ ༢༧ དུ་སོན་པ་རྒྱལ་གཅེས་པ་འཕགས་མོ་བསམ་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ རྒྱ་གཞུང་ལ་ཞི་རྒོལ་གནང་མ་ཐག་རྒྱ་དམག་གིས་བཙན་འཁྱེར་བྱས་ཡོད་པར་བརྟེན་ད་ ལྟའི་ཆར་ཁོང་ས་གནས་གང་དུ་འཁྱེར་ཡོད་མེད་དང་འཆི་གསོན་གྱི་གནས་ཆུལ་གསལ་པོ་མ་ ཤེས་པར་ལྷག་ཡོད་འདུག ཁོང་ནི་སྔགས་པ་ཞིག་ཡིན་འདུག་པ་དང་། རྒྱལ་གཅེས་པ་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ལ་བུ་གཅིག་དང་བུ་མོ་གཅིག་བཅས་ཕྲ་གུ་ གཉིས་ཡོད་འདུག
རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་རྗེས་རྒྱ་གཞུང་གིས་ས་གནས་བརྒྱུད་ལམ་ཚང་མར་ དམ་བསྒྲགས་བྱས་ཡོད་པ་མ་ཟད། ས་གནས་སུ་དམག་མི་དང་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་མི་མང་ལ་དམ་བསྒྲགས་ ཤུགས་ཆེ་བྱེད་ཀྱི་ཡོད་འདུག
ཚུལ་ཁྲིམས་རྒྱ་མཚོ།
ཚུལ་ཁྲིམས་རྒྱ་མཚོ།
ཚུལ་ཁྲིམས་རྒྱ་མཚོ།
གནས་ཚུལ་བྱུང་ཚེས། -
December 19, 2013
རྟགས། -
Male
ཁུངས། -
ཨ་མཆོག་དགོན་པ།
ས་གནས། -
བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ།
ལོ། -
42
མ་མིང། -
ལྷ་མོ་སྐྱིད།
ཕ་མིང། -
འདས་ཟིན།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
།ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཕུར་བུའི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བོད་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་ཨ་མཆོག་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག དེ་ཡང་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་དུ། ཨ་མཆོག་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས། བོད་བསྟན་སྲིད་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད།

དེ་མ་ཐག་ས་གནས་སྐྱ་སེར་མི་མང་གིས་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་ཏེ། དགོན་པའི་གྲྭ་པ་ ༤༠༠ ལྷག་གིས་མཆོད་འབུལ་དང་བསྔོ་སྨོན་གསུངས་ཡོད། རྒྱལ་གཅེས་པ་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི། ཨ་མཆོག་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་རྒྱུན་ཡིན་ཞིང་ད་ལྟ་རང་ལོ་ ༤༢ ཡས་མས་ཡིན་འདུག ཁོང་གི་ཡབ་སྔ་མོ་ནས་འདས་ཟིན་པ་དང་ཡུམ་གྱི་མཚན་ལ་ལྷ་མོ་སྐྱིད་ཞུ་བཞིན་ཡོད་འདུག

ཁོང་ཆོས་དང་རིག་གནས་ཀུན་ལ་ཐུགས་སྣང་ཅན་ཞིག་ཡིན་པ་དང་། དགོན་པའི་ཆོ་ག་ཕྱག་ལེན་ལ་སྙིང་རུས་ཆེན་པོས་བློར་འཛིན་དང་ཉམས་ལེན་གནང་མཁན་ཞིག་དང་། གཅོད་ཀྱི་གདམས་པ་ཟབ་མོའི་བྱིན་མཐུ་དང་ཉམས་ལེན་སྒོམ་སྒྲུབ་ལ་བརྟེན་ཏེ་ཆུ་ མིག་འགྲིམས་ཏེ་དཀའ་ཐུབ་ལ་རྒྱུན་བཞུགས་གནང་མཁན་ཞིག་ཀྱང་ཡིན་འདུག

དཀོན་མཆོག་ཚེ་བརྟན།
དཀོན་མཆོག་ཚེ་བརྟན།
དཀོན་མཆོག་ཚེ་བརྟན།
གནས་ཚུལ་བྱུང་ཚེས། -
December 3, 2013
རྟགས། -
Male
ས་གནས། -
རྔ་བ་རྫོང་དམེ་རུ་མའི་ཡུལ་ཚོ།
ལོ། -
30
མ་མིང། -
འོ་དགའ།
ཕ་མིང། -
བསམ་ཁོ།
སྐྱེས་ཡུལ། -
རྨ་ཆུ་རྫོང་ཆུ་ཁ་མ་ཞང་རྒྱུ་ལག་རུ་ཆེན།
འཚོ་ཐབས། -
འབྲོག་ལས།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་གྱི་ཕྱི་དྲོ་བོད་མདོ་སྨད་རྨ་ཆུའི་ཆུ་ཁ་མར་སྐྱེས་པའི་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་འདུག
དེ་ཡང་རང་ལོ་༣༠ ཡིན་པ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་བོད་མདོ་སྨད་རྔ་བ་ཁུལ། རྔ་བ་རྫོང་དམེ་རུ་མའི་ཡུལ་ཚོའི་ཐོག་རང་ལུས་མེར་སྲེག་བཏང་ཡོད་པ་དང་། སྐབས་དེར་ཁོང་གིས་ལུས་སྟེང་དུ་མེ་འབར་བཞིན།  ༼༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་དགོས། ༽ཞེས་སྐད་འབོད་གནང་སྟེ། ཡུལ་ཚོའི་སྲང་ལམ་བར་ནས་ཡར་རྒྱུག་མར་རྒྱུག་བྱས་མཐར་སར་འགྱེལ་ཡོད་འདུག  ས་གནས་མང་ཚོགས་ཀྱིས་མཐོང་བ་ལྟར་ན།  སར་འགྱེལ་དུས་ཀྱང་ཁོང་གིས་མེ་ལྕེའི་ཁྲོད་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་སྐད་ཆ་བརྗོད་ཀྱི་འདུག་མོད། ཡིན་ནའང་གསལ་པོ་གོ་ཐུབ་མེད་པ་རེད།
དེ་རྗེས་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་བསླེབས་ཏེ་ཁོང་བཙན་འཁྱེར་བྱེད་རྩིས་བྱས་སྟབས།   ས་གནས་མང་ཚོགས་ཀྱིས་འཁྱེར་མ་བཅུག་པར་བཀག་འགོག་བྱས་ཏེ། ཉེན་རྟོག་པ་དང་མང་ཚོགས་བར་རྩོད་རྙོག་ཕྲན་བུ་ཞིག་ཀྱང་བྱུང་ཡོད་འདུག མཐར་ཉེན་རྟོག་པས་ཁོང་བཙན་འཁྱེར་བྱས་འདུག སྐབས་དེར་ས་གནས་ཡུལ་མི་སྐོར་ཞིག་ཀྱང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད།  རྗེས་སུ་དཀོན་མཆོག་ཚེ་བརྟན་ལགས་ཀྱི་ཆུང་མ་དང་ཉེ་འབྲེལ་འགའ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ད་ལྟའི་ཆར་དཀོན་མཆོག་ཚེ་བརྟན་ལགས་འདས་གྲོངས་སུ་འགྱུར་ཡོད་མེད་ཐད་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད་པ་དང་།  ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། ད་ལྟ་ཁོང་འབར་ཁམས་ཁུལ་གྱི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་པ་དང་།  རྒྱ་གཞུང་ཉེན་རྟོག་པས་ཁོང་བཙན་འཁྱེར་བྱེད་སྐབས་སུ།  ལུས་པོ་མེར་ཚིགས་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག
དཀོན་མཆོག་ཚེ་བརྟན་ལགས་ནི།  རྒྱ་གཞུང་གིས་བོད་ས་ཆ་བགོས་ཀྱི་ས་ཁོངས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཆུ་ཁ་མ་ཞང་རྒྱུ་ལག་རུ་ཆེན་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་བསམ་ཁོ་དང་མ་མིང་ལ་འོ་དགའ།  ཆུང་མའི་མིང་ལ་ནམ་སྣང་ཟེར་ཞིང་ད་ལྟ་ལོ་ ༢༨ ཡིན་འདུག ཁོང་བཟའ་མི་གཉིས་ལ་བུ་གཉིས་ཡོད་པའི་ནང་ནས། བུ་ཆེ་བ་ཕྱག་རྡོར་སྐྱབས་ལོ་ ༤ ཡིན་པ་དང་། ཆུང་བ་དཔའ་རྩལ་སྐྱབས་ལོ་ ༣ ཡིན་འདུག
དཀོན་མཆོག་ཚེ་བརྟན་ལགས་ནི་ཆུང་མའི་ཁྱིམ་ལ་ཕར་མག་པར་ཕྱིན་པ་ཞིག་ཡིན་འདུག་ལ།  ཁོང་གི་ཆུང་མའི་ཁྱིམ་ཚང་ནི་རྒྱ་གཞུང་གིས་བོད་ས་ཆ་བགོས་ཀྱི་ས་ཁོངས་ལྟར་བྱས་ན།  ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་དམེ་རུ་མ་ཞང་རུ་ཁག་དང་པོ་ནས་ཡིན་པ་རེད། དཀོན་མཆོག་ཚེ་བརྟན་ཆུང་དུས་སློབ་ཆུང་བསྐྱོད་མྱོང་ཡོད་པ་དང་། རྗེས་སུ་མག་པར་ཕྱིན་ཏེ་ཕྱུགས་སྐྱོང་འབྲོག་ལས་ཀྱི་འཚོ་བ་གཉེར་བཞིན་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༡ པོའི་ཚེས་ ༢༣ ཉིན། དམེ་རུ་མའི་ཡུལ་ཚོའི་ཐོག་ཏུ་མི་བརྒྱ་གྲངས་ཤིག་འདུ་འཛོམས་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད།  རྗེས་སུ་འབྲེལ་ཡོད་མི་སྣ་ཁག་གཅིག་འཛིན་བཟུང་ཡང་བྱས་ཡོད།   སྐབས་དེའི་ཞི་བའི་ངོ་རྒོལ་ཁྲོད་དུ་དཀོན་མཆོག་ཚེ་བརྟན་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་དང་།  རྗེས་སུ་ས་གནས་འབྲེལ་ཡོད་སྡེ་ཁག་གིས་ཁོང་འབོད་འགུག་བྱས་ཡོད་ཀྱང་། ཁོང་ས་གནས་ཡར་མར་ལ་བྲོས་བྱོལ་གྱིས་མགོ་བཏགས་བྱས་མེད།
གཞན་ཡང་། ཕྱི་ཚེས་ ༤ ཉིན་གྱི་ཞོགས་པ་ནས་བཟུང་དམེ་རུ་མ་ཡུལ་ཚོའི་ཐོག་གི་ཚོང་ཁང་དང་ཟ་ཁང་ཆ་ཚང་སྒོ་རྒྱག་བཅུག་ཡོད་པ་མ་ཟད། དམག་མི་དང་ཉེན་རྟོག་པ་མང་པོ་འགྲེམས་འཇོག་གིས། མང་ཚོགས་རྣམས་ཡུལ་ཚོའི་ཐོག་ཏུ་འགྲོ་བསྐྱོད་ཐད་བཀག་སྡོམ་དང་། སྲང་ལམ་དུ་ཁ་པར་རྒྱག་མཁན་མང་ཚོགས་མཐོང་ཚེ་ཁ་པར་ཡང་བཙན་འཕྲོག་སོགས་བྱས་ཏེ། དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག
ཚེ་རིང་རྒྱལ།
ཚེ་རིང་རྒྱལ།
ཚེ་རིང་རྒྱལ།
གནས་ཚུལ་བྱུང་ཚེས། -
November 11, 2013
རྟགས། -
Male
ཁུངས། -
ཇོ་ནང་ཨ་སྐྱོང་དགོན་པ།
ས་གནས། -
པདྨ་རྫོང་།
ལོ། -
༢༠
མ་མིང། -
རིན་སྒྲོན།
ཕ་མིང། -
ཤེར་ཕུན།
སྐྱེས་ཡུལ། -
མདོ་སྨད་མགོ་ལོག་པདྨ་རྫོང་།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །མདོ་སྨད་མགོ་ལོག་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༥ པ་ཡས་མས་སུ་པདྨ་རྫོང་ཐོག་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་གྱུར་འདུག
དེ་ཡང་ཁོང་གིས་རང་ལུས་མེར་སྲེག་གནང་སྐབས་ཉེན་རྟོག་པ་དང་། དམག་མི་འབྱོར་ཏེ་མེ་བསད་ནས་ཟི་ལིང་སྨན་ཁང་དུ་ཁྱེར་བཞིན་པའི་ལམ་བར་ནས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག ཁ་སང་དགོང་མོའི་དུས་ཚོད་བཅུ་བ་ཡས་མས་སུ་རྒྱལ་གཅེས་པ་ཨ་སྐྱོང་དགོན་པའི་གྲྭ་བ་ཚེ་རིང་རྒྱལ་ལགས་ཟི་ལིང་སྨན་ཁང་དུ་ཁྱེར་བཞིན་པའི་ལམ་བར་ནས་མཚན་མོའི་བོད་ནང་གི་དུས་ཆུ་ཚོད་ ༡༡ ཡས་མས་སུ་སྐུ་གྲོངས་ཡོད་པ་དང་། ཁོང་སྐུ་མ་གྲོངས་སྔོན་ལ་ཁོང་གིས་ “ངས་དེ་རིང་རང་ལུས་མེར་བསྲེགས་བཏང་དོན་ནི་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་ཆེད་དུ་ཡིན། ཁྱེད་ཅག་གིས་ཀྱང་བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་དང་། བོད་ཀྱི་སྐད་དང་ཡི་གེ། དེ་བཞིན་དུ་ཡུལ་སྲོལ་གོམ་གཤིས་སོགས་ལ་བདག་པོ་ཡག་པོ་རེ་རྒྱབ་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན། དེ་ལྟར་བྱས་ན་གཞིས་བྱེས་བོད་མི་མཉམ་འཛོམས་བྱུང་ཐུབ་གི་རེད།” ཞེས་སོགས་གསུང་ཡོད་འདུག

ཁོང་སྐུ་གྲོངས་རྗེས་མཚན་མོ་ཆུ་ཚོད་ ༡༢ ཙམ་ལ་སྐུ་ཕུང་རང་དགོན་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་འདུག་ལ། ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་བ་དང་། དེ་བཞིན་དུ་པད་ཡག་དགོན་པ་དང་། སྒོ་མང་དགོན་པ་བཅས་ཀྱི་གྲྭ་བ་བཅས་ཁྱོན་གྲྭ་བ་རྒྱ་ཕྲག་གཉིས་ལྷག་ཇོ་ནང་ཨ་སྐྱོང་དགོན་དུ་འཛོམས་ནས་ཕོ་ལུང་དང་བསྔོ་སྨོན་གསུང་བ་དང་། དེ་རིང་ཡང་གྲྭ་བ་བརྒྱ་ཕྲག་ལྷག་ཅིག་གིས་མུ་མཐུད་དུ་ཇོ་ནང་ཨ་སྐྱོང་དགོན་པར་མཆོད་འབུལ་གསུང་དང་གསུང་བཞིན་པ་རེད་འདུག
ཁ་སང་ཁོང་གིས་རང་ལུས་མེར་བསྲེགས་གནང་བཞིན་པའི་སྐབས་སུ་ས་གནས་རང་ནས་མཐོང་མཁན་མི་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ཁོང་གིས་པདྨ་རྫོང་གི་དཀྱིལ་དུ་ཨར་འདམས་གྱིས་བཟོས་པའི་མེ་ཏོག་པདྨ་འདབས་བརྒྱད་ཆེན་པོ་ཞིག་ཡོད་པ་དེའི་ཡར་ནང་ནས་རང་ལུས་མེར་བསྲེགས་བཏང་ཏེ་རྫོང་སྲིད་གཞུང་གི་ཕྱོགས་སུ་གོམ་པ་བཅུ་ཙམ་རྒྱུག་ཡོད་པ་དང་། སྐབས་དེར་ཁོང་གིས་ “རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།” ཞེས་ཐེངས་བཅུ་ཕྲག་ལྷག་ལ་འབོད་ཀྱིན་ཡོད་པ་གསལ་བོ་གོ་སོང་ཟེར།
དེ་རིང་མགོ་ལོག་པདྨ་རྫོང་ཐོག་ཏུ་དམག་མི་འགྲེམ་འཇོག་གིས་རྫོང་གི་ཟམ་ཆེན་དང་། སྒོ་ཆེན་སོགས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་ཀྱང་། ཨ་སྐྱོང་དགོན་པ་སོགས་སུ་ད་སྐབས་ད་དུང་དམ་དྲག་བྱས་མི་འདུག་ཟེར།

རྒྱལ་གཅེས་པ་ཚེ་རིང་རྒྱལ་ལགས་ནི་ད་ལོ་རང་ལོ་ཉི་ཤུ་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཤེར་ཕུན་དང་། མའི་མིང་ལ་རིན་སྒྲོན་ཡིན་འདུག ཁོང་ལ་སྤུན་མཆེད་གྲྭ་བདེ་ལེགས་དང་། ཆོས་དབྱིངས། མི་སྐྱ་སངས་བཟང་། ཨ་ནེ་ཁང་སྐྱིད། གང་མ། མཚོ་མོ། ཚེ་སྐྱིད་བཅས་སྤུན་མཆེད་བརྒྱད་ཡོད་པའི་ནང་ནས་ཁོང་ཆུང་ཤོས་ཡིན་འདུག

Last Words:
ངས་དེ་རིང་རང་ལུས་མེར་བསྲེགས་བཏང་དོན་ནི་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་ཆེད་དུ་ཡིན། ཁྱེད་ཅག་གིས་ཀྱང་བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་དང་། བོད་ཀྱི་སྐད་དང་ཡི་གེ། དེ་བཞིན་དུ་ཡུལ་སྲོལ་གོམ་གཤིས་སོགས་ལ་བདག་པོ་ཡག་པོ་རེ་རྒྱབ་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན། དེ་ལྟར་བྱས་ན་གཞིས་བྱེས་བོད་མི་མཉམ་འཛོམས་བྱུང་ཐུབ་གི་རེད།
ཞི་ཆུང།
ཞི་ཆུང།
ཞི་ཆུང།
གནས་ཚུལ་བྱུང་ཚེས། -
September 28, 2013
རྟགས། -
Male
ས་གནས། -
རྔ་པ་ནས་མགོ་ལོག་ཕྱོགས་སུ་འཐེན་ཡོད་པའི་གཞུང་ལམ་དང་ཐག་ཉེ་བའི་རང་ཁྱིམ་གྱི་སྒོ་འགྲམ།
ལོ། -
༤༡
མ་མིང། -
ཞེས་ཁོ་མ།
ཕ་མིང། -
བསོད་ནམས་བརྟེན།
སྐྱེས་ཡུལ། -
རྔ་པ་རྫོང་སྒོ་མང་ཡུལ་ཚོའི་སྒོ་མང་མཐའ་བ།
འཚོ་ཐབས། -
ཞིང་ལས།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༨ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཡོལ་ཙམ་ལ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་སྒོ་མང་ཡུལ་ཚོའི་སྒོ་ མང་མཐའ་བའི་ཞི་ཆུང་ལགས། རང་ལོ་ ༤༡ ཡིན་པ་ཁོང་གིས་རྔ་པ་ནས་མགོ་ལོག་ཕྱོགས་སུ་འཐེན་ཡོད་པའི་གཞུང་ལམ་དང་ཐག་ཉེ་ བའི་རང་ཁྱིམ་གྱི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ ཐོག་ལ་བཟུང་བའི་གཏིང་གནག་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་གཞུང་ ལམ་ཕྱོགས་སུ་གོམ་པ་བཞི་བཅུ་ཙམ་བརྒྱུགས་ཡོད་ཅིང་།

མཐར་ས་གནས་དེ་གར་མེ་དཔུང་གི་ཁྲོད་ནས་སྐུ་སྲོག་ཤོར་ཡོད་འདུག་ལ། སྐབས་ཐོག་དེར་ས་གནས་སུ་མཎ་སྟོན་འཚོགས་ནས་ཡོད་པའི་སྒོ་མང་མཐའ་བའི་མི་མང་གིས་ ཀི་ལྡིར་བྱེད་བཞིན་དམ་པ་ཁོང་གི་སྐུ་ཕུང་བདག་ཉར་བྱེད་དུ་བརྒྱུགས་ཡོད་ཀྱང་། མཎ་སྟོན་འཚོགས་སར་ཆེད་དུ་ལྟ་རྟོག་བྱེད་མཁན་དུ་སླེབས་པའི་རྒྱ་གཞུང་གི་ཉེན་ རྟོག་པ་སོགས་ཀྱིས་མི་མང་ལ་མེ་མདའ་ཚད་ནས་འགྲོ་མ་བཅུག་པར་འཁྲུག་པ་ཆེན་པོ་ཤོར་ གྲབས་བྱས་སྐབས། སྡེ་བའི་མི་སྐྱ་རྒན་པ་རྣམས་ཀྱིས་རོ་གཅིག་གི་སྒང་ལ་གཉིས་ཀྱི་སྣོན་མར་ཆགས་ ཉེན་ཆེ་བས་སྤྱི་སྒེར་གཉིས་ཀར་སྡུག་ཐོག་སྡུག་རྩེགས་མ་གཏོགས་མི་ཡོང་བས་ཞི་ འཇམ་བྱེད་དགོས་པའི་འབོད་སྐུལ་རིམ་པར་བྱས་ཤིང་། རྒྱ་གཞུང་ལ་ཡང་བཙན་ཤེད་ཁོ་ནས་ཡོང་ཐབས་མེད་ཚུལ་ནན་གྱིས་བཤད་མཐར་རྒྱལ་གཅེས་ དཔའ་བོ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་ཅུང་ཙམ་རིང་འཇོག་བཅུགས་ན་ཡང་། རྗེས་སུ་ཉེན་རྟོག་པ་སོགས་ཀྱིས་བཙན་ཁྱེར་བྱས་ནས་རྔ་བ་རྫོང་མཁར་གྱི་ཕྱོགས་སུ་ རླངས་འཁོར་ནང་དུ་ཁྱེར་ཡོད་འདུག ཉིན་ཤས་སྔོན་རྒྱལ་གཅེས་དཔའ་བོ་ཁོང་གིས་རང་གི་གྲོགས་པོ་མང་པོར་རྒྱ་ཚང་གིས་ སྡོད་འཇུག་ས་མ་རེད་”ཟེར་ནས་ཐེངས་མང་བཤད་འདུག་ལ། དེ་རིང་ཉིན་རྒྱབ་མཎ་སྟོན་འཚོགས་ས་ནས་རང་ཁྱིམ་དུ་སོང་དེ་༸གོང་ས་མཆོག་གི་སྐུ་ པར་ཞིག་གི་མདུན་དུ་མཆོད་མེ་ཞིག་ཕུལ་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་པ་ལོ་ཟེར་ཞིང་། རང་ལོ་༣༩ ཙམ་ཡིན་པ་དང་། ཁོང་གཉིས་ལ་བུ་མོ་རང་ལོ་༡༨ ཅན་ཞིག་དང་། བུ་རང་ལོ་༡༤ ཅན་གཉིས་ཡོད་འདུག ཁོང་ཚང་གི་འཚོ་རྟེན་གཙོ་བོ་ཞིང་ལས་ཡིན་ཡང་། ཁོང་གིས་རྒྱུན་དུ་རང་ཁྱིམ་ནས་ཡུལ་མི་རྣམས་ལ་ཉེ་བར་མཁོ་བའི་གྱོན་ཆས་འདྲ་མིན་ བཟོས་ཏེ་སྨོན་ལམ་ཆེན་མོའི་སྐབས་སོགས་མི་ཚོགས་འདུ་འཛོམས་ཆེ་སྐབས་ཐང་ཁྲོམ་ བཏོན་ནས་འཚོང་བཞིན་ཡོད་འདུག་ལ། དམིགས་བསལ་ཚེམ་བཟོའི་ཐོག་ལག་རྩལ་ཡག་པོ་ཡོད་པ་ཞིག་ཡིན་འདུག གནས་ཚུལ་མཐའ་མ་འབྱོར་སྐབས་སྡེ་བའི་སྐྱ་སེར་མང་པོ་ཞིག་རྒྱལ་གཅེས་དཔའ་བོ་ཁོང་ གི་ཁྱིམ་དུ་ཕར་འགྲོ་ཚུར་ཡོང་བྱེད་བཞིན་ཡོད་པ་རྣམས་བཀག་འགོག་དང་དམིགས་བསལ་ དམ་བསྒྲགས་བྱས་མེད་ནའང་། ས་གནས་སུ་ཉེན་རྟོག་པ་མང་པོ་འབྱོར་བཞིན་ཡོད་འདུག་པ་བཅས།

དཀོན་མཆོག་བསོད་ནམས།
དཀོན་མཆོག་བསོད་ནམས།
དཀོན་མཆོག་བསོད་ནམས།
གནས་ཚུལ་བྱུང་ཚེས། -
July 20, 2013
རྟགས། -
Male
ཁུངས། -
བཀྲིས་ཐེག་མཆོག་གླིང་དགོན་པ།
ས་གནས། -
སོག་ཚང་དགོན་བཀྲ་ཤིས་ཐེག་མཆོག་གླིང་དགོན་པ།
ལོ། -
18
མ་མིང། -
ལན་ཕྲུག
ཕ་མིང། -
བསོད་ནམས་དཔལ་ལྡན།
སྐྱེས་ཡུལ། -
མཛོད་དགེ་རྫོང་ཐང་སྐོར་སོག་ཚང་སྡེ་པ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༠ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༨།༤༠ ཙམ་དུ་བོད་མདོ་སྨད་རྔ་པ་ཁུལ། མཛོད་དགེ་རྫོང་ཐང་སྐོར་སོག་ཚང་སྡེ་པའི་ཕ་བསོད་ནམས་དཔལ་ལྡན་ལགས་དང་། མ་ལན་ཕྲུག་གཉིས་ཀྱི་བུ་རང་ལོ་ ༡༨ སོན་པ་ཐང་སྐོར་སོག་ཚང་སྡེ་པའི་ནང་ཡོད་བཀྲིས་ཐེག་མཆོག་གླིང་དགོན་པའི་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་དགོན་པའི་ཚོགས་གྲོལ་ནས་ཡོང་སྐབས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག དེ་ཡང་སོག་ཚང་དགོན་བཀྲ་ཤིས་ཐེག་མཆོག་གླིང་གི་ཞོགས་ཚོགས་གྲོལ་ནས་ཡོང་སྐབས། ལམ་བར་ནས་རང་ལུས་མེར་སྲེག་བཏང་སྟེ་དགེ་འདུན་པ་ཚོས་གཟིགས་དུས་མེ་ལྕེ་དྲག་པོ་འབར་བཞིན་པའི་གསེང་དུ་ཁོང་གིས་ལག་གཉིས་ཐལ་མོ་སྦྱར་ཏེ་ངག་ནས་མང་པོ་ཞིག་བརྗོད་བཞིན་ཡོད་ཀྱང་ཚིག་འབྲུ་གསལ་བོ་ཐོས་ཐུབ་མེད་པ་དང་། ཅུང་ཙམ་རྗེས་ཁོང་ས་ལ་འགྱེལ་བ་དང་གྲྭ་བ་ཚོ་གམ་དུ་སླེབས་སྐབས་སྐུ་གྲོངས་ཚར་ཡོད་ཀྱང་། ད་དུང་ཕྱག་གཉིས་དམ་པོར་ཐལ་མོ་སྦྱར་ནས་བཞུགས་ཡོད་འདུག དེའི་རྗེས་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོས་དགོན་པ་བསྐོར་ཏེ་ཕུང་པོ་རྩིས་སྤྲོད་བྱེད་དགོས་ཚུལ་བརྗོད་ཡོད་པ་དང་། སྐབས་དེར་ས་གནས་དེ་ཁུལ་གྱི་མང་ཚོགས་ཀྱང་དགོན་ནང་དུ་འབྱོར་ཏེ་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ལྷ་ཁང་ཞིག་ཏུ་གདན་འདྲེན་ཞུས་ཏེ་གྲྭ་མང་གིས་བསྔོ་སྨོན་གསུངས་པ་དང་། རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་ཚོ་དགོན་པའི་ནང་དུ་ཡོང་སྟེ་དྲག་ཤུགས་ཀྱིས་ཕུང་པོ་འཕྲོག་རྩིས་བྱེད་སྐབས། དགོན་པ་དང་ས་གནས་ཀྱི་གནད་ཡོད་མི་སྣ་སྐོར་ཞིག་གིས་ལྐོག་ནས་སྐུ་ཕུང་ས་གནས་གཞན་ཞིག་ཏུ་གནས་སྤོར་བྱས་ཏེ། རྒྱ་དམར་ཚོར་འདས་པོའི་ཕུང་བོ་རྨ་ཆུར་བསྐུར་ཚར་ཡོད་ཚུལ་བརྗོད་ཡོད་འདུག ད་ལྟ་ས་གནས་མི་མང་དཀྱུས་མ་ཚོས་ཀྱང་སྐུ་ཕུང་གར་བཞུགས་ཀྱི་གནས་ཚུལ་ཤེས་རྟོགས་མི་འདུག དེ་ཉིན་ས་གནས་དེའི་ཨར་ཙཱ་ཏི་ཞེས་པའི་གནས་རིར་མང་ཚོགས་བསང་གསོལ་གཏོང་བའི་ཉིན་མོར་ཁེལ་ཡོད་ཀྱང་། གནས་ཚུལ་དེ་བྱུང་བ་ཐོས་འཕྲལ་མང་ཚོགས་རྣམས་དགོན་པའི་ནང་དུ་འབྱོར་ཏེ་སྐྱ་སེར་གྲངས་ ༡༥༠༠ ལྷག་འཛོམས་ཡོད་པ་དང་། རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་མང་པོ་བསླེབས་ཏེ་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག དེ་ཁུལ་གྱི་བརྒྱུད་ལམ་ཁག་སྔོན་མ་ནས་དམ་བསྒྲགས་བྱས་ཡོད་པ་མ་ཟད། ད་ཐེངས་གནས་ཚུལ་དེ་བྱུང་རྗེས་བརྡ་འཕྲིན་ཁག་ཡོངས་རྫོགས་བཀག་ཡོད་འདུག
དབང་ཆེན་སྒྲོལ་མ།
དབང་ཆེན་སྒྲོལ་མ།
དབང་ཆེན་སྒྲོལ་མ།
གནས་ཚུལ་བྱུང་ཚེས། -
June 11, 2013
རྟགས། -
Female
ཁུངས། -
ར་རྒྱ་བྲག་དཀར་བཙུན་དགོན།
ས་གནས། -
ཁམས་རྟའུ་རྫོང་།
ལོ། -
31
མ་མིང། -
གཡུ་སྒྲོན།
ཕ་མིང། -
བསྟན་འཛིན།
སྐྱེས་ཡུལ། -
མི་ཉག་འདྲ་པ་ས་ཁུལ་གྱི་བྲག་ཐོག་ཡུལ་ཚོ།
འཚོ་ཐབས། -
བཙུན་མ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། ། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༡ ཉིན་ཁམས་རྟའུ་རྫོང་ཐོག་ཏུ་རང་ལོ་ ༣༡ ཡིན་པ་ར་རྒྱ་བྲག་དཀར་བཙུན་དགོན་གྱི་བཙུན་མ་དབང་ཆེན་སྒྲོལ་མ་ལགས་ཀྱིས་རྒྱ་ གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གྱིས་རང་ ལུས་མེར་སྲེག་བཏང་སྟེ་ཁོང་ཕྱི་ཚེས་ ༡༤ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༨ པའི་ཐོག་འདས་གྲོངས་སུ་གྱུར་བའི་ཡི་སྐྱོའི་གནས་ཚུལ་ཐོན་འདུག སྐབས་དེར་རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་ཕུང་པོ་ནང་མིར་རྩིས་སྤྲོད་མ་བྱས་པ་ ཟད། ཁོང་གི་ནང་མི་རྣམས་ཕན་ཚུན་འགྲོ་འདུག་སོགས་བྱེད་མི་ཆོག་པར་དམ་བསྒྲགས་འོག་ གནས་དགོས་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཡས་མས་ཙམ་ལ་ཁམས་མི་ཉག་འདྲ་པ་ནས་ཡིན་པའི་བཙུན་མ་དབང་ཆེན་སྒྲོལ་མ་ལགས་ཀྱིས་ དགེ་འདུན་པ་སྟོང་ཚོ་མང་པོ་བསྡུས་ཏེ་འཇང་དགུན་ཆོས་ཆེན་མོ་འཚོགས་བཞིན་པའི་ རྟའུ་ཉ་མཚོ་དགོན་པའི་ཉེ་འཁྲིས་ཤིག་ཏུ་རང་ལུས་མེར་སྲེག་བཏང་ཡོད་ཅིང་སྐབས་ དེར་འཕྲལ་དུ་རྒྱ་མི་ཉེན་རྟོག་པས་མེ་བསད་དེ་རས་གོས་དཀར་པོ་ཞིག་ལ་དཀྲིས་ནས་ བཙན་འཁྱེར་གྱིས་ཁམས་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་པ་དང་། དེ་མ་ཐག་ས་གནས་ཀྱི་བརྡའ་འཕྲིན་བརྒྱུད་ལམ་ཡོངས་རྫོགས་བཅད་ཟིན་པར་བརྟེན་ས་ གནས་ཀྱི་གནས་སྟངས་སྤྱི་དང་།

ལྷག་པར་བཙུན་མ་དབང་ཆེན་སྒྲོལ་མའི་གནས་སྟངས་ཆ་ཚང་ཞིག་ཤེས་རྟོགས་བྱ་རྒྱུར་ དཀའ་ངལ་འཕྲད་ཡོད། ཕྱི་ཚེས་ ༡༥ ཉིན་རྒྱབ་ནས་རྟའུ་རྫོང་ཁོངས་སུ་ཁ་པར་དང་། སྐད་འཕྲིན་(WeChat) བཅས་ཀྱི་བརྒྱུད་ལམ་སླར་ཡང་སྒོ་ཕྱེ་འདུག་པ་དང་། ས་གནས་སུ་འབྲེལ་བ་བྱེད་སྐབས་བཙུན་མ་དབང་ཆེན་སྒྲོལ་མ་ལགས་ཁམས་མི་ཉག་དར་རྩེ་ མདོའི་སྨན་ཁང་ཞིག་ཏུ་ཕྱི་ཚེས་ ༡༤ ཉིན་གྱི་ཚན་མོ་བོད་ནང་གི་ཆུ་ཚོད་ ༨ པའི་ཐོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག བཙུན་མ་དབང་ཆེན་སྒྲོལ་མའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་སྨན་ཁང་ནས་ གློག་གི་ཕུང་པོ་སྲེག་ས་ཞིག་ཏུ་མེར་སྲེག་བཏང་བར་བརྟེན། བཙུན་མ་དབང་ཆེན་སྒྲོལ་མའི་ནང་མི་ཚོས་བོད་མིའི་ཡུལ་སྲོལ་དང་ཆོས་ལུགས་ཀྱི་ བྱེད་སྒོ་ལྟར་ཕུང་པོ་ཞུགས་འབུལ་བྱེད་རྒྱུ་བྱུང་མེད། མི་ཉག་འདྲ་པ་བྲག་ཐོག་ས་གནས་ཀྱི་གྲོང་སྡེ་ཁག་ནས་བཙུན་མ་དབང་ཆེན་སྒྲོལ་མའི་ ནང་མིར་གདུང་སེམས་མཉམ་སྐྱེ་དང་། ནང་མིའི་ངོས་ནས་ཀྱང་འདས་པོའི་རྗེས་འཇུག་གི་ཆོས་སྒྲུབ་བསྔོ་སྨོན་དང་། མཆོད་འབུལ་སོགས་ཞུ་ཐབས་གནང་འདུག་ཀྱང་། ཕྱི་ཚེས་ ༡༤ ཉིན་ས་གནས་སྲིད་གཞུང་གི་མི་སྣ་ཁག་གཅིག་བཙུན་མ་དབང་ཆེན་སྒྲོལ་མའི་ནང་དུ་ཡོང་ སྟེ་གྲོང་པ་ཁྱིམ་མཚེས་དང་། ཡུལ་མི་སྤུན་ཟླ། གྲྭ་བཙུན་བླ་མ་སོགས་ནང་ལ་ཡོང་རྒྱུ་བཀག་འགོག་བྱས་འདུག་པ་དང་། ནང་མི་ཚོར་ཡང་ཕྱི་ལོགས་སུ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་སྟེ་གནས་སྟངས་དམ་ བསྒྲགས་འོག་གཤིན་པོར་རྗེས་འཇུག་ཀྱང་ཚུལ་བཞིན་བྱེད་མ་བཅུག་པའི་གནས་ཚུལ་ཐོན་ འདུག བཙུན་མ་དབང་ཆེན་སྒྲོལ་མ་ནི་ཁམས་རྟའུ་རྫོངས་ཁོངས་སུ་ཡོད་པའི་མི་ཉག་འདྲ་པ་ས་ ཁུལ་གྱི། བྲག་ཐོག་ཡུལ་ཚོ་དང་། བྲག་ཐོག་གྲོང་པའི་རྒྱལ་འབུམ་ཚང་ཟེར་བའི་མི་ཚང་ནས་ཡིན་པ་དང་། ཁོང་མོའི་སྐྱ་མིང་ལ་ཚེ་རིང་སྒྲོལ་དཀར་དང་ཆོས་མིང་ལ་དབང་ཆེན་སྒྲོལ་མ་ཟེར་ གྱི་ཡོད་པ་དང་། རང་ལོ་ ༣༡ ཡིན་འདུག བཙུན་མ་དབང་ཆེན་སྒྲོལ་མའི་ཕ་མིང་ལ་བསྟན་འཛིན་དང་། མའི་མིང་ལ་གཡུ་སྒྲོན་ཟེར་གྱི་ཡོད་འདུག བཙུན་མ་དབང་ཆེན་སྒྲོལ་མིའི་ཕ་ཡུལ་དུ་བཙུན་མ་ཆོས་ཞུགས་བྱེད་སའི་བཙུན་དགོན་ མེད་པར་བརྟེན། ཁམས་རྟའུ་སྦར་ཞབས་བྲག་དཀར་ཞེས་པའི་གནས་རི་ཞིག་ཏུ་ཆོས་རྒྱུད་སྔ་འགྱུར་རྙིང་ མ་ཡིན་པའི་སྤྲུལ་སྐུ་ཆོས་ཀྱིས་ཉི་མ་ཞུ་བ་ཞིག་གིས་ཆོས་སྡེ་ཞིག་ཡོད་པ་དེར་ ཆོས་ཞུགས་གནང་ཡོད་འདུག་པ་དང་།

ཕྱི་ཚེས་ ༡༠ དགོང་མོ་བཙུན་མ་དབང་ཆེན་སྒྲོལ་མས་རྟའུ་རྫོང་ཐོག་གི་སློབ་གྲྭ་ཞིག་གི་ནང་ སློབ་ཕྲུག་ཚོར་བོད་ཡིག་ཡག་པོ་སྦྱང་དགོས་པ་སོགས་ཀྱི་སློབ་གསོ་བྱས་ཡོད་འདུག མི་ཉག་འདྲ་པ་ནས་ཡིན་པའི་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་པ་ལྟར་ན་མི་ཉག་འདྲ་ པ་ལུང་པ་དེར་ལོ་ཁ་ཤས་ཀྱི་སྔོན་ནས་རྒྱ་ནག་གཞུང་གིས་གློག་ཁང་རྒྱག་རྒྱུ་ཡིན་པ་ དང་། ས་གནས་མི་མང་རྣམས་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་པའི་ཁྱབ་བསྒྲགས་ཤིག་བྱུང་ ཡོད་པ་བཞིན་ད་ལྟ་ཡང་ས་གནས་དེར་དཀའ་ངལ་དེ་མུ་མཐུད་འགྲོ་བཞིན་ཡོད་པ་རེད་ཅེས་ བརྗོད་སོང་། བཙུན་མ་དབང་ཆེན་སྒྲོལ་མ་ནི་ཁམས་མི་ཉག་པ་རྒྱ་ནག་སྲིད་གཞུང་གི་སྲིད་ཇུས་ལ་རང་ ལུས་མེར་སྲེག་གིས་ངོ་རྒོ་བྱེད་མཁན་གསུམ་པ་དེ་ཡིན་པ་དང་། (༢༠༡༢ ཟླ་ ༤ ཚེས་ ༦ ཉིན་སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་དང་། བཙུན་མ་ཨ་ཚེ་གཉིས་ཀྱང་མི་ཉག་ནས་ཡིན།) སྤྱི་ཡོངས་ནས་བོད་ནང་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ ༡༡༩ པ་དེ་ཆགས་ཡོད་པ་རེད། བཙུན་མ་དབང་ཆེན་སྒྲོལ་མའི་ཕ་ཡུལ་འདྲ་པ་བྲག་ཐོག་ཅེས་པ་ནི་ཁམས་མི་ཉག་གི་ཡུལ་ སྡེ་ཞིག་ཡིན་པ་དང་། ད་ལྟ་རྒྱ་ནག་སྲིད་གཞུང་གིས་བཅད་བགོས་ལྟར་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ ཁུལ་ཟེར་བའི། རྟའུ་རྫོང་ཁོངས་སུ་ཡུལ་ཚོ་ ༢༠ ཡོད་པའི་ནང་ཚན་བྲག་ཐོག་ཡུལ་ཚོ་སྟེ། རྟའུ་རྫོང་སྲིད་གཞུང་ལྟེ་གནས་ནས་ལྷོ་ཤར་ཕྱོགས་ཀྱི་ལེ་བར་ ༦༣ ཙམ་གྱི་སར་ཡོད་པ་དང་། ཡུལ་སྡེ་དེའི་འཚོ་བ་གཙོ་བོ་ཞིང་ལས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་སྲིད་གཞུང་གི་མི་འབོར་ཞིབ་བཤེར་ཐེངས་ལྔ་པ་ལྟར་ན་བྲག་ཐོག་ཡུལ་ཚོའི་ མི་འབོར་ནི་ ༡༡༧༨ ཡིན་པ་དང་ལྟའི་སྐབས་མི་འབོར་དེ་ལས་མང་དུ་ཕྱིན་ཡོད་པ་རེད་འདུག

བསྟན་འཛིན་ཤེས་རབ།
བསྟན་འཛིན་ཤེས་རབ།
བསྟན་འཛིན་ཤེས་རབ།
གནས་ཚུལ་བྱུང་ཚེས། -
May 27, 2013
རྟགས། -
Male
ས་གནས། -
་ཁམས་ཡུལ་ཤུལ་ཁོངས་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་བརྡལ་སྐྱ་འཁྱོག་ཡུལ་ཚོའི་རུ་ཁག་གཉིས་པའི་ཨ་དྲིལ།
མ་མིང། -
ཆོས་མས།
ཕ་མིང། -
དོན་འགྲུབ།
སྐྱེས་ཡུལ། -
ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལཆུ་དམར་ལེབ་རྫོང་།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། ། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ཉིན་བོད་ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ གྲོང་རྡལ། སྐྱ་འཁྱོག་ཡུལ་ཚོ་རུ་ཁག་གཉིས་པའི་ཨ་དྲེལ་སྡེ་པའི་ཕ་དོན་གྲུབ་དང་། མ་ཆོས་མས་གཉིས་ཀྱི་བུ་བསྟན་འཛིན་ཤེས་རབ་ལགས་ཀྱིས་ཆུ་དམར་ལེབ་རྫོང་གི་ཁོངས་ གཏོགས་རྒྱ་རིང་ཟེར་བའི་ས་ཆ་ནས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག དེ་ཡང་ཁོང་གིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་རྗེས་མ་གཏོགས་ རོགས་པ་ཚོས་ཤེས་རྟོགས་བྱུང་མི་འདུག་ལ། གནས་ཚུལ་དེ་བྱུང་མ་ཐག་ཆུ་དམར་རྫོང་གི་སྤྱི་བདེ་ཉེན་རྟོག་པ་འབྱོར་ནས་སྐུ་ ཕུང་ཁྱེར་ཡོད་ཀྱང་། མཐར་ཕྱི་ཚེས་ ༢༨ ཉིན་ཁོང་གི་ཕ་དོན་གྲུབ་སོགས་སྐད་བཏང་སྟེ་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ འདུག ཁོང་གིས་ཉིན་འགའི་སྔོན་གྲོགས་པོ་ཁ་ཤས་ལ་རྒྱ་ནག་གི་སྲིད་བྱུས་ཡག་པོ་མེད་ཚུལ་ དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་བརླག་འགྲོ་ཉེན་ཡོད་པ། རྒྱ་ནག་གི་དྲག་སྤྱོད་འོག་འདུག་ཐབས་བྲལ་བ་སོགས་ཀྱི་སྐད་ཆ་མང་པོ་བད་འདུག རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་མི་འགྱང་བར་དབོན་པོ་དགོན་ནང་དུ་ཁྱེར་འཆར་ཡོད་ འདུག རྒྱལ་གཅེས་པ་བསྟན་འཛིན་ཤེས་རབ་ལགས་ལ་ཕ་མ་གཅིག་པའི་སྤུན་མཆེད་ལྔ་ཡོད་འདུག

ཨ་ དྲེལ་སྡེ་བ་ནི་སྔོན་ཆད་ཁམས་རྫ་ཆུ་ཁ་དབོན་པོ་སྡེ་བའི་ནང་ཚན་ཞིག་ཡིན་ ཡང་། ཕྱི་ལོ་ ༡༩༥༩ སྔོན་ཨ་དྲེལ་སྒྲོལ་མ་སོགས་ཀྱིས་སྣེ་ཁྲིད་འོག་རྒྱ་གར་ལ་འགྲོ་རྩིས་བྱས་ཏེ། ཆུ་དམར་ལེབ་ཅེས་པའི་ས་ཆ་དེར་འབྱོར་སྐབས། རྒྱ་དམག་དང་ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་བྱས་རྗེས་ས་ཆ་དེར་གནས་ཆགས་པ་ཞིག་ ཡིན་པ་དང་ད་ལྟའི་ཆར་སྡེ་བ་དེར་ཨ་དྲེལ་དགོན་དགའ་ལྡན་བསམ་གཏན་ཐེག་ཆེན་ཆོས་ འཁོར་གླིང་ཞེས་པའི་དགོན་པ་ཞིག་ཀྱང་ཡོད་འདུག

དཀོན་མཆོག་འོད་ཟེར།
དཀོན་མཆོག་འོད་ཟེར།
དཀོན་མཆོག་འོད་ཟེར།
གནས་ཚུལ་བྱུང་ཚེས། -
April 24, 2013
རྟགས། -
Male
ཁུངས། -
ཀིརྟི་དགོན་པ།
ས་གནས། -
སྟག་ཚང་ལྷ་མོ་ཀིརྟི་དགོན་པ།
ལོ། -
23
མ་མིང། -
བསམ་འགྲུབ་སྒྲོལ་མ།
ཕ་མིང། -
ཚེ་རིང་ནོར་བུ།
སྐྱེས་ཡུལ། -
མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཀིརྟི་རྐ་ཆུ་ཁའི་ཚ་ཁོ་རུ་བ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༢༤ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༦།༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་རང་ལོ་ ༢༣ ཡིན་པ་གྲྭ་དཀོན་མཆོག་འོད་ཟེར་གྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་ནས་ཁོང་འདས་གྲོངས་སུ་གྱུར་འདུག་ལ། སྟག་ཚང་མོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཁོང་གི་སྐུ་ཕུང་གྲྭ་ཤག་སོ་སོར་གདན་འདྲེན་གྱིས་བསྔོ་བ་སྨོན་ལམ་གསུངས་ཡོད་པ་དང་། ཁོང་གི་སྐུ་ཕུང་སང་ཉིན་སྔ་དྲོ་ཞུགས་འབུལ་བྱེད་དགོས་ཚུལ་ས་གནས་རྒྱ་གཞུང་ནས་བརྡ་ལན་འབྱོར་ཡོད་འདུག

གྲྭ་དཀོན་མཆོག་འོད་ཟེར་ལགས་ནི་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཀིརྟི་རྐ་ཆུ་ཁའི་ཚ་ཁོ་རུ་བའི་ཕ་ཚེ་རིང་ནོར་བུ་དང་། མ་བསམ་འགྲུབ་སྒྲོལ་མ་གཉིས་ལ་བུ་གསུམ་ཡོད་པའི་འབྲིང་བ་དེ་ཡིན་པ་དང་།

དཀོན་མཆོག་འོད་ཟེར་རྒྱུད་པ་གྲྭ་ཚང་ཡིན་འདུག་ལ། ཁོང་རྒྱུན་དུ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་སོགས་མིག་དཔེར་འོས་པ་ཡིན་འདུག
སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི་མཛོད་དགེ་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་ ༡༤༠ ལྷག་གི་སར་ཡོད་ལ། ཕྱི་ལོ་ ༡༧༤༨ ལོར་ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱག་བཏབ་གནང་ཞིང་། དེང་སྐབས་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ལ། དགེ་འདུན་པ་ཞལ་གྲངས་ ༧༠༠ ལྷག་ཡོད་པ་བཅས།།

བློ་བཟང་ཟླ་བ།
བློ་བཟང་ཟླ་བ།
བློ་བཟང་ཟླ་བ།
གནས་ཚུལ་བྱུང་ཚེས། -
April 24, 2013
རྟགས། -
Male
ཁུངས། -
ཀིརྟི་དགོན་པ།
ས་གནས། -
སྟག་ཚང་ལྷ་མོ་ཀིརྟི་དགོན་པ།
ལོ། -
20
ཕ་མིང། -
རྡོ་རྗེ་མཁའ་འགྲོ།
སྐྱེས་ཡུལ། -
མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོའི་གཟའ་རུ་འབྲོག་པ་སྨད་མ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༢༤ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༦།༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ རང་ལོ་ ༢༠ ཡིན་པ་བློ་བཟང་ཟླ་བལགས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་ནས་ཁོང་འདས་གྲོངས་སུ་གྱུར་འདུག་ལ། སྟག་ཚང་མོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཁོང་གི་སྐུ་ཕུང་གྲྭ་ཤག་ཏུ་གདན་འདྲེན་གྱིས་བསྔོ་བ་སྨོན་ལམ་གསུངས་ཡོད་པ་དང་། ཁོང་གི་སྐུ་ཕུང་སང་ཉིན་སྔ་དྲོ་ཞུགས་འབུལ་བྱེད་དགོས་ཚུལ་ས་གནས་རྒྱ་གཞུང་ནས་བརྡ་ལན་འབྱོར་ཡོད་འདུག
གྲྭ་བློ་བཟང་ཟླ་བ་ལགས་ནི་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོའི་གཟའ་རུ་འབྲོག་པ་སྨད་མ་ནས་ཡིན་ཞིང་། རང་ལོ་ ༦༢ ཡིན་པའི་ཕ་རྡོ་རྗེ་མཁའ་འགྲོ་བཟའ་ཟླ་གཉིས་ལ་བུ་བུ་མོ་བདུན་ཡོད་པའི་ནང་གི་ཆུང་ཤོས་ཡིན་འདུག་ལ། ཁོང་གི་ཨ་མ་གྲོངས་ཟིན་པ་ཡིན་འདུག

ཁོང་གཉིས་ཆུང་ཆུང་སྐབས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་བློ་བཟང་ཟླ་བ་དེང་སྐབས་བསྡུས་ཆེན་འཛིན་གྲྭ་ཡིན་པ་དང་། ཁོང་རྒྱུན་དུ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་སོགས་མིག་དཔེར་འོས་པ་ཡིན་འདུག
སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི་མཛོད་དགེ་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་ ༡༤༠ ལྷག་གི་སར་ཡོད་ལ། ཕྱི་ལོ་ ༡༧༤༨ ལོར་ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱག་བཏབ་གནང་ཞིང་། དེང་སྐབས་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ལ། དགེ་འདུན་པ་ཞལ་གྲངས་ ༧༠༠ ལྷག་ཡོད་པ་བཅས།།

ཕྱུག་མཚོ།
ཕྱུག་མཚོ།
ཕྱུག་མཚོ།
གནས་ཚུལ་བྱུང་ཚེས། -
April 16, 2013
རྟགས། -
Female
ས་གནས། -
མདོ་སྨད་ཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ།
ལོ། -
20
མ་མིང། -
སྒྲོན་སྐྱིད།
ཕ་མིང། -
སྟན་ཁོ།
སྐྱེས་ཡུལ། -
མདོ་སྨད་ཛམ་ཐང་།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༦ བོད་ནང་གི་ཆུ་ཚོད་ ༣ ཡས་མས་ཤིག་ལ་མདོ་སྨད་ཛམ་ཐང་བར་མ་ཡུལ་ཚོ་ནས་ཡིན་པའི་ཕ་བསྟན་ཁོ་ལགས་དང་། མ་སྒྲོན་སྐྱིད་ལགས་གཉིས་ཀྱི་བུ་མོ་རང་ལོ་ ༢༠ ལ་སོན་པ་ཕྱུག་མཚོ་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་སྲིད་བྱུས་ ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

ཁོང་གིས་རང་ལུས་མེར་སྲེག་གནང་མ་ཐག་ས་གནས་དེ་ག་རང་ལ་འདས་གྲོངས་སུ་གྱུར་ཡོད་ པ་དང་། སྐབས་དེར་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་ཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་ འདྲེན་ཞུས་ཏེ་རྒྱུན་སྡོད་བླ་གྲྭ་རྣམས་ཀྱིས་ཕོ་ལུང་དང་། བསྔོ་སྨོན་གསུངས་རྗེས་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་འདུག

ས་གནས་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ཁང་སོགས་ཀྱིས། དེ་སྔོན་རང་ལུས་མེར་སྲེག་གནང་མཁན་དག་དང་གཅིག་མཚུངས་ཀྱིས། བཙན་བཀའ་བཏང་ནས་ཁོང་གི་སྐུ་ཕུང་ཉིན་དེའི་མཚན་མོར་ཞུགས་འབུལ་བྱེད་དགོས་བྱུང་ ནས། དགོན་པར་དགེ་འདུན་པ་དང་མི་སྐྱ་ཕོ་མོ་སྟོང་ཕྲག་མང་པོ་འདུ་འཛོམས་གྱིས་གདུང་ སེམས་མཉམ་སྐྱེ་ཞུ་མུས་ཡིན་འདུག

ཁོང་མོ་གཉེན་སྒྲིག་བྱས་ཏེ་ལོ་ན་ ༣ ཅན་གྱི་བྱིས་པ་ཞིག་ཀྱང་ཡོད་འདུག་པ་བཅས།།

དཀོན་མཆོག་བསྟན་འཛིན།
དཀོན་མཆོག་བསྟན་འཛིན།
དཀོན་མཆོག་བསྟན་འཛིན།
གནས་ཚུལ་བྱུང་ཚེས། -
March 26, 2013
རྟགས། -
Male
ཁུངས། -
ཀླུ་ཆུ་རྫོང་རྨོག་རི་དགོན་པ།
ས་གནས། -
རྨོག་རི་དགོན་པའི་ཉེ་འདབས་ཀྱི་སུམ་མདོའི་ལམ་ཆེན།
ལོ། -
28
མ་མིང། -
ལྷ་མོ་འཚོ།
ཕ་མིང། -
ལྷ་ཁོ།
སྐྱེས་ཡུལ། -
དོ་སྨད་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༧ པ་ཙམ་ལ་བོད་མདོ་སྨད་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོའི་རྨོག་རི་སྡེ་བའི་ཕ་ལྷ་ཁོ་ ལགས་དང་། མ་ལྷ་མོ་འཚོ་ལགས་གཉིས་ཀྱི་བུ་རང་ལོ་ ༢༨ ལ་སོན་པའི་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་དགེ་འདུན་པ་དཀོན་མཆོག་བསྟན་འཛིན་ ལགས་ཀྱིས་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་ རྒོལ་ཆེད་རྨོག་རི་དགོན་པའི་ཉེ་འདབས་ཀྱི་༼འདན་ལུང་མདོ་༽སུམ་མདོའི་ལམ་ཆེན་ནས་ རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། དེ་རྗེས་ཁོང་གི་སྐུ་ཕུང་དགོན་པའི་ནང་དུ་གདན་འདྲེན་བྱས་ཡོད་ཀྱང་རྒྱ་གཞུང་ གིས་བཙན་འཕྲོག་བྱེད་པར་དོགས་ནས་མཚན་མོར་ཞུགས་འབུལ་བྱས་ཡོད་འདུག
གནས་ཚུལ་དེ་བྱུང་རྗེས་རྨོག་རི་དགོན་པ་དང་ཉེ་འདབས་ཀྱི་གྲོང་པ་ཁག་ཚང་མར་ཉེན་ རྟོག་པ་མང་པོ་འགྲེམས་འཇོག་གིས་དམ་བསྒྲགས་ནན་མོ་བྱས་ཡོད་འདུག འདི་ནི་ཀླུ་ཆུ་རྫོང་ཁོངས་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་ གནང་མཁན་དྲུག་པ་ཆགས་ཡོད།
རྒྱལ་གཅེས་པ་ཁོང་ལ་ཕ་གཅིག་པའི་མིང་སྲིང་བདུན་ཡོད་པའི་ནང་ནས་ཁོང་རང་ཆུང་ཤོས་ ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྨོག་རི་དགོན་པར་ཆོས་ཞུགས་བྱས་ཏེ་དགོན་པའི་འཆར་ཅན་གྱི་ ཆོ་ག་ཕྱག་ལེན་དང་། འདོན་བློ་འཛིན་སོགས་ཀྱི་རིམ་པ་ཚང་མ་མཐར་ཕྱིན་ཏེ། དེང་སྐབས་ཐུན་མོང་བའི་རིག་གནས་ཁག་དང་། ནང་དོན་རིག་པ་སོགས་ལ་སློབ་སྦྱོང་གནང་མུས་ཡིན་འདུག
རྨོག་རི་དགོན་བསམ་འཕེལ་གླིང་ནི་༼དགེ་ལྡན་བྱམས་འཕེལ་གླིང་༽ཟམ་ཚ་གསེར་ཁྲི་ འཇིགས་མེད་ནམ་མཁས་ཕྱི་ལོ་ ༡༧༨༠ ལོར་ཕྱག་བཏབ་མཛད་ཅིང་། རྒྱུད་སྟོད་གྲྭ་ཚང་གི་ཕྱག་ལེན་ངོས་གཙང་ཚུགས། ཕྱིས་སུ་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ནས་ཁྲི་པ་དང་དགེ་རྒན་བསྐོ་གཏོང་གནང་ སྲོལ་བྱུང་བ་ནས་ད་ལྟའི་བར་གནང་མུས་ཡིན་ཞིང་། དེང་སྐབས་ཀྱི་ཟམ་ཚ་གསེར་ཁྲི་འདི་བ་སྐུ་ཕྲེང་བདུན་པ་ཡིན་འདུག ད་ལྟའི་ཆར་རྨོག་རི་དགོན་པར་དགེ་འདུན་པ་ཞལ་གྲངས་ ༩༠ བརྒལ་བ་ཡོད་འདུག་པ་བཅས། །
ཨ་ཚེ།
ཨ་ཚེ།
ཨ་ཚེ།
གནས་ཚུལ་བྱུང་ཚེས། -
April 6, 2012
རྟགས། -
Female
ས་གནས། -
་མི་ཉག་ལྷ་སྒང་བྲག་དཀར་དགོན།
ལོ། -
23
འཚོ་ཐབས། -
བཙུན་མ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་ཁུངས་ལྡན་གནས་ཚུལ་བཏང་གནས་ནང་འཁོད་དོན་ལྟར་ན། ཁམས་རྫོགས་ཆེན་དགོན་གྱི་མཁན་ཆེན་ཁྲི་ཟུར་ཡིན་པ་མི་ཉག་ལྷ་སྒང་བྲག་དཀར་དགོན་ གྱི་སྤྲུལ་སྐུ་ཨ་ཐུབ་བམ་མཚན་གཞན་ལ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་མཆོག་དང༌། ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་གཉིས་ནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་ བློས་གཏོང་གནང་བའི་རྒྱལ་གཅེས་པ་རྣམས་ཀྱི་དགེ་རྩའི་ཆེད་དུ་མཆོད་འབུལ་རྒྱས་པ་ ཞིག་ཕུལ་བ་དང་སྟབས་བསྟུན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ བོད་ཚེས་ ༡༥ ཉིན་རང་ཤག་ཏུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ འདུག

རིན་པོ་ཆེ་མཆོག་གིས་ཁོང་ཉིད་དགོངས་པ་མ་རྫོགས་པའི་ཉིན་ཤས་སྔོན་ནས་ནང་མི་ རྣམས་ལ་གསུང་དོན། ད་ནས་ཉིན་འདི་གའི་རིང་ཉེ་ལམ་བོད་སྤྱི་པའི་དོན་དུ་ རང་ལུས་མེ་རུ་སྤར་ཞིང་རང་སྲོག་བློས་བཏང་བའི་བོད་ཀྱི་རྒྱལ་གཅེས་ཕོ་མོ་རྣམས་ ཀྱི་དགེ་རྩའི་ཆེད་དུ་མར་མེའི་མཆོད་འབུལ་རྒྱས་པ་ཞིག་འབུལ་དགོས། ཞེས་གསུངས་ནས་མཆོད་མར་འབོར་ཆེན་ཉོས་ནས་གཟིམ་ཁང་དུ་བརྩིགས་པ་དང༌། རང་ལུས་ མེར་སྲེག་མ་གཏང་བའི་ཉིན་ལྔ་ཙམ་སྔོན་ནས་མཆོད་མེ་མང་པོ་སྤར་བ་དང་དུས་མཚུངས་ ཕྱོགས་གཞན་དུ་ཡོད་པའི་སློབ་མ་རྣམས་ལའང་སྲོག་བསླུ་ཚེ་ཐར་གྲངས་མང་གཏོང་གནང་ བཅུག་ཡོད་འདུག་ཅིང༌།

དེ་མཇུག་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་དུ་ཁོང་གིས་ནང་མིར་ཞལ་དཔར་གནང་སྟེ་གསུང་དོན།དེ་རིང་བོད་ཚེས་བཅོ་ ལྔ་ཡིན་པས་ངས་དེ་རིང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་ དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མར་མེ་མང་པོ་སྤར་ཡོད་ལ་དེ་རིང་རང་སེམས་བདེ་ དགོས་པའི་ཚོགས་རླབས་ཆེན་ཞིག་རྫོགས་བཅུག་རྒྱུ་ཡིན། ཞེས་མཐའ་མའི་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་གནང་ཡོད་འདུག་པ་ལྟར། ཞལ་དཔར་ཕེབས་ནས་དུས་ཚོད་ཅུང་མ་འགོར་བར་ཁོང་གི་གཟིམ་ཁང་གྲྭ་ཤག་དང་བཅས་མེ་ ཕུང་དུ་གྱུར་ཏེ་མཁན་རིན་པོ་ཆེ་དང་ཁོང་གི་ཚ་མོ་གཉིས་ཀ་འདས་གྲོངས་སུ་གྱུར་ བའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེ་བྱུང་མ་ཐག་དར་རྩེ་མདོ་ས་ཁུལ་ནས་ཉེན་རྟོག་པ་དགོན་སྡེར་འབྱོར་ ཏེ་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན། དགོན་པའི་ལས་སྣེ་སོགས་ནས་ཆོས་སྒོ་རྒྱག་རྒྱུར་དོགས་ཏེ་གཟིམ་ཤག་ཏུ་མེ་ཤོར་བ་ ལས་རང་ལུས་མེར་སྲེག་བཏང་བའི་སྐོར་གསང་རྒྱ་བྱས་པས་གནས་སྐབས་རིང་ཉེན་རྟོག་མི་ སྣའང་ཕྱིར་འཐེན་བྱས་ཡོད་འདུག་ཀྱང༌། རིམ་པས་ས་གནས་སུ་བརྒྱུད་ལམ་སོགས་གང་སར་དམ་བསྒྲགས་ཆེན་པོ་བྱས་པ་མ་ཟད། དེ་སྔ་ རིན་པོ་ཆེ་མཆོག་ནས་མཁན་ཆེན་ཁྲི་པ་གནང་ཡུལ་ཁམས་སྡེ་དགེ་རྫོགས་ཆེན་དགོན་དང་ ཉེ་འཁོར་ས་གནས་སུ་ངོ་རྒོལ་བསྟུད་མར་བྱུང་བའི་རྐྱེན་གྱིས་ཉེན་རྟོག་པ་མང་པོ་ ས་གནས་སུ་འབྱོར་ཏེ་ས་གནས་བོད་མི་མང་པོར་དོན་མེད་ཉེས་རྡུང་བཏང་སྟེ་རྨས་ སྐྱོན་བཏང་བ་སོགས་ལ་བརྟེན་རྫོགས་ཆེན་དགོན་དང༌། ཤྲིའ་སེང་ལྔ་རིག་ཆོས་གྲྭ། རྫོགས་ཆེན་པདྨ་ཐང་སྒྲུབ་སྡེ་སོགས་ཀྱི་སྤྲུལ་སྐུ་དང་མཁན་པོ། གྲྭ་བཙུན་སོགས་ཁྱོན་ཆེ་རྫོགས་ཆེན་ས་གནས་མི་མང་སྲིད་གཞུང་ཟེར་བའི་མངགས་གཏོང་ ཁང་གི་སྒོ་འགྲམ་དུ་འཛོམས་ཏེ་དོན་མེད་ཉེས་རྡུང་གཏོང་བ་དང་དྲག་པོའི་དམག་དཔུང་ མྱུར་དུ་ཕྱིར་འཐེན་བྱ་དགོས་པ་སོགས་ཀྱི་ཞི་རྒོལ་གཅིག་རྗེས་གཉིས་མཐུད་དུ་བྱས་ པའི་གནས་ཚུལ་ཡང་ཐོན་ཡོད།

མཁན་ཆེན་ཁྲི་ཟུར་སྤྲུལ་སྐུ་ཨ་ཐུབ་བམ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་མཆོག་ ནི་དགུང་ལོ་ ༤༥ ཙམ་དུ་ཕེབས་ཀྱི་ཡོད་པ་དང༌། ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་ལགས་ནི་དགུང་ལོ་ ༢༣ ཙམ་དུ་སོན་གྱི་ཡོད་འདུག མཁན་ཆེན་ཁྲི་ཟུར་སྤྲུལ་སྐུ་ཨ་ཐུབ་རིན་པོ་ཆེ་མཆོག་ ནི་སྐུ་ཆུང་དུས་ནས་ཁམས་མི་ཉག་ལྷ་ཁང་བྲག་མཁར་དགོན་དུ་གྲྭ་ཞུགས་གནང་ཞིང༌། མི་ཉག་བྲག་མཁར་བཤད་གྲྭ་དང༌། ལྷ་སའི་འབྲས་སྤུངས་དགོན། རྔ་པ་ཀི་རྟི་དགོན་སོགས་སུ་སློབ་གཉེར་གནང༌། རྫོགས་ཆེན་གདན་ས་རང་ནས་གསན་བསམ་ཉམས་བཞེས་གནང་བསྟུན་ཁམས་རྫོགས་ཆེན་གདན་ས་ཨ་ མའི་ཁྲི་པའི་ཐུགས་འགན་བཞེས་མྱོང་བ་བཅས་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་་བཅས། །

ཐུབ་བསྟན་སྙན་གྲགས་རིན་པོ་ཆེ།
ཐུབ་བསྟན་སྙན་གྲགས་རིན་པོ་ཆེ།
ཐུབ་བསྟན་སྙན་གྲགས་རིན་པོ་ཆེ།
གནས་ཚུལ་བྱུང་ཚེས། -
April 6, 2012
རྟགས། -
Male
ཁུངས། -
་མི་ཉག་ལྷ་སྒང་བྲག་དཀར་དགོན།
ས་གནས། -
་མི་ཉག་ལྷ་སྒང་བྲག་དཀར་དགོན།
ལོ། -
45
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་ཁུངས་ལྡན་གནས་ཚུལ་བཏང་གནས་ནང་འཁོད་དོན་ལྟར་ན། ཁམས་རྫོགས་ཆེན་དགོན་གྱི་མཁན་ཆེན་ཁྲི་ཟུར་ཡིན་པ་མི་ཉག་ལྷ་སྒང་བྲག་དཀར་དགོན་ གྱི་སྤྲུལ་སྐུ་ཨ་ཐུབ་བམ་མཚན་གཞན་ལ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་མཆོག་དང༌། ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་གཉིས་ནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་ བློས་གཏོང་གནང་བའི་རྒྱལ་གཅེས་པ་རྣམས་ཀྱི་དགེ་རྩའི་ཆེད་དུ་མཆོད་འབུལ་རྒྱས་པ་ ཞིག་ཕུལ་བ་དང་སྟབས་བསྟུན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ བོད་ཚེས་ ༡༥ ཉིན་རང་ཤག་ཏུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ འདུག

རིན་པོ་ཆེ་མཆོག་གིས་ཁོང་ཉིད་དགོངས་པ་མ་རྫོགས་པའི་ཉིན་ཤས་སྔོན་ནས་ནང་མི་ རྣམས་ལ་གསུང་དོན། ད་ནས་ཉིན་འདི་གའི་རིང་ཉེ་ལམ་བོད་སྤྱི་པའི་དོན་དུ་ རང་ལུས་མེ་རུ་སྤར་ཞིང་རང་སྲོག་བློས་བཏང་བའི་བོད་ཀྱི་རྒྱལ་གཅེས་ཕོ་མོ་རྣམས་ ཀྱི་དགེ་རྩའི་ཆེད་དུ་མར་མེའི་མཆོད་འབུལ་རྒྱས་པ་ཞིག་འབུལ་དགོས། ཞེས་གསུངས་ནས་མཆོད་མར་འབོར་ཆེན་ཉོས་ནས་གཟིམ་ཁང་དུ་བརྩིགས་པ་དང༌། རང་ལུས་ མེར་སྲེག་མ་གཏང་བའི་ཉིན་ལྔ་ཙམ་སྔོན་ནས་མཆོད་མེ་མང་པོ་སྤར་བ་དང་དུས་མཚུངས་ ཕྱོགས་གཞན་དུ་ཡོད་པའི་སློབ་མ་རྣམས་ལའང་སྲོག་བསླུ་ཚེ་ཐར་གྲངས་མང་གཏོང་གནང་ བཅུག་ཡོད་འདུག་ཅིང༌།

དེ་མཇུག་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་དུ་ཁོང་གིས་ནང་མིར་ཞལ་དཔར་གནང་སྟེ་གསུང་དོན།དེ་རིང་བོད་ཚེས་བཅོ་ ལྔ་ཡིན་པས་ངས་དེ་རིང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་ དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མར་མེ་མང་པོ་སྤར་ཡོད་ལ་དེ་རིང་རང་སེམས་བདེ་ དགོས་པའི་ཚོགས་རླབས་ཆེན་ཞིག་རྫོགས་བཅུག་རྒྱུ་ཡིན། ཞེས་མཐའ་མའི་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་གནང་ཡོད་འདུག་པ་ལྟར། ཞལ་དཔར་ཕེབས་ནས་དུས་ཚོད་ཅུང་མ་འགོར་བར་ཁོང་གི་གཟིམ་ཁང་གྲྭ་ཤག་དང་བཅས་མེ་ ཕུང་དུ་གྱུར་ཏེ་མཁན་རིན་པོ་ཆེ་དང་ཁོང་གི་ཚ་མོ་གཉིས་ཀ་འདས་གྲོངས་སུ་གྱུར་ བའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེ་བྱུང་མ་ཐག་དར་རྩེ་མདོ་ས་ཁུལ་ནས་ཉེན་རྟོག་པ་དགོན་སྡེར་འབྱོར་ ཏེ་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན། དགོན་པའི་ལས་སྣེ་སོགས་ནས་ཆོས་སྒོ་རྒྱག་རྒྱུར་དོགས་ཏེ་གཟིམ་ཤག་ཏུ་མེ་ཤོར་བ་ ལས་རང་ལུས་མེར་སྲེག་བཏང་བའི་སྐོར་གསང་རྒྱ་བྱས་པས་གནས་སྐབས་རིང་ཉེན་རྟོག་མི་ སྣའང་ཕྱིར་འཐེན་བྱས་ཡོད་འདུག་ཀྱང༌། རིམ་པས་ས་གནས་སུ་བརྒྱུད་ལམ་སོགས་གང་སར་དམ་བསྒྲགས་ཆེན་པོ་བྱས་པ་མ་ཟད། དེ་སྔ་ རིན་པོ་ཆེ་མཆོག་ནས་མཁན་ཆེན་ཁྲི་པ་གནང་ཡུལ་ཁམས་སྡེ་དགེ་རྫོགས་ཆེན་དགོན་དང་ ཉེ་འཁོར་ས་གནས་སུ་ངོ་རྒོལ་བསྟུད་མར་བྱུང་བའི་རྐྱེན་གྱིས་ཉེན་རྟོག་པ་མང་པོ་ ས་གནས་སུ་འབྱོར་ཏེ་ས་གནས་བོད་མི་མང་པོར་དོན་མེད་ཉེས་རྡུང་བཏང་སྟེ་རྨས་ སྐྱོན་བཏང་བ་སོགས་ལ་བརྟེན་རྫོགས་ཆེན་དགོན་དང༌། ཤྲིའ་སེང་ལྔ་རིག་ཆོས་གྲྭ། རྫོགས་ཆེན་པདྨ་ཐང་སྒྲུབ་སྡེ་སོགས་ཀྱི་སྤྲུལ་སྐུ་དང་མཁན་པོ། གྲྭ་བཙུན་སོགས་ཁྱོན་ཆེ་རྫོགས་ཆེན་ས་གནས་མི་མང་སྲིད་གཞུང་ཟེར་བའི་མངགས་གཏོང་ ཁང་གི་སྒོ་འགྲམ་དུ་འཛོམས་ཏེ་དོན་མེད་ཉེས་རྡུང་གཏོང་བ་དང་དྲག་པོའི་དམག་དཔུང་ མྱུར་དུ་ཕྱིར་འཐེན་བྱ་དགོས་པ་སོགས་ཀྱི་ཞི་རྒོལ་གཅིག་རྗེས་གཉིས་མཐུད་དུ་བྱས་ པའི་གནས་ཚུལ་ཡང་ཐོན་ཡོད།

མཁན་ཆེན་ཁྲི་ཟུར་སྤྲུལ་སྐུ་ཨ་ཐུབ་བམ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་མཆོག་ ནི་དགུང་ལོ་ ༤༥ ཙམ་དུ་ཕེབས་ཀྱི་ཡོད་པ་དང༌། ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་ལགས་ནི་དགུང་ལོ་ ༢༣ ཙམ་དུ་སོན་གྱི་ཡོད་འདུག མཁན་ཆེན་ཁྲི་ཟུར་སྤྲུལ་སྐུ་ཨ་ཐུབ་རིན་པོ་ཆེ་མཆོག་ ནི་སྐུ་ཆུང་དུས་ནས་ཁམས་མི་ཉག་ལྷ་ཁང་བྲག་མཁར་དགོན་དུ་གྲྭ་ཞུགས་གནང་ཞིང༌། མི་ཉག་བྲག་མཁར་བཤད་གྲྭ་དང༌། ལྷ་སའི་འབྲས་སྤུངས་དགོན། རྔ་པ་ཀི་རྟི་དགོན་སོགས་སུ་སློབ་གཉེར་གནང༌། རྫོགས་ཆེན་གདན་ས་རང་ནས་གསན་བསམ་ཉམས་བཞེས་གནང་བསྟུན་ཁམས་རྫོགས་ཆེན་གདན་ས་ཨ་ མའི་ཁྲི་པའི་ཐུགས་འགན་བཞེས་མྱོང་བ་བཅས་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་་བཅས། །

Last Words:
དེ་རིང་བོད་ཚེས་བཅོ་ལྔ་ཡིན་པས་ངས་དེ་རིང་བོད་བསྟན་པ་ཆབ་སྲིད་ཀྱི་ ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མར་མེ་མང་པོ་ སྤར་ཡོད་ལ་དེ་རིང་རང་སེམས་བདེ་དགོས་པའི་ཚོགས་རླབས་ཆེན་ཞིག་རྫོགས་བཅུག་རྒྱུ་ཡིན།
ལྷ་མོ་སྐྱབས།
ལྷ་མོ་སྐྱབས།
ལྷ་མོ་སྐྱབས།
གནས་ཚུལ་བྱུང་ཚེས། -
March 25, 2013
རྟགས། -
Male
ས་གནས། -
བསང་ཆུ་རྫོང་སྐྱིད་ཚང་དམེ་ཤུལ་ཞང།
ལོ། -
43
སྐྱེས་ཡུལ། -
མདོ་སྨད་བླ་བྲང་ཀླུ་ཤོད་ཡུལ་ཚོ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༥ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་སྐྱིད་ཚང་དམེ་ཤུལ་ཞང་གི་མདུན་དུ་ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེའི་ནགས་འདབས་སུ། བོད་མི་རང་ལོ་ ༤༣ ལ་སོན་པ་ནགས་སྲུང་བ་ལྷ་མོ་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ལྷ་མོ་སྐྱབས་ལགས་ཀྱིས་གོང་ཚེས་ཉིན་གྱི་སྔ་དྲོ་ནམ་མ་ལངས་གོང་ཤིང་ཆ་སྤུངས་པའི་ནང་ས་སྣུམ་བླུགས་རྗེས་དེའི་ཁྲོད་རང་གི་ལུས་མེར་སྲེག་བཏང་ཡོད་པ་སྔ་དྲོ་སྡེ་མི་ཚོས་ཤེས་སྐབས། ཤིང་ཆ་དང་ལྷ་མོ་སྐྱབས་ཀྱི་ཕུང་པོ་མེ་རོར་གྱུར་བ་མཐོང་བ་དང་། ལྷ་མོ་སྐྱབས་ཀྱི་མགོ་བོ་གཅིག་པུ་ལས་ལྷག་མེད་པ་རེད་འདུག

དེའི་རྗེས་ས་གནས་སྲིད་གཞུང་གི་རླངས་འཁོར་མང་པོ་འབྱོར་ཏེ་ལྷ་མོ་སྐྱབས་ ལགས་ཀྱིས་རང་ལུས་མེར་སྲེག་བཏང་སའི་ས་གནས་མཐའ་བསྐོར་བ་མ་ཟད། ཉེན་རྟོག་པ་དང་དམག་མི་མང་པོ་ས་གནས་དེར་འཛོམས་ཏེ་རང་ལུས་མེར་སྲེག་གཏོང་ཡུལ་ གྱི་ས་གནས་དེར་དམ་བསྒྲགས་བྱས་ཏེ་སྡེ་མི་ཚོ་ས་གནས་དེར་ཡོང་འཇུག་གི་མེད། ས་གནས་དེའི་བོད་མི་ཚོ་ཡར་མར་འགྲོ་བསྐྱོད་བྱ་རྒྱུར་བཀག་འགོག་གིས་དམ་བསྒྲགས་ སྔར་ལས་ཆེ་བ་བྱེད་བཞིན་ཡོད་འདུག
རྒྱལ་གཅེས་པ་ལྷ་མོ་སྐྱབས་ལགས་ནི་རང་ལོ་ ༤༣ ཡིན་པ་དང་ཁོང་ནི་ཕོ་ཧྲེང་ཞིག་ཡིན་འདུག ཁོང་ལ་ནང་མི་དང་བུ་ཕྲུག་སོགས་གང་ཡང་མེད། ལྷ་མོ་སྐྱབས་ལགས་ནི་ཀླུ་ཤོད་ཡུལ་ཚོའི་ནན་པན་སྡེ་བའི་སྡེ་མདུན་དུ་ནགས་ཚལ་ ཆེན་པོ་ཞིག་ཡོད་པ་དེའི་ནང་དུ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། ཁོང་ནི་ནགས་ཚལ་དེའི་ནགས་སྲུང་བ་ཡིན་འདུག ཁོང་སྐྱེས་ཡུལ་ནི་མདོ་སྨད་བླ་བྲང་ཀླུ་ཤོད་ཡུལ་ཚོའི་མཁར་དམར་ཤུལ་སྡེ་བ་ནས་ ཡིན་འདུག་པ་བཅས།།

སྐལ་སྐྱིད།
སྐལ་སྐྱིད།
སྐལ་སྐྱིད།
གནས་ཚུལ་བྱུང་ཚེས། -
March 24, 2013
རྟགས། -
Female
ས་གནས། -
མདོ་སྨད་ཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ།
ལོ། -
30
མ་མིང། -
དཔའ་རིས།
ཕ་མིང། -
མཆོད་ལྡན།
སྐྱེས་ཡུལ། -
མདོ་སྨད་ཛམ་ཐང་།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༤ ཉིན་བོད་ནང་གི་ཆུ་ཚོད་ ༣།༣༠ ཡས་མས་སུ་མདོ་སྨད་ཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ་དུ་རང་ལོ་ ༣༠ ལ་སོན་པ་རྒྱལ་གཅེས་པ་བུད་མེད་སྐལ་སྐྱིད་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་ གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ འདུག

གནས་ཚུལ་བྱུང་རྗེས་ཁོང་གི་སྐུ་ཕུང་རྒྱ་གཞུང་ གི་ལག་ཏུ་ཤོར་མ་བཅུག་པར་ཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ་ད་ལྟའི་ སྐབས་དགོན་པར་རྒྱུན་བཞུགས་ཀྱི་སྒྲུབ་གྲྭ་བ་རྣམས་ཀྱིས་ཕོ་ལུང་དང་སྨོན་ལམ་ གསུང་བཞིན་འདུག རྒྱལ་གཅེས་པ་སྐལ་སྐྱིད་ལགས་ནི་མདོ་སྨད་ཛམ་ཐང་བར་བ་ཡུལ་ཚོའི་པོས་བ་ཚང་ཞེས་ པའི་ཁྱིམ་ཚང་ནས་ཡིན་ཞིང་། ཁོང་མོར་ད་ཆ་ཤུལ་ལུས་རང་ལོ་ ༡༥ མན་གྱི་བུ་བདེ་རྣམ་དང་། པོ་ཆུང་། བསོ་པོ། བུ་མོ་ཆུང་བཅས་བུ་ཕྲུག་བཞི་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་གྲུས་པེ་དང་། ཕ་མིང་ལ་མཆོད་ལྡན། མ་མིང་ལ་དཔའ་རིས་བཅས་ཡིན་འདུག
ཁོང་ནི་མདོ་སྨད་ཛམ་ཐང་ཁུལ་དུ་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཐེངས་ ༥ དེ་ཆགས་ཡོད།

རྗེས་སུ་གནས་ཚུལ་འབྱོར་དོན་ལྟར་ན། ས་གནས་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ཁང་སོགས་ཀྱིས་བཙན་བཀའ་བཏང་ནས་ཁོང་ གི་སྐུ་ཕུང་དེ་རིང་མཚན་མོའི་དུས་ཚོད་ ༡༢ གྱི་སྔ་རོལ་དུ་ཞུགས་འབུལ་བྱེད་དགོས་སྐོར་དང་། དེ་ལྟར་མ་བྱས་ཚེ་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱེད་རྒྱུ་ཡིན་ཚུལ་བརྗོད་པར་ བརྟེན་དེ་ཉིན་མཚན་མོའི་དུས་ཚོད་ ༡༢ སྟེང་སྐུ་ཕུང་ཞུགས་འབུལ་གནང་བཞིན་ཡོད་འདུག་ལ། ད་ལྟའི་ཆར་ས་གནས་སུ་ཛམ་ཐང་ཇོ་ནང་དགོན་ཆེན་གྱི་དགེ་འདུན་པ་དང་། ས་གནས་མང་ཚོགས་སོགས་ཁྱོན་མི་གྲངས་བཞི་སྟོང་ལྷག་འདུ་འཛོམས་ཀྱིས་ཁོང་གི་ནང་ མིར་གདུང་སེམས་མཉམ་སྐྱེ་དང་། སྐུ་ཕུང་ཞུགས་འབུལ་གྱི་གྲ་སྒྲིག་གནང་བཞིན་འདུག་པ་བཅས། །

དཀོན་མཆོག་དབང་མོ།
དཀོན་མཆོག་དབང་མོ།
དཀོན་མཆོག་དབང་མོ།
གནས་ཚུལ་བྱུང་ཚེས། -
March 13, 2013
རྟགས། -
Female
ས་གནས། -
མཛོད་དགེ་རྫོང་གི་ལྟེ་བའི་གྲོང་ཁྱེར་སྟག་ཚ་གྲོང་བརྡལ།
ལོ། -
30
སྐྱེས་ཡུལ། -
མཛོད་དགེ་རྫོང་སྟག་ཚ་མཐའ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༣ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་ ༡༡།༣༠ ཐོག་དེང་སང་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཆ་བགོས་བྱས་ཡོད་པའི་མདོ་ སྨད་མཛོད་དགེ་རྫོང་གི་ལྟེ་བའི་གྲོང་ཁྱེར་སྟག་ཚ་གྲོང་བརྡལ་དུ་ཕ་ཡུལ་མཛོད་ དགེ་རྫོང་སྟག་ཚ་མཐའ་བ་ནས་ཡིན་པའི་རང་ལོ་ ༣༠ ལ་སོན་པའི་བུད་མེད་དཀོན་མཆོག་དབང་མོ་ལགས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་ གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་དང་ལྷན་སྐད་འབོད་གནང་སྟེ་འདས་ གྲོངས་སུ་གྱུར་འདུག

ཁོང་གི་ཕུང་པོ་འབྲེལ་ཡོད་མཛོད་དགེ་རྫོང་གི་ཉེན་རྟོག་པ་སོགས་ཀྱིས་བཙན་ ཁྱེར་བྱས་ཏེ། ཕྱི་ཉིན་ཁོང་གི་བཟའ་ཟླ་སྒྲོལ་མ་སྐྱབས་ལ་རུས་ཐལ་ཞིག་ཉེན་རྟོག་པས་རྩིས་སྤྲོད་ བྱས་འདུག རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་ མེར་སྲེག་གཏོང་དོན་ནི། བཟའ་ཚང་ཕན་ཚུན་གྱི་དཀའ་རྙོག་ལ་བརྟེན་ནས་བྱུང་བ་བརྗོད་དགོས་ལུགས་བཙན་བཀའ་ བཏང་ཡོད་ཀྱང་སྒྲོལ་མ་སྐྱབས་ལགས་ཀྱིས་ངོས་ལེན་མ་བྱས་སྟབས། ད་ཆ་དཀོན་མཆོག་དབང་མོ་ལགས་ཀྱི་བཟའ་ཟླ་སྒྲོལ་མ་སྐྱབས་ལགས་མཛོད་དགེའི་ཉེན་ རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ད་ཆ་ཁོ་མོའི་ཤུལ་དུ་ཕ་ཡུལ་མཛོད་དགེ་བྱམས་མེ་ཕྱུགས་རྭ་སྡེ་བ་ནས་ཡིན་པའི་ བཟའ་ཟླ་སྒྲོལ་མ་སྐྱབས་ལགས་དང་བུ་མོ་ཆུང་ཆུང་ལོ་བརྒྱད་ལོན་པ་ལུས་འདུག ཁོ་མོ་ནི་མཛོད་དགེ་རྫོང་ཁོངས་སུ་བྱུང་བའི་རང་ལུས་མེར་སྲེག་གཏོང་མཁན་ཐེངས་ བདུན་པ་ཆགས་ཡོད་པ་བཅས། །

བློ་བཟང་ཐོགས་མེད།
བློ་བཟང་ཐོགས་མེད།
བློ་བཟང་ཐོགས་མེད།
གནས་ཚུལ་བྱུང་ཚེས། -
March 16, 2013
རྟགས། -
Male
ཁུངས། -
རྔ་པ་ཀིརྟི་དགོན་པ།
ས་གནས། -
རྔ་པ་ཀིརྟི་དགོན་པ།
ལོ། -
28
མ་མིང། -
དེ་པོ་བརྗོད།
ཕ་མིང། -
རོགས་ཕྲུག
སྐྱེས་ཡུལ། -
རྔ་པ་རྫོང་ཁྲིན་ཀན་ཡུལ་ཚོ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༦ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༢།༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་ཁྲིན་ཀན་ཡུལ་ཚོའི་ ཕྱུགས་ལས་གོང་མའི་རུ་ཆེན་གཉིས་པའི་རོགས་ཕྲུག་ཚང་གི་རང་ལོ་ ༢༨ ལ་སོན་པའི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐོགས་མེད་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞུ་འབོད་ཆེད་རང་ ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

དེ་ཡང་རྔ་པ་ཀིརྟི་དགོན་གྱི་གླིང་ནུབ་ཕྱོགས་སུ་ཁོང་གི་བཞུགས་ཤག་ཡོད་པའི་ སྒོ་ནས་རང་ལུས་ལ་ས་སྣུམ་མང་པོ་བྱུག་ཤིང་ལག་ཏུ་ཆོས་དར་བཟུང་ནས་རང་ལུས་མེར་ སྲེག་བཏང་སྟེ་དགོན་པའི་ནུབ་སྒོའི་ཕྱོགས་སུ་བརྒྱུགས་ཡོད་པ་དང་། སྒོ་ཆེན་འགྲམ་དུ་མ་སླེབས་ཙམ་ལ་སར་འགྱེལ་ཡོད་ཅིང་། སྐབས་དེར་དགེ་འདུན་པ་དང་མི་མང་བཅས་མང་པོ་འབྱོར་ནས་ཁོང་རྔ་པ་རྫོང་མི་དམངས་ སྨན་ཁང་དུ་ཁྱེར་ཡོད་ཀྱང་། དུས་ཡུན་རིང་པོ་མ་འགོར་བར་འདས་གྲོངས་སུ་གྱུར་འདུག ཁོང་གིས་རང་ལུས་མེར་སྲེག་གཏོང་སྐབས་སྐད་འབོད་ག་རེ་གནང་ཡོད་མེད་ཤེས་རྟོགས་ བྱུང་མི་འདུག སྨན་ཁང་དུ་འབྱོར་མཚམས་དམག་་མི་དང་ཉེན་རྟོག་པ་འབོར་ཆེན་སླེབས་ནས་ཁོང་གི་སྐུ་ ཕུང་བཙན་འཕྲོགས་ཀྱིས་འབར་ཁམས་སུ་ཁྱེར་ཡོད་འདུག

ཁོང་གི་ཕ་མིང་ལ། རོགས་ཕྲུག་དང་། མ་མིང་ལ། དེ་པོ་བརྗོད་ཅིང་དམ་པ་ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པའི་ཆོས་སྒོར་ཞུགས་ ཏེ་དེང་སྐབས་ཕར་ཕྱིན་འཛིན་གྲྭར་སླེབས་ཡོད་པ་དང་ནམ་རྒྱུན་ཀུན་སྤྱོད་ལེགས་ ཤིང་སློབ་གཉེར་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ཁོང་ལ་ཤུལ་དུ་ཕ་མ་གཅིག་པའི་སྲིང་མོ་གཅིག་དང་སྤུན་གསུམ་བཅས་ཁྱོན་ནང་མི་དྲུག་ ཡོད།

ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༦ ནི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་རྔ་པ་ནས་བོད་མི་མང་པོ་ ཞིག་དམར་གསོད་བྱས་ནས་ལོ་ལྔ་ཧྲིལ་པོ་འཁོར་བའི་དུས་ཚེས་ལ་ཁེལ་ཡོད་པ་དང་། ལོ་དེ་ནས་བཟུང་ལོ་རྟག་པར་རྔ་པ་མི་མང་གིས་དུས་ཚེས་དེར་རྣམ་པ་འདྲ་མིན་གྱིས་ སྒོ་ནས་རྗེས་དྲན་སྲུང་བརྩི་བྱེད་བཞིན་ཡོད་འདུག ལྷག་པར་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་པ་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་དང་། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་པ་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་གཉིས་ཀྱིས་རང་ལུས་མེར་ སྲེག་བཏང་སྟེ་ལོ་སོ་སོའི་གསུམ་པའི་བཅུ་དྲུག་གི་ཉིན་མོ་རྗེས་དྲན་གྱིས་རྒྱ་ གཞུང་ལ་ངོ་རྒོལ་གནང་ཡོད་པ་བཅས། །

ཚེ་གཟུངས་སྐྱབས།
ཚེ་གཟུངས་སྐྱབས།
ཚེ་གཟུངས་སྐྱབས།
གནས་ཚུལ་བྱུང་ཚེས། -
February 25, 2013
རྟགས། -
Male
ས་གནས། -
ཤིས་ཚང་དགོན་པའི་ཚོགས་ཆེན་འདུ་ཁང་སྒོ་མདུན།
ལོ། -
27
མ་མིང། -
རྟ་མགྲིན་འཚོ།
ཕ་མིང། -
ཚེ་རིང་དོན་གྲུབ།
སྐྱེས་ཡུལ། -
ཀླུ་ཆུ་ཤིས་ཚང་།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༥ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ། མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ཁོངས་གཏོགས། ཆོས་འཁོར་སྡེ་བའི་ཚེ་གཟུངས་སྐྱབས་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་ཤིས་ཚང་ དགོན་པའི་ཚོགས་ཆེན་འདུ་ཁང་སྒོ་མདུན་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་ སུ་གྱུར་འདུག
དེ་ཉིན་ལུགས་རྙིང་གི་ཚེས་ ༡༦ འཁེལ་ཡོད་སྟབས། ཀླུ་ཆུའི་ཤིས་ཚང་དགོན་གསར་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དུ། སྨོན་ལམ་ཆེན་མོའི་ཉིན་མཐའ་མ་སྟེ་བྱམས་པ་གླིང་སྐོར་སྐབས་ལ་འཁེལ་ཡོད་པ་དང་། ས་གནས་དེ་ཁུལ་གྱི་སྐྱ་སེར་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་སྟབས། རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་མ་ཐག་མི་མང་ཚོས་སྐུ་ཕུང་ལ་བདག་པོ་བརྒྱབ་ སྟེ་རྒྱ་ལག་ཏུ་ཤོར་བཅུག་ཡོད་མི་འདུག
རྒྱལ་གཅེས་པ་ཚེ་གཟུངས་སྐྱབས་ལགས་ཀྱི་ཕ་མིང་ལ་ཚེ་རིང་དོན་གྲུབ་དང་མ་མིང་ལ་ རྟ་མགྲིན་འཚོ་བརྗོད་ཅིང་། ད་ལྟ་ཁོང་རང་ལོ་ ༢༧ ཡིན་འདུག ཁོང་ནི་དེ་སྔོན་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ ཉིན་ཤིས་ཚང་དགོན་པའི་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་ འདས་གྲོངས་སུ་གྱུར་བ། ཀླུ་ཆུའི་ཤིས་ཚང་ཆོས་འཁོར་སྡེ་བའི་རྒྱལ་གཅེས་པ་པདྨ་རྡོ་རྗེ་ལགས་ཀྱི་མ་སྤུན་ གྱི་བུ་སྤུན་ཡིན་འདུག་པ་བཅས། །
གསང་བདག
གསང་བདག
གསང་བདག
གནས་ཚུལ་བྱུང་ཚེས། -
February 25, 2013
རྟགས། -
Male
ས་གནས། -
རྔ་པ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་འགྲོ་སའི་གཞུང་ལམ།
སྐྱེས་ཡུལ། -
རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
ཤེས་རྟོགས་མེད།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༥ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་དར་ཁོ་ཚང་གི་ དྷཱི་ཕུ་དགོན་པའི་གྲྭ་གསང་བདག་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་ འགྲོ་སའི་གཞུང་ལམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ བྱས་འདུག

གནས་ཚུལ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ནས་ཁོང་གི་སྐུ་ལུས་ལ་ འབར་བཞིན་པའི་མེ་བསད་དེ་རྔ་པའི་སྨན་ཁང་དུ་ཁྱེར་འདུག་ཀྱང་། དེ་གར་ཡུན་རིང་མ་བཞག་པར་ས་གནས་གཞན་ལ་ཁྱེར་འདུག སྐབས་དེར་ཁོང་གི་ཤི་གསོན་གྱི་གནས་ཚུལ་དང་། རང་ལུས་མེར་སྲེག་སྐབས་འབོད་ཚིག་གང་ཞིག་བསྒྲགས་མིན། དེ་བཞིན་ནང་མིའི་གནས་ཚུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་། གནས་ཚུལ་དེ་བྱུང་མ་ཐག་རྔ་པའི་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་ འགྲེམས་འཇོག་གིས་དམ་བསྒྲགས་ཆེན་པོ་བྱས་འདུག་ཀྱང་། ཡུན་རིང་མ་སོང་བར་ཕྱི་བསྡུ་བྱས་ཏེ་མངོན་གསལ་དོད་པོའི་དམ་བསྒྲགས་ཀྱི་གནས་ སྟངས་མེད་པར་བྱས་འདུག
དྷཱི་ཕུ་དགོན་པའི་མིང་ཆ་ཚང་ལ་དྷཱི་ཕུ་དགོན་དགེ་ལེགས་གཏེར་མཛོད་གླིང་ཞེས་པ་ ཡིན་ཞིང་། དྷཱིཿཕུ་ཆོས་རྗེས་ཕྱག་བཏབ་གནང་མཛད་པ་དང་། ཆོས་བརྒྱུད་ས་སྐྱ་པ་དང་། དེང་སྐབས་དགེ་འདུན་ཞལ་གྲངས་༥༠༠ ཙམ་ཡོད་འདུག་པ་བཅས།

ཕག་མོ་དོན་གྲུབ།
ཕག་མོ་དོན་གྲུབ།
ཕག་མོ་དོན་གྲུབ།
གནས་ཚུལ་བྱུང་ཚེས། -
February 24, 2013
རྟགས། -
Male
ས་གནས། -
བྱ་ཁྱུང་དགོན་པ།
ལོ། -
21
སྐྱེས་ཡུལ། -
བྱ་ཁྱུང་དགོན་པའི་ཉེ་འཁྲིས་བ་ཡན་རྫོང་༼དཔའ་ལུང་རྫོང་།༽
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༤ བོད་ནང་གི་དགོང་མོའི་ཆུ་ཚོད་ ༨ ཡས་མས་ལ། མཚོ་སྔོན་མངའ་ཁུལ་བྱ་ཁྱུང་དགོན་པའི་ནང་དུ། རང་ལོ་ ༢༡ ཡས་མས་ཡིན་པ་ཕག་མོ་དོན་གྲུབ་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་ རྒོལ་གྱིས་རང་ལུས་མེར་སྲེག་བཏང་འདུག གནས་ཚུལ་དེ་བྱུང་མ་ཐག་བྱ་ཁྱུང་དགོན་པའི་དགེ་འདུན་པ་ཁག་གཅིག་གིས་ཁོང་སྨན་ཁང་དུ་འཁྲིད་ཡོད་ཅིང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་དགོན་ནང་དུ་འབྱོར་ཡོད་འདུག དེའི་རྗེས་སུ་གནས་ཚུལ་ཐོན་པའི་ནང་བྱ་ཁྱུང་དགོན་པའི་དགེ་འདུན་པ་ཡོངས་ཀྱིས་བསྔོ་སྨོན་གསུང་་ཡོད་འདུག
སྐབས་དེར་རྒྱལ་གཅེས་པ་ཕག་མོ་དོན་འགྲུབ་ལགས་ཀྱི་ཁ་ཆེམས་བཞག་པ་དངོས་སུ་མཐོང་མཁན་གྱི་མི་སྣ་ཞིག་གིས་བརྗོད་དོན་ལྟར་ན། ཉིན་དེར་ཁོང་དང་ཕག་མོ་དོན་འགྲུབ་གཉིས་ས་གནས་ཀྱི་རྨ་ཆུ་ཁར་ཡོད་པའི་གདོང་སྣང་ གྲོང་རྡལ་ (རྒྱ་སྐད་དུ་ཁང་ཡཱང་གྲོང་རྡལ) དུ་སོང་སྟེ་ཟ་མ་ཟ་སྐབས་ཁ་ཆེམས་དེ་བཞག་ཡོད་འདུག་ལ། ཕྱིར་ཡོང་རྗེས་ཕག་མོ་དོན་འགྲུབ་ལགས་ཀྱིས་སྡེ་བའི་ཚོང་ཁང་ཞིག་ཏུ་ཁ་ཚ་ལེབ་མོ་ གཉིས་དང་མེ་ཆ་གཅིག་ཉོས་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་ ༧།༠༠ ཙམ་ལ་བྱ་ཁྱུང་དགོན་པའི་སྨན་པ་གྲྭ་ཚང་གི་ཚོང་ཁང་དུ་རྡོ་སྣུམ་ཤེལ་དམ་གཉིས་དང་ ཚོན་མདོག་ཅན་གྱི་ཤོག་བུ་འགའ་ཉོས་ཏེ། དགོན་པའི་ཆོས་རའི་མདུན་དུ་མ་བསླེབ་གོང་ཕག་མོ་དོན་འགྲུབ་ལགས་ཀྱིས་རྡོ་སྣུམ་ དུམ་བུ་གཅིག་དང་ཕྱེད་ཀ་འཐུང་ཡོད་པ་མ་ཟད། དགོན་པའི་གཏོར་མ་འཕེན་སའི་བྲག་སྒང་ལ་བུད་དེ་ཤོག་བུ་མེ་སྦར་ཞོར། “ བོད་རང་བཙན་ཡིན། བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སྐད་འབོད་བརྒྱབ་ཡོད་འདུག
ཕྱིར་དགོན་པའི་སྨན་པ་གྲྭ་ཚང་གི་སྲང་བར་དུ་བསླེབ་སྐབས། ཁོང་གིས་རྡོ་སྣུམ་ལྷག་མ་ཚང་མ་རང་གི་མགོར་བླུགས་ཏེ་ཆོས་རྭའི་མདུན་དུ་བསླེབས་ མ་ཐག གྲོགས་པོ་ད་བདེ་མོ་ཞེས་ཟེར་བཞིན་རང་ལུས་མེར་སྲེག་བཏང་ཡོད་འདུག་ལ། སྐད་འབོད་རྒྱག་ཞོར་ཡར་མར་ཐེངས་འགར་རྒྱུགས་རྗེས་དྲན་པ་བརྒྱལ་ཡོད་འདུག ཕྱིས་སུ་དགོན་པའི་དགེ་འདུན་པ་སོགས་ཀྱིས་ཁོང་སྨན་ཁང་དུ་འཁྱེར་བའི་ལམ་བར་དུ་ རྒྱ་གཞུང་གིས་བཙན་འཕྲོག་བྱས་ཏེ། ཕྱི་ཚེས་ ༢༥ ཉིན་རྒྱ་གཞུང་གིས་ནང་མིར་ཁོང་འདས་གྲོངས་སུ་གྱུར་བའི་བརྡ་ལན་སྤྲད་ཡོད་སྐོར་བརྗོད་འདུག ཁོང་ནི་སྐྱེས་ཡུལ། བྱ་ཁྱུང་དགོན་པའི་ཉེ་འཁྲིས་བ་ཡན་རྫོང་༼དཔའ་ལུང་རྫོང་༽ཚྭ་ཕུག་ཞང་ས་དཀར་གོང་བ་སྡེ་བ་ནས་ཡིན་འདུག
Last Words:
ད་བར་བོད་ཀྱི་ས་ཆ་ག་ས་གང་དུ་བོད་མི་རིགས་ཀྱི་རང་དབང་གི་ཆེད་དུ་མི་བརྒྱ་མ་ ཟིན་ཙམ་གྱིས་རང་ལུས་མེར་སྲེག་བཏང་སོང་བ་ནི། ངོ་མ་བོད་མི་རིགས་ཀྱི་དཔའ་བོ་ངོ་མ་རེད། བོད་ལ་རང་དབང་དང་རང་བཙན་མ་ཐོབ་ན་བོད་མི་རིགས་ཀྱི་རིག་གནས་དང་གོམ་སྲོལ་ལ་ སོགས་པ་རྒྱ་མིས་རྩ་མེད་གཏོང་རྒྱུ་རེད། ད་ལོ་ང་ཚོ་བ་ཡན་རྫོང་གི་བོད་རིགས་འདུས་སྡོད་ས་ཁུལ་ལ་བོད་ཡིག་སྦྱང་མི་ཆོག་ ཟེར་ནས་སྲིད་གཞུང་གིས་བོད་ཡིག་སློབ་ཁྲིད་བྱེད་དུ་མ་བཅུག དགེ་རྒན་ཚང་མ་ཡང་བ་ཡན་རྫོང་ནས་ཕར་ཕྱིར་ཕུད་བཏང་སོང་། ད་ངོ་མ་སེམས་སྡུག་གི་དེ་རིང་རྒྱ་ལོ་བཅོ་ལྔའི་དགོང་དྲོ་བྱ་ཁྱུང་དགོན་པའི་ ཆོས་རའི་མདུན་དུ་ངའི་མེར་སྲེག་གཏོང་རྒྱུ་ཡིན་ལ། དེ་རིང་ནི་བོད་རང་བཙན་གྱི་ཉིན་མོ་ཡིན། ཞེས་འཁོད་འདུག
བསོད་ནམས་དར་རྒྱས།
བསོད་ནམས་དར་རྒྱས།
བསོད་ནམས་དར་རྒྱས།
གནས་ཚུལ་བྱུང་ཚེས། -
February 19, 2013
རྟགས། -
Male
ས་གནས། -
རྐྱང་ཚ་ཞང་།
ལོ། -
18
མ་མིང། -
བཀྲ་ཁོ།
ཕ་མིང། -
ཚེ་རིང་དོན་འགྲུབ།
སྐྱེས་ཡུལ། -
རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༩ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ ཚོའི་མགར་གདོང་སྡེ་བ་ནས་ཡིནཔ་རང་ལོ་ ༡༨ ལ་སོན་པའི་བསོད་ནམས་དར་རྒྱས་ལགས་་ཀྱིས་རྐྱང་ཚ་ཞང་ཐོག་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་ཇུས་ལ་ཞི་རྒོལ་གནང་ནས་སྐབས་ཐོག་དེར་སྐུ་གྲོངས་ཡོད་འདུག འོན་ཀྱང་སྐབས་དེར་སྐད་འབོད་ག་རེ་གནང་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་ རྟོགས་ཐུབ་མེད། དམ་པ་ཁོང་གི་སྐུ་ཕུང་ནང་མིའི་ལག་ཏུ་རག་ཡོད་ལ་བོད་རང་གི་སྲོལ་རྒྱུན་ གྱི་འགྲོ་ལུགས་ལྟར་དུར་འཇུག་དང་དགེ་སྒྲུབ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ འདུག
བསོད་ནམས་དར་རྒྱས་ལགས་ཀྱི་ཕ་མིང་ལ། ཚེ་རིང་དོན་འགྲུབ། མ་མིང་ལ། བཀྲ་ཁོ་ཟེར། ཁོང་ཆུང་དུས་ནས་རྐྱང་ཚ་ཡུལ་ཚོའི་སློབ་ཆུང་འགྲིམས་ཤིང་སློབ་མཐར་ཕྱིན་ རྗེས་རིན་ཆེན་ཝུན་ཁྲོན་ཕྱོགས་སུ་ལོ་ཤས་རིང་སློབ་སྦྱོང་དུ་སོང་ཡོད་ལ་ལོ་ གཅིག་ཙམ་གྱི་གོང་ནས་མཚོ་སྔོན་ཕྱོགས་སུ་སོང་སྟེ་ལས་གླ་གནང་ནས་ད་རེས་ལོ་གསར་ གུང་སེང་ལ་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག་པ་བཅས།།
རིན་ཆེན།
རིན་ཆེན།
རིན་ཆེན།
གནས་ཚུལ་བྱུང་ཚེས། -
February 19, 2013
རྟགས། -
Male
ས་གནས། -
རྐྱང་ཚ་ཞང་།
ལོ། -
17
མ་མིང། -
ཨ་དོན།༼ཚེ་འདས།༽
ཕ་མིང། -
དོན་འགྲུབ་ཚེ་རིང་།
སྐྱེས་ཡུལ། -
་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༩ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ ཚོའི་མགར་གདོང་སྡེ་བ་ནས་ཡིནཔ་རང་ལོ་ ༡༧ ལ་སོན་པའི་རིན་ཆེན་ལགས་ཀྱིས་རྐྱང་ཚ་ཞང་ཐོག་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་ཇུས་ལ་ཞི་རྒོལ་གནང་ནས་སྐབས་ཐོག་དེར་སྐུ་གྲོངས་ཡོད་འདུག འོན་ཀྱང་སྐབས་དེར་སྐད་འབོད་ག་རེ་གནང་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་ རྟོགས་ཐུབ་མེད། དམ་པ་ཁོང་གི་སྐུ་ཕུང་ནང་མིའི་ལག་ཏུ་རག་ཡོད་ལ་བོད་རང་གི་སྲོལ་རྒྱུན་ གྱི་འགྲོ་ལུགས་ལྟར་དུར་འཇུག་དང་དགེ་སྒྲུབ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ འདུག
རིན་ཆེན་ལགས་ཀྱི་ཕ་མིང་ལ། དོན་འགྲུབ་ཚེ་རིང་། མ་མིང་ལ། ཨ་དོན་ (འདས་ཟིན།) ཁོང་ཆུང་དུས་ནས་རྐྱང་ཚ་ཡུལ་ཚོའི་སློབ་ཆུང་འགྲིམས་ཤིང་སློབ་མཐར་ཕྱིན་ རྗེས་རིན་ཆེན་ཝུན་ཁྲོན་ཕྱོགས་སུ་ལོ་ཤས་རིང་སློབ་སྦྱོང་དུ་སོང་ཡོད་ལ་ལོ་ གཅིག་ཙམ་གྱི་གོང་ནས་མཚོ་སྔོན་ཕྱོགས་སུ་སོང་སྟེ་ལས་གླ་གནང་ནས་ད་རེས་ལོ་གསར་ གུང་སེང་ལ་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག་པ་བཅས།།
གནམ་ལྷ་ཚེ་རིང།
གནམ་ལྷ་ཚེ་རིང།
གནམ་ལྷ་ཚེ་རིང།
གནས་ཚུལ་བྱུང་ཚེས། -
February 17, 2013
རྟགས། -
Male
ས་གནས། -
བླ་བྲང།
ལོ། -
49
མ་མིང། -
བསོད་ཁོ།
ཕ་མིང། -
བསམ་གྲུབ།
སྐྱེས་ཡུལ། -
བླ་བྲང་བསང་ཆུ་རྫོང་།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༦ ཙམ་ལ། བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་། རི་སྔོན་སྡེ་པ་ནས་ཡིན་པའི་ཕ་བསམ་གྲུབ་དང་མ་བསོད་ཁོ་གཉིས་ཀྱི་བུ་རང་ལོ་ ༤༩ ལ་སོན་པའི་རྒྱལ་གཅེས་པ་གནམ་ལྷ་ཚེ་རིང་ལགས་ཀྱིས་༼ཁོང་ལ་ཡོངས་གྲངས་སུ་ཧྭོ་བྷ་ རུ་འབོད་ཀྱི་འདུག༽བླ་བྲང་གྲོང་ཁྱེར་ནང་གི་(བསང་ཆུ་རྫོང་ཐོག་གི) གློག་བརྙན་ཁང་ཆེན་མདུན་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
ཁོང་གི་ཆུང་མའི་མིང་ལ་འཚོ་ལོ་བརྗོད་ཅིང་ཁོང་བཟའ་འཚོ་གཉིས་ལ་བུ་བཞི་ཡོད་པ་ ལས་ཆེ་བ་དགེ་འདུན་པ་གནང་ཡོད་པ་དང་འབྲིང་བ་གཉིས་མཚེས་མ་ཡིན་འདུག ཆུང་བའི་མིང་ལ་རྡོ་རྗེ་བརྗོད་ཀྱི་ཡོད་འདུག གནམ་ལྷ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་གནང་རྗེས་མེ་ཤུགས་ཧ་ཅང་ཆེ་བས་དབང་ གིས་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ ཡོད་འདུག་པ་བཅས། །
འབྲུག་པ་མཁར།
འབྲུག་པ་མཁར།
འབྲུག་པ་མཁར།
གནས་ཚུལ་བྱུང་ཚེས། -
February 13, 2013
རྟགས། -
Male
ས་གནས། -
ཨ་མཆོག་སྨད་ཀྱི་ཀླུ་ཤོད་སྐྱི་ནང་།
ལོ། -
26
མ་མིང། -
རྟ་མགྲིན་མཚོ།
ཕ་མིང། -
རྟ་མགྲིན་ཚེ་རིང་།
སྐྱེས་ཡུལ། -
ཨ་མཆོག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ ཉིན་བོད་ནང་གི་ལུགས་རྙིང་ལོ་གསར་ཚེས་བཞི་ཉིན་དགུང་ཆུ་ཚོད་ ༡།༡༠ ཡས་མས་སུ་བོད་མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁོངས་གཏོགས་ཨ་མཆོག་ སྨད་ཀྱི་ཀླུ་ཤོད་སྐྱི་ནང་ཞེས་པའི་ས་གནས་ཀྱི་རང་ལོ་ ༢༦ ཡིན་པའི་རྒྱལ་གཅེས་པ་འབྲུག་པ་མཁར་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་ བསྒྱུར་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ གྱུར་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་གཅེས་འབྲུག་པ་མཁར་ལགས་ཀྱི་ཕ་མིང་ལ་རྟ་མགྲིན་ཚེ་རིང་དང་མ་མིང་ལ་རྟ་ མགྲིན་མཚོ་ཞུ་གི་ཡོད་འདུག་ལ། ད་ལྟའི་ཆར་ཁོང་དང་བཟའ་ཟླ་གཉིས་ལ་བྱིས་པ་གསུམ་ཡོད་པ་ལས་ཆེ་བ་ལོ་ ༦ དང་། འབྲིང་བ་ལོ་ ༤ ། ཆུང་བ་ལོ་ ༡ བཅས་ཡིན་འདུག

བློ་བཟང་རྣམ་རྒྱལ།
བློ་བཟང་རྣམ་རྒྱལ།
བློ་བཟང་རྣམ་རྒྱལ།
གནས་ཚུལ་བྱུང་ཚེས། -
February 3, 2013
རྟགས། -
Male
ཁུངས། -
ཀིརྟི་དགོན་པ།
ས་གནས། -
རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་མཁར།
ལོ། -
37
མ་མིང། -
སྐར་སྐྱིད།
ཕ་མིང། -
སྐར་ཁོ།
སྐྱེས་ཡུལ། -
རྔ་པ་རྫོང་གཅའ་རུ་བ་ཡུལ་ཚོ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ ཉིན་གནས་ཚུལ་གསལ་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༢ ཚེས་ ༣ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༦ ཙམ་དུ་རང་ལོ་ ༣༧ ལ་སོན་པའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་ལགས་ཀྱིས་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་མཁར་གྱི་སྤྱི་བདེ་ཉེན་རྟོག་ཁང་དང་ཐག་ཉེ་ཙམ་ནས་རང་ལུས་མེར་སྲེག་བཏང་སྟེ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་སྐད་འབོད་བྱེད་བཞིན་ཉེན་རྟོག་ཁང་གི་ཕྱོགས་སུ་རྒྱུགས་ཡོད་པ་དང་། ཁོང་ས་གནས་དེ་གར་འདས་གྲོངས་སུ་གྱུར་ཡོད་འདུག

སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་ཁོང་གིས་རང་ལུས་མེར་སྲེག་གཏོང་ས་དེ་ནས་རྒྱབ་ཁུག་ཅིག་གི་ནང་ནས་ཐོབ་ཐང་ལག་ཁྱེར་དང་ཡི་གེ་ཞིག་རྙེད་སོན་བྱུང་བ་ལྟར། རྩད་གཅོད་བྱས་མཐར་ཁོང་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་ལགས་ཡིན་པ་ར་སྤྲོད་གསལ་པོ་བྱུང་ཡོད་འདུག་མོད། ཡི་གེའི་ནང་དོན་ཤེས་རྟོགས་མ་བྱུང་ལ། དེ་བཞིན་ཁོང་གི་སྐུ་ཕུང་ཡང་ནང་མིར་མ་སྤྲད་པར་རྒྱ་གཞུང་གིས་མེར་སྲེག་བཏང་རྗེས་རུས་ཐལ་ཞིག་མ་གཏོགས་སྤྲད་མེད་ཀྱང་དེ་འབྲེལ་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད།

ཡང་གནས་ཚུལ་ཤེས་རྟོགས་བྱུང་བར། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་དགུ་པའི་ནང་གྲྭ་བློ་བཟང་རྣམ་རྒྱལ་གློ་བུར་དུ་བདུན་ཕྲག་གཉིས་ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་ལ། སྐབས་དེར་འཛིན་གྲོགས་རྣམས་དང་ནང་མི་སོགས་ཀྱིས་སེམས་ཁྲལ་ཆེན་པོས་ཁོང་ཉིན་མཚན་མེད་པར་བཙལ་ཡང་རྙེན་སོན་མ་བྱུང་མོད། རྗེས་སུ་ཤེས་རྟོགས་བྱུང་བར་རྔ་པའི་ཉེན་རྟོག་པས་བཀག་ཉར་བྱས་པ་ཡིན་འདུག་ལ། འཇིགས་སྐུལ་འདྲ་མིན་བྱས་མཐར་གྲྭ་པ་མིན་ཚུལ་བརྗོད་བཅུག་སྟེ་དགོན་པའི་ནང་དུ་འདུག་མི་ཐུབ་པ་བཟོས་འདུག སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་ཀྱང་ཁོང་གཞང་ཁང་ནང་ནས་འཛིན་བཟུང་བྱས་ཚུལ་གྱི་གཏམ་འཆལ་བསྒྲགས་ཡོད་འདུག དེ་རྗེས་ཁོང་ཟླ་བ་ཁ་ཤས་རིང་འབྲོག་ཁུལ་གྱི་སྤུན་ཉེ་སོགས་ཀྱི་ནང་དུ་འཁྱམ་ཉུལ་བྱས་ཏེ་བསྡད་ཡོད་ཀྱང་ཁོང་གང་དུ་སོང་ཡང་ཉེན་རྟོག་པས་རྗེས་འདེད་དང་ལྟ་རྟོག་གིས་སུན་གཙེར་འདྲ་མིན་བཟོས་ཡོད་འདུག

རང་ལུས་མེར་སྲེག་མ་བཏང་སྔོན་རྔ་པ་ཀིརྟི་དགོན་ནང་དུ་ཡོང་ནས་ཁོ་རང་ད་ནས་བཟུང་གནས་གཞན་ཞིག་ལ་སྒྲིབ་སྦྱོང་བྱེད་དུ་འགྲོ་གི་ཡིན་བརྗོད་འདུག
དེང་སྐབས་ཁོང་ཚང་གི་ཤུལ་ལུས་ནང་མི་སྤུན་མཆེད་ཚང་མའི་ཁ་པར་དང་འགྲོ་འདུག་སོགས་ལ་བྱ་ར་བྱས་ཡོད་ཅིང་། སྤུན་ཆུང་བ་གྲྭ་བློ་བཟང་སངས་རྒྱས་ཉིན་ཤས་རིང་བཀག་ཉར་ཡང་བྱས་ཡོད་འདུག

གྲྭ་བློ་བཟང་རྣམ་རྒྱལ་ལགས་ནི་རྔ་པ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་སྐར་ཁོ་དང་། མ་སྐར་སྐྱིད་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ཚང་ལ་བུ་བཞི་དང་བུ་མོ་བཞི་བཅས་མིང་སྲིང་བརྒྱད་ཡོད་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། དེང་སྐབས་འཛིན་གྲྭ་མཛོད་ལོ་རིམ་གཉིས་པ་ཡིན་པ་དང་། རྒྱུན་དུ་གཉོམ་ཆུང་ཚུལ་མཐུན་བྱས་ཏེ་ཚོགས་ཆོས་ར་དང་། དཔེ་ཁྲིད་སོགས་ལ་ཆགས་མེད་ཀྱིས་ཕེབས་མཁན་ཞིག་ཡིན་འདུག ལྷག་པར་ཀུན་སྤྱོད་ཀྱི་ཐད་ནས་གཞན་གྱི་མིག་དཔེར་འོས་པ་ཞིག་ཡིན་འདུག

རྒྱ་ནག་གཞུང་ནས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་བཙན་འཕྲོག་གིས་བོད་མིར་དྲག་རྡུང་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་ཏེ་མི་ལོ་ལྔ་བཅུ་ལྷག་བརྒལ་བ་འགྲོ་མུས་ཡིན་པར་བརྟེན། ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་དེར་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་དགེ་འདུན་པ་བཀྲ་བྷེ་ལགས་ནས་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༣ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ད་བར་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་གཞིས་ལུས་ཁོ་ན་གྲངས་ ༡༠༠ ཟིན་ཡོད་པ་བཅས།།

དཀོན་མཆོག་སྐྱབས།
དཀོན་མཆོག་སྐྱབས།
དཀོན་མཆོག་སྐྱབས།
གནས་ཚུལ་བྱུང་ཚེས། -
January 22, 2013
རྟགས། -
Male
ས་གནས། -
འབོ་ར་དགོན་པའི་སྟོན་ཆོས་ར་བའི་ནང་།
ལོ། -
26
མ་མིང། -
རིན་ཆེན་འཚོ།
ཕ་མིང། -
ཚེ་འདས་རྡོ་རྗེ།
སྐྱེས་ཡུལ། -
འབོ་ར།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཐོག་བོད་ཨ་མདོ་བླ་བྲང་འབོ་ར་རྒྱང་རིང་༼ཡུལ་སྐད་དུ་རྒྱ་ར༽སྡེ་བའི་ཕ་ཚེ་འདས་རྡོ་རྗེ་ལགས་དང་མ་རིན་ཆེན་འཚོ་གཉིས་ཀྱི་བུ་རང་ལོ་ ༢༦ ལ་སོན་པའི་དཀོན་མཆོག་སྐྱབས་སམ༼གཅེས་མིང་ལ་དཀོན་བྷེ་༽ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་འབོ་ར་དགོན་པའི་སྟོན་ཆོས་ར་བའི་ནང་དུ་རང་ལུས་མེར་སྲེག་བཏང་འདུག

ཁོང་གི་ཕུ་བོའི་མིང་ལ་འཕགས་པ་ཚེ་རིང་དང་སྲིང་མོའི་མིང་ལ་སྙིང་མོ་སྐྱིད་བརྗོད་བཞིན་ཡོད་འདུག ཁོང་ད་ལྟ་གྲོང་སྡེ་དེའི་རྣམ་རྒྱལ་ཚེ་རིང་ཚང་ལ་མག་པར་བསྡད་ཡོད་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་མཁར་མོ་ཐར་བརྗོད་ཀྱི་ཡོད་འདུག བཟའ་ཟླའི་ཕ་མིང་ལ་རྣམ་རྒྱལ་ཚེ་རིང་དང་མ་མིང་ལ་ལྕགས་མོ་ཕྱུག གཅུང་མོའི་མིང་ལ་རྡོ་རྗེ་འཚོ་བཅས་ཡིན་འདུག ཁོང་ལ་ཕྲུ་གུ་ལོ་གཅིག་ཅན་གྱི་བུ་ཞིག་ཡོད་འདུག དེ་བཞིན་འབོ་ར་དགོན་པའི་སྟོན་ཆོས་ར་བའི་ནང་ནས་མེར་སྲེག་བཏང་ཞིང་ཕལ་ཆེར་དུས་ཐོག་ཏུ་གྲོངས་ཡོད་འདུག དགོན་དེའི་གྲྭ་མང་ལོ་རེའི་འཆར་ཅན་བསྙེན་མཚམས་གཏོང་བའི་དུས་ལ་འཁེལ་ཞིང་ལྷག་མ་རྣམས་ཚོགས་མ་གྲོལ་བའི་བར་ལ་རྒྱ་གཞུང་གིས་འཁྱེར་འདུག ད་ལྟ་འབོ་ར་ས་ཁུལ་དུ་དམག་མི་དང་ལྷག་པར་དུ་བསང་ཆུ་རྫོང་གི་འབྲེལ་ཡོད་ལས་བྱེད་དང་དམིགས་བསལ་ཉེན་རྟོག་རུ་ཁག་མི་སྣ(特警)མང་བོ་འབྱོར་འདུག བོད་ནང་དགོང་མོའི་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ་བག་ཚ་རྒྱ་ར་དང་མདའ་འདུ། སྡེ་ཆེན་(ཕྱོགས་དེར་སྡེ་བ་ཆེ་བར་འབོད།)བཅས་མཉམ་འཛོམས་བྱས་ཏེ་ས་གནས་སུ་ལེན་བར་འགྲོ་གྲབས་བྱས་འདུག

ད་ལྟ་ཁ་ཤས་ཀྱིས་གཙོད་རོ་སྲེག་ཁང་དང་། ཡང་ཁ་ཤས་ཀྱིས་ས་གནས་ཡུལ་ཚོའི་གཞུང་གི་ལྟེ་བ་ག་གེ་མོ་ཞིག་ཏུ་ཡོད་ཤག་གི་ཚོད་དཔག་བྱེད་རྒྱུ་ལས། གང་དུ་ཡོད་པ་དང་ནམ་ཞིག་ལ་ཞུགས་འབུལ་བྱེད་རྒྱུ་སོགས་ནང་མི་ལ་ཡང་ཤེས་རྟོགས་ཀྱི་དབང་ཆ་སྤྲད་མི་འདུག”ཕྱོགས་མཚུངས་ད་ལྟ་རང་བག་ཚ་རྒྱ་ར་དང་མདའ་འདུ། སྡེ་བ་ཆེ་བོ་བཅས་རུ་སྡེ་གསུམ་པོ་ས་གནས་ཡུལ་ཚོའི་སྲིད་གཞུང་(博拉乡政府)གི་སྒོ་ཁར་སོང་སྟེ་གནས་ཚུལ་འདྲི་རྩད་བྱས་པ་ལྟར་ན། དཀར་རྩི་བླ་བྲང་དུ་འཁྱེར་སོང་བ་མི་ཚད། འདས་པོའི་ཁྱིམ་དུ་མཆོད་འབུལ་བསྔོ་སྨོན་ཆེད་ཨ་མཆོད་གཅིག་ཀྱང་སོང་མི་ཆོག་པའི་བཙན་བཀའ་བཏང་འདུག ད་ལྟ་རུ་སྡེ་གསུམ་གྱི་རྒན་གཞོན་ཚང་མས་གལ་ཏེ་སང་ཉིན་ཨ་མཆོད་གཅིག་ཀྱང་གདན་འདྲེན་བྱེད་མ་བཅུག་ཚེ། ཕོ་མོ་རྒན་དར་གཞོན་གསུམ་སྲིད་གཞུང་གི་སྒོ་ཁར་སོང་སྟེ་མ་ཎི་འཁོར་ལོ་སྐོར་ཞིང་མགུར་དབྱངས་འཐེན་བཞིན་འདས་མཆོད་བསྒྲུབ་རྒྱུར་གཅིག་མཐུན་གྱི་གྲོས་འཆམ་བྱུང་ཡོད་པ་དང་། དོན་དག་དེ་ཐེ་བོ་དང་ལྕགས་ལམ་སོགས་བག་ཚའི་ཁོག་གི་རུ་སྡེ་གཞན་ལ་བསྒྲགས་ཡོད་འདུག་པའི་གནས་ཚུལ་ཐོན་འདུག་པ་བཅས། །

གྲུབ་མཆོག
གྲུབ་མཆོག
གྲུབ་མཆོག
གནས་ཚུལ་བྱུང་ཚེས། -
January 18, 2013
རྟགས། -
Male
ས་གནས། -
རྔ་པ་རང་སྐྱོང་ཁུལ་དམར་ཐང་རྫོང་ངམ་ཁྱུང་མཆུ་རྫོང་།
ལོ། -
28
མ་མིང། -
གཡུང་མཚོ།
ཕ་མིང། -
གྱོག་པོ།
སྐྱེས་ཡུལ། -
དབལ་ཤུལ་རྨེ་བའི་སྦྲ་ཆེན་ཞང་།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། ། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༨ ཉིན་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༣།༡༥ ཙམ་དུ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་དམར་ཐང་རྫོང་ངམ་ཁྱུང་མཆུ་རྫོང་༼རྒྱ་མིས་ཧོང་ཡུན་རྫོང་འབོད་པའི་༽དབལ་ཤུལ་རྨེ་བའི་སྦྲ་ཆེན་ཞང་གྲོང་སྡེ་གཉིས་པའི་གཙོ་རུ་ཚང་གི་ཕ་གྱོག་པོ་ལགས་དང་། མ་གཡུང་མཚོ་ལགས་གཉིས་ཀྱི་བུ་རང་ལོ་ ༢༨ ལ་སོན་པའི་རྒྱལ་གཅེས་པ་གྲུབ་མཆོག་ལགས་ཀྱིས་སྦྲ་ཆེན་ཡུལ་ཚོའི་ཉེན་རྟོག་ཁང་གི་སྒོ་འགྲམ་མཐུན་སྒྲིལ་ཐང་ཆེན་དུ་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་བཏང་ཡོད་པ་དང། ཅུང་ཙམ་ལས་མ་འགོར་བར་ས་གནས་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

ད་ལྟའི་ཆར་སྦྲ་ཆེན་ཡུལ་ཚོ་གཙོ་བོར་གྱུར་བའི་ཁྱུང་མཆུ་རྫོང་ཁུལ་སོགས་སུ་རྒྱ་ནག་གཞུང་གིས་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དམ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། གནས་ཚུལ་ཐོན་མ་ཐག་ཁ་པར་དང་དྲ་རྒྱ་སོགས་ཀྱི་བརྒྱུད་ལམ་ལ་བཀག་སྡོམ་ཆེན་པོ་བྱས་ཡོད་འདུག འོན་ཀྱང་ཉེན་ཁར་མ་འཛེམས་པར་ཉེ་འཁོར་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་མང་པོ་ཞིག་གིས་འདས་པོའི་ཁྱིམ་དུ་ཕེབས་ནས་སྨོན་ལམ་གསུང་འདོན་གནང་ཡོད་པ་དང་། དེ་བཞིན་ཡུལ་མི་མང་པོ་འདུ་འཛོམས་ཀྱིས་མ་ཎི་གསུང་འདོན་དང་མཆོད་འབུལ་སྨོན་ལམ་རྒྱ་ཆེན་གནང་ཡོད་འདུག དམ་པ་ཁོང་གི་བཟའ་ཟླའི་མིང་ལ་རིག་པ་བརྗོད་བཞིན་ཁོང་གཉིས་ལ་བྱིས་པ་གཉིས་ཡོད་འདུག་པ་བཅས། །

ཚེ་རིང་བཀྲ་ཤིས།
ཚེ་རིང་བཀྲ་ཤིས།
ཚེ་རིང་བཀྲ་ཤིས།
གནས་ཚུལ་བྱུང་ཚེས། -
January 12, 2013
རྟགས། -
Male
ས་གནས། -
ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ།
ལོ། -
22
མ་མིང། -
ཚེ་རིང་སྒྲོལ་མ།
ཕ་མིང། -
གངས་སེང་ཚང་གདུགས་དཀར་སྐྱབས།
སྐྱེས་ཡུལ། -
ཨ་མཆོག་སྐྱིད་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༢ ཉིན་བོད་མདོ་སྨད་ཨ་མཆོག་སྐྱིད་སྡེ་བའི་ཕ་གངས་སེང་ཚང་གདུགས་དཀར་སྐྱབས་དང་མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་གཅིག་པུ་ཡིན་པ་རང་ལོ་ ༢༢ ལ་སོན་པའི་རྒྱལ་གཅེས་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རང་ཁྱིམ་ནས་བོད་ལྭ་གཙང་མ་ཞིག་གྱོན་ཏེ། ཕྱུགས་རྫི་བྱེད་པའི་སྐབས་ཕྱུགས་རྣམས་རྫི་རོགས་ཚོར་བཅོལ་ཏེ། ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ་ནས། ཉིན་གུང་ཆུ་ཚོད་གཉིས་པ་གཡས་གཡོན་དུ། རང་ལུས་ལྕགས་སྐུད་ཀྱིས་བསྡམས་ཏེ། ཀཱི་ཧི་ཧི། ༼༸རྒྱལ་བ་བསྟན་འཛིན་རྒྱ་མཚོ༽ཞེས་སྐད་འབོད་བྱེད་ཞོར་དུ་མེ་ལྕེའི་ཁྲོད་ནས་ཁྲོམ་སྐོར་བྱས་པ་དང་དེའི་རྗེས་སར་འགྱེལ་ཏེ་འདས་གྲོངས་སུ་གྱུར་འདུག སྐབས་དེར་ནམ་རྒྱུན་ལྟར་ཨ་མཆོག་གྲོང་བརྡལ་དུ་སྐོར་གཡེང་བྱེད་མཁན་གྱི་ཉེན་རྟོག་པ་ཚོ་སྐུ་ཕུང་གི་འཁྲིས་སུ་བཅར་བར་ས་གནས་ཁྲོམ་ལམ་གྱི་བོད་མི་རྣམས་ཕྱོགས་གཅིག་ཏུ་འཛོམས་ཏེ་ཉེན་རྟོག་པ་ཚོར་རྡོ་གཞུས་ཏེ་སྐུ་ཕུང་བཙན་འཕྲོག་བྱེད་དུ་མ་བཅུག་པར་དམ་པ་ཁོང་རང་ཁྱིམ་དུ་གདན་འདྲེན་ཞུས་ཐུབ་ཡོད་ཀྱང་། དེའི་རྗེས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣའི་རླངས་འཁོར་མང་པོས་སྡེ་འདབས་ཡོངས་སུ་བསྐོར་ཏེ། སྡེ་བ་དེར་བསྔོ་སྨོན་གནང་བར་ཕེབས་མཁན་གྱི་ཨ་མཆོག་དགོན་པའི་དགེ་མདུན་པ་དང་གདུང་སེམས་མཉམ་སྐྱེ་བྱེད་དུ་ཡོང་མཁན་རི་སྡེ་ཚོ་བའི་མི་རྣམས་བཀག་འགོག་བྱས་ཡོད་འདུག དེའི་རྗེས་ཚོ་བའི་ཚོ་དཔོན་བར་དུ་བཏང་ནས། སྐུ་ཕུང་མགྱོགས་མྱུར་ཞུགས་འབུལ་བྱ་དགོས་པའི་བཀའ་བཏང་ཡོད་འདུག མེར་སྲེག་གཏོང་མཁན་ཚེ་རིང་བཀྲ་ཤིས་ཀྱི་ནང་མི་ཚོས། བོད་མིའི་སྲོལ་རྒྱུན་ལྟར་སྐུ་ཕུང་ཞུགས་འབུལ་ཐད་བླ་མར་ཞུ་དགོས་པ་དང་།

ལྷག་པར་རི་སྡེ་ཚོ་བར་མཆོད་སྦྱིན་ལེགས་འགྲུབ་མ་གནང་བར་སྐུ་ཕུང་ཞུགས་འབུལ་བྱེད་སྲོལ་ཞིག་དེ་སྔ་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ཁྲོད་དུ་མེད་པ་སོགས་ཀྱིས་ངོས་ལེན་བྱས་མི་འདུག འོན་ཀྱང་དེ་རྗེས་ཀན་ལྷོ་བསང་ཆུ་རྫོང་གི་སྤྱི་བདེ་ཅུའུ་ཡི་ཅུས་ཀྲང་ཟེར་བ་སོགས་ཀྱིས་བླ་བྲང་དུ་བཞུགས་ཡོད་པའི་ཨ་མཆོག་དགོན་པའི་བླ་ཆེན་ཨ་ལག་དབལ་མང་ཚང་ཨ་མཆོག་དགོན་པར་ཁྲིད་ཡོང་ནས། ཚོ་བའི་ཚོ་དཔོན་ཚོ་སྐོང་འགུགས་ཀྱིས་གང་མགྱོགས་སྐུ་ཕུང་ཞུགས་འབུལ་བྱ་དགོས་པའི་སྡིགས་ར་སྐུལ་བ་དང་། ལྷག་པར་གལ་ཏེ་གནས་ཚུལ་མ་ལེགས་པ་བྱུང་བ་ཡིན་ན། འགན་ཡོད་ཚད་ཁྱེད་ཚོས་ཁུར་དགོས་པ་སོགས་སློབ་གསོ་དུས་ཡུན་རིང་བོར་བརྒྱབ་པ་དང་། ཡང་སྤྱི་བདེ་ཅུའུ་ཡི་ཅུས་ཀྲང་ཟེར་བས་མ་གཞི་ནས་ཁྱིམ་ཚང་དེ་ནི་ཏཱ་ལའི་ཁ་བྲལ་བ་དང་འབྲེལ་བ་དམ་པོ་ཡོད་མཁན་ཞིག་ཡིན་པས། རང་འགར་མི་འཇོག་ཚུལ་གྱིས་ཅོག་ཙེ་སྒང་ལ་ཁུ་ཚུར་གཞུས་པ་སོགས་ཚོ་དཔོན་ཚོ་དངངས་འདར་ཤོར་དགོས་བཟོས་པ་སོགས་ཀྱིས་བཙན་དབང་འོག

ཚེ་རིང་བཀྲ་ཤིས་ལགས་ཀྱི་ཕ་གདུགས་དཀར་སྐྱབས་ཀྱིས་དོན་དག་ཆེན་པོ་བྱུང་ཚེ། སྡེ་བ་ཚོར་དཀའ་ལས་བཟོ་བའི་བསམ་ཤེས་ཐོག་བླ་ཆེན་ཨ་ལག་དབལ་མང་ཚང་གི་བཀའ་བཀོད་ལྟར་ཕྱི་ཚེས་ ༡༣ ཉིན་གྱི་མཚན་མོ་སྐུ་ཕུང་བླ་རི་གུང་སྔོན་ཕྱོགས་ཀྱི་དུར་སར་ཞུགས་འབུལ་བྱས་ཡོད་འདུག་ལ། སྐུ་ཕུང་ཞུགས་འབུལ་བྱ་བར་ཡང་མཚན་མོ་མི་རྣམས་གཉིད་ལ་ཤོར་རྗེས་མི་ཁ་ཤས་ཤིག་ལས་བཏང་མི་འདུག སྐབས་དེར་ཚེ་རིང་བཀྲ་ཤིས་ལགས་ཀྱི་ཨ་མས་སྐུ་ཕུང་ཞུགས་འབུལ་གྱི་བཙན་དབང་གི་བཀའ་དེ་གོ་ནས་དྲན་པ་བརྒྱལ་བ་དང་སྐར་མ་ཁ་ཤས་ལ་དབུགས་ཆད་པ་སོགས་ཀྱི་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་དྲན་པ་སོས་པའི་གནས་ཚུལ་བྱུང་ཡོད་པ་ས་གནས་བོད་མིས་འགྲེལ་བརྗོད་བྱས་འདུག
རྒྱལ་གཅེས་པ་ཚེ་རིང་བཀྲ་ཤིས་ལགས་ནི་རྒྱུན་དུ་ནས་མི་ཚང་དེའི་མི་རྒྱུད་ཀྱི་ཁྲོད་དུ་གཤིས་བཟང་ཡ་རབས་ཀྱི་བུ་ཆུང་གཅིག་པུ་དེ་ཡིན་པ་དང་། ཆུང་མ་ཡུམ་མཚོ་སྐྱིད་དང་མཉམ་དུ་ཁྱིམ་གྱི་ལས་ཀར་ཧུར་བརྩོན་བྱེད་མཁན་ཞིག་ཡིན་པ་མ་ཟད། རྟ་ནོར་ལུག་གསུམ་ལ་སེམས་གཏིང་ནས་དགའ་ཞིང་། ཆུང་དུས་ནས་རྟ་རྩལ་འགྲན་སྡུར་ཁྲོད་ཡང་སེ་ཨང་དང་པོ་ལེན་མྱོང་མཁན་ཞིག་ཀྱང་ཡིན། ད་དུང་ཁོང་གི་སེམས་ནས་གཅེས་པའི་མདོ་རིག་རྟ་བོ་ཞིག་ཡོད་པས། དེ་སྔ་ཕྱི་རུ་རྫོང་རིམ་པ་དང་ཁུལ་རིམ་པར་ཨང་དང་པོ་ལེན་མྱོང་ཡོད་འདུག ཚེ་རིང་བཀྲ་ཤིས་ལགས་ཀྱི་ཁྱིམ་དུ་ཕ་མ་གཉིས་དང་ཆུང་མ་ལས་མེད་པ་དང་། ཁྱིམ་ཚང་གི་འབྱོར་བ་སོགས་ཡག་པོ་ཡོད་པ་མ་ཟད། ཁོང་གི་ཕ་གངས་སེང་ཚང་གདུགས་དཀར་སྐྱབས་ནི་ལོ་མང་རིང་སྡེ་དཔོན་གྱི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་འདུག་པ་བཅས། །

བན་ཆེན་སྐྱིད།
བན་ཆེན་སྐྱིད།
བན་ཆེན་སྐྱིད།
གནས་ཚུལ་བྱུང་ཚེས། -
December 9, 2012
རྟགས། -
Female
ས་གནས། -
རྩེ་ཁོག
ལོ། -
17
མ་མིང། -
གསེར་མོ།
ཕ་མིང། -
བསོད་ནམས་ཚེ་རིང་།
སྐྱེས་ཡུལ། -
མདོ་སྨད་རེབ་གོང་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོ།
འཚོ་ཐབས། -
སློབ་ཕྲུག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ རེས་གཟའ་ཉི་མའི་ཉིན་བོད་ནང་གི་མཚན་མོ་ཆུ་ཚོད་ ༨ པ་ཡས་མས་ལ། བོད་མདོ་སྨད་རེབ་གོང་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བུ་མོ་བན་ཆེན་སྐྱིད་ཞུ་བ་ཞིག་གིས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་མི་མང་ཁྲི་ལོར་བརྟན་པར་ཤོག”ཅེས་སྐད་འབོད་གནང་སྟེ་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་ཡོད།
ཁོང་མོ་སློབ་གྲྭ་དམའ་འབྲིང་དང་པོ་༼འཛིན་རིམ་བདུན་པ༽ཡིན་འདུག་ལ། ཁོང་མོས་མེར་སྲེག་མ་བཏང་སྔོན་ལ་མོ་རང་གི་གྲོགས་མོ་ཞིག་ལ། “ངས་བོད་པའི་ལ་རྒྱའི་ཆེད་དུ་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན། ཞང་ཐོག་ཏུ་སོང་ནས་སྲིད་གཞུང་སྒོ་ཁ་ནས་མེར་སྲེག་བཏང་ན། ངའི་ཕུང་པོ་ཕ་མའི་ལག་ཏུ་རག་རྒྱུ་མ་རེད། ད་ངས་འབྲོག་ས་རང་ནས་མེར་སྲེག་གཏོང་རྒྱུ་ཡིན” ཞེས་བརྗོད་ཡོད་འདུག
བན་ཆེན་སྐྱིད་ལགས་ད་ལྟ་རང་ལོ་ ༡༧ ཡིན་འདུག་ལ། ཁོང་མོའི་ཕ་མིང་ལ་བསོད་ནམས་ཚེ་རིང་དང་མ་མིང་ལ་གསེར་མོ། སྤུན་མཆེད་གཉིས་ཡོད་པ་ལས་མོ་རང་འབྲིང་བ་དེ་ཡིན་འདུག ཁོང་མོ་ནམ་རྒྱུན་སློབ་སྦྱོང་ཐོག་བརྩོན་པ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ལ་ཞེན་དང་བོད་རྒྱའི་གནད་དོན་ཐོག་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། དོ་ནུབ་མཚན་མོའི་བོད་ནང་གི་ཆུ་ཚོད་ ༡༢།༡༥ ཐོག་མེར་སྲེག་གཏོང་ཡུལ་དེར་ས་གནས་མང་ཚོགས་ཕོན་ཆེན་འདུ་འཛོམས་ནས་༸གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་དབྱངས་ལ་གྱུར་བཞིན་ཁོང་མོའི་ཕུང་པོ་ཞུགས་འབུལ་གནང་ཡོད་འདུག་ལ། སྐབས་དེར་མང་ཚོགས་ཀྱིས་སྐད་འབོད་རྒྱག་གི་ཡོད་པའི་སྒྲ་ཁ་པར་ལས་དངོས་སུ་ཐོས་ཐུབ་ཀྱི་འདུག་ཟེར་ཡོད་པ་བཅས།།
པདྨ་རྡོ་རྗེ།
པདྨ་རྡོ་རྗེ།
པདྨ་རྡོ་རྗེ།
གནས་ཚུལ་བྱུང་ཚེས། -
December 8, 2012
རྟགས། -
Male
ས་གནས། -
མདོ་སྨད་ཀླུ་ཆུའི་ཤིས་ཚང་དགོན་པ།
ལོ། -
23
མ་མིང། -
ཚེ་གཟུངས་མཚོ།
ཕ་མིང། -
ཨོ་རྒྱན་སྐྱབས།
སྐྱེས་ཡུལ། -
མདོ་སྨད་ཀླུ་ཚུ་རྫོང།
འཚོ་ཐབས། -
ཞིང་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༨ རེས་གཟའ་སྤེན་པ་ཉིན་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་ཕྱི་དྲོའི་བོད་ནང་གི་ ཆུ་ཚོད་ ༤ ཡས་མས་ལ། མདོ་སྨད་ཀླུ་ཚུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན། ཆོས་འཁོར་སྡེ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་པ་པདྨ་རྡོ་རྗེ་ལགས་ཀྱིས། མདོ་སྨད་ཀླུ་ཆུའི་ཤིས་ཚང་དགོན་པའི་འདུ་ཁང་མདུན་ཐང་དུ། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ཀྱི་ས་ཆ་བོད་མིས་བདག་པོ་རྒྱག་དགོས། སོགས་ཀྱི་སྐད་འབོད་གནང་བཞིན་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ སྟེ་འདས་གྲོངས་སུ་གྱུར་འདུག ཁོ་རང་ངོ་རྟགས་ཆོད་སླད། ཁོང་གི་འདྲ་པར་ཞིག་དང་ཐོབ་ཐང་ལག་འཁྱེར་གཉིས་འཕྲུལ་རྟའི་སྟེང་དུ་བཞག་ཡོད་འདུག རྒྱལ་གཅེས་པ་པདྨ་རྡོ་རྗེ་ལགས་ཀྱི་ཕའི་མིང་ལ་ཨོ་རྒྱན་སྐྱབས་དང་། མའི་མིང་ལ་ཚེ་གཟུངས་མཚོ་ཞུག་གི་ཡོད་འདུག ཁོང་ཅག་གི་འཚོ་ཐབས་ནི་ཞིང་པ་ཡིན་འདུག
དཀོན་མཆོག་འཕེལ་རྒྱས།
དཀོན་མཆོག་འཕེལ་རྒྱས།
དཀོན་མཆོག་འཕེལ་རྒྱས།
གནས་ཚུལ་བྱུང་ཚེས། -
December 8, 2012
རྟགས། -
Male
ཁུངས། -
རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བའི་སུམ་མདོ་དགོན།
ས་གནས། -
སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཚོགས་ཆེན་འདུ་ཁང་མདུན།
ལོ། -
24
མ་མིང། -
སྒྲོལ་མ་མཚོ།
ཕ་མིང། -
དཀོན་མཆོག་སྐྱབས།
སྐྱེས་ཡུལ། -
་མཛོད་དགེ་རྫོང་འབྲིང་བ་ཞང་གོས་བརྡ་སྡེ་བ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༨ ཉིན་བཏང་གནས་ནང་འཁོད་དོན། དེ་རིང་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༥ དང་སྐར་མ་ ༢༠ ཐོག་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བའི་སུམ་མདོ་དགོན་གྱི་དགེ་འདུན་པ་དཀོན་མཆོག་འཕེལ་རྒྱས། རང་ལོ་ ༢༤ ཡིན་པ་ཁོང་གིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཚོགས་ཆེན་འདུ་ཁང་མདུན་དུ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། ཀིརྟི་སྐྱབས་མགོན་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་གཞིས་བྱེས་ལྷན་འཛོམས་ཡོང་དགོས། ཞེས་པའི་འབོད་ཚིག་སྒྲོག་བཞིན་ལག་གཉིས་ཐལ་མོ་སྦྱར་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ཞི་རྒོལ་གནང་ནས་མེ་དཔུང་ཆེན་པོའི་ཁྲོད་འདས་གྲོངས་སུ་གྱུར་ཡོད་འདུག
ཁོང་གིས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་དེར་མཐའ་འཁོར་དུ་གྲྭ་མང་གིས་བསྐོར་ནས་རྒྱལ་གཅེས་དཔའ་པ་ཁོང་གི་མིང་ནས་བཟུང་སྟེ་སྐད་ཤུགས་ཆེན་པོས་འབོད་བརྡ་བཏང་བ་མ་ཟད། དེ་བཞིན་གྲྭ་མང་གིས།
བློ་བཟང་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར།། གངས་ཅན་བསྟན་འཛིན་ཀུན་གྱི་གཙུག་གི་རྒྱན།།
འཇིགས་མེད་ཡེ་ཤེས་རྒྱལ་བ་རྒྱ་མཚོའི་སྡེ།། བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ནས།།
གནས་སྐབས་མཐར་ཐུག་བསམ་དོན་ལྷུན་འགྲུབ་ཤོག།། ཅེས་པ་སྐད་ཤུགས་ཆེན་པོས་འུར་འདོན་གནང་ཡོད་འདུག

དེ་རྗེས་ཁོང་གི་སྐུ་ཕུང་ཁོ་རང་གི་གྲྭ་ཤག་ཏུ་གདན་དྲངས་ཏེ་གྲྭ་མང་བརྒྱ་ཕྲག་མང་པོས་སྨོན་ལམ་གསུངས་དང་གསུང་མུས་ཡིན་འདུག ཁོང་ནི་མཛོད་དགེ་རྫོང་འབྲིང་བ་ཞང་གོས་བརྡ་སྡེ་བའི་ཕ་དཀོན་མཆོག་སྐྱབས་དང་མ་སྒྲོལ་མ་མཚོ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་འབྲིང་བའི་སུམ་མདོ་དགོན་དུ་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་༢༠༡༠ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་དཔེ་ཆ་ལྟ་རུ་ཡོང་ནས་མཚན་ཉིད་ཀྱི་འཛིན་གྲྭ་ཁ་དོག་གོང་མའི་ནང་དུ་སྒྲིག་ཞུགས་ཀྱིས་མཚན་ཉིད་ཀྱི་གཞུང་ལ་སློབ་སྦྱོང་གནང་མུས་ཡིན་འདུག ཁོང་ལ་ཕ་མ་གཉིས་དང་སྤུན་སྲིང་སོགས་ནང་མི་དགུ་ཡོད་འདུག དེ་མིན་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་དང་ཅུང་ཐག་རིང་བའི་ལྷ་སྡེ་དག་སྟག་ཚང་ལྷ་མོར་ཡོང་རྒྱུ་རྒྱ་གཞུང་གིས་བཀག་སྡོམ་བྱེད་བཞིན་ཡོད་འདུག་པ་བཅས།།

བློ་བཟང་དགེ་འདུན།
བློ་བཟང་དགེ་འདུན།
བློ་བཟང་དགེ་འདུན།
གནས་ཚུལ་བྱུང་ཚེས། -
December 3, 2012
རྟགས། -
Male
ཁུངས། -
མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་།
ས་གནས། -
མགོ་ལོག་པདྨ་རྫོང་གི་སུམ་མདོར་པདྨ་འདབས་བརྒྱད་ཅིག་ཡོད་པའི་ཡར་ནང་།
ལོ། -
29
མ་མིང། -
ས་འགོ་བདེ་དབང་།
ཕ་མིང། -
མགོ་ལོག་ལོ་ཁོ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༧།༤༥ ཡས་མས་སུ་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་དགེ་འདུན་པ་རང་ལོ་ ༢༩ ཡིན་པ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག
ས་གནས་ནས་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཁོང་གི་རང་ལུས་མེར་སྲེག་གནང་སའི་ས་གནས་ནི། མགོ་ལོག་པདྨ་རྫོང་གི་སུམ་མདོར་པདྨ་འདབས་བརྒྱད་ཅིག་ཡོད་པའི་ཡར་ནང་ནས་རང་ལུས་མེར་སྲེག་གནང་སྟེ་ལག་གཉིས་ཐར་མོ་སྦྱར་ནས་སྐད་འབོད་བྱེད་བཞིན་ (སྐད་འབོད་ཀྱི་ནང་དོན་གསལ་ཁ་བྱུང་མེད།) མདུན་དུ་གོམས་པ་སུམ་བརྒྱ་ཙམ་རྒྱུགས་མཐར་ཐང་དུ་འགྱེལ་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་དང་། དམག་མི་བསླེབས་ནས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་བཞིན་པའི་སྐབས་ས་གནས་མང་ཚོགས་ཚོ་རྒྱུགས་ནས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་མ་བཅུགས་པར་རང་དགོན་དུ་གདན་འདྲེན་ཞུས་ཡོད་འདུག
པད་ནག་སྡེ་བའི་མི་མང་ཚོ་རྒྱལ་གཅེས་པ་ཁོང་གི་ཁྱིམ་དུ་ཡོང་སྟེ་སྐུ་ཕུང་ཁ་བཏགས་བསྒྲོན་པ་དང་། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ། གདུང་སེམས་མཉམ་སྐྱེད་ཆེད་མཆོད་མེའི་ཞལ་འདེབས་ཕུལ་བ་དང་། བསྔོ་བ་སྨོན་ལམ་བཅས་གནང་གཞིན་ཡོད་འདུག་ལ། ཕྱོགས་ཡར་མར་ཀྱི་བོད་རིགས་མང་པོ་པད་ནག་དུ་སྐྱོད་ཡོད་ཀྱང་གོང་འོག་གི་ལམ་ཁ་ཚང་མ་དམག་མི་དང་ཉེན་རྟོག་པས་བཀག་འགོག་བྱས་ཡོད་འདུག ཁོང་གི་ཕའི་མིང་ལ་མགོ་ལོག་ལོ་ཁོ་དང་། མའི་མིང་ལ་ས་འགོ་བདེ་དབང་། དེ་བཞིན་དུ་སྤུན་མཆེད་ཚེ་ཆུང་དང་། སྲིང་མོ་སྐྱ་ཅོ། གསེར་མཚོ། པོ་སྡེས། པད་དཀར་སོགས་ནང་མི་བཅུ་གཅིག་ཡོད་འདུག
གཟུངས་འདུས་སྐྱབས།
གཟུངས་འདུས་སྐྱབས།
གཟུངས་འདུས་སྐྱབས།
གནས་ཚུལ་བྱུང་ཚེས། -
December 2, 2012
རྟགས། -
Male
ས་གནས། -
འབོ་རའི་དགོན་པའི་ཉེ་འཁྲིས་གཞུང་ལམ་སྟེང་།
མ་མིང། -
བནྟེ་འཚོ།
ཕ་མིང། -
ཚེ་བྷ།
སྐྱེས་ཡུལ། -
ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་བསང་ཆུ་རྫོང་འབོ་ར་ཡུལ་ཚོ་བརྡར་མདོ་སྡེ་བ།
ད་ལྟའི་གནས་སྟངས། -
ཤེས་རྟོགས་མེད།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢ རེས་གཟའ་ཉི་མའི་ཉིན་རྒྱབ་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༣།༤༠ ཙམ་ལ། བོད་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་བསང་ཆུ་རྫོང་འབོ་ར་ཡུལ་ཚོ། བརྡར་མདོ་སྡེ་བའི་སྟག་མགོ་ཚང་གི་བུ་གཟུངས་འདུས་སྐྱབས་ཞུ་བ་ཞིག་གིས་འབོ་རའི་དགོན་པའི་ཉེ་འཁྲིས་གཞུང་ལམ་སྟེང་དུ་རང་ལུས་མེར་སྲེག་གནང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད། གཟུངས་འདུས་སྐྱབས་ལགས་ཀྱི་ཕ་མིང་ལ་ཚེ་བྷ་དང་མ་མིང་ལ་བནྟེ་འཚོ་ཞུ་ཡི་ཡོད་པ་དང་། ཁོང་ལ་གཟའ་ཟླ་དང་བྱིས་པ་ལོ་གཉིས་མ་ཟིན་ཙམ་ཞིག་ཡོད་འདུག
དཀོན་མཆོག་སྐྱབས།
དཀོན་མཆོག་སྐྱབས།
དཀོན་མཆོག་སྐྱབས།
གནས་ཚུལ་བྱུང་ཚེས། -
November 30, 2012
རྟགས། -
Male
ས་གནས། -
བཞག་ལྡོམ་ཞང་ནས་སྤྱི་ལེ་བཅུ་ལྷག་གི་སར་ཡོད་པའི་རླངས་འཁོར་ནང་སྣུམ་བླུག་ས་ཞིག་ཡོད་པ་དེའི་སྒོ་འགྲམ།
ལོ། -
29
མ་མིང། -
བློ་བཟང་སྒྲོལ་མ།
ཕ་མིང། -
ཕུན་ཚོགས།
སྐྱེས་ཡུལ། -
མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཞང་གཟའ་རུ་སྟོད་མའི་རུ་སར་ཁ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༣༠ ཉིན་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༩ ཡས་མས་སུ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཞང་གཟའ་རུ་སྟོད་མའི་རུ་སར་ཁ་བའི་ཕུན་ཚོགས་ཚང་གི་བུ་དཀོན་མཆོག་སྐྱབས། རང་ལོ་ ༢༩ ཡིན་པ་ཁོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་བཞག་ལྡོམ་ཞང་ནས་སྤྱི་ལེ་བཅུ་ལྷག་གི་སར་ཡོད་པའི་རླངས་འཁོར་ནང་སྣུམ་བླུག་ས་ཞིག་ཡོད་པ་དེའི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་འདུག་ཀྱང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་སོགས་སླེབས་ནས་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ལ་ཁྱེར་ཡོད་པས་ད་ལྟའི་ཆར་ཁོང་འཆི་གསོན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མི་འདུག སྐབས་ཐོག་དེར་གཟའ་རུ་སྟོད་མའི་ཕོ་གསར་སྐོར་ཞིག་གིས་ཉེན་རྟོག་པའི་རྗེས་དེད་ནས་བརྒྱུགས་ཡོད་ཀྱང་ཕོ་གསར་རྣམས་ཀྱང་ཕྱིར་ལོག་མེད་སྟབས། ད་ལྟ་སྟེ་གོང་ཚེས་ཉིན་གྱི་རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་ ༧ ཙམ་ལ་ས་གནས་ཀྱི་མི་མང་ཕོན་ཆེ་འདུ་འཛོམས་བྱེད་བཞིན་པ་དང་། མི་མང་རྣམས་ཀྱིས་ཕོ་གསར་རྣམས་དང་དཀོན་མཆོག་སྐྱབས་བཅས་ཕྱིར་སྤྲོད་དགོས་ཚུལ་བརྗོད་ནས་ངར་ཤུགས་ཆེན་པོས་ངོ་རྒོལ་བྱ་བརྩིས་བྱེད་བཞིན་ཡོད་པས་གནས་ཚུལ་ཛ་དྲག་ཏུ་འགྱུར་བཞིན་ཡོད་འདུག ཁོང་གི་ཕ་མིང་ལ་ཕུན་ཚོགས་དང་། མ་མིང་ལ་བློ་བཟང་སྒྲོལ་མ། རང་ལོ་ ༢༦ ཡིན་པའི་བཟའ་ཟླའི་མིང་ལ་པདྨ་སྐྱིད་དང་ཁོང་གཉིས་ལ་བྱིས་པ་གཉིས་ཡོད་པའི་ཆེ་བ་ལོ་ ༩ དང་ཆུང་བ་རང་ལོ་ ༦ ཡིན་འདུག ཁོང་ལ་སྤུན་གཅིག་དང་སྲིང་མོ་གཉིས་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢ ཉིན་བོད་ནས་གནས་ཚུལ་འབྱོར་བའི་ནང་གསལ། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་གཟའ་ རུའི་དཀོན་མཆོག་སྐྱབས། རང་ལོ་ ༢༩ ཡིན་པ་ཁོང་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་གྱི་དགོང་མོ་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་སུ་འདས་གྲོངས་གྱུར་ ཡོད་ཀྱང་། ཁོང་གི་རུས་ཐལ་ཞིག་མ་གཏོགས་སྐུ་ཕུང་ནང་མིར་ཕྱིར་སྤྲད་མེད་པ་དང་། མཛོད་དགེ་ཕྱོགས་གཙོ་བོར་གྱུར་པའི་བོད་མི་སྐྱ་སེར་དང་རྒན་གཞོན་ཁྱད་མེད་དུ་ རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ཀྱི་ནང་མིར་གདུང་སེམས་མཉམ་སྐྱེ་སྟོན་ཆེད་ དང་མྱ་ངན་གུས་འདུད་ཞུ་བར་བཅར་མཁན་གྱི་བོད་མི་ཧ་ཅང་མང་པོ་ཡོང་མུས་ཡིན་འདུག་པ་བཅས།།
ཚེ་རིང་རྣམ་རྒྱལ།
ཚེ་རིང་རྣམ་རྒྱལ།
ཚེ་རིང་རྣམ་རྒྱལ།
གནས་ཚུལ་བྱུང་ཚེས། -
November 29, 2012
རྟགས། -
Male
ས་གནས། -
་ས་གནས་ཡུལ་ཚོའི་སྲིད་གཞུང་གི་སྒོ་འགྲམ།
ལོ། -
31
མ་མིང། -
རྟ་མགྲིན་འཚོ།
ཕ་མིང། -
ཆོས་རོ།
སྐྱེས་ཡུལ། -
མདོ་སྨད་ཀླུ་ཆུ་རྫོང་ཟམ་ཚ་ཞང་ལོ་ཚོ་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༩ བོད་ནང་གི་ཆུ་ཚོད་ ༢ ཡས་མས་ཙམ་ལ། བོད་མདོ་སྨད་ཀླུ་ཆུ་རྫོང་ཟམ་ཚ་ཞང་ལོ་ཚོ་སྡེ་བའི་རང་ལོ་ ༣༡ ཡིན་པའི་རྒྱལ་གཅེས་པ་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་ས་གནས་ཡུལ་ཚོའི་སྲིད་གཞུང་གི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་རྒོལ་གྱིས་ཏེ་འདས་གྲོངས་སུ་གྱུར་འདུག
རྒྱལ་གཅེས་པ་ཁོང་གི་ཕའི་མིང་ལ་ཆོས་རོ་དང་མའི་མིང་ལ་རྟ་མགྲིན་འཚོ། ཁོང་གི་བཟའ་ཟླའི་མིང་ལ་ཆོས་སྐྱོང་འཚོ་འབོད་ཀྱི་ཡོད་འདུག ཁོང་ལ་བྱིས་པ་བུ་མོ་གཉིས་ཡོད་པའི་ནང་ནས་ཆེ་བ་རྡོ་རྗེ་སྐྱིད་ལོ་ ༧ ཡིན་པ་དང་། ཆུང་བ་སྐལ་བཟང་སྒྲོལ་མ་ལོ་ ༣ ཡིན་འདུག
ད་ལྟའི་ཆར་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་གནང་སྟེ། གདོང་གཟིགས་དགོན་ཕུན་ཚོགས་རབ་རྒྱས་གླིང་དང་རྨོག་རུ་དགོན་གཉིས་ཀྱི་དགེ་འདུན་པའི་གཙོས། ས་གནས་མང་ཚོགས་འདུ་འཛོམས་ཀྱིས་བསྔོ་བ་སྨོན་ལམ་གསུང་བཞིན་ཡོད་འདུག
བན་དེ་མཁར།
བན་དེ་མཁར།
བན་དེ་མཁར།
གནས་ཚུལ་བྱུང་ཚེས། -
November 28, 2012
རྟགས། -
Male
ས་གནས། -
གཙོས་གྲོང་ཁྱེར།
ལོ། -
21
མ་མིང། -
ཀུན་བཟང་སྒྲོལ་མ།
ཕ་མིང། -
ཚེ་རིང་ཐར།
སྐྱེས་ཡུལ། -
མདོ་སྨད་མཛོད་དགེ་ཡར་ཀི་སོག་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༧ ཡས་མས་སུ། བོད་མདོ་སྨད་མཛོད་དགེ་ཡར་ཀི་སོག་སྡེ་ནས་ཡིན་པ་རང་ལོ་ ༢༡ ཅན་རྒྱལ་གཅེས་པ་བན་དེ་མཁར་ལགས་ཀྱིས། གཙོས་གྲོང་ཁྱེར་དུ་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་རྒོལ་གྱིས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག
རྒྱལ་གཅེས་པ་ཁོང་གིས་ཕ་ཡུལ་ནས་སྤྱི་ལེ་ ༢༠ ཙམ་གྱི་སར་ཡོད་པའི་གཙོས་གྲོང་ཁྱེར་དུ་སོང་སྟེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་གྲོལ་གཏོང་དགོས། བོད་ལ་རང་དབང་དགོས། སྐད་ཡིག་དང་ཆོས་དད་ལ་རང་དབང་དགོས། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་འདུག
རྒྱལ་གཅེས་པ་ཁོང་ནི་རྒྱ་ནག་གཞུང་གིས་དབྱེར་བའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཁོངས་སུ་ཆ་བགོས་བྱས་ཡོད་པའི། མདོ་སྨད་མཛོད་དགེ་ཤོག་པ་ལྔའི་ནང་ཚན་རྐང་ཚའི་ཡར་ཀི་སོག་སྡེ་ནས་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཚེ་རིང་ཐར་དང་མའི་མིང་ལ་ཀུན་བཟང་སྒྲོལ་མ། ཁོང་ལ་སྤུན་མཆེད་གཉིས་ཡོད་པའི་ཆེ་བའི་མིང་ལ་བྱམས་པ་དང་ཆུང་བའི་མིང་སངས་རྒྱས་དོན་འགྲུབ་ཞུག་གི་ཡོད་འདུག
སངས་རྒྱས་བཀྲ་ཤིས།
སངས་རྒྱས་བཀྲ་ཤིས།
སངས་རྒྱས་བཀྲ་ཤིས།
གནས་ཚུལ་བྱུང་ཚེས། -
November 27, 2012
རྟགས། -
Male
ས་གནས། -
བླ་བྲང་བསང་ཁོག་ཞང་ཐོག་ཏུ།
ལོ། -
18
ཕ་མིང། -
ནམ་ཁོ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༧ ཉིན་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ ཡས་མས་སྟེང་བླ་བྲང་བསང་ཁོག་ཞང་ཐོག་ཏུ་བོད་རིགས་ན་གཞོན་རང་ལོ་ ༡༨ ཡིན་པ་དངུལ་རྭའི་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཉིན་དེར་ཁོང་དང་གྲོགས་པོ་འགས་སྦག་སྦག་བཞོན་ནས་བསང་ཁོག་ཞང་ཐོག་ཏུ་བསླེབས་ཡོད་པ་དང་། མེར་སྲེག་མ་བཏང་བའི་སྔོན་ཏག་ཏག་ལ་ཁོང་གིས་ཕ་སྤུན་གྱི་བུ་སྤུན་ཚེ་བྷེ་ཞུ་བར་ཁ་པར་འབྱོར་ཏེ། ཨ་རོགས། ངས་དེ་རིང་བོད་དོན་ཆེད་དུ་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན། ཞེས་ལན་བསྐྱལ་ཡོད་འདུག སྐབས་དེར་ཚེ་བྷེ་ལགས་ཀྱིས། ཨ་རོགས། ཨ་རོགས། དེ་ལྟར་མ་བྱེད། ཅུང་བསྒུག་དང་། ཞེས་པ་ཙམ་ལས་བཤད་ཁོམ་མ་བྱུང་བར་ཁ་པར་ཁ་བརྒྱབ་ཡོད་འདུག དེའི་རྗེས་ཁ་པར་ག་ཚད་བཏང་ཡང་ཁ་པར་སྒོ་གཏན་ཏུ་བརྒྱབ་ཡོད་འདུག
སྐབས་དེར་ནང་མི་ཁག་གཅིག་གང་མགྱོགས་བསང་ཁོག་ཞང་ཐོག་ཏུ་ཕྱིན་ཡོད་ཀྱང་། སངས་རྒྱས་བཀྲ་ཤིས་ལགས་ཀྱིས་སྐུ་ལུས་མེར་སྲེག་བཏང་ཚར་ཡོད་འདུག་ལ། ཉེ་འཁོར་གྱི་མི་ཚོས་བརྗོད་པ་ལྟར་ན། མེར་སྲེག་སྐབས་ཁོང་གིས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸པཎ་ཆེན་སྣང་བ་མཐའ་ཡས་ཀྱི་གཙོ་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས། ཞེས་སྐད་འབོད་གནང་ཡོད་འདུག དེ་ནས་ཉེ་འཁོར་གྱི་མི་ཚོ་དང་ལྷན་དུ་ཁོང་གི་སྐུ་ཕུང་བསང་ཁོག་ཞང་ཐོག་ཏུ་ཁོང་ཚང་ལ་ཁང་པ་གསར་པ་ཞིག་ཡོད་པ་དེར་གདན་ཞུ་གནང་ཡོད་འདུག
ཐེངས་འདིར་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡུལ་དེ་ནི། དེ་སྔོན་དཔའ་བོ་ཐུབ་དབང་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡུལ་གྱི་ཉེ་འཁྲིས་ཡིན་འདུག་ལ། སངས་རྒྱས་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་ནམ་ཁོ་ཟེར་གྱི་ཡོད་པ་དང་། ཁོང་ལ་སྤུན་མཆེད་བཞི་ཡོད་འདུག དེ་སྔོན་ཁོང་བསང་ཁོག་སློབ་ཆུང་ནང་ལོ་བཞི་ཙམ་རིང་སློབ་གཉེར་གནང་ཡོད་ཀྱང་གནས་སྟངས་ཀྱི་དབང་གིས་རྗེས་སུ་ཁྱིམ་དུ་ལོག་སྟེ་ཕྱུགས་རྫི་བྱས་ཏེ་སྡོད་དགོས་བྱུང་ཡོད་འདུག ཁོང་ནམ་རྒྱུན་ཕ་མའི་ཁ་ལ་ཉན་པོ་བྱེད་མཁན་གྱི་བུ་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་ཡིན་འདུག
སྐལ་བཟང་སྐྱབས།
སྐལ་བཟང་སྐྱབས།
སྐལ་བཟང་སྐྱབས།
གནས་ཚུལ་བྱུང་ཚེས། -
November 27, 2012
རྟགས། -
Male
ས་གནས། -
རྐྱང་ཚ་ཞང་སྲིད་གཞུང་གི་ལས་ཁུངས་སྒོ་འགྲམ།
ལོ། -
24
མ་མིང། -
ཨ་ཆོས།
ཕ་མིང། -
ཁྲོ་རྒྱལ།
སྐྱེས་ཡུལ། -
རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཞང་དགོས་གཤོག་ཀའི་མདོ་བ་མེ་དགེ་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༧ ཉིན་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༦།༣༠ ཙམ་ལ་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཞང་དགོས་གཤོག་ཀའི་མདོ་བ་མེ་དགེ་སྡེ་བའི་བཀྲ་པོ་ཚང་གི་ཕ་ཁྲོ་རྒྱལ་དང་མ་ཨ་ཆོས་གཉིས་ཀྱི་བུ་སྐལ་བཟང་སྐྱབས། རང་ལོ་ ༢༤ ཡིན་པ་ཁོང་གིས་རྐྱང་ཚ་ཞང་སྲིད་གཞུང་གི་ལས་ཁུངས་སྒོ་འགྲམ་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་སྐལ་བརྒྱར་བརྟན་པར་ཤོག ཀིརྟི་རིན་པོ་ཆེ་སྐུ་ཚེ་སྐལ་བརྒྱར་བརྟན་པར་ཤོག ཅེས་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་སྟེ་སྐབས་ཐོག་དེར་འདས་གྲོངས་སུ་གྱུར་ཡོད་པ་དང་། ཉེ་འཁོར་གྱི་ཆུ་རྒྱུད་གཤོག་ཀ་དང་སྐེ་རྒྱུད་གཤོག་ཀ་སོགས་ཀྱི་མི་མང་གིས་ཁོང་གི་སྐུ་ཕུང་རང་ཁྱིམ་ལ་གདན་དྲངས་ཏེ་དྲན་པ་དགོན་པ་དང། རྒྱལ་དགེ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་གསུང་བཞིན་ཡོད་འདུག
ཁོང་གིས་དང་ཐོག་ཞང་སྲིད་གཞུང་གི་སྒོ་འགྲམ་དུ་མ་སླེབས་ཙམ་ལ་གཟུགས་པོའི་སྒང་ལ་ས་སྣུམ་བླུག་བཞིན་གོང་གསལ་གྱི་སྐད་འབོད་བྱས་ཏེ་ཡོང་ཡོད་པ་དང་། ཞང་སྲིད་གཞུང་གི་སྒོ་འགྲམ་ལ་སླེབས་དུས་གཞི་ནས་མེ་བསྒྲོན་ཡོད་ཅིང། དེ་རྗེས་ཀྱང་སྐད་འབོད་མང་པོ་བྱས་འདུག ཁོང་ལ་ཕ་མ་གཅིག་པའི་མིང་སྲིང་དྲུག་ཡོད་པའི་ནང་གི་གསུམ་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་དུས་ཚོད་མང་ཆེ་བ་ནོར་ལུག་གི་རྫི་བོ་བྱས་ཏེ་བསྐྱལ་ཡོད་པ་ལས། སློབ་གྲྭར་འགྲོ་མྱོང་མི་འདུག རྒྱུན་དུ་མི་གཤིས་ཧ་ཅང་འཇམ་པོ་ཞིག་དང་། སྐད་ཆ་མང་པོ་མི་ཤོད་མཁན་ཞིག་ཡིན་འདུག ཉིན་ཤས་གོང་ནས་མི་རེ་ཟུང་ལ་རང་ལུས་མེར་སྲེག་གཏོང་གི་ཡིན་ཞེས་པའི་སྐད་ཆ་རེ་བཤད་ཡོད་ཀྱང་མི་རྣམས་ཀྱིས་དམིགས་བསལ་དོ་སྣང་བྱས་མེད་པ་དང་། ཁ་སང་འབྲོག་ས་ནས་གྲོང་ལ་ཡོང་སྟེ། དེ་རིང་ཞོགས་པ་སྔ་བོ་ནས་མདོ་བ་མེ་དགེ་སྡེ་བ་ནས་སྤྱི་ལེ་ ༣ ལྷག་ཡོད་པའི་རྐྱང་ཚ་ཞང་ཐོག་ལ་སོང་སྟེ་ཕྱི་དྲོ་རང་ལུས་མེར་སྲེག་བཏང་འདུག གནས་ཚུལ་དེ་བྱུང་རྗེས་བཞག་ལྡོམ་ཞང་ཐོག་ནས་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་རྐྱང་ཚ་ཞང་ཐོག་ལ་འབྱོར་ནས་ས་གནས་སུ་དམ་དྲག་བྱེད་མུས་ཡིན་འདུག་པ་བཅས།།
མགོན་པོ་ཚེ་རིང་།
མགོན་པོ་ཚེ་རིང་།
མགོན་པོ་ཚེ་རིང་།
གནས་ཚུལ་བྱུང་ཚེས། -
November 26, 2012
རྟགས། -
Male
ས་གནས། -
ཀླུ་ཆུ་རྫོང་ཨ་ལ་དེའུ་མགོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་དུ།
ལོ། -
24
མ་མིང། -
ལོ་ལོ།
ཕ་མིང། -
དབང་རྒྱལ།
སྐྱེས་ཡུལ། -
མདོ་སྨད་ཀན་ལྷོ་ཀླུ་ཆུའི་ཨ་ལ་སྦོག་ཚ་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བའི་ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༠༠ ཡས་མས་སུ་བོད་མདོ་སྨད་ཀན་ལྷོ་ཀླུ་ཆུའི་ཨ་ལ་སྦོག་ཚ་སྡེ་བ་ནས་རང་ལོ་ ༢༤ ཡིན་པའི་རྒྱལ་གཅེས་པ་མགོན་པོ་ཚེ་རིང་ལགས་ཀྱིས། ཀླུ་ཆུ་རྫོང་ཨ་ལ་དེའུ་མགོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་དུ། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས། ཞེས་སྐད་འབོད་གནང་ཐོག་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག རྒྱལ་གཅེས་པ་ཁོང་གི་ཕ་རང་ལོ་ ༤༥ སོན་པ་དབང་རྒྱལ་ལགས་དང་། མ་རང་ལོ་ ༤༣ སོན་པ་རྣམ་ལོ་ལོ་ཡིན་འདུག ཁོང་གི་བཟའ་ཟླའི་མིང་ལ་རྣམ་རྒྱལ་སྒྲོལ་མ་འབོད་པ་ད་ལྟ་རང་ལོ་ ༢༦ ཡིན་འདུག ཁོང་བཟའ་མི་གཉིས་ལ་རང་ལོ་ ༦ ཡིན་པའི་བུ་ཚེ་རིང་བསམ་འགྲུབ་དང་། རང་ལོ་ ༣ ཡིན་པའི་བུ་མོ་ཚེ་རིང་སྒྲོལ་མ། རང་ལོ ༢ ཡིན་པའི་བུ་མོ་ཚེ་རིང་ལྷ་མོ་བཅས་བྱིས་པ་གསུམ་ཡོད་འདུག
དཀོན་མཆོག་ཚེ་རིང་།
དཀོན་མཆོག་ཚེ་རིང་།
དཀོན་མཆོག་ཚེ་རིང་།
གནས་ཚུལ་བྱུང་ཚེས། -
November 26, 2012
རྟགས། -
Male
ས་གནས། -
ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་ཏུ།
ལོ། -
18
མ་མིང། -
མགོན་པོ་མཚོ།
ཕ་མིང། -
ཚེ་འཕགས་སྐྱབས།
སྐྱེས་ཡུལ། -
མདོ་སྨད་བླ་བྲང་ཨ་མཆོག་ཞང་བན་ཀན་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་ཕྱི་དྲོ་བོད་མདོ་སྨད་བླ་བྲང་ཨ་མཆོག་ཞང་བན་ཀན་སྡེ་བའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་པ་དཀོན་མཆོག་ཚེ་རིང་ལགས་ཀྱིས། ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཏེ་སྐུ་གྲོངས་འདུག
རྒྱལ་གཅེས་དཔའ་པ་ཁོང་གི་ཕའི་མིང་ལ་ཚེ་འཕགས་སྐྱབས་ལོ་ ༤༠ དང་། མའི་མིང་ལ་མགོན་པོ་མཚོ་ལོ་ ༣༧ ཡིན་འདུག ཁོང་གི་ཕུ་བོའི་མིང་ལ་དཔལ་འབྱོར་རྒྱ་མཚོ་ཟེར་ཞིང་ད་ལྟ་གྲྭ་བ་ཡིན་འདུག རྒྱལ་གཅེས་དཔའ་པ་ཁོང་གི་ཆུང་མའི་མིང་ལ་སངས་རྒྱས་མཚོ་ཟེར་ཞིང་ལོ་ ༡༩ ཡིན་འདུག
དབང་རྒྱལ།
དབང་རྒྱལ།
དབང་རྒྱལ།
གནས་ཚུལ་བྱུང་ཚེས། -
November 26, 2012
རྟགས། -
Male
ས་གནས། -
གསེར་རྟ་རྫོང་ཐོག་ཏུ།
ལོ། -
20
མ་མིང། -
ཚེ་འདས་མཛེས་ལྡན།
ཕ་མིང། -
་ཚེའདས་འཆི་མེད་
སྐྱེས་ཡུལ། -
གསེར་རྟ་རྫོང་སྟག་རྩེད་ཡུལ་ཚོའི་ཁ་ཤུལ་འཚོ་བ།
ད་ལྟའི་གནས་སྟངས། -
ཤེས་རྟོགས་མེད།
གནས་སྟངས་རྒྱས་པ། -
༄༅། །དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཐོག་ནས་བོད་མི་དབང་རྒྱལ་ཟེར་བ་ཞིག་གིས་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས། རང་ལུས་མེར་སྲེག་བཏང་ཡོད་འདུག ཕྱི་ཟླ་་ ༡༡ ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢ ཡས་མས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཐོག་ཏུ་ཡོད་པའི་གསེར་རྟའི་མདུན་ཐང་དུ། དབང་རྒྱལ་ཞུ་བ་ཁོང་གིས། རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད། ཁོང་གིས་མེར་སྲེག་བཏང་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྱེར་བྱས་ཡོད་འདུག སྐབས་དེར་ས་གནས་སུ་མི་མང་པོ་འཛོམས་ཡོད་པ་དང་། གཞུང་གིས་དམ་དྲག་བྱས་ཏེ། དྲ་ལམ་ཁག་ཀྱང་སྒོ་རྒྱག་གི་ཡོད་པས། གནས་ཚུལ་ཆ་ཚང་རག་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད།
རང་ལུས་མེར་སྲེག་གཏོང་མཁན་དབང་རྒྱལ་ལགས་ནི་དེ་སྔོན་གྲྭ་པ་ཡིན་དང་། ཕ་འདས་པོ་འཆི་མེད་དང་། མ་འདས་པོ་མཛེས་ལྡན་གཉིས་ཀྱི་བུ་ཡིན་འདུག་ལ། ལོ་ ༢༠ ནང་དུ་ཡོད་འདུག སྤུན་གཉིས་ཡོད་པའི་ཆེ་བའི་མིང་ལ་ཚེ་སྒྲུབ་ཟེར་གྱི་ཡོད་འདུག་ལ། ཁོང་གསེར་རྟ་རྫོང་སྟག་རྩེད་ཡུལ་ཚོའི་ཁ་ཤུལ་འཚོ་བ་ནས་ཡིན་འདུག
སངས་རྒྱས་སྒྲོལ་མ།
སངས་རྒྱས་སྒྲོལ་མ།
སངས་རྒྱས་སྒྲོལ་མ།
གནས་ཚུལ་བྱུང་ཚེས། -
November 25, 2012
རྟགས། -
Female
ཁུངས། -
གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་དགོན་པའི་ཉེ་འཁྲིས་སུ་བཙུན་མའི་དགོན་པ།
ས་གནས། -
བར་སྐོར་སྡེ་བའི་ལ་ནག་སྐེད་དུ།
ལོ། -
17
མ་མིང། -
དོན་འགྲུབ་འཚོ།
ཕ་མིང། -
བསོད་ནམས་རྒྱལ།
སྐྱེས་ཡུལ། -
མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བར་སྐོར་སྡེ་བ།
འཚོ་ཐབས། -
བཙུན་མ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
ཕྱི་ལོ ༢༠༡༢ ཟླ་ ༡༡ ཚེས་ ༢༥ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༡༠ ཡས་མས་སུ། མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བར་སྐོར་སྡེ་བའི་རང་ ལོ་ ༡༧ ཡིན་པའི་རྒྱལ་གཅེས་པ་བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ཀྱིས། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་རྒོལ་ཆེད། བར་སྐོར་སྡེ་བའི་ལ་ནག་སྐེད་དུ་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། ཞེས་སྐད་འབོད་གནང་སྟེ། མེ་ལྕེ་འབར་ཤུགས་ཆེ་བས་ཐང་ལ་གན་རྐྱལ་དུ་འགྱེལ་ཡོད་ཀྱང་ལག་པ་གཉིས་ཐལ་མོ་སྦྱར་ཏེ་འདས་གྲོངས་སུ་གྱུར་ཡོད་འདུག ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པར་ས་གནས་སུ་སྐྱ་སེར་མི་མང་འདུ་འཛོམས་ཐོག རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་གདན་ཞུས་ཀྱིས་ཞུགས་འབུལ་གནང་ཡོད་འདུག
རྒྱལ་གཅེས་པ་བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ནི། ཕ་བསོད་ནམས་རྒྱལ་རང་ལོ ༤༠ ཡིན་པ་དང་། མ་དོན་འགྲུབ་འཚོ་རང་ལོ ༤༣ ཡིན་པ་གཉིས་ཀྱི་བུ་མོ་ཡིན་ཞིང། སྤུན་ཆེ་བ་ལྷ་མོ་འཚོ་རང་ལོ་ ༢༢ དང། དེའི་ཆུང་བ་བཙུན་མ་ཞིག་ཡོད་པའི་མིང་ལ་རིག་བྱེད་དབང་མོ་རང་ལོ་ ༢༠ དང་། སྤུན་ཆུང་བའི་མིང་ལ་འཇམ་དབྱངས་བློ་ལྡན་རང་ལོ་ ༡༥ དང་ཆུང་བ་དབང་ཕྱུག་ཚེ་རིང་རང་ལོ་ ༡༤ ཡིན་འདུག བཙུན་མ་ཁོང་ནི། གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་དགོན་པའི་ཉེ་འཁྲིས་སུ་བཙུན་མའི་དགོན་པ་ཞིག་ཡོད་པ་དེའི་བཙུན་མ་ཡིན་འདུག
Last Words:
རྒྱལ་གཅེས་པ་ཁོང་གིས་ཤུལ་བཞག་ཞལ་ཆེམས་ནང་། ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་དགུང་སྔོན་གནམ་ལ་ལྟོས། །བྲག་དཀར་ཐེམ་པའི་གུར་ཁང་དུ། ང་ཡི་བླ་མ་ཕྱིར་ཕེབས་སོང་། །བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་གངས་རིའི་རྩེ་ལ་ལྟོས། །གངས་སེང་དཀར་མོ་ཕྱིར་ཕེབས་སོང། །ང་ཡི་གངས་སེང་ཕྱིར་ཕེབས་སོང་། །བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་རྒྱ་རྫོང་ནགས་ལ་ལྟོས། །ཐང་དང་གཡུ་ལོའི་མཛེས་སྡུག་ལྟོས། །ང་ཡི་རྒྱ་སྟག་ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་གངས་རིའི་ལྗོངས་ལ་ལྟོས། །གངས་ཅན་སྐལ་བ་ཡར་འགྲོ་རེད། །བོད་པ་རང་དབང་རང་བཙན་རེད། །རྒྱལ་བ་བསྟན་འཛིན་རྒྱ་མཚོ། །རྒྱང་རིང་ཡུལ་ན་ཡོད་དུས། །རྒྱལ་ཁམས་བསྐོར་ནས་ཕེབས་དུས།། སྡུག་བསྔལ་འོག་གི་གདོང་དམར་བོད་པ། །མུན་ནག་ཁྲོད་ནས་སེལ་བའི་སྨོན་ལམ། །པཎ་ཆེན་བླ་མ་བཙོན་དུ་ཡོད་དུས། །བཙོན་ཁང་ནང་དུ་ཕྱི་ལ་ལྟོས་ནས། །ང་ཡི་ཁ་བ་གངས་རིའི་ལྗོངས་ལ། །བདེ་སྐྱིད་ཉི་མ་ཤར་བར་སྨོན།། ཁ་བ་གངས་རིའི་བདེ་སྡུག་གི་ཆེད་དུ། ཞེས་བྲིས་ཡོད་འདུག་པ་དང་། འདྲ་པར་ཞིག་གི་སྟེང་དུ། གངས་དཀར་པོའི་གཅེས་ཕྲུག་གངས་ཅན་བུ་དང་བུ་མོ། གངས་རིའི་བུ་རྒོད་རྣམ་པ་བོད་པ་ཡིན་པ་མ་བརྗེད། སངས་རྒྱས་སྒྲོལ་མ་ནས་ཞེས་བྲིས་འདུག ཡིག་སྐོགས་ཀྱི་སྟེང་ལ་བོད་རང་བཙན་རྒྱལ་ཁབ། ཅེས་བྲིས་ཡོད།
རྟ་མགྲིན་རྡོ་རྗེ།
རྟ་མགྲིན་རྡོ་རྗེ།
རྟ་མགྲིན་རྡོ་རྗེ།
གནས་ཚུལ་བྱུང་ཚེས། -
November 23, 2012
རྟགས། -
Male
ས་གནས། -
མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་འབོད་པའི་སྲིད་གཞུང་གི་སྒོ་འགྲམ་དུ།
ལོ། -
29
སྐྱེས་ཡུལ། -
མདོ་སྨད་རེབ་གོང་ཁུལ་རྡོ་དཀར་མོ་ཞང་དམེ་སྐོར་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༣ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༦།༣༠ ཡས་མས་ཙམ་ལ། རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་འབོད་པའི་སྲིད་གཞུང་གི་སྒོ་འགྲམ་དུ། རང་ལོ་ ༢༩ ཡིན་པའི་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་རྒྱག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
རྒྱལ་གཅེས་པ་ཁོང་ནི་བོད་མདོ་སྨད་རེབ་གོང་ཁུལ་རྡོ་དཀར་མོ་ཞང་དམེ་སྐོར་སྡེ་བ་ནས་ཡིན་པ་དང་། ཁོང་གིས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་ཚིག་བསྒྲགས་ཡོད་འདུག རྒྱལ་གཅེས་པ་ཁོང་སྐུ་གྲོངས་རྗེས། ས་གནས་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་མ་ཎི་དབྱངས་སུ་གྱེར་བཞིན། རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་གདན་དྲངས་ཏེ་ཁ་སང་དགོང་མོ་ཞུགས་འབུལ་གནང་ཡོད་འདུག
རྟ་མགྲིན་སྐྱབས།
རྟ་མགྲིན་སྐྱབས།
རྟ་མགྲིན་སྐྱབས།
གནས་ཚུལ་བྱུང་ཚེས། -
November 22, 2012
རྟགས། -
Male
ས་གནས། -
ཀླུ་ཆུ་རྫོང་དང་ཐག་ཉེ་བའི་ཀླུ་ཆུའི་འགྲམ་ངོགས་སུ།
ལོ། -
23
མ་མིང། -
སྒྲོ་མ་འཚོ་འམ་སྒྲོལ་སྒྲོལ།
ཕ་མིང། -
ཚེ་འདས་ཚེ་རིང་བཀྲ་ཤིས།
སྐྱེས་ཡུལ། -
མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེས་ཞང་གི་ཁོངས་གཏོགས། ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་དཔལ་སྒུར་ནགས་རི་ཚོ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༡༠།༠༠ ཡས་མས་སུ་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེས་ཞང་གི་ཁོངས་གཏོགས། ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་དཔལ་སྒུར་ནགས་རི་ཚོ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་པ་རྟ་མགྲིན་སྐྱབས་ལགས་ཀྱིས། ཀླུ་ཆུ་རྫོང་དང་ཐག་ཉེ་བའི་ཀླུ་ཆུའི་འགྲམ་ངོགས་སུ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་འདུག རྒྱལ་གཅེས་པ་རྟ་མགྲིན་སྐྱབས་ལགས་ནི་ཕ་ཚེ་འདས་ཚེ་རིང་བཀྲ་ཤིས་དང་རང་ལོ་ ༤༧ ཡིན་པའི་མ་སྒྲོ་མ་འཚོ་འམ་སྒྲོལ་སྒྲོལ་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ལ་སྤུན་མཆེད་གསུམ་ཡོད་འདུག
རྒྱལ་གཅེས་པ་ཁོང་ཕྱི་ལོ་ ༢༠༠༦ ལོར་ཤིས་ཚང་དགོན་པར་ཞུགས་ཡོད་འདུག་ལ། སྐབས་དེར་ཁོང་གི་གྲྭ་མིང་ལ་འཇམ་དབྱངས་དགེ་འདུན་འབོད་ཀྱི་ཡོད་འདུག ཕྱི་ལོ་ ༢༠༠༧ ལོར་སྐྱ་སར་བབ་ཏེ་ད་ལྟའི་བར་འབྲོག་སར་བསྡད་ཡོད།
ཀླུ་འབུམ་ཚེ་རིང་།
ཀླུ་འབུམ་ཚེ་རིང་།
ཀླུ་འབུམ་ཚེ་རིང་།
གནས་ཚུལ་བྱུང་ཚེས། -
November 22, 2012
རྟགས། -
Male
ས་གནས། -
མདོ་བ་ཞང་།
ལོ། -
18
ཕ་མིང། -
ཚེ་གོ་འམ་(དམག་ཚེ་གོ)
སྐྱེས་ཡུལ། -
མདོ་སྨད་རེབ་གོང་མདོ་བ་འབྲོག་ཡོ་ལག་ཡུལ་ཚོ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ཕུར་བུའི་ཉིན་རེབ་གོང་མདོ་བ་ཞང་ཐོག་ཏུ་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤།༢༠ ཡས་མས་སུ། བོད་མདོ་སྨད་རེབ་གོང་མདོ་བ་འབྲོག་ཡོ་ལག་ཡུལ་ཚོའི་རང་ལོ་ ༡༨ ཡིན་པ་ཀླུ་འབུམ་ཚེ་རིང་ལགས་ཀྱིས། མདོ་བ་ཞང་ཐོག་ཏུ་རང་ལུས་མེར་སྲེག་བཏང་རྗེས་སྐུ་གྲོངས་ཡོད། གནས་ཚུལ་བྱུང་མ་ཐག་ས་གནས་བོད་མི་ཚོས་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར། མདོ་བ་དགོན་པའི་གྲྭ་པ་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས་དགོན་པའི་དགེ་འདུན་པའི་སྦྱིན་སྲེག་བྱེད་སར་སྐུ་ཕུང་ཞུགས་འབུལ་བྱས་འདུག རྒྱ་གཅེས་པ་ཀླུ་འབུམ་ཚེ་རིང་ལགས་ཀྱི་ཕ་མིང་ལ་ཚེ་གོ་འམ་(དམག་ཚེ་གོ) འབོད་ཀྱི་ཡོད་པ་དང་། ད་ལྟ་རང་ལོ་ ༦༠ ཡས་མས་ཡིན་འདུག། ཁོང་གི་མ་ཚེ་ལས་འདས་ཟིན་འདུག
ཚེ་རིང་དོན་གྲུབ།
ཚེ་རིང་དོན་གྲུབ།
ཚེ་རིང་དོན་གྲུབ།
གནས་ཚུལ་བྱུང་ཚེས། -
November 20, 2012
རྟགས། -
Male
ས་གནས། -
ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ།
ལོ། -
34
མ་མིང། -
འབྲུག་མོ་མཚོ།
ཕ་མིང། -
ཀླུ་འབུམ་རྒྱལ།
སྐྱེས་ཡུལ། -
མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་གསེས་ཁྱི་ངན་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཡས་མས་སུ་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་གསེས་ཁྱི་ངན་སྡེ་བའི་རང་ལོ་ ༣༤ ལ་སོན་པའི་རྒྱལ་གཅེས་པ་ཚེ་རིང་དོན་གྲུབ་ལགས་ཀྱིས། ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་འདུག
རྒྱལ་གཅེས་པ་ཁོང་གི་ཕའི་མིང་ལ་ཀླུ་འབུམ་རྒྱལ་དང་མའི་མིང་ལ་འབྲུག་མོ་མཚོ་ཡིན་པ་དང་། ཁོང་གི་སྤུན་མཆེད་ཀྱི་མིང་ལ་བཀྲ་ཤིས་རྒྱ་མཚོ་དང་སྒྲོལ་མ་སྐྱིད་ཡིན་འདུག དེ་བཞིན་ཁོང་གི་བཟའ་ཟླའི་མིང་ལ་རྟ་མགྲིན་འཚོ་ཟེར་ཞིང་བྱིས་པ་གཉིས་ཡོད་པའི་གཅིག་གི་མིང་ལ་ལྷ་གོ་ཡིན་འདུག
རྒྱལ་གཅེས་པ་ཁོང་ནི་མི་གཤིས་ཧ་ཅང་བཟང་བས་དུས་རྒྱུན་དུ་འཛུམ་ཤིག་ཤིག་ཏུ་སྡོད་པ་ཞིག་ཡིན་པས། སྡེ་མི་ཀུན་ཀྱང་ཧ་ཅང་དགའ་སའི་མི་སྣ་ཞིག་ཡིན་ལ། དུས་རྒྱུན་དུ་བོད་མི་རིགས་ཀྱི་བདེ་སྡུག་ལ་དོ་སྣང་ཆེ་ཞིང་བོད་དོན་སྐོར་གླེང་སྐབས་ཚོར་ཤུགས་རྣོ་ལ་སེམས་ཁུར་ཆེས་ཆེར་ཡོད་མཁན་ཞིག་ཡིན་ཚུལ་འདུག དེ་ཉིན་ཨ་མཆོག་དགོན་པའི་གྲྭ་བ་ཚོས་སྨོན་ལམ་གསུང་ཡོད་པ་དང་མི་མང་ཡང་མང་པོ་འབྱོར་ཡོད་འདུག་ལ། ཉེ་ཆར་ཕྱི་ཟླ་ ༡༠ ཚེས ༢༦ ཉིན་རྒྱལ་གཅེས་པ་ལྷ་མོ་ཚེ་བརྟན་ལགས་ཀྱིས་ས་གནས་དེར་རང་ལུས་མེར་སྲེག་བཏང་ཡོད་སྟབས། ས་གནས་སུ་དམག་མི་དང་ཉེན་རྟོག་པ་མང་པོ་བཏང་ཡོད་འདུག་ཀྱང་། སྐབས་དེར་དམིགས་བསལ་དམ་དྲག་བྱེད་པའི་གནས་ཚུལ་གང་ཡང་བྱུང་མི་འདུག
དབང་ཆེན་ནོར་བུ།
དབང་ཆེན་ནོར་བུ།
དབང་ཆེན་ནོར་བུ།
གནས་ཚུལ་བྱུང་ཚེས། -
November 19, 2012
རྟགས། -
Male
ས་གནས། -
རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་དགོན་འདབས།
ལོ། -
25
མ་མིང། -
མཁའ་འགྲོ་འཚོ།
ཕ་མིང། -
བསྟན་འཛིན།(ཚེ་འདས།)
སྐྱེས་ཡུལ། -
མདོ་སྨད་མཚོ་ཤར་ཡ་རྫི་རྫོང་རྐང་ཚ་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༩ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་ ༨ ཙམ་ལ་བོད་མདོ་སྨད་མཚོ་ཤར་ཡ་རྫི་རྫོང་རྐང་ཚ་སྡེ་བ་ནས་ཡིན་པ་རང་ལོ་ ༢༥ ལ་སོན་པའི་རྒྱལ་གཅེས་པ་དབང་ཆེན་ནོར་བུ་ལགས་ཀྱིས། རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་དགོན་འདབས་ནས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གནང་སྟེ་མར་འགྱེལ་སྐབས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ཡུལ་དུ་ཕེབས་བཅུག་དགོས་པ་དང། ༸པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་གཏོང་དགོས་པ། བོད་མི་ལ་རང་དབང་དགོས་ཞེས་སྐད་འབོད་གནང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག
རྒྱལ་གཅེས་པ་དབང་ཆེན་ནོར་བུ་ལགས་ནི་མདོ་སྨད་མཚོ་ཤར་ཡ་རྫི་རྫོང་རྐང་ཚ་བོད་རིགས་རང་སྐྱོང་ཞང་རྐང་ཚ་སྡེ་བའི་རུ་ཁག་དང་པོ་ནས་ཡིན་པ་དང་། ཁོང་ནི་མ་མཁའ་འགྲོ་འཚོ་དང་ཕ་འདས་པོ་བསྟན་འཛིན་གཉིས་ཀྱི་བུ་ཡིན་འདུག གོང་ཚེས་ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་རྐང་ཚ་སྡེ་བའི་མང་ཚོགས་དང་དགོན་པའི་དགེ་འདུན་པ་ཚོས་དབང་ཆེན་ནོར་བུ་ལགས་ཀྱི་སྐུ་ཕུང་དགོན་པར་གདན་དྲངས་ཏེ་བསྔོ་སྨོན་ཆུ་ཚོད་གཉིས་ཙམ་རིང་གནང་རྗེས་དུར་ཁྲོད་དུ་གདན་དྲངས་ཏེ་ཞུགསའབུལ་གནང་ཡོད་པ་མ་ཟད། ཞུགས་འབུལ་བྱེད་སར་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་ས་གནས་མང་ཚོགས་ཀྱི་སྐད་ཤུགས་ཆེན་པོས་སྨྲེ་སྔགས་བཏོན་ཡོད།།
གསང་བདག་ཚེ་རིང་།
གསང་བདག་ཚེ་རིང་།
གསང་བདག་ཚེ་རིང་།
གནས་ཚུལ་བྱུང་ཚེས། -
November 17, 2012
རྟགས། -
Male
ས་གནས། -
་མདོ་སྨད་རེབ་གོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་།
ལོ། -
24
སྐྱེས་ཡུལ། -
རེབ་གོང་མགོན་ཤུལ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༧ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༧ ཡས་མས་ཙམ་ལ་བོད་མདོ་སྨད་རེབ་གོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་སྲིད་གཞུང་ཡོད་སར། རེབ་གོང་མགོན་ཤུལ་ནས་རང་ལོ་ ༢༤ སོན་པ་རྒྱལ་གཅེས་པ་གསང་བདག་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་འདུག།།
ལྕགས་མོ་སྐྱིད།
ལྕགས་མོ་སྐྱིད།
ལྕགས་མོ་སྐྱིད།
གནས་ཚུལ་བྱུང་ཚེས། -
November 17, 2012
རྟགས། -
Female
ས་གནས། -
རེབ་གོང་ཁུལ་གྱི་དགའ་བདེ་ཁྲོམ་རའི་བྱང་སྒོའི་ཁ་གཏད་སྲང་ལམ་གྱི་ཁྲལ་བསྡུ་ལས་ཁུངས་ཀྱི་སྒོ་ཁ།
མ་མིང། -
སྒྲོལ་མ་འཚོ།
ཕ་མིང། -
འབྲུག་བྱམས།
སྐྱེས་ཡུལ། -
མདོ་སྨད་རྨ་ལྷོ་རེབ་གོང་སྨད་པ་ཁ་རྒྱ་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༧ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༤།༠༠ ཡས་མས་སུ་བོད་མདོ་སྨད་རྨ་ལྷོ་རེབ་གོང་སྨད་པ་ཁ་རྒྱ་སྡེ་བ་ནས་ཡིན་པ་རྒྱལ་གཅེས་པ་ལྕགས་མོ་སྐྱིད་ལགས་ཀྱིས། རེབ་གོང་ཁུལ་གྱི་དགའ་བདེ་ཁྲོམ་རའི་བྱང་སྒོའི་ཁ་གཏད་སྲང་ལམ་གྱི་ཁྲལ་བསྡུ་ལས་ཁུངས་ཀྱི་སྒོ་ཁ་ནས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། ཁོང་གི་ཕའི་མིང་ལ་འབྲུག་བྱམས་དང་མའི་མིང་ལ་སྒྲོལ་མ་འཚོ་འབོད་ཀྱི་ཡོད། ཁོང་ལ་ཕྲུ་གུ་བུ་གཉིས་ཡོད་འདུག
ཏིང་འཛིན་སྒྲོལ་མ།
ཏིང་འཛིན་སྒྲོལ་མ།
ཏིང་འཛིན་སྒྲོལ་མ།
གནས་ཚུལ་བྱུང་ཚེས། -
November 15, 2012
རྟགས། -
Female
ས་གནས། -
སྡེ་བའི་འདུ་ཁང་གི་ཆོས་རྭའི་ནང་།
ལོ། -
23
མ་མིང། -
བཀྲ་ཤིས་སྒྲོལ་མ།
ཕ་མིང། -
བུ་ལོ།
སྐྱེས་ཡུལ། -
མདོ་སྨད་རེབ་གོང་བཙན་མོ་མགོ་དགེ་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༥ ཉིན་བོད་ནང་གི་ཉིན་གུང་ཙམ་ལ་མདོ་སྨད་རེབ་གོང་བཙན་མོ་མགོ་དགེ་སྡེ་བའི་རང་ལོ་ ༢༣ ཡིན་པའི་ཏིང་འཛིན་སྒྲོལ་མ་ལགས་ཀྱིས། སྡེ་བའི་འདུ་ཁང་གི་ཆོས་རྭའི་ནང་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་འདུག ཏིང་འཛིན་སྒྲོ་ལ་མ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་པ་དུས་ཐོག་སྡེ་མི་རྣམས་ཀྱིས་ཤེས་རྟོགས་མ་བྱུང་བས་ས་གནས་རང་དུ་འདས་གྲོངས་སུ་གྱུར་འདུག ཏིང་འཛིན་སྒྲོལ་མའི་ཨ་ཕའི་མིང་ལ་བུ་ལོ་ཟེར་ཞིང་ལོ་ ༥༠ སྡེ་བ་དེའི་གླུ་བ་སྐད་གྲགས་ཅན་ཞིག་ཡིན་པ་དང། ཨ་མའི་མིང་ལ་བཀྲ་ཤིས་སྒྲོལ་མ་ཟེར་ཞིང་ལོ ༤༡ ཡིན་འདུག ཏིང་འཛིན་སྒྲོལ་མ་ལགས་ཀྱི་ནང་གི་དཔལ་འབྱོར་གནས་སྟངས་ཧ་ཅང་ཡག་པོ་ཡོད་པ་དང། ཁོ་མོ་ནམ་རྒྱུན་ལས་ལ་བརྩོན་ཞིང་ཆེ་བཀུར་ཆུང་བྱམས་ཅན་གྱི་བུད་མེད་ཡ་རབས་ཤིག་ཡིན་འདུག གོང་ཚེས་ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་ ༡༠ ཐོག་སྐུ་ཕུང་ཞུགས་འབུལ་སྐབས་རེབ་གོང་ཡར་ནང་བཙན་མོའི་སྒྲུབ་སྡེ་གསུམ་གྱིས་མཚོན་གཡས་གཡོན་གྱི་སྡེ་མི་བརྒྱ་ཕྲག་འཛོམས་ནས་གདུང་སེམས་མཉམ་སྐྱེ་ཞུས་འདུག དེ་བཞིན་སྐུ་ཕུང་ཞུགས་འབུལ་མ་གནང་སྔོན་ཙམ་ནས་ཁ་པར་གྱི་བརྒྱུད་ལམ་སོགས་ཀྱང་གཏན་འགོག་བྱས་འདུག།།
མཁའ་འབུམ་རྒྱལ།
མཁའ་འབུམ་རྒྱལ།
མཁའ་འབུམ་རྒྱལ།
གནས་ཚུལ་བྱུང་ཚེས། -
November 15, 2012
རྟགས། -
Male
ས་གནས། -
རེབ་གོང་རྒྱལ་བོ་ཀླུ་ཆུའི་ཀླུ་ཆུ་ཐང་ནས་རོང་བོར་ཡོང་སའི་ལམ་ཁ་ཁོང་གསེང་མདོ།
ལོ། -
18
མ་མིང། -
སྒྲོལ་དཀར་མཚོ།
ཕ་མིང། -
རྟ་མགྲིན་རྒྱལ།
སྐྱེས་ཡུལ། -
རེབ་གོང་རྒྱལ་བོ་ཀླུ་ཆུའི་ཆུ་ཇ་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༥ ཉིན་བོད་ནང་གི་ཆུ་ཚོད་ ༡༡ ཡས་མས་སུ་རེབ་གོང་རྒྱལ་བོ་ཀླུ་ཆུའི་ཆུ་ཇ་སྡེ་བ་ནས་ཡིན་པ་རང་ལོ་ ༡༨ སོན་པ་རྒྱལ་གཅེས་པ་མཁའ་འབུམ་རྒྱལ་ལགས་ཀྱིས་རེབ་གོང་རྒྱལ་བོ་ཀླུ་ཆུའི་ཀླུ་ཆུ་ཐང་ནས་རོང་བོར་ཡོང་སའི་ལམ་ཁ་ཁོང་གསེང་མདོ་ཟེར་བའི་ས་ཆ་ནས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་ནས་འདས་གྲོངས་སུ་གྱུར་འདུག དེ་རྗེས་ཁོང་གི་སྐུ་ཕུང་རེབ་གོང་ཚ་རྒྱལ་དགོན་པར་འཁྱེར་ཡོད་འདུག་ལ། དེར་དགེ་འདུན་པ་རྣམས་ཀྱིས་གཙོས་སྐྱ་སེར་བརྒྱ་ཕྲག་མང་པོས་སྐུ་ཕུང་ཞུགས་འབུལ་གནང་ཡོད་འདུག རྒྱལ་གཅེས་པ་མཁའ་འབུལ་རྒྱལ་ལགས་ཀྱི་ཕ་མིང་ལ་རྟ་མགྲིན་རྒྱལ་དང་མ་མིང་ལ་སྒྲོལ་དཀར་མཚོ་ཡིན་པ་དང་། ཁོང་ལ་ཁྱོན་མིང་སྲིང་ ༦ ཡོད་པ་ལས། ཆེ་བའི་མིང་ལ་བསོད་ནམས་ལྷུན་གྲུབ་དང་འབྲིང་བའི་མིང་ལ་ཀླུ་མོ་འཚོ། ཆུང་བའི་མིང་ལ་གུ་རུ་སྐྱིད་ཡིན་འདུག་ལ། རྒྱལ་གཅེས་པ་ཁོང་ནི་གུ་རུ་སྐྱིད་ཀྱི་གོང་མ་དེ་ཡིན་འདུག།།
སྙིང་ལྕགས་འབུམ།
སྙིང་ལྕགས་འབུམ།
སྙིང་ལྕགས་འབུམ།
གནས་ཚུལ་བྱུང་ཚེས། -
November 12, 2012
རྟགས། -
Male
ས་གནས། -
མདོ་བ་གཡག་ལུང་སྟེ་མདོ་བ་ཞང་།
མ་མིང། -
ཚེ་རིང་འཚོ།
ཕ་མིང། -
ལྷ་ཕྱུག
སྐྱེས་ཡུལ། -
རེབ་གོང་མདོ་བ་འབྲོག་ཡོ་ལག་ར་རྒན་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། འདི་གར་ཁུངས་ལྡན་གནས་ཚུལ་འབྱོོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༢ ཉིན་བོད་ནང་གི་ཆུ་ཚོད་ ༧།༡༨ སྟེང་དུ་རེབ་གོང་མདོ་བ་འབྲོག་ཡོ་ལག་ར་རྒན་སྡེ་བ་ནས་ཡིན་པ་སྙིང་ལྕགས་འབུམ་ལགས་ཀྱིས་མདོ་བ་ཞང་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
རྒྱལ་གཅེས་པ་སྙིང་ལྕགས་འབུམ་ལགས་ནི་རེབ་གོང་མདོ་བ་འབྲོག་ཡོ་ལག་ར་རྒན་སྡེ་བ་ནས་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ལྷ་ཕྱུག་ལོ་ ༤༤ དང་། མའི་མིང་ལ་ཚེ་རིང་འཚོ་ལོ་ ༣༨ ཡིན་འདུག ཁོང་བཟའ་མི་གཉིས་ལ་བུ་ཕྲུག་གསུམ་ཡོད་པའི་ཆེ་བ་སྙིང་ལྕགས་འབུམ་དང། འབྲིང་བ་བུ་མོ་འབྲུག་མོ་མཚོ། ཆུང་བ་བུ་མོ་ཚེ་འབྲུག་སྐྱིད་བཅས་ཡིན་འདུག
རྒྱལ་གཅེས་པ་ཁོང་གིས་མདོ་བ་གཡག་ལུང་སྟེ་མདོ་བ་ཞང་ཡོད་ས་ནས་རང་ལུས་མེར་སྲེག་བཏང་འདུག་ལ། དེ་ཉིན་མདོ་བ་ཞང་ཡོད་སར་མི་མང་པོ་འཛོམས་ཡོད་སྟབས། སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཐད་ཀར་མདོ་བ་དགོན་པའི་ནང་གདན་ཞུས་ཀྱིས་སྨོན་ལམ་གསུང་འདོན་དང་། དེ་ནས་དགེ་འདུན་པ་རྣམས་འདས་གྲོངས་སུ་ཕྱིན་རིགས་སྦྱིན་སྲེག་བྱེད་ས་ཞིག་ཡོད་པ་དེར་གདན་ཞུས་ཀྱིས་སྦྱིན་སྲེག་གནང་ཡོད་འདུག ཁྱོན་མི་མང་ཉིས་སྟོང་ནས་སུམ་སྟོང་བརྒལ་བ་འདུ་འཛོམས་ཀྱིས། ༸གོང་ས་མཆོག་གི་ཞབས་བརྟན་ ༼གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག༽”ཅེས་པ་དབྱངས་སྒྲོག་དང་། མ་ཎི་འདོན་པ་སོགས་གནང་ཡོད་འདུག གཞན་ཡང་རེབ་གོང་རོང་འབྲོག་ཁུལ་དུ་རྫོང་དང་ཞང་སྲིད་གཞུང་གི་ལས་བྱེད་ཚོས་ས་གནས་མང་ཚོགས་ནང་གཏམ་བཤད་འདྲ་མིན་སྤེལ་བ་དང་། ༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ། མི་མང་འདུ་འཛོམས་རིགས་མི་ཆོག་པ་སོགས་ཀྱི་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ལ། རེབ་གོང་༼ཐུན་རིན༽རྫོང་བློན་ཆོས་ཞང་ཟེར་བའི་ལས་ཁུངས་ནས་ཡི་གེ་ཞིག་བཀྲམ་འདུག་པའི་ནང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྣམས་རྒྱུན་སྲུང་སྐྱོང་བྱ་རྒྱུ། མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་། ཏཱ་ལའི་ཚོགས་པའི་ཁ་བྲལ་སིམ་འཛུལ་ངོ་རྒོལ་བྱ་དགོས་ཞེས་སོགས་བཀོད་འདུག
སྙིང་དཀར་བཀྲ་ཤིས།
སྙིང་དཀར་བཀྲ་ཤིས།
སྙིང་དཀར་བཀྲ་ཤིས།
གནས་ཚུལ་བྱུང་ཚེས། -
November 12, 2012
རྟགས། -
Male
ས་གནས། -
བོད་མདོ་སྨད་རེབ་གོང་མདོ་བ་གད་དམར་ཐང་གི་སློབ་གྲྭའི་ནང་།
ལོ། -
24
མ་མིང། -
མཁའ་འགྲོ་འཚོ།
ཕ་མིང། -
བཀྲ་ཤིས་རྣམ་རྒྱལ།
སྐྱེས་ཡུལ། -
མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་ཚང་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣།༡༥ ཙམ་དུ་ བོད་མདོ་སྨད་རེབ་གོང་མདོ་བ་གད་དམར་ཐང་གི་སློབ་གྲྭའི་ནང་དུ། རང་ལོ་ ༢༤ ལ་སོན་པའི་རྒྱལ་གཅེས་པ་སྙིང་དཀར་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག བོད་ལ་རང་དབང་དགོས།” ཞེས་སྐད་འབོད་གནང་བཞིན། རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ཉིན་དེར་ཉིན་ཤས་སྔོན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་པ་རྟ་མགྲིན་འཚོ་ལགས་དང་སྐལ་བཟང་སྦྱིན་པ་ལགས་གཉིས་ཀྱི་ཁྱིམ་དུ་མྱ་ངན་ཆེད་མི་མང་པོ་ཞིག་འབྱོར་ཡོད་པར་བརྟེན་ཁོང་རྣམ་པས་རྒྱལ་གཅེས་པ་སྙིང་དཀར་བཀྲ་ཤིས་ལགས་ཀྱི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ། མི་མང་གིས་སྲུང་སྐྱོབ་འོག་འདས་པོ་ཁོང་གི་ཆེད་རྗེས་འཇུག་སྨོན་ལམ་གསུང་འདོན་གནང་ཡོད་འདུག
རྒྱལ་གཅེས་པ་ཁོང་ནི། མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་ཚང་སྡེ་བ་ནས་ཡིན་ལ། ཁོང་གི་ཕའི་མིང་ལ་བཀྲ་ཤིས་རྣམ་རྒྱལ་ལོ་ ༤༧ ཡིན་པ་དང་། མའི་མིང་ལ་མཁའ་འགྲོ་འཚོ་ཡིན་ཞིང་ལོ་བཞིའི་སྔོན་ཚེ་ལས་འདས་འདུག མ་འདས་གྲོངས་སུ་གྱུར་རྗེས་ཁོང་གི་ཕས་གཞན་ཞིག་དང་གཉེན་སྒྲིག་གནང་བ་དེའི་མིང་ལ་ལྷ་མོ་མཁར་ཟེར་གྱི་ཡོད། སྙིང་དཀར་བཀྲ་ཤིས་ལགས་ཀྱི་བཟའ་ཟླའི་མིང་ལ་འབྲུག་མོ་ཚེ་རིང་ལོ་ ༢༣ ཡིན་འདུག
ཕྱི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་དང་རེབ་གོང་རྫོང་གི་ལས་བྱེད་མི་སྣ་མདོ་བ་ཞང་ཐོག་ཏུ་ཡོང་སྟེ། ཕྱི་ཚེས་ ༧ ཉིན་རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོ་དང་ཕྱི་ཚེས་ ༨ ཉིན་དཔའ་བོ་སྐལ་བཟང་སྦྱིན་པ་རྣམ་གཉིས་ཀྱིས་མེར་སྲེག་བཏང་དགོས་པའི་རྒྱུ་མཚན་དང་། ཕྱི་ཕྱོགས་ནས་ངན་སྐུལ་བྱས་ཡོད་མེད། རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་ཚུལ་སོགས་དྲིལ་བསྒྲགས་བྱས་པ་དང་། ཕྱི་ཚེས་ ༡༢ ཉིན་ལའང་རྒྱ་དམར་དབུས་གཞུང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་བྱེད་རླངས་འཁོར་བདུན་ཡོང་སྟེ། ས་གནས་སྡེ་དཔོན་དང་འབྲེལ་ཡོད་ཁག་འབོད་འགུགས་ཀྱིས་གཏམ་བཤད་སྤེལ་བཞིན་པའི་སྐབས་དེར་རྒྱལ་གཅེས་པ་སྙིང་དཀར་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད་འདུག ཕྱི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་དང་རེབ་གོང་༼ཐུན་རིན་༽རྫོང་གི་ལས་བྱེད་ཁག་གཅིག་ཡོང་སྟེ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུ་རྐྱེན་དང་། ད་དུང་མུ་མཐུད་འདི་འདྲ་ཡོང་གི་ཡོད་མེད། མང་ཚོགས་ནང་བསམ་ཚུལ་ག་རེ་ཡོང་གི་ཡོད་མེད། ས་གནས་ལས་བྱེད་པའི་ནང་ལ་བསམ་ཚུལ་ག་རེ་ཡོད་སོགས་དྲིས་སྐབས། རྒྱ་གཞུང་གི་ལས་ཀ་བྱས་ཏེ་ལོ་ ༡༥ ཕྱིན་ཞིང་། ད་ལྟའི་མདོ་བ་སྒྲོ་རོང་པོ་སྡེ་བའི་ཧྲུའི་ཅི་སྟག་ལྷ་ཞུ་བས་བརྗོད་དོན། མང་ཚོགས་ནང་ལ་བསམ་ཚུལ་ག་རེ་ཡོད་མེད་ཤེས་མ་སོང་། ངའི་བསམས་ན་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་དང་གསོལ་བ་སྨོན་ལམ་བཏབ་མི་ཆོག་པ། ༸གོང་ས་མཆོག་ཕྱི་ལོགས་སུ་ཕུད་དེ་བོད་ནང་ཕེབས་བཅུག་གི་མེད་པ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཙོན་ཁང་དུ་བཀག་པ། བོད་ལ་རང་དབང་མེད་པ་བཅས་ལ་བརྟེན་ནས་རང་ལུས་མེར་སྲེག་བཏང་དགོས་པ་འདི་ལ་ཐུག་པ་རེད། ཅེས་དྲི་བ་འདོན་མཁན་ལ་ལན་འདེབས་བྱས་ཡོད་འདུག་ལ། ས་གནས་བོད་རིགས་མི་མང་གིས་ཁོང་གིས་བརྗོད་པའི་བསམ་ཚུལ་ལ་ཧ་ལས་ཏེ། ལས་བྱེད་ཅིག་གིས་དེ་ལྟར་བཤད་ཐུབ་པའི་ཁོང་གི་བློ་ཁོག་ལ་བསྟོད་བསྔགས་བྱས་ཡོད་འདུག གཞན་ཡང་། ས་གནས་བོད་མི་གཞན་ཞིག་ལ་སྐད་ཆ་དྲིས་པར། ཁོང་གིས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་ནི་རེབ་གོང་(ཐུན་རིན་)རྫོང་གི་དམར་ཤོག་དྲུང་ཆེ་ཅཱང་ཧྲུའུ་ཁྲིན་༼Jiang Shucheng ༽གྱིས། ཉེ་ལམ་མདོ་བ་ཤང་ཐོག་ཏུ་ཡོང་སྟེ་༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་གནས་ཚུལ་འདི་བྱུང་བ་རེད།” ཅེས་བརྗོད་ཡོད།
Last Words:
རྒྱལ་གཅེས་པ་ཁོང་གིས་ཁ་ཆེམས་ཡི་གེར། ༸རྒྱལ་བ་པཎ་ཆེན་རྣམ་གཉིས་གཙོ་བོར་མཛད་པའི་བོད་མི་ས་ཡ་དྲུག་ལ། བོད་རང་དབང་དགོས། བོད་རང་བཙན་དགོས། བོད་ཡིག་སློབ་རྒྱུའི་རང་དབང་དགོས། ཕ་སྐད་བཤད་རྒྱུའི་རང་དབང་དགོས། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་བྱེད་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ཡིན། ཕ་བཀྲ་ཤིས་རྣམ་རྒྱལ་གཙོ་བོརགྱུར་བའི་བཟའ་མི་ཡོངས་ཀྱིས་སེམས་ཁུར་དང་སྡུག་བསྔལ་བྱེད་མི་དགོས། དཀར་པོ་ཆོས་ལ་དད་རྒྱུ། དགེ་བའི་ལམ་ལ་ཞུགས་རྒྱུ་མཁྱེན། བདག་གི་རེ་བ་ནི། བོད་མི་ས་ཡ་དྲུག་གིས་བོད་ཡིག་སློབ་རྒྱུ། ཕ་སྐད་བཤད་རྒྱུ། བོད་ལྭ་གོན་པ། མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་མཁྱེན། ཞེས་སྙིང་དཀར་བཀྲ་ཤིས་ནས། ”ཞེས་བཀོད་ཡོད་འདུག
མགོན་པོ་ཚེ་རིང་།
མགོན་པོ་ཚེ་རིང་།
མགོན་པོ་ཚེ་རིང་།
གནས་ཚུལ་བྱུང་ཚེས། -
November 10, 2012
རྟགས། -
Male
ས་གནས། -
ཁྱུང་རུ་ཐང་ངམ་བཤད་སྒྲུབ་བསྟན་དར་དགོན་པ་གླིང་།
ལོ། -
19
མ་མིང། -
སྙིང་ལོ།
ཕ་མིང། -
བཀྲ་ཤིས་བསོད་ནམས།
སྐྱེས་ཡུལ། -
བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་སྨད་དམ་ཀླུ་ཤོད་སྐེད་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༡༠ ཉིན་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་སྨད་དམ་ཀླུ་ཤོད་སྐེད་སྡེ་བ་ནས་ཕ་མིང་བཀྲ་ཤིས་བསོད་ནམས་རང་ལོ་ ༤༢ ཡིན་པ་དང་། མ་མིང་སྙིང་ལོ་(མ་སྙིང་ལོ་ནི་ཁོང་ལོ་གསུམ་ཡིན་སྐབས་ཚེ་འདས་སུ་གྱུར་བས་མ་གཡར་མགོན་པོ་སྐྱིད་རང་ལོ་ ༤༠ ཡིས་ལྟ་སྐྱོང་འོག་ནར་སོན་) པའི་བུ་མགོན་པོ་ཚེ་རིང་གིས་ཀླུ་ཤོད་ཁྱུང་རུ་ཐང་དགོན་པ་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་ཏེ་སྐུ་གྲོངས་པའི་གནས་ཚུལ་བྱུང་འདུག ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦།༣༠ ཙམ་དུ་དགོན་པར་མཆོད་མཇལ་དུ་འགྲོ་ཚུལ་བརྗོད་ཅིང་སྦག་སྦག་བཞོན་ནས་སྐེད་སྡེ་བའི་རང་ཁྱིམ་དང་བྲལ་ཏེ་སྤྱི་ལེ་ ༡༥ མཚམས་སུ་ཡོད་པའི་ཀླུ་ཤོད་དགོན་བཤད་སྒྲུབ་བསྟན་དར་གླིང་དུ་ཕྱིན། དེ་ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༢།༢༣ ཙམ་དུ་འིཁྱུང་རུ་ཐང་ངམ་བཤད་སྒྲུབ་བསྟན་དར་དགོན་པ་གླིང་དུ་རང་ལུས་མེ་སྲེག་བཏང་སྟེ། མི་རིགས་རང་དབང་དགོས། སྐད་ཡིག་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་དགོས། ཞེས་སྐད་ཤུགས་ཆེན་པོས་ཡང་ཡང་སྐད་འབོད་གནང་འདུག་ལ། སྐབས་དེར་ཕྱོགས་སོ་སོ་ནས་དགེ་འདུན་པ་མང་པོ་ཞིག་དེར་ཕེབས་ཏེ་མེ་གསོད་ཐབས་གནང་ཡོད་ཀྱང་མེ་འབར་ཤུགས་ཆེ་དྲགས་པས་ནུས་པ་ཆེས་ཆེར་མ་བྱུང་བར། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤།༤༣ ཙམ་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ཁོང་གི་སྐུ་ཕུང་དགོན་པ་ནས་སྐེད་སྡེ་བར་གདན་འདྲེན་ཞུས་ཏེ་དགེ་འདུན་པ་རྣམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་ཡོད་འདུག རྒྱལ་གཅེས་པ་མགོན་པོ་ཚེ་རིང་ལགས་ནི་ད་ལྟ་རང་ལོ་ ༡༩ ཡིན་པ་དང། རང་ལོ་༡༡ ནས་ཀླུ་ཤོད་སློབ་ཆུང་དུ་ཞུགས་ཏེ་གཙོས་བོད་རིགས་སློབ་འབྲིང་གི་འབྲིང་རིམ་འཛིན་གྲྭ་གཉིས་པ་བར་དུ་སློབ་གཉེར་གནང་ཞིང་། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུའང་སློབ་མ་མིག་དཔེ་ཅན་ཞིག་དང་རྒྱུགས་འབྲས་རྩེ་ཕུད་ཀྱི་བྱ་དགའ་ཡང་ཐེངས་མང་ཐོབ་མྱོང་བ་ཞིག་ཡིན། ཁོང་ནི་དུས་རྒྱུན་དུ་ཡ་རབས་ཀྱི་གཤིས་ཀ་ལྡན་པ་ཞིག་ཡིན་པར་མ་ཟད། སློབ་གྲྭའི་རྩེད་རིགས་སོགས་རིག་རྩལ་གྱི་ཁྲོད་དུའང་ཐེངས་མང་ཞུགས་མྱོང་ཡོད། ཕྱིས་སུ་ཕྱི་ལོ་ ༢༠༡༡ ལོའི་ལོ་མཇུག་ཏུ་ཁྱིམ་ཐབ་བཟུང་སྟེ་ཆུང་མ་འབྲུག་མོ་ཕྱུག་དང་གཉེན་སྒྲིག་གནང་འདུག སློབ་གྲྭར་མུ་མཐུད་འགྲོ་མ་ཐུབ་ཀྱང་། ཁོང་གིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་རང་སྡེ་བའི་ནང་ནས་སློབ་གསོ་དང་འབྲེལ་བའི་ཁ་ཤགས་སྒྱུ་རྩལ་གྱི་འཁྲབ་སྟོན་གནང་ཡོད་པར་མི་མང་སེམས་འགུལ་ཐེབས་པ་བྱུང་འདུག །
སྐལ་བཟང་སྦྱིན་པ།
སྐལ་བཟང་སྦྱིན་པ།
སྐལ་བཟང་སྦྱིན་པ།
གནས་ཚུལ་བྱུང་ཚེས། -
November 8, 2012
རྟགས། -
Male
ས་གནས། -
རེབ་གོང་རོང་བོ་དགོན་ཆེན་གྱི་འདུ་ཁང་གི་འཆམ་རའི་ནང་།
ལོ། -
18
མ་མིང། -
བདེ་མཆོག་སྐྱིད།
ཕ་མིང། -
གཅོད་པ།
སྐྱེས་ཡུལ། -
རེབ་གོང་མདོ་བ་ཞང་ལྡེང་ངེ་འབྲོག་སྡེ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༨ ཉིན་རེབ་གོང་མདོ་བ་ཞང་ལྡེང་ངེ་འབྲོག་སྡེ་ནས་ཡིན་པ་སྦྱིན་པ་ལགས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག
དེ་ཡང་དེ་རིང་ཕྱི་ཚེས་ ༨ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༤།༠༠ ཙམ་དུ་རེབ་གོང་མདོ་བ་ཞང་ལྡེང་ངེ་འབྲོག་སྡེའི་རང་ལོ་ ༡༨ ཡིན་པའི་སྐལ་བཟང་སྦྱིན་པ་ལགས་ཀྱིས། རེབ་གོང་རོང་བོ་དགོན་ཆེན་གྱི་འདུ་ཁང་གི་འཆམ་རའི་ནང་ནས་ལུས་ལ་སྣུམ་བླུགས་ཏེ་རང་ལུས་མེར་སྲེག་བཏང་རྗེས་སྐད་འབོད་བྱེད་བཞིན་ཕྱིར་སྒྲོལ་མ་ཐང་ཆེན་ཕྱོགས་སུ་བརྒྱུགས་བཞིན་པར་འདས་གྲོངས་སོང་བའི་གནས་ཚུལ་ཐོན་འདུག
དེ་ཉིན་རེབ་གོང་མདོ་བ་ཞང་ཁོངས་སུ་རྟ་མགྲིན་མཚོ་ལགས་ནས་རང་ལུས་མེར་སྲེག་རྗེས་མདོ་བ་ཞང་སློབ་ཆུང་གི་སློབ་ཕྲུག་ཚོས་ངོ་རྒོལ་སྐད་འབོད་བྱས་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། དེ་རིང་སླར་ཡང་མདོ་བ་ཤང་སློབ་ཆུང་གི་སློབ་ཕྲུག་ཚོས་སློབ་གྲྭའི་ནང་བཙུགས་པའི་དར་དམར་ཕབ་སྟེ་ངོ་རྒོལ་སྐད་འབོད་བྱས་པ་མ་ཟད། མདོ་བ་ཞང་ཐོག་ཏུ་བཙུགས་པའི་དར་དམར་ཡང་ཕབ་སྟེ་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་ཡོད་པར་བརྟེན་སློབ་གྲྭས་ཁྱིམ་བདག་ལ་ཕྲུ་གུ་ནང་དུ་ལེན་དགོས་པའི་བརྡ་ཐོ་བཏང་ཡོད་འདུག དེ་ཉིན་སྐལ་བཟང་སྦྱིན་པ་ལགས་ནས་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་རྗེས་རོང་བོ་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་སྐུ་ཕུང་གདོང་རྒྱལ་ཀླད་དུ་གདན་འདྲེན་ཞུས་ཡོད་འདུག་ལ། སྐབས་དེར་བོད་མི་སེར་སྐྱ་སྟོང་ཕྲག་ཁ་ཤས་འཛོམས་ཡོད་འདུག་པ་དང་། སྐབས་དེར་ས་གནས་སུ་དམ་དྲག་ཆེན་པོ་ཡོད་པ་མ་ཟད། དྲག་ཆས་ཉེན་རྟོག་པའི་རླངས་འཁོར་ཆེ་གྲས་ཁག་བདུན་ཙམ་མདོ་བ་ཤང་ཕྱོགས་སུ་དྲག་གནོན་ཆེད་འབྱོར་ཡོད་འདུག སྐལ་བཟང་སྦྱིན་པ་ལགས་ཀྱི་ཕ་མིང་ལ་གཅོད་པ་དང་། མ་མིང་ལ་བདེ་མཆོག་སྐྱིད་འབོད་ཀྱི་ཡོད་འདུག ཁོང་ལ་སྤུན་མཆེད་བུ་གསུམ་དང་བུ་མོ་གཅིག་བཅས་སྤུན་བཞི་ཡོད་འདུག།།
ཚེ་རྒྱལ།
ཚེ་རྒྱལ།
ཚེ་རྒྱལ།
གནས་ཚུལ་བྱུང་ཚེས། -
November 7, 2012
རྟགས། -
Male
ས་གནས། -
པད་དཀར་ཤང་།
ལོ། -
27
སྐྱེས་ཡུལ། -
ཁམས་ནགས་ཤོད་འབྲི་རུ་རྫོང་པད་དཀར་ཤང་སྟེང་སེར་གྲོང་།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཁམས་ནགས་ཤོད་འབྲི་རུ་རྫོང་ཁོངས་སུ་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་རང་ལུས་མེར་སྲེག་གཏོང་གནང་མཁན་ཚེ་རྒྱལ་ལགས་འདས་གྲོངས་སུ་གྱུར་འདུག ཚེ་རྒྱལ་ལགས་ནི་ད་ལྟ་རང་ལོ་ ༢༧ ལ་སོན་གྱི་ཡོད་འདུག་པ་དང་། ཁམས་ནགས་ཤོད་འབྲི་རུ་རྫོང་པད་དཀར་ཤང་སྟེང་སེར་གྲོང་ནས་ཡིན་ཅིང་། ཁོང་ནས་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༧ ནས་ ༨ བར་ལ་པད་དཀར་ཤང་དུ་རང་ལུས་མེར་སྲེག་བཏང་ཡོད་འདུག སྐབས་དེར་རྒྱ་གཞུང་གིས་བཙན་ཁྲིད་བྱས་རྗེས་བཙོན་འཇུག་བྱས་ཡོད་འདུག་པ་དང་། ཕྱི་ཚེས་ ༧ ནས་ ༡༨ བར་ནག་ཆུ་ས་གནས་བཙོན་ཁང་དུ་སྨན་བཅོས་གང་ཡང་མ་བྱས་པར་བརྟེན། ཕྱི་ཚེས་ ༡༨ ཀྱི་མཚན་མོར་འདས་གྲོངས་སུ་གྱུར་ཡོད་འདུག ཁོང་ལ་ཕྲུ་གུ་གཉིས་ཡོད་པའི་ནང་ཆེ་བ་ལོ་༢ དང་ཆུང་བ་ཟླ་ ༨ ཙམ་ཡིན་འདུག་པ་བཅས།།
རྡོ་རྗེ་སྐྱབས།
རྡོ་རྗེ་སྐྱབས།
རྡོ་རྗེ་སྐྱབས།
གནས་ཚུལ་བྱུང་ཚེས། -
November 7, 2012
རྟགས། -
Male
ཁུངས། -
སྔོ་ཤུལ་རྨེའུ་སྐྱོང་སྡེ་བ།
ས་གནས། -
རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ།
ལོ། -
16
ཕ་མིང། -
ཚེ་རིང་དོན་གྲུབ།
སྐྱེས་ཡུལ། -
སྔོ་ཤུལ་རྨེའུ་སྐྱོང་སྡེ་བ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༣ ཡས་མས་ཤིག་ལ་བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་རྡོ་རྗེ། རང་ལོ་ ༡༥། ཕ་མིང་ལ་ཚེ་རིང་དང་། མ་མིང་ལ་གངས་དཀར་(ལོ་སྔོན་མར་གྲོངས་ཟིན་འདུག་)ཡིན་པ་ཁོང་དང། དེ་བཞིན་སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་བསམ་འགྲུབ
རང་ལོ་ ༡༦། ཕ་མིང་ལ་བསོད་དར་དང། མ་མིང་པ་སངས་ཡིན་པ་ཁོང་དང་། ཡང་སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་རྡོ་རྗེ་སྐྱབས། རང་ལོ་ ༡༦། ཕ་མིང་ལ་ཚེ་རིང་དོན་གྲུབ་ཡིན་པ་ཁོང་གསུམ་གྱིས་རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། ཞེས་ཞི་རྒོལ་སྐད་འབོད་གནང་ཡོད་པ་དང་། དུས་ཐུང་ནང་ས་གནས་ཀྱི་ཉེན་རྟོག་པ་སོགས་འབྱོར་ཡོད་ཀྱང། ད་ལྟ་བར་དུ་གནས་ཚུལ་འབྱོར་གསལ་ལྟར་ན་རང་ལོ་ ༡༥ ཡིན་པའི་དགེ་འདུན་པ་རྡོ་རྗེ་ལགས་དེ་མ་ཐག་སྐུ་གྲོངས་ཡོད་ཅིང། བསམ་འགྲུབ་ལགས་དང་རྡོ་རྗེ་སྐྱབས་ལགས་གཉིས་སྐབས་ཐོག་དེར་གྲོངས་མེད་པ་དང་རྔ་པ་རྫོང་སྨན་ཁང་དུ་ཁྱེར་འདུག་ཀྱང་རྗེས་སུ་རྔ་པ་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་ཡོངས་རྫོགས་དམ་བསྒྲགས་བཀག་སྡོམ་ནན་པོ་བྱས་འདུག་པ་མ་ཟད། རྔ་སྟོད་སྒོ་མང་ཞང་དང་སྔོ་ཤུལ་དགོན་པ་སོགས་ལ་དམ་བསྒྲགས་ནན་པོ་བྱེད་མུས་ཡིན་འདུག་པས། རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་བྲལ། རྔ་སྟོད་སྔོ་ཤུལ་དགོན་པ་གྲུབ་མཐའ་དགེ་ལུགས་པ་ཡིན་ཞིང་། དགོན་འདིའི་མིང་ཆ་ཚང་ལ་སྔོ་ཤུལ་དགོན་དགའ་ལྡན་བསམ་གཏམ་གླིང་ཡིན་ཞིང། སྔོ་ཤུལ་དཔོན་སློབ་ངག་དབང་ཡར་འཕེལ་གྱིས་ཕྱག་བཏབ་པ་དང་། དེང་སྐབས་དགེ་འདུན་པ་ཞལ་གྲངས་ ༡༣༠ ཙམ་ཡོད་འདུག རྔ་པ་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་ ༡༢ ལྷག་གི་མཚམས་སུ་ཆགས་ཡོད།།
བསམ་འགྲུབ
བསམ་འགྲུབ
བསམ་འགྲུབ
གནས་ཚུལ་བྱུང་ཚེས། -
November 7, 2012
རྟགས། -
Male
ཁུངས། -
སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་སྔོ་ཤུལ་དགོན།
ས་གནས། -
རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ།
ལོ། -
16
མ་མིང། -
པ་སངས
ཕ་མིང། -
བསོད་དར
འཚོ་ཐབས། -
དགེ་འདུན།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༣ ཡས་མས་ཤིག་ལ་བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་རྡོ་རྗེ། རང་ལོ་ ༡༥། ཕ་མིང་ལ་ཚེ་རིང་དང་། མ་མིང་ལ་གངས་དཀར་(ལོ་སྔོན་མར་གྲོངས་ཟིན་འདུག་)ཡིན་པ་ཁོང་དང། དེ་བཞིན་སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་བསམ་འགྲུབ
རང་ལོ་ ༡༦། ཕ་མིང་ལ་བསོད་དར་དང། མ་མིང་པ་སངས་ཡིན་པ་ཁོང་དང་། ཡང་སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་རྡོ་རྗེ་སྐྱབས། རང་ལོ་ ༡༦། ཕ་མིང་ལ་ཚེ་རིང་དོན་འགྲུབ་ཡིན་པ་ཁོང་གསུམ་གྱིས་རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། ཞེས་ཞི་རྒོལ་སྐད་འབོད་གནང་ཡོད་པ་དང་། དུས་ཐུང་ནང་ས་གནས་ཀྱི་ཉེན་རྟོག་པ་སོགས་འབྱོར་ཡོད་ཀྱང། ད་ལྟ་བར་དུ་གནས་ཚུལ་འབྱོར་གསལ་ལྟར་ན་རང་ལོ་ ༡༥ ཡིན་པའི་དགེ་འདུན་པ་རྡོ་རྗེ་ལགས་དེ་མ་ཐག་སྐུ་གྲོངས་ཡོད་ཅིང། བསམ་འགྲུབ་ལགས་དང་རྡོ་རྗེ་སྐྱབས་ལགས་གཉིས་སྐབས་ཐོག་དེར་གྲོངས་མེད་པ་དང་རྔ་པ་རྫོང་སྨན་ཁང་དུ་ཁྱེར་འདུག་ཀྱང་རྗེས་སུ་རྔ་པ་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་ཡོངས་རྫོགས་དམ་བསྒྲགས་བཀག་སྡོམ་ནན་པོ་བྱས་འདུག་པ་མ་ཟད། རྔ་སྟོད་སྒོ་མང་ཞང་དང་སྔོ་ཤུལ་དགོན་པ་སོགས་ལ་དམ་བསྒྲགས་ནན་པོ་བྱེད་མུས་ཡིན་འདུག་པས། རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་བྲལ། རྔ་སྟོད་སྔོ་ཤུལ་དགོན་པ་གྲུབ་མཐའ་དགེ་ལུགས་པ་ཡིན་ཞིང་། དགོན་འདིའི་མིང་ཆ་ཚང་ལ་སྔོ་ཤུལ་དགོན་དགའ་ལྡན་བསམ་གཏམ་གླིང་ཡིན་ཞིང། སྔོ་ཤུལ་དཔོན་སློབ་ངག་དབང་ཡར་འཕེལ་གྱིས་ཕྱག་བཏབ་པ་དང་། དེང་སྐབས་དགེ་འདུན་པ་ཞལ་གྲངས་ ༡༣༠ ཙམ་ཡོད་འདུག རྔ་པ་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་ ༡༢ ལྷག་གི་མཚམས་སུ་ཆགས་ཡོད།།
རྡོ་རྗེ
རྡོ་རྗེ
རྡོ་རྗེ
གནས་ཚུལ་བྱུང་ཚེས། -
November 7, 2012
རྟགས། -
Male
ས་གནས། -
རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ།
ལོ། -
15
མ་མིང། -
གངས་དཀར།
ཕ་མིང། -
ཚེ་རིང་།
སྐྱེས་ཡུལ། -
མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༣ ཡས་མས་ཤིག་ལ་བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་རྡོ་རྗེ། རང་ལོ་ ༡༥། ཕ་མིང་ལ་ཚེ་རིང་དང་། མ་མིང་ལ་གངས་དཀར་(ལོ་སྔོན་མར་གྲོངས་ཟིན་འདུག་)ཡིན་པ་ཁོང་དང། དེ་བཞིན་སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་བསམ་འགྲུབ
རང་ལོ་ ༡༦། ཕ་མིང་ལ་བསོད་དར་དང། མ་མིང་པ་སངས་ཡིན་པ་ཁོང་དང་། ཡང་སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་རྡོ་རྗེ་སྐྱབས། རང་ལོ་ ༡༦། ཕ་མིང་ལ་ཚེ་རིང་དོན་འགྲུབ་ཡིན་པ་ཁོང་གསུམ་གྱིས་རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། ཞེས་ཞི་རྒོལ་སྐད་འབོད་གནང་ཡོད་པ་དང་། དུས་ཐུང་ནང་ས་གནས་ཀྱི་ཉེན་རྟོག་པ་སོགས་འབྱོར་ཡོད་ཀྱང། ད་ལྟ་བར་དུ་གནས་ཚུལ་འབྱོར་གསལ་ལྟར་ན་རང་ལོ་ ༡༥ ཡིན་པའི་དགེ་འདུན་པ་རྡོ་རྗེ་ལགས་དེ་མ་ཐག་སྐུ་གྲོངས་ཡོད་ཅིང། བསམ་འགྲུབ་ལགས་དང་རྡོ་རྗེ་སྐྱབས་ལགས་གཉིས་སྐབས་ཐོག་དེར་གྲོངས་མེད་པ་དང་རྔ་པ་རྫོང་སྨན་ཁང་དུ་ཁྱེར་འདུག་ཀྱང་རྗེས་སུ་རྔ་པ་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་ཡོངས་རྫོགས་དམ་བསྒྲགས་བཀག་སྡོམ་ནན་པོ་བྱས་འདུག་པ་མ་ཟད། རྔ་སྟོད་སྒོ་མང་ཞང་དང་སྔོ་ཤུལ་དགོན་པ་སོགས་ལ་དམ་བསྒྲགས་ནན་པོ་བྱེད་མུས་ཡིན་འདུག་པས། རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་བྲལ། རྔ་སྟོད་སྔོ་ཤུལ་དགོན་པ་གྲུབ་མཐའ་དགེ་ལུགས་པ་ཡིན་ཞིང་། དགོན་འདིའི་མིང་ཆ་ཚང་ལ་སྔོ་ཤུལ་དགོན་དགའ་ལྡན་བསམ་གཏམ་གླིང་ཡིན་ཞིང། སྔོ་ཤུལ་དཔོན་སློབ་ངག་དབང་ཡར་འཕེལ་གྱིས་ཕྱག་བཏབ་པ་དང་། དེང་སྐབས་དགེ་འདུན་པ་ཞལ་གྲངས་ ༡༣༠ ཙམ་ཡོད་འདུག རྔ་པ་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་ ༡༢ ལྷག་གི་མཚམས་སུ་ཆགས་ཡོད།།
རྟ་མགྲིན་འཚོ།
རྟ་མགྲིན་འཚོ།
རྟ་མགྲིན་འཚོ།
གནས་ཚུལ་བྱུང་ཚེས། -
November 7, 2012
རྟགས། -
Male
ས་གནས། -
གད་དམར་ཐང
ལོ། -
22
མ་མིང། -
དཀོན་མཆོག་འཚོ།
ཕ་མིང། -
རྟ་མགྲིན་སྐྱབས།
སྐྱེས་ཡུལ། -
རེབ་གོང་མདོ་བ་ཞང་སྒྲོ་རོང་པོ་སྡེ་བ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་བོད་ནང་གི་ཆུ་ཚོད་ ༥ དང་ཕྱེ་ཀ་ཙམ་ལ་བོད་མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བའི་རང་ལོ་ ༢༣ ཡིན་པའི་བུད་མེད་རྟ་མགྲིན་འཚོ་ལགས་ཀྱིས་གད་དམར་ཐང་ནས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་གྱུར་འདུག
རྒྱལ་གཅེས་པ་རྟ་མགྲིན་འཚོ་ལགས་ཀྱི་ཕའི་མིང་ལ་རྟ་མགྲིན་སྐྱབས་རང་ལོ་ ༥༠ ཡིན་པ་དང། མའི་མིང་ལ་དཀོན་མཆོག་འཚོ་རང་ལོ་ ༤༤ ཡིན་འདུག འདས་པོ་ཁོང་ལ་བྱིས་པ་ལོ་ ༥ ཅན་ཞིག་ཡོད་པའི་མིང་ལ་སྙིང་བྱམས་ཚེ་རིང་ཡིན་པ་དང་། དེ་མིན། ཁོ་མོར་མིང་སྲིང་གཉིས་ཡོད་པ་ལས་ནུ་བོ་ལྷ་མོ་སྐྱབས་ལོ་ ༢༠ དང་། ནུ་མོ་རི་ལངས་མཚོ་ལོ་ ༡༡ ཡིན་འདུག རྒྱལ་གཅེས་པ་རྟ་མགྲིན་འཚོ་ལགས་ཀྱིས་མེར་སྲེག་བཏང་བའི་གནས་ཚུལ་ཁྱབ་མ་ཐག དགོང་དྲོར་ས་རུབ་ཡོད་ནའང་འདབས་འབྲེལ་གྱི་མི་མང་སུམ་སྟོང་བརྒལ་བ་གད་དམར་ཐང་ལ་འཛོམས་ནས་ཀི་ལྡིར་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། ཞེས་སྐད་འབོད་བྱས་ཡོད་པ་དང། དེ་ཉིན་གཅིག་པུར་ས་ཐག་ཉེ་རིང་གང་སའི་དགོན་སྡེ་དང་གྲོང་སྡེ་མང་པོ་ནས་མི་མང་མྱ་ངན་གུས་འདུད་དང། གདུང་སེམས་མཉམ་སྐྱེ་ཞུ་བར་འབྱོར་དང་འབྱོར་མུས་ཡིན་པ་དང་། རླངས་འཁོར་སུམ་བརྒྱ་བརྒལ་བ་གད་དམར་ཐང་དུ་འཛོམས་ཡོད་འདུག ཉེ་བའི་ཟླ་ཤས་གོང་ནས་ཁོ་མོས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དཔའ་བོ་དཔའ་མོ་དག་གི་ཆེད་དུ་དམིགས་ཏེ། མ་ཎི་གསོག་སྒྲུབ་དང། སྨྱུང་གནས་སྡོམ་པ་སྲུང་བ། མཆོད་མེ་འབུལ་བ་སོགས་དགེ་སྒྲུབ་ལ་འབད་ཡོད་འདུག རྒྱལ་གཅེས་པ་རྟ་མགྲིན་འཚོའི་སྐྱེས་ཡུལ་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བ་ནི་མདོ་བ་ཞང་ནས་ཀི་ལོ་མི་ཊར་ ༡༥ མཚམས་ཀྱི་གད་དམར་ཐང་ཞེས་པའི་འབྲོག་ཁུལ་དེ་ཡིན་སྟབས། ཁོང་མོས་རང་ལུས་མེར་སྲེག་གི་གནས་ཚུལ་དེ་བྱུང་པའི་རྗེས། སྐབས་དེར་དམ་བསྒྲགས་སོགས་ཀྱི་གནས་ཚུལ་རིགས་བྱུང་མི་འདུག ཡིན་ནའང་། གད་དམར་ཐང་ནི་རེབ་གོང་མདོ་བ་སྒྲོ་རོང་པོའི་ས་དཀྱིལ་ཡིན་ལ། དེར་སློབ་གྲྭ་དང་ཚོང་ཁང་སོགས་ཡོད་སྟབས། འབྲོག་ཁུལ་དེའི་མི་རྣམས་འདུ་ཡུལ་ཆེ་ཤོས་ཀྱི་ས་གནས་ཤིག་ཆགས་ཡོད་འདུག
རྡོ་རྗེ་ལྷུན་གྲུབ།
རྡོ་རྗེ་ལྷུན་གྲུབ།
རྡོ་རྗེ་ལྷུན་གྲུབ།
གནས་ཚུལ་བྱུང་ཚེས། -
November 4, 2012
རྟགས། -
Male
ས་གནས། -
རེབ་གོང་ཁུལ་གྱི་རོང་བོ་རྒྱལ་ཐང་གྲོང་ཁྱེར་གྱི་ནུབ་ཕྱོགས།
ལོ། -
25
མ་མིང། -
ཤོ་བོ་གཡང་མོ།
ཕ་མིང། -
འབྲུག་མཐར་རྒྱལ།
སྐྱེས་ཡུལ། -
རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ
འཚོ་ཐབས། -
ལྷ་བྲིས།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༤ ཉིན་བོད་ནང་གི་སྔ་དྲོའི་ཚོུད་ ༡༠ དང་ཕྱེད་ཀ་ཙམ་ལ་རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ན་ཡིན་པ་དགུང་ལོ་ ༢༥ ལ་སོན་པའི་རྒྱལ་གཅེས་པ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེ་སྲེག་བཏང་བ་དང་ལྷན་བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། ངའི་རེ་བ་འགྲུབ་སོང་ཞེས་མེ་ཕུང་དཀྱིལ་ནས་སྐད་འབོད་གནང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག
རྒྱལ་གཅེས་པ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རེབ་གོང་ཁུལ་གྱི་རོང་བོ་རྒྱལ་ཐང་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་རང་ལུས་མེར་སྲེག་བཏང་བ། རྒྱ་ལམ་ཐོག་བསྐྱོད་མཁན་ཚོས་གནས་ཚུལ་དེ་མཐོང་རྗེས་ཁོང་གི་སྐུ་ཕུང་རྒྱ་མིའི་ལག་ཏུ་མ་ཤོར་བ་བྱས་ཏེ་བདག་ཉར་བྱས་ཡོད་ཅིང༌། དེ་རྗེས་རོང་བོ་དགོན་པའི་དགེ་འདུན་པས་གཙོས་བོད་མི་མང་པོ་འདུ་འཛོམས་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་མི་དམངས་ཀྱིས་གདུང་སེམས་ཉམས་སྐྱེ་ཞུས་པ་མ་ཟད། སྐུ་ཕུང་རེབ་གོང་རོང་བོ་དགོན་པའི་རྒྱབ་རིའི་སྤང་ཤོངས་གདོང་རྒྱལ་གླད་དུ་གདན་དྲངས་ཏེ། ཕྱི་དྲོའི་ཆུ་ཚོད་ ༢།༣༠ ཐོག་དགེ་འདུན་པས་སྨོན་ལམ་གསུང་འདོན་དང་མང་ཚོགས་ནས་མ་ཎི་གསོག་སྒྲུབ་གནང་བཞིན་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་རེད།
རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་ཐོན་རྗེས་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མིས་རྒྱ་ལམ་ཐོག་སྐོར་གཡེང་བྱེད་པ་སོགས་དམ་བསྒྲགས་བྱེད་འགོ་བཙུགས་ཡོད་ཀྱང༌། སྐུ་ཕུང་ཞུགས་འབུལ་བྱེད་ཡུལ་དུ་གདན་ཞུ་བྱེད་པའི་སྐབས་དང། དངོས་གཞི་སྐུ་ཕུང་ཞུགས་འབུལ་སྐབས་མི་དམངས་འཛིན་བཟུང་བྱས་པ་དང༌། ཉེས་རྡུང་བཏང་བ། དྲག་གནོན་བྱས་པའི་གནས་ཚུལ་བྱུང་མེད་ཀྱང། དོན་རྐྱེན་དེའི་སྐོར་ཕྱི་ཕྱོགས་སུ་ཤོད་མི་ཆོག་པའི་བཀོད་ཁྱབ་བཏང་བའི་ཁར་དེ་ཉིན་དྲ་རྒྱའི་བརྒྱུད་ལམ་ཡོང་རྫོགས་བཀག་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་རྒྱུར་བཀག་འགོག་བྱས་འདུག རྡོ་རྗེ་ལྷུན་གྲུབ་ལགས་ནི་ལྷ་བྲིས་སྒྱུ་རྩལ་གྱི་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་ཁོང་གི་ཤུལ་ལུས་སུ། དགུང་ལོ་ ༥༠ ཕེབས་པའི་ཕ་འབྲུག་མཐར་རྒྱལ་ལགས་དང༌། དགུང་ལོ་ ༤༤ ཕེབས་པའི་མ་ཤོ་བོ་གཡང་མོ་ལགས། དེ་བཞིན་དགུང་ལོ་ ༢༦ ལ་ཕེབས་པའི་བཟའ་ཟླ་གཡང་མོ་མཚོ་ལགས་དང༌། ལོ་བཞི་ལ་སོན་པའི་བུ་ཀུན་བཟང་རྡོ་རྗེ་དང༌། ལོ་ ༢ ལ་སོན་པའི་བོུ་བསྟན་འཛིན་སྒྲོལ་མ་བཅས་ཡོད་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕྱི་ཟླ་ ༡༡ པའི་ཚེས་ ༢ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དབུ་ཁྲིད་ནས་རྒྱ་ནག་གཞུང་ལ། བོད་ནང་དུ་རང་ལུས་མེ་སྲེག་གཏོང་བའི་ཛ་དྲག་གི་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་གནང་འདུག་པ་བཅས།
ཐུབ་དབང་སྐྱབས།
ཐུབ་དབང་སྐྱབས།
ཐུབ་དབང་སྐྱབས།
གནས་ཚུལ་བྱུང་ཚེས། -
October 26, 2012
རྟགས། -
Male
ས་གནས། -
བསང་ཁོག་ཡུལ་ཚོ།
ལོ། -
23
མ་མིང། -
ཀླུ་མོ་བྱམས།
སྐྱེས་ཡུལ། -
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་བྲང་བསང་ཆུ་རྫོང།
འཚོ་ཐབས། -
འབྲོག་ལས།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ ཉིན་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༨ ཙམ་ལ་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་རུ་མང་ཡུལ་ཚོའི་མ་ཀླུ་མོ་བྱམས་ཀྱི་བུ་གསེར་ཁྲི་སྡེ་བའི་མགོན་པོ་སྐྱབས་ཚང་གི་མག་པར་ཕྱིན་པ་རང་ལོ་ ༣༢ སོན་པའི་ཐུབ་དབང་སྐྱབས་ལགས་ཀྱིས་བསང་ཁོག་ཡུལ་ཚོའི་ཀུང་ཧྲེ་རྙིང་པའི་རླངས་འཁོར་འབབ་ཚུགས་སུ་" ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་དུ་འཇུག་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས " ཞེས་འབོད་ཚིག་སྒྲོགས་ཤིང། རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ཁོང་འདས་གྲོངས་སུ་གྱུར་རྗེས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ས་གནས་མང་ཚོགས་ཀྱིས་བསང་ཁོག་གསེར་ཁྲིའི་རུ་ཁག་བཞི་བའི་རང་ཁྱིམ་དུ་གདན་འདྲེན་ཞུས་ཐུབ་ཡོད་པར་མ་ཟད། མི་མང་མང་པོ་འདུ་འཛོམས་ཀྱིས་ཁོང་གི་སྐུ་ཕུང་སྲུང་ཡོད་པ་དང་། ས་གནས་དེར་དམག་མི་དང་ཉེན་རྟོག་པ་མང་བོ་འབྱོར་ནས་མི་མང་ལ་འཇིགས་སྐུལ་དང་དམ་བསྒྲགས་བྱས་ཡོད་འདུག ཐུབ་དབང་སྐྱབས་ལགས་ནི་བླ་བྲང་བསང་ཁོག་རུ་མང་རུ་ཁག་གཉིས་པའི་མི་ཡིན་པ་དང་། བུ་སྤུན་ཆེ་བ་མིང་ལ་བཀྲ་ཤིས་དོན་འགྲུབ་ཟེར་བ་དང་། མག་པར་སོང་ནས་ལོ་གཅིག་མ་ཟིན་ཙམ་ཕྱིན་ལ་བཟའ་ཟླའི་མིང་ལ་རྡོ་རྗེ་སྒྲོལ་མ་ཟེར་བ་ད་ལོར་རང་ལོ་ ༡༨ ཡིན་འདུག
ཟླ་དེའི་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ Hong Lei's ཟེར་བས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། "བོད་ནང་རང་ལུས་མེར་སྲེག་གི་རྒྱུ་རྐྱེན་ཏཱ་ལའི་ཕྱོགས་ཁག་ལ་ཐུག་ཡོད་པ་དང་། ཕྱོགས་ཁག་དེས་རྒྱལ་ཁབ་ཁ་བྲལ་གྱི་དམིགས་ཡུལ་བཟུང་ནས། བོད་ནང་གི་བོད་མི་ཚོར་རང་ལུས་མེར་སྲེག་གཏོང་དགོས། ཞེས་སྐུལ་མ་བྱེད་ཀྱི་ཡོད།" ཅེས་གཞི་རྩ་དང་དཔང་རྟགས་གང་ཡང་མེད་པར་གཞི་མེད་ཀྱི་སྐྱོན་བརྗོད་བྱས་ཡོད།།
ལྷ་མོ་ཚེ་བརྟན།
ལྷ་མོ་ཚེ་བརྟན།
ལྷ་མོ་ཚེ་བརྟན།
གནས་ཚུལ་བྱུང་ཚེས། -
October 26, 2012
རྟགས། -
Male
ས་གནས། -
བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་དམག་ཁང་།
ལོ། -
24
མ་མིང། -
གཟུངས་འདུས་འཚོ།
ཕ་མིང། -
གནམ་ཕྱུག་ཚེ་རིང་།
སྐྱེས་ཡུལ། -
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༢།༣༠ ཙམ་ལ་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་སྐེད་སྡེ་པའི་ཕ་གནམ་ཕྱུག་ཚེ་རིང་དང། མ་གཟུངས་འདུས་སྐྱིད་གཉིས་ཀྱི་བུ་རང་ལོ་ ༢༤ ལ་སོན་པའི་ལྷ་མོ་ཚེ་བརྟན་ལགས་ཀྱིས་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་དམག་ཁང་དང་ཁྲིམས་ཁང་གི་མདུན་དུ་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་ཆེད་ཉིན་དེར་ཨ་མཆོག་གྲོང་བརྡལ་གྱི་ཁྲོམ་རར་བསྐྱོད་དེ། གྲོགས་པོ་འགའ་དང་མཉམ་དུ་ཟ་ཁང་ཞིག་ནས་ཟ་མ་ཟོས་རྗེས་ཕྱི་རོལ་གྱི་སྨན་ཁང་ཞིག་ཏུ་ཕྱིན་ནས་ཁྲོམ་དུ་ཕྱིན་ཏེ་རིང་པོ་མ་སོང་བར་ཀི་སྒྲ་ཞིག་དང་མཉམ་དུ་རང་ལུས་མེར་སྲེག་བཏང་སྟེ་མེ་ལྕེ་འུར་འུར་དུ་འབར་ཞིང་སྐད་ཤུགས་ཆེན་པོས། "༸རྒྱལ་བ་རིན་པོ་ཆེ་བོད་ཡུལ་ལ་ཕེབས་དགོས། བོད་ལ་རང་དབང་དགོས།" ཞེས་མདུན་ཕྱོགས་སུ་ཤུགས་ཀྱིས་རྒྱུགས་ཏེ། རིང་བོ་མ་ཕྱིན་པར་གྲོང་བརྡལ་གྱི་ཁྲིམས་ཁང་མདུན་ཐད་ནས་འགྱེལ་ཞིང། སྐབས་དེར་ཉེན་རྟོག་པ་དང་དམག་མི་ཕོན་ཆེ་འབྱོར་བ་རྣམས་ཀྱིས་དམ་བསྒྲགས་ཤུགས་ཆེ་བྱས་ཀྱང་། བོད་པ་སེར་སྐྱ་མི་མང་གིས་ཁོང་མཐའ་བསྐོར་ཏེ་མེར་སྲེག་གཏོང་སར་ཡོང་དུ་བཅུག་མེད་པར་མ་ཟད། ལུས་སྨད་འཚིགས་ནས་རིང་མོ་ཞིག་ཕྱིན་ཡོད་ནའང་མུ་མཐུད་དུ་ལག་གཉིས་ཐལ་མོ་སྦྱར་ཏེ། "༸རྒྱལ་བ་རིན་པོ་ཆེ་བོད་ཡུལ་ལ་ཕེབས་དགོས།བོད་ལ་རང་དབང་དགོས"། ཞེས་ཡང་དང་བསྐྱར་དུ་ཟློས་ཤིང་རྗོད་བཞིན་རིམ་གྱིས་དབུགས་སྒྲ་ཉམས་ནས་མེ་ཤུགས་ཀྱང་ཞི་ཞིང་འཇགས་པར་གྱུར་ཏེ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ཁོང་གི་མཐའ་འཁོར་ཡོངས་སུ་མི་མང་དང་དགེ་འདུན་པས་འཚང་ག་ཤིག་ཤིག་ཏུ་བྱེད་པ་དང་། ཁོང་ཚོ་ཡང་གདུང་སེམས་དང་ཁོང་ཁྲོ་དུས་གཅིག་ཏུ་ལངས་བཞིན་སྐུ་ཕུང་སྲུང་སྐྱོབ་དང་གདན་འདྲེན་ཞུ་འགོ་བཙུགས་ཏེ། ཐོག་མར་སྐུ་ཕུང་ཕྱིང་ཐུལ་ཞིག་ཏུ་བཏུམས་ཤིང་དེའི་སྟེང་དུ་གོས་སེར་པོ་ཞིག་གིས་གཡོགས་ཏེ།རླངས་འཁོར་དང་འཕྲུལ་རྟ་མང་པོའི་བསུ་མ་དང་བཅས་རང་ཁྱིམ་སྐེད་སྡེ་བར་གདན་འདྲེན་ཞུས་ཐུབ་འདུག ཁོང་གིས་གྲོགས་པོ་ཞིག་ལ་དེ་རིང་ཁོ་བོས་མེ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པས། ངའི་ཕུང་པོ་ལེན་དུ་ཡོང་རོགས་ཞེས་གསུངས་པར་ཡང་བཤད། ཨ་མཆོག་ཚོ་བ་བརྒྱད་ཀྱི་མི་མང་དང་ཨ་མཆོག་དགོན་པའི་གྲྭ་མང་བཅས་ནས་ཁོང་གི་བྱ་དཀའ་བའི་སྤྱོད་པ་ལ་གུས་བརྩི་མཚོན་ཆེད་རྟ་དང་། རླངས་འཁོར། འཕྲུལ་རྟ་སོགས་ལ་བཞོན་ནས་དམ་པ་དེ་ཉིད་ཀྱི་ཁྱིམ་དུ་སྨོན་ལམ་གསུང་རྒྱུ་དང་གདུང་སེམས་མཉམ་སྐྱེས་བྱེད་དུ་བསྐྱོད་འདུག རྒྱལ་གཅེས་པ་ལྷ་མོ་ཚེ་བརྟན་ལགས་ནི། མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ། ཨ་མཆོག་སྐེད་སྡེ་བའི་ནང་གི་ཁྱིམ་ཚང་ཕྱུག་གྲས་ཤིག་ཡིན་པ་དང་། འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་ངལ་ཅི་ཡང་མེད་པ་མ་ཟད། སྒེར་ལ་རླངས་འཁོར་སྤུས་ལེགས་ཤིག་ཀྱང་ཡོད། བཟའ་ཟླའི་མིང་ལ་ཚེ་རིང་ལྷ་མོ་དང་། ཁོང་གཉིས་ལ་བུ་མོ་རང་ལོ་ ༢ ལ་སོན་པ་ཞིག་ཡོད་འདུག
བསྟན་འཛིན།
བསྟན་འཛིན།
བསྟན་འཛིན།
གནས་ཚུལ་བྱུང་ཚེས། -
October 25, 2012
རྟགས། -
Male
ས་གནས། -
ནག་རོག་ཕམ་པ་གྲོང་ཚོ།
ལོ། -
25
མ་མིང། -
ལུགས་དག
ཕ་མིང། -
ཉི་མ།
སྐྱེས་ཡུལ། -
ནག་ཆུ་འབྲི་རུ་རྫོང་བན་དཀར་ཤང་ནག་རོག་ཐམ་པ་གྲོང་ཚོ།
འཚོ་ཐབས། -
ས་མ་འབྲོག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ ༢༠༡༢ ཟླ་ ༡༠ ཚེས་ ༢༥ ཉིན་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ནག་རོག་ཐམ་པ་གྲོང་ཚོའི་ཕ་ཉི་མ་དང། མ་ལུགས་དགེ་གཉིས་ཀྱི་བུ་རང་ལོ་ ༢༥ ལ་སོན་པའི་བསྟན་འཛིན་ལགས་དང་ལྷན་ཚེ་སྤོ་ལགས། ཁོང་རྣམ་གཉིས་ཀྱིས་ནག་རོག་ཕམ་པ་གྲོང་ཚོའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ། "བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚང་མ་སྤུན་མཆེད་ལྟར་ཆིག་སྒྲིལ་གནང་རོགས"་ཞེས་སྐད་འབོད་བྱས་ཏེ། རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ད་ལྟའི་ཆར་བསྟན་འཛིན་ལགས་འདས་གསོན་ཤེས་རྟོགས་མེད་པར་གྱུར་ཡོད། བསྟན་འཛིན་ལགས་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་དུ་ཡོང་ནས་སུ་ཇ་བོད་ཁྱིམ་སློབ་གྲྭར་ལོ་ཕྱེད་རིང་བསྡད་མྱོང་ཡོད་འདུག
ཚེ་སྤོ།
ཚེ་སྤོ།
ཚེ་སྤོ།
གནས་ཚུལ་བྱུང་ཚེས། -
October 25, 2012
རྟགས། -
Male
ས་གནས། -
ནག་རོག་ཐམ་པ་གྲོང་ཚོའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ།
ལོ། -
20
མ་མིང། -
དགའ་དགའ།
ཕ་མིང། -
བུ་ཆུང་།
སྐྱེས་ཡུལ། -
ནག་ཆུ་ས་ཁུལ་འབྲི་རུ་རྫོང་བན་དཀར་ཤང་ནག་རོག་ཐམ་པ་གྲོང་།
འཚོ་ཐབས། -
ས་མ་འབྲོག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ ༢༠༡༢ ཟླ་ ༡༠ ཚེས་ ༢༥ ཉིན་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་རྟོགས་ནག་ཆུ་ས་ཁུལ་ནགས་ཤོད་འབྲི་རུ་རྫོང་ནག་རོག་ཐམ་པ་གྲོང་ཚོའི་ཕ་བུ་ཆུང་དང་། མ་དགའ་དགའ་གཉིས་ཀྱི་བུ་རང་ལོ་ ༢༠ སོན་པ་ཚེ་སྤོ་ལགས་དང་ལྷན་བསྟན་འཛིན་ལགས། ཁོང་རྣམ་གཉིས་ཀྱིས་ནག་རོག་ཐམ་པ་གྲོང་ཚོའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ། "བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚང་མ་སྤུན་མཆེད་ལྟར་ཆིག་སྒྲིལ་གནང་རོགས"་ཞེས་སྐད་འབོད་བྱས་ནས། རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཚེ་སྤོ་ལགས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་ཡོད། ཁོང་རྣམ་གཉིས་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་འབྲི་རུ་རྫོང་ཁོངས་སུ་གཏོགས་པའི་ནག་རོག་ཕམ་པ་གྲོང་སྡེ་ནས་ཡིན་པ་དང་། ད་ལྟའི་ཆར་ནག་རོག་ས་ཁུལ་དུ་རྒྱ་དམག་གིས་བསྐོར་ནས་དམ་བསྒྲགས་ཆེ་བས་ཁ་པར་དང་གསར་འགྱུར་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་གྱིས་འབྲེལ་བ་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་པ་མ་ཟད། གནས་ཚུལ་ཞིབ་ཕྲ་ཤེས་རྒྱུ་དཀའ་ལས་ཁག་པོ་ཡིན་འདུག
རྡོ་རྗེ་རིན་ཆེན།
རྡོ་རྗེ་རིན་ཆེན།
རྡོ་རྗེ་རིན་ཆེན།
གནས་ཚུལ་བྱུང་ཚེས། -
October 13, 2012
རྟགས། -
Male
ས་གནས། -
བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ།
ལོ། -
58
སྐྱེས་ཡུལ། -
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་།
འཚོ་ཐབས། -
ཞིང་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༣ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ སྟེང་བོད་མདོ་སྨད་བླ་བྲང་ཟ་ཡུས་ནང་ནས་ཡིན་པ་རང་ལོ་ ༥༨ ལ་སོན་པའི་རྒྱལ་གཅེས་པ་རྡོ་རྗེ་རིན་ཆེན་ལགས་ཀྱིས་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ་། དང་ཐོག་བླ་བྲང་དགོན་པར་སོང་ནས་མཆོད་མཇལ་དང་སྐོར་བ་གང་ཐུབ་བརྒྱབ་རྗེས་རྟེན་འབྲེལ་ཞིག་ལ་བརྟག་པ་ཡིན་ནམ་རྐྱེན་གང་ཡིན་མི་ཤེས་ཡང་དགོན་པ་དང་རང་ཁྱིམ་བར་ཕར་འགྲོ་ཚུར་འོང་ཐེངས་གསུམ་བྱས་ཤིང་། མཐའ་མ་དེར་རང་ཁྱིམ་གྱི་ཕྱི་ནང་གང་སར་གཙང་སྦྲ་ཧ་ལས་པའི་ཡག་པོ་ཞིག་བྱས་རྗེས། ཡར་ཡོང་སྟེ་དེ་མ་ཐག་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་མམ་འོད་ལྡན་ཚོང་རའི་ཉེ་འདབས་སུ་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་གི་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ནམ་རྒྱུན་དེར་ཡོད་རྫོང་གི་བདེ་སྲུང་དམག་མི་དང་ཉེན་རྟོག་པ་ཚོས་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱེད་རྩིས་བྱས་པས། དེར་ཡོད་ས་གནས་བོད་རིགས་མང་ཚོགས་ཀྱིས་འཁྱེར་མ་བཅུག་པས། ཁོང་ཚོའི་བར་འཁྲུག་རྩོད་ཤོར་ནས་མཐར་དམ་པ་ཁོང་གི་སྐུ་ཕུང་མི་མང་གིས་ཁོང་གི་ཁྱིམ་དུ་གདན་འདྲེན་ཞུས་ཐུབ་ཡོད་འདུག སྐབས་དེར་བླ་བྲང་དགོན་པའི་གྲྭ་མང་གིས་གནས་ཚུལ་དེ་ཐོས་ནས་ལམ་སེང་ཁོང་གི་ཁྱིམ་དུ་སྨོན་ལམ་དང་ཁྲུས་ཆོག་འདོན་དུ་ལམ་ལ་ཆས་ནས་སྲང་ལ་ཐོན་དུས། བདེ་སྲུང་དམག་མི་དང་དྲག་ཆས་ཉེན་རྟོག་དམག་མིས་བཙན་བཀག་བྱས་ནས་འགྲོར་མ་བཅུག་སྟབས། གྲྭ་མང་གིས་གཞུང་ལམ་སྟེང་དུ་སྨོན་ལམ་གསུངས་དགོས་པ་བྱུང་འདུག དེ་བཞིན་བླ་བྲང་དགོན་པའི་དགེ་འདུན་པ་རྣམ་པས་རྒྱལ་གཅེས་པ་ཁོང་མེར་སྲེག་གཏོང་ས་དེར་སྨོན་ལམ་གསུང་འདོན་གནང་བར་བསྐྱོད་སྐབས། རྒྱ་གཞུང་ཉེན་རྟོག་པས་བླ་བྲང་དགོན་པ་ནས་བསང་ཆུ་རྫོང་ཐོག་ཏུ་བསྐྱོད་སའི་ལམ་བར་གྱི་ཟམ་པ་ནས་བཀག་འགོག་བྱས་པར་བརྟེན། དགེ་འདུན་པ་རྣམས་ནས་ཟམ་སྟེང་ནས་སྨོན་ལམ་གསུངས་རྗེས་ཕྱིར་ལོག་ཡོད་འདུག རྒྱལ་གཅེས་པ་རྡོ་རྗེ་རིན་ཆེན་ལགས་ནི་སྐྱེ་ཡུལ་ཟ་ཡུས་ནང་སྡེ་བ་གོང་མ། ཁོང་གི་བཟའ་ཟླའི་མིང་ལ་ཀླུ་ཐར་འཚོ་ཟེར་ཞིང་། ཁོང་གཉིས་ཀྱི་བུའི་མིང་ལ་རྟ་བྷོ་དང་། བུ་མོའི་མིང་ལ་རིག་འཛིན་འཚོ་བརྗོད་ཀྱི་ཡོད་ཅིང་། ཁོང་གི་ཁྱིམ་ཚང་ལ་བཟའ་མི་བརྒྱད་ཡོད་འདུག
དོན་གྲུབ།
དོན་གྲུབ།
དོན་གྲུབ།
གནས་ཚུལ་བྱུང་ཚེས། -
October 22, 2012
རྟགས། -
Male
ས་གནས། -
བླ་བྲང་བཀྲ་ཤིས་འཁྱིལ།
ལོ། -
61
སྐྱེས་ཡུལ། -
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཧོར་ཁ་གྱ་སྡེ་པ།
འཚོ་ཐབས། -
ས་མ་འབྲོག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༢ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་༩།༤༠ ཡས་མས་སུ་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་སྔགས་པ་སྡེ་བ་ནས་ཡིན་པའི་རང་ལོ་ ༦༠ ནང་སོན་པའི་དོན་གྲུབ་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྟོན་ཆོས་ར་བའི་ནང་རང་ལུས་མེར་སྲེག་བཏང་བ་དང་ལྷན་"༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས"ཞེས་སྐད་འབོད་གནང་མུར་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྱེར་བྱེད་རྩིས་བྱས་ཀྱང་སྐབས་དེར་སྐོར་བ་འགྲོ་མཁན་མང་པོས་འཁྱེར་མ་བཅུག་པར་སྲུང་བཞིན་པའི་སྐབས་དགོན་པའི་དོ་དམ་མི་སྣ་འབྱོར་ཏེ། གང་མྱུར་སྨན་ཁང་དུ་བསྐྱལ་ཡང་མེ་འབར་ཡུན་རིང་བ་དང་འབར་ཤུགས་ཆེ་བས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དེ་ཡང་ཉེ་ཆར་དེའི་ཁུལ་དུ་རང་ལུས་མེར་སྲེག་རིམ་པར་ཐོན་སྟབས་རྒྱ་གཞུང་གིས་ཀན་ལྷོ་ས་ཁུལ་གྱི་ས་གནས་དང་ལྷག་པར་དགོན་པ་དེ་དག་གི་སྐོར་ལམ་ཁག་ཏུ་མངོན་གསལ་དང་མངོན་གསལ་མ་ཡིན་པའི་དམག་མི་འགྲེམས་འཇོག་གིས་དམ་བསྒྲགས་དང་འཇིགས་སྐུལ་གྱི་བསུན་གཙེར་སྣ་མང་བྱས་པར་བརྟེན་ནས་ནམ་རྒྱུན་བླ་བྲང་དགོན་དུ་སྐོར་བ་འགྲོ་མཁན་རྒྱལ་གཅེས་དཔའ་བོ་ཁོང་གིས་སེམས་ཁམས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་སྐོར་འབྲེལ་ཡོད་ནས་ནན་བརྗོད་བྱས་ཡོད་འདུག་ལ་ད་ལྟའི་ཆར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་སྒོ་ཕྱི་ནང་ཙམ་དུ་ཡང་འགྲོ་བསྐྱོད་ལ་རང་དབང་མེད་པར་བཀག་སྡོམ་ཆེན་པོ་བྱེད་ཀྱི་ཡོད་འདུག དོན་གྲུབ་ལགས་ནི་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཧོར་ཁ་གྱ་སྡེ་བའི་མི་ཡིན་ཞིང་། ལོ་ངོ་བཅོ་ལྔའི་ཡར་སྔོན་ཙམ་ལ་ཧོར་ཁ་གྱ་ནས་བླ་བྲང་སྔགས་པ་སྡེ་བ་རུ་གཞིས་སྤོས་ནས་སྡོད་མུས་དང་། བཟའ་ཟླའི་མིང་ལ་སྒྲོལ་མ་འཚོ་དང་། ཁོང་གཉིས་ལ་ཕྲུ་གུ་མེད་པས་བུ་སྐལ་ཞིག་བླངས་པའི་མིང་ལ་རིག་འཛིན་ཆོས་འཕེལ་བརྗོད་ཀྱི་ཡོད་འདུག
ལྷ་མོ་སྐྱབས།
ལྷ་མོ་སྐྱབས།
ལྷ་མོ་སྐྱབས།
གནས་ཚུལ་བྱུང་ཚེས། -
December 20, 2012
རྟགས། -
Male
ས་གནས། -
དར་རྒྱས་གླིང་དགོན།
ལོ། -
27
མ་མིང། -
སྙིང་མོ་ཐར
ཕ་མིང། -
སྟོབས་ལྡན།
སྐྱེས་ཡུལ། -
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་སྒྲོག་འགབ་མ་སྡེ་བ།
འཚོ་ཐབས། -
ས་མ་འབྲོག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༠ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༢ ཙམ་དུ་བོད་མདོ་སྨད་བསང་ཆུ་རྫོང་འབོ་ར་སྒྲོག་འགབ་མ་སྡེ་བའི་ཕ་སྟོབས་ལྡན་དང་། མ་སྙིང་མོ་ཐར་ལོ་གཉིས་ཀྱི་བུ་རང་ལོ་ ༢༧ ཡིན་པ་ལྷ་མོ་སྐྱབས་ལགས་ཀྱིས་འབོ་ར་སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་འབོ་ར་དགོན་པའི་གཡས་ངོས་དང་ཐག་མི་རིང་བའི་འབོ་ར་མདོ་སྡེ་བའི་མདུན་ཕྱོགས་ནས་རང་ལུས་ལ་མེར་བསྒྲོན་ཏེ་ཀི་རིང་ཞིག་དང་བཅས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཞེས་སོགས་སྐད་འབོད་ཁ་ཤས་བྱས་འདུག་ཀྱང་གནས་ཚུལ་ཡོང་ཁུངས་ནས་ནང་དོན་གསལ་བོ་ཐོས་མི་འདུག དགོན་པའི་ཕྱོགས་སུ་རྒྱུགས་སྐབས། ནམ་རྒྱུན་བདེ་འཇགས་ལ་བསྙད་དེ་སྐོར་གཡེང་བྱེད་བཞིན་པའི་ཉེན་རྟོག་པ་ཚོའི་ཉེན་རྟོག་པ་དང་དམག་མི་ཚོ་ཡང་བྲོས་འདུག ད་དུང་མུ་མཐུད་དེ་ཁོང་གི་ལུས་སྟེང་གི་མེ་ལྕེ་དམར་ལམ་ལམ་དུ་འབར་བཞིན་པའི་ངང་གོམ་པ་ཁ་ཤས་མདུན་དུ་རྒྱུགས་མཐར་ཐང་ལ་འགྱེལ་ཏེ་སྐུ་གཤེགས་ཡོད་འདུག ཉེན་རྟོག་པ་དང་དེར་འདུས་སེར་སྐྱ་མི་མང་གི་བར་འཁྲུག་རྩོད་ཅུང་ཙམ་ཤོར་འདུག་ཀྱང་གྲྭ་མང་དང་མི་མང་གིས་ཁོང་གི་སྐུ་ཕུང་འབོ་ར་དགོན་པའི་ཚོགས་ཆེན་འདུ་ཁང་གི་སྒོ་འཕྱོར་དུ་གདན་ཞུས་ཀྱིས་དགོན་པའི་གྲྭ་མང་ཡོངས་ཀྱིས་སྨོན་ལམ་གསུངས་པ་དང་། མི་རིང་བར་ཉེ་འཁོར་གྱི་མི་མང་གིས་གནས་ཚུལ་དེ་ཐོས་འཕྲལ་དགོན་པར་འབྱོར་ཏེ། གྲྭ་མང་གིས་སྨོན་ལམ་གསུངས་ཚར་བ་དང་དེར་འདུས་འབོ་རའི་ཚོ་བ་བཞིའི་མང་ཚོགས་དང་གྲྭ་མང་གིས་ངུ་ངག་གདུང་ཤུགས་བཅས་མ་ཎི་གདངས་དབྱངས་འཐེན་བཞིན་ཁོང་གི་སྐུ་ཕུང་སྒྲོག་འགབ་མ་སྡེ་བའི་ཁོང་གི་ཁྱིམ་དུ་གདན་འདྲེན་བྱས་ཡོད་འདུག རྒྱལ་གཅེས་པ་ལྷ་མོ་སྐྱབས་ལགས་ཀྱི་ཤུལ་ལུས་བཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད། རང་ལོ་ ༢༨ ཙམ་ཡིན་པ་དང་། ཁོང་གཉིས་ལ་བྱིས་པ་འབྲུག་མོ་མཚོ་རང་ལོ་ ༡༠ ཅན་དང་། པདྨ་མཚོ་རང་ལོ་ ༧ ཅན་ཞིག་བཅས་ཡོད་འདུག
སང་ཉིན་ཕྱི་ཚེས་ ༢༡ ཉིན་དེར་ཀན་ལྷོ་ཁུལ་སྤྱི་བདེ་ཅུས་ཟེར་བའི་ཉེན་རྟོག་ལས་ཁུངས་ནས་བརྡ་ཁྱབ་ཅིག་སྤེལ་ཏེ། མེར་སྲེག་དང་འབྲེལ་ཡོད་མི་སྣ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་ ༥ ནས་ ༢༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་བརྡ་ཁྱབ་ས་གནས་གང་སར་སྦྱར་འགྲེམས་བྱས་ཡོད།
རྟ་མགྲིན་རྡོ་རྗེ།
རྟ་མགྲིན་རྡོ་རྗེ།
རྟ་མགྲིན་རྡོ་རྗེ།
གནས་ཚུལ་བྱུང་ཚེས། -
October 13, 2012
རྟགས། -
Male
ས་གནས། -
དགའ་ལྡན་ཆོས་གླིང་དགོན་གྱི་གཡས་ཟུར་མཆོད་རྟེན་ཉེ་འགྲམ།
ལོ། -
54
སྐྱེས་ཡུལ། -
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཁ་སོག་འབྲོང་ལྕེ་སྡེ་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་༢༠༡༢ ཟླ ༡༠ ཚེས་ ༡༣ ཉིན་བོད་ནང་གི་ཆུ་ཚོད་ ༡ ཡོལ་ཙམ་དུ་བོད་མདོ་སྨད་མདོ་སྨད་གཙོས་ཁ་སོག་གི་འབྲོང་ལྕེ་སྡེ་བའི་རྟ་མགྲིན་རྡོ་རྗེ་ལགས། རང་ལོ་ ༥༤ ཡིན་པ་ཁོང་གིས་གཙོས་དགའ་ལྡན་ཆོས་གླིང་དགོན་གྱི་གཡས་ཟུར་མཆོད་རྟེན་ཉེ་འགྲམ་རྒྱ་གཞུང་གི་ནོར་འཁྲུལ་གྱི་སྲིད་བྱུས་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གནང་ཏེ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སྟེ། ཉིན་གུང་རྗེས་ཆུ་ཚོད་ ༣ པར་སྐུ་ཕུང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་གུས་བརྩིའི་ཐོག་རང་ཁྱིམ་དུ་གདན་ཞུས་ཀྱིས་གཙོས་དགོན་པའི་དགེ་འདུན་པ་རྣམས་འདུ་འཛོམས་གནང་སྟེ་བསྔོ་སྨོན་གསུངས་ཤིང་། ས་ཁུལ་དེའི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་གུས་བརྩི་དང་གདུང་སེམས་མཉམ་སྐྱེའི་ཐོག་ཁོང་གི་རང་ཁྱིམ་དུ་ཕྱིན་ཏེ། སྐུ་ཕུང་ལ་ཁ་བཏགས་སྒྲོན་འབུལ་ཞུས་པ་དང་། ད་ལྟའི་ཆར་གཙོས་དགོན་པ་དང་ཁོང་གི་ཁྱིམ་ཚང་གི་མཐའ་འཁོར་དུ་རྒྱ་གཞུང་གི་ཉེན་རྟོག་དམག་མི་མངོན་གསལ་དང་མངོན་གསལ་མ་ཡིན་པ་འགྲེམ་འཇོག་གིས་ལྟ་རྟོག་དང་མང་ཚོགས་ཡར་མར་འགྲོ་བསྐྱོད་ལ་དམ་དྲག་བྱེད་བཞིན་ཡོད་འདུག རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ནི། མདོ་སྨད་གཙོས་ཁ་སོག་གི་འབྲོང་ལྕེ་སྡེ་ནས་ཡིན་པ་དང་། ཁོང་གི་ཆུང་མར་མཁར་མོ་བྱམས་ཟེར་ཞིང་རང་ལོ ༤༩ དང། ཁོང་གཉིས་ལ་བུ་མོ་བནྡེ་འཚོ་རང་ལོ་ ༣༠ ཡིན་པ་ཁོང་མོ་ནི། གུང་ཐང་སྐུ་ཕྲེང་བདུན་པའི་མ་ཡུམ་ཡིན་པ་དང་། བུ་བླ་མ་བཀྲ་ཤིས་རང་ལོ་ ༢༨ ཡིན་པ་ཁོང་ཁྱིམ་ཚང་གི་གཞིས་འཛིན་དང་། འདས་པོ་ཁོང་གུང་ཐང་སྐུ་ཕྲེང་བདུན་པའི་མ་ཡུམ་བནྡེ་འཚོའི་ཡབ་ཡིན་འདུག་པས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ཁོང་གི་བླ་ན་མེད་པའི་མཛད་སྤྱོད་ལ་གུས་བརྩིའི་རྣམ་འགྱུར་ཚད་མེད་སྟོན་བཞིན་ཡོད་པའི་གནས་ཚུལ་པར་རིས་དང་བཅས་པ་ཕྱི་ལོགས་སུ་འབྱོར་ཡོད་པ་རེད་འདུག
སངས་རྒྱས་རྒྱ་མཚོ།
སངས་རྒྱས་རྒྱ་མཚོ།
སངས་རྒྱས་རྒྱ་མཚོ།
གནས་ཚུལ་བྱུང་ཚེས། -
October 6, 2012
རྟགས། -
Male
ས་གནས། -
རྡོ་དཀར་དགོན་པའི་གཡོན་ངོས།
ལོ། -
27
མ་མིང། -
མགོན་པོོ་འཚོ།
ཕ་མིང། -
མགོན་པོ་དོན་གྲུབ།
སྐྱེས་ཡུལ། -
གཙོད་གྲོང་ཁྱེར།
འཚོ་ཐབས། -
ས་མ་འབྲོག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༦ ཉིན་གྱི་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཡོལ་ཙམ་ལ་མདོ་སྨད་གཙོས་གྲོང་ཁྱེར་དང་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ། ས་གནས་དེ་གའི་ཡུལ་ཚོ་རྫེ་རོ་སྡེ་བའི་སྐྱེས་པ་རང་ལོ་ ༢༧ ཡིན་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
ཁོང་གིས་མེར་སྲེག་གཏོང་སྐབས། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས། ཞེས་སོགས་ཀྱི་སྐད་འབོད་གནང་འདུག སྐབས་དེར་དགོན་པའི་གྲྭ་མང་གིས་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་ཏེ་བསྔོ་སྨོན་རྒྱ་ཆེར་གནང་ཡོད་པ་དང་། དེའི་རྗེས་དགོན་པ་ནས་སྐྱ་སེར་མི་མང་གིས་ཁོང་གི་སྐུ་ཕུང་སྡེ་བར་གདན་དྲངས་ཏེ་མཆོད་འབུལ་བྱས་འདུག གནས་ཚུལ་དེ་བྱུང་རྗེས་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་ཞིག་དགོན་པ་དང་སྡེ་བར་འབྱོར་ཡོད་འདུག
སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཕ་མིང་ལ་མགོན་པོ་དོན་གྲུབ་དང་མ་མིང་ལ་མགོན་པོ་འཚོ། གཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད་ཟེར་ཞིང་། ཁོང་ལ་ལོ་ ༧ ཡིན་པའི་བུ་རྡོ་རྗེ་དོན་གྲུབ་དང་། ལོ་ ༥ ཡིན་པའི་བུ་མོ་བསྟན་འཛིན་འཚོ་བཅས་བྱིས་པ་གཉིས་ཡོད་འདུག
སྐབས་དེར་རྡོ་དཀར་ཚོ་བ་གསུམ་གྱི་མི་མང་རྣམས་ཁོང་གི་ཁྱིམ་དུ་འཛོམས་ཏེ་རྒྱལ་གཅེས་པ་སངས་རྒྱས་རྒྱ་མཚོ་ལགས་སུ་མྱ་ངན་དང། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་བཏང་ཡོད་པ་མ་ཟད། རྗེས་ཕྱོགས་གང་ཐད་ནས་འགན་ཁུར་མཉམ་ལེན་དང་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུའི་ཁས་ལེན་གནང་སྟེ་འདས་པོའི་ནང་མིར་གདུང་སེམས་མཉམ་སྐྱེ་གནང་ཡོད་འདུག
ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྡོ་དཀར་སེར་སྐྱ་མང་ཚོགས་ནས་ཞི་བའི་ངོ་རྒོལ་ཤུགས་ཆེན་གནང་བར་བརྟེན། སྔ་གཞུག་ཏུ་དམག་མི་དང་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་འབོར་ཆེན་ཡོང་སྟེ། སྡེ་བ་སོ་སོར་བཙན་འཛུལ་གྱིས་སྒོ་དང་སྒེའུ་ཁུང་སོགས་བཅག་པ་དང་། སྦག་སྦག་ ༨༠ ཙམ་བཙན་འཕྲོག་བྱས་པ། གཞན་རྒྱུ་དངོས་རྩ་ཆེན་མང་བོ་བཅོམ་འཕྲོག་བྱས་ཡོད་འདུག མི་སྐྱ་ ༧༠ ལྷག་འཛིན་བཟུང་གཅར་རྡུང་ཚད་མེད་བཏང་མཐར་རྒྱ་སྒོར་ ༣༠༠༠ རེའི་ཉེས་ཆད་བཅད་དེ་གློད་བཀྲོལ་བཏང་ཡོད་འདུག སྐབས་དེ་ནས་བཟུང་ད་ལྟའི་བར། དུས་ཚོད་ངེས་མེད་ལ་རྒྱ་གཞུང་གི་ལས་དོན་རུ་ཁག་དགོན་པའི་ནང་དུ་ཡོང་ནས་རྒྱལ་གཅེས་སློབ་གསོ་ཟེར་བ་སྤེལ་གྱི་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་གསུང་གསལ་ལྟར་ན། ལོ་འདིའི་ཁོང་ཚོའི་འབོད་སྒྲ་གཙོ་བོ་ནི། ཕྱི་ལོ་ ༢༠༠༧ ལོར་ཡུལ་དེར་ས་གནས་རྒྱའི་དཔོན་རིགས་ཁག་གཅིག་སླེབས་ཏེ། ༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་མོས་མཐུན་ཡོད་མེད་ཀྱི་བསམ་ཚུལ་མིང་རྟགས་བླངས་སྐབས། མི་མང་ཐུན་མོང་གིས་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཀྱང། ས་གནས་རྒྱའི་ལས་བྱེད་རྣམས་ཀྱིས་ལོག་བསྒྲུབ་བྱས་ཏེ་རྡོ་དཀར་མི་མང་གིས་༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་འདོད་མོས་མི་འདུག་ཅེས་གོང་རིམ་ལ་སྙན་ཞུ་རྫུན་མ་ཕུལ་བ་དེ་དྲང་བདེན་མ་ཡིན་པ་དང། མི་མང་གི་བསམ་འདུན་དང་རྒྱབ་འགལ་ཡིན་པའི་འབོད་སྒྲ་བསྒྲགས་པ་ཞིག་ཡིན་འདུག། རྗེས་སུ་རྒྱ་གཞུང་འབྲེལ་ཡོད་ནས་འདས་པོ་ཁོང་གི་བཟའ་ཟླར་ཁྱིམ་ཚང་གི་དཀའ་རྙོག་ལ་བརྟེན་ནས་རང་ལུས་མེར་སྲེག་བཏང་སྐོར་ཁས་བླངས་ཚེ་རྒྱ་སྒོར་ཁྲི་བརྒྱ་ལེགས་སྐྱེས་སྤྲོད་རྒྱུ་ཡིན་སྐོར་བཤད་ཀྱང་ཁོང་གི་ཁས་བླངས་མེད་པ་རེད་འདུག།།
དགུ་འགྲུབ།
དགུ་འགྲུབ།
དགུ་འགྲུབ།
གནས་ཚུལ་བྱུང་ཚེས། -
October 4, 2012
རྟགས། -
Male
ས་གནས། -
ས་ཁུལ་གྱི་ཁྲོམ་གཞུང་དུ།
ལོ། -
43
མ་མིང། -
བདེ་མོ།
ཕ་མིང། -
འབྲུག་རྒྱལ།
སྐྱེས་ཡུལ། -
ནག་ཆུ་འབྲི་རུ།
འཚོ་ཐབས། -
ས་མ་འབྲོག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༤ ཉིན་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ནག་ཆུ་ས་ཁུལ་དུ་བོད་རིགས་ན་གཞོན་དགུ་འགྲུབ་ཞུ་བ་ཞིག་གིས་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ནག་ཆུ་ས་ཁུལ་གྱི་ཁྲོམ་གཞུང་དུ་སྔ་དྲོའི་ཆུ་ཚོད་ ༡༠ ཡོལ་ཙམ་ལ་རང་ལུས་མེར་སྲེག་ཀྱི་ལས་འགུལ་སྤེལ་ཏེ་འདས་གྲོངས་སུ་གྱུར་རྗེས་རྒྱ་གཞུང་ནས་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པའི་གནས་ཚུལ་ཐོན་འདུག དེ་ཡང་ཁོང་གིས་རང་ལུས་མེར་སྲེག་གཏོང་སྐབས། ང་ཚོ་གང་དུ་སོང་ཡང་རང་དབང་མི་འདུག བོད་ལ་རང་དབང་དགོས། ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་འཇུག་དགོས། ཞེས་སོགས་སྐད་འབོད་གནང་འདུག
དགུ་འགྲུབ་ལགས་ནི་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཁོངས་ཤག་ཆུ་གྲོང་བརྡལ་གྲོང་ཚོ་ཨང་ ༢༡ པ་ནས་ཡིན་པ་དང༌། ཕ་མིང་དུ་འབྲུག་རྒྱལ་ཚེ་འདས་དང༌། མ་མིང་ལ་བདེ་མོ། ད་ལྟ་རང་ལོ་ ༤༣ ཙམ་དུ་སོན་གྱི་ཡོད། ཕྱི་ལོ་ ༢༠༠༥ ལོའི་ལོ་དཀྱིལ་དུ་རྒྱ་གར་དུ་ཡོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་བྱས་མྱོང་ཡོད་ཅིང༌། ཕྱི་ལོ་ ༢༠༠༦ ལོའི་ལོ་མཇུག་ཏུ་སློབ་གྲྭ་ནས་ལུགས་མཐུན་རྩ་དགོངས་ཞུས་ཏེ་རང་ཉིད་ཀྱི་ཕ་ཡུལ་དུ་ཕྱིར་ལོག་བྱས་ཡོད་པ་རེད། ཁོང་གི་ཕ་མ་གཅིག་པའི་སྤུན་མཆེད་ཁོང་རང་ཕུད་གཅེན་གཅུང་བཞི་ཡོད་པ་ནས། སྤུན་མཆེད་གཅིག་ཁྲེན་ཏུར་སློབ་གཉེར་བྱེད་མུས་སུ་ཡོད་པ་ནས་རང་ལུས་མེར་སྲེག་གི་ལས་འགུལ་ཐོན་རྗེས་སྤུན་མཆེད་དེ་སྤྱི་བདེ་ཉེན་རྟོག་པས་ཕ་ཡུལ་དུ་བསྐོང་སྒུག་བྱས་པའི་གནས་ཚུལ་ཐོན་ཡོད་འདུག་ཀྱང་ཞིབ་ཕྲ་གནས་ཚུལ་ཁ་གསལ་མི་འདུག
དགུ་འགྲུབ་ལགས་ཀྱིས་ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ཁོང་ནས་དྲ་གནས་ཐོག་ཞལ་ཆེམས་ལྟ་བུར་ཚེ་སྲོག་གི་རྡུང་བའི་རྒྱལ་རྔ་ཞེས་པ་དང༌། དེ་མིན་སྤུན་ཟླའི་བརྩེ་སེམས་ཞེས་པ་ཁོང་རང་ནས་འབྲི་རྩོམ་བྱས་ཏེ་དྲ་གནས་ཐོག་བཞག་ཐུབ་པ་ལྟར་གཤམ་དུ་འདྲེན་བཀོད་ཞུས་ཡོད།
Last Words:
ཚེ་སྲོག་གི་རྡུང་བའི་རྒྱལ་རྔ༌།
་ སྐྱིད་སྡུག་དང་ལས་དབང་གཅིག་པའི་གངས་ཅན་པའི་དམིགས་ཡུལ་ནི། རང་བཙན་གཙང་མའི་སྒོ་ནས་ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ནི་ང་ཚོའི་མངོན་འདོད་ཡིན། འོན་ཀྱང་༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་སྒོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་སྟེ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ལ་འབད་བརྩོན་གནང་བ་ལ། བོད་མི་ས་ཡ་དྲུག་གི་ཁོང་གི་བཀའ་དགོངས་སྤྱི་བོར་བཀུར་ཏེ་ཡུན་རིང་རེ་སྒུག་བྱས་ཀྱང༌། རྒྱ་གཞུང་གིས་དེའི་ཕྱོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཕུད། བོད་པའི་བདེ་སྡུག་གླེང་བ་ཙམ་གྱིས་འཛིན་བཟུང་དང་མནར་གཅོད་ཚད་ལས་རྒལ་བ་གཏོང་བས་མ་ཚད། ྋགོང་ས་མཆོག་ལ་མཚན་སྨད་དང་བོད་འདི་ཀྲུང་གོའི་ཆ་ཤས་ཡིན་པའི་དམ་བཅའ་བརྟན་པོ་མེད་ཚེ། ལྐོག་གསོད་གཏོང་སྟེ་གར་སོང་ཆ་མེད་དུ་འགྲོ་བ་ལས། བོད་མིའི་བདེ་སྡུག་ལ་དོ་སྣང་དང་དྲིལ་བསྒྲགས་ཅི་ཡང་མེད་སྟབས། ང་ཚོས་ཞི་བའི་འཐབ་རྩོད་ནི་རྣོ་ངར་ཆེ་རུ་བཏང་སྟེ། བོད་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་དྲིལ་བསྒྲགས་དང་བདེན་དཔང་གི་ཆེད་དུ། རང་ལུས་མེ་རུ་མཆོད་དེ་བོད་རང་བཙན་གྱི་འབོད་སྒྲ་སྒྲོགས་དོན། ཀྱེ་ནམ་མཁའི་ལྷ་ཆེན་པོ་ཁྱེད་ཀྱི་སྤྱན་ཟུང་བོད་ལ་གཟིགས་དང༌། མ་ཡུམ་གྱི་ས་ཆེན་པོ་ཁྱེད་ཀྱི་བྱམས་བརྩེ་བོད་ལ་དགོངས་དང༌། བར་གནས་ཀྱི་འཛམ་གླིང་ཡོངས་ཀྱིས་དྲང་བདེན་ལ་མཐོང་ཆེན་གནང་རོགས། དྭངས་གཙང་ཁ་བའི་ལྗོངས་འདིར་དམར་པོ་ཁྲག་ལ་བསྒྱུར་བས་མ་ཚད། དྲག་པོ་དམག་གིས་ས་གཞི་བཀང་སྟེ་བར་མི་ཆད་པའི་དྲག་གནོན་རྒོད་ཀྱང༌། དཔའ་ངར་ཞུམ་པ་མེད་པའི་གངས་ཕྲུག་རྣམས་ཀྱིས་བློ་གྲོས་ཀྱི་གཞུ་མོ་བཀུག ཚེ་སྲོག་གི་མདའ་མོ་འཕེན་ཏེ། དྲང་བདེན་གྱི་གཡུལ་ངོ་ཟློག་རྒྱུ་ཡིན། མཇུག་ཏུ་ཁ་བ་རི་པའི་ཕུ་ནུ་མིང་སྲིང་ཚོས། འདྲ་མཉམ་དང་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་ཕྱིར། གངས་ཅན་པའི་སྤྱི་དོན་ལ་གཙོ་བོ་དང༌། སྒེར་དོན་ལ་ཕལ་པ་བྱེད་དེ། རྡོག་རྩ་ཆིག་སྒྲིལ་གྱི་མདུན་དུ་སྐྱོད་རྒྱུ་ནི་ངའི་རེ་བ་ཡིན། འབྲི་རུ་བ་དགུ་འགྲུབ་ནས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཞེས་འཁོད་ཡོད་འདུག་པ་དང༌།
སྤུན་ཟླའི་བརྩེ་སེམས།
ཁ་བ་རི་པའི་ཕུ་ནུ་མིང་སྲིང་ཚོས་འདས་སོང་ལ་ཕྱི་མིག་ཞིག་བལྟས་ཚེ། ཕངས་སེམས་དང་ཁོང་ཁྲོ་སྐྱོ་གདུང་དང་མིག་ཆུ་ཞིག་ལས་དགའ་སྤྲོའི་རྣམ་པ་མ་མཐོང་ཡང༌། མདུན་ནས་བསུ་བའི་ཆུ་འབྲུག་གནམ་ལོ་གསར་ཚེས་འདིའི་ནང་ནས་ཁྱེད་རྣམས་སྐུ་ཁམས་བདེ་ཐང་དང་བྱ་བ་ལམ་འགྲོ་རེ་སྒུག་མངོན་འགྱུར་ཡོང་བའི་སྨོན་འདུན་ཡང་ཡང་ཞུ་བ་དང་ཆབས་ཅིག་ཁྱེད་རྣམས་ཀྱིས་རང་རིགས་ཀྱི་སྤོབས་པ་གཟེངས་སུ་བསྟོད་དེ། རང་ཕྱོགས་སུ་ཕམ་ཁ་དང་གྱོང་གུད་ཅི་ཙམ་བྱུང་ཡང་བློ་སྟོབས་མ་ཉམས་པའི་སྒོ་ནས་ཆིག་སྒྲིལ་ལ་འབད་འབུངས་དམ་ཟབ་ཡོང་བའི་རེ་བ་ཤིན་ཏུ་ཆེ། འབྲི་རུ་དགུ་འགྲུབ་ནས་ཞེས་འཁོད་ཡོད་འདུག
གཡུང་དྲུང།
གཡུང་དྲུང།
གཡུང་དྲུང།
གནས་ཚུལ་བྱུང་ཚེས། -
September 29, 2012
རྟགས། -
Male
ས་གནས། -
ཆབ་མདོ་རྫོང་།
ལོ། -
27
སྐྱེས་ཡུལ། -
ཆབ་མདོ་རྫོང་ཀརྨ་ཡུལ་ཚོ།
འཚོ་ཐབས། -
ཞིང་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ པ་ཙམ་ལ་བོད་ཁམས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཀརྨ་ཡུལ་ཚོ་ནས་ཡིན་པ། ཉེ་ལམ་ནས་ཡུལ་ཤུལ་དགེ་འབྲོང་རྫ་སྟོད་དུ་གནས་སྡོད་བྱེད་བཞིན་པའི་གཡུང་དྲུག་ལགས། རང་ལོ་ ༢༧ ལ་སོན་པ་ཁོང་གིས་བོད་ཆས་ཆ་ཚང་ཞིག་གྱོན་ནས་རང་ལུས་མེར་སྲེག་གིས་ཐོག་མར་ཀི་སྒྲ་ཆེན་པོ་ཞིག་རྒྱག་བཞིན། བོད་རང་བཙན་ཡིན། ༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་། རྒྱལ་བ་ཀརྨ་པ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག མཁས་དབང་བློ་བཟང་སེང་གེ་བོད་མིའི་རྒྱལ་པོ་ཡིན། རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱེད་དགོས། སོགས་འབོད་ཚིག་མང་པོ་ཞིག་བསྒྲགས་ཞོར་རྫོང་གྲོང་གི་ཚོང་ཁང་ཁག་གི་མདུན་དུ་རྒྱུག་འགྲོ་སྐབས་ཚོང་ཁང་བདག་པོ་དེ་ཚོས་ཆུ་གཏོར་བ་སོགས་བྱས་ཀྱང་མེ་འབར་ཤུགས་ཆེ་རྐྱེན། རྒྱུ་མ་ཕྱི་ལ་ཐོན་པ་དེ་ཁོ་རང་གི་ལག་པས་བཅད་སོང་ཞེས་དངོས་སུ་མཐོང་མཁན་ཚོས་བརྗོད་ཡོད་འདུག དེ་ཡང་ཁོང་ནི་ཁམས་ཆབ་མདོ་རྫོང་ཀརྨ་ཡུལ་ཚོ་ནས་ཡིན་པ་དང་། རྒྱུན་ལྡན་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་དུ་གནས་སྡོད་བྱེད་ཡོད་འདུག ཕྱི་ཚེས་༣༠ ཉིན་སྔ་དྲོ་ཁོང་ཤི་མ་གསོན་དུ་གྱུར་ཡོད་ཀྱང་རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་མར་རྒྱ་ཡུལ་དུ་སྐྱེལ་རྒྱུ་ཡིན་ཞེས་ཁྱེར་ཡོད་ཀྱང་། ལམ་བར་ནས་འདས་གྲོངས་གྱུར་བའི་སྐད་ཆ་ཙམ་ལས་ད་ལྟ་ས་གནས་དེར་དམ་བསྒྲགས་ཆེན་པོ་ཡོད་པས་གནས་ཚུལ་ཁ་གསལ་རག་མེད། ཕྱི་ཟླ་༡༠ ཚེས་ ༡ ཉིན་ཀྲུང་གོའི་རྒྱལ་ཁབ་འགོ་བཙུགས་པའི་རྒྱལ་སྟོན་དུས་ཆེན་འཁེལ་གྱི་ཡོད་ནའང་། ས་གནས་དེར་དུས་སྟོན་གྲ་རྒྱས་པོ་གཏོང་ཐུབ་མི་འདུག གནས་ཚུལ་དེའི་ཡོང་རྐྱེན་ནི། ཉིན་ཤས་སྔོན་ས་གནས་དེར་རྒྱ་གཞུང་གིས་བོད་ལ་བདེ་སྐྱིད་ཡོད་རབ་ཀྱི་འཁྲབ་སྟོན་ཆེན་པོ་ཞིག་འཚོགས་ནས་གློག་བརྙན་པར་རྒྱག་དགོས་སྐོར་བཙན་བཀའ་བཏང་རྗེས་བོད་མི་ཚོས་ད་ལོ་འཁྲབ་སྟོན་བྱེད་འདོད་མེད་པའི་སྐོར་བརྗོད་ཡོད་ཅིང་། དེ་དང་བསྟུན་ནས་ཁོང་གིས་རང་ལུས་མེར་སྲེག་ཀྱིས་ལམ་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་བ་ཞིག་ཡིན་འདུག
དམ་ཆོས
དམ་ཆོས
དམ་ཆོས
གནས་ཚུལ་བྱུང་ཚེས། -
August 27, 2012
རྟགས། -
Male
ས་གནས། -
ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་སྒོ་ཆེན་འགྲམ།
ལོ། -
17
མ་མིང། -
ཚེབྷ
ཕ་མིང། -
བློ་བྷེ
སྐྱེས་ཡུལ། -
རྔ་པ་རྫོང་གཅའ་ཞང་རྭ་རུ་བ།
འཚོ་ཐབས། -
འབྲོག་ལས།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ ཉིན་གྱི་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ཚེ་པོ་ཚང་གི་ཕ་བློ་བྷེ་དང་། མ་ཚེ་བྷོ་གཉིས་ཀྱི་བུ་རང་ལོ་ ༡༧ ཡིན་པ་དམ་ཆོས་ལགས་དང་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་གཉིས་ཀྱིས་རྔ་པ་རྫོང་མཁར་དུ་ཡོད་པའི་ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་སྒོ་ཆེན་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད
སྐབས་དེར་ཁོང་གཉིས་གོམ་པ་ཉི་ཤུ་ཙམ་ལ་མེ་འབར་བཞིན་དུ་རྒྱུག་རྗེས་མཐར་ས་ལ་འགྱེལ་ཡོད་པ་ཐག་རིང་ཙམ་ནས་མཐོང་འདུག མེ་ལྕེའི་དབུས་ནས་ཀི་སྒྲ་ཙམ་ལས་འབོད་ཚིག་ག་རེ་བསྒྲགས་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་མེད། དེ་རྗེས་ཉེན་རྟོག་པ་སོགས་སླེབས་ཏེ་ཁོང་གཉིས་ཀྱི་ལུས་ལ་འབར་བཞིན་པའི་མེ་བསད་ནས་རྔ་པའི་སྨན་ཁང་དུ་ཅུང་ཙམ་རིང་བཞག་རྗེས་འབར་ཁམས་ལ་ཁྲིད་འདུག དགོང་མོ་ཤེས་རྟོགས་བྱུང་བར་ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་ཡོད་པ་དང། ཁོང་གཉིས་ཀྱི་སྐུ་ཕུང་འབར་ཁམས་ལ་ཁྱེར་ཡོད་ཅིང་ནང་མིར་སྤྲད་མེད་པར་རྒྱ་གཞུང་གིས་མེར་སྲེག་བཏང་སྟེ་རུས་ཐལ་ཞིག་སྤྲད་ཡོད། དམ་ཆོས་ལགས་ཀྱི་ཕ་མ་གཉིས་ཁག་ཁག་བྱས་ཏེ་ཁོང་ཨ་མ་དང་མཉམ་དུ་ཡོད་ཅིང། ཤུལ་དུ་ཨ་མ་གཅིག་པུ་ལས་ནང་མི་གཞན་མེད། ཁོང་ནི་དགེ་འདུན་པ་བློ་བཟང་སྐལ་བཟང་གི་ཚ་བོ་དང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་རྔ་པའི་མ་མའི་བཙུན་དགོན་ནས་རང་ལུས་མེར་སྲེག་གིས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱི་ཕ་མ་གཅིག་པའི་སྤུན་ཆུང་བ་ཡིན་ཞིང་། བསྟན་འཛིན་ཆོས་སྒྲོན་ཨ་ཕའི་ཁྱིམ་དུ་ཡོད་སྟབས་མིང་སྲིང་གཉིས་ཁྱིམ་ཁག་ཁག་བྱས་ནས་ཡོད། ཁོང་དེ་སྔོན་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་རྗེས་སུ་སྐྱ་སར་བབ་ནས་ཨ་མ་དང་མཉམ་དུ་འབྲོག་ལས་བྱས་ནས་བསྡད་འདུག འབྲོག་སྡེ་རྭ་རུ་བ་ནི་རྔ་པ་རྫོང་མཁར་གྱི་ཤར་ཕྱོགས་སུ་སྤྱི་ལེ་ ༧༠ ཙམ་གྱི་སར་ཡོད་ལ། ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དུ་རྨེའུ་རུ་ཤོག་ཀ་བདུན་གྱི་ནང་ཚན་གྱི་ཤོག་ཀ་གཅིག་ཡིན་མོད། རྗེས་སུ་རྒྱ་གཞུང་གིས་བཅད་བཟུང་བྱས་རྗེས་གཅའ་ཞང་ཟེར་བའི་ཁོངས་སུ་བསྡུས་ཡོད་པའི་འབྲོག་སྡེ་ཞིག་ཡིན་འདུག་པ་བཅས།།
བློ་བཟང་སྐལ་བཟང་།
བློ་བཟང་སྐལ་བཟང་།
བློ་བཟང་སྐལ་བཟང་།
གནས་ཚུལ་བྱུང་ཚེས། -
August 27, 2012
རྟགས། -
Male
ཁུངས། -
རྔ་པ་ཀིརྟི་དགོན།
ས་གནས། -
ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་སྒོ་ཆེན་འགྲམ།
ལོ། -
18
མ་མིང། -
སངས་རྒྱས་སྒྲོན།
ཕ་མིང། -
ཚེ་ཁོ་རྡོ་རྗེ།
སྐྱེས་ཡུལ། -
རྔ་པ་རྫོང་གཅའ་ཞང་རྭ་རུ་བ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ ཉིན་གྱི་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་ཕ་ཚེ་ཁོ་རྡོ་རྗེ་དང་། མ་སངས་རྒྱས་སྒྲོན་གཉིས་ཀྱི་བུ་རང་ལོ་ ༡༨ ཙམ་ཡིན་པ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་ཁོང་གི་གྲོགས་པོ་གཅའ་ཤང་རྭ་རུ་བའི་(མི་སྐྱ་)དམ་ཆོས་ལགས་གཉིས་ཀྱིས་རྔ་པ་རྫོང་མཁར་དུ་ཡོད་པའི་ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་སྒོ་ཆེན་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད།
སྐབས་དེར་ཁོང་གཉིས་གོམ་པ་ཉི་ཤུ་ཙམ་ལ་མེ་འབར་བཞིན་དུ་རྒྱུག་རྗེས་མཐར་ས་ལ་འགྱེལ་ཡོད་པ་ཐག་རིང་ཙམ་ནས་མཐོང་འདུག མེ་ལྕེའི་དབུས་ནས་ཀི་སྒྲ་ཙམ་ལས་འབོད་ཚིག་ག་རེ་བསྒྲགས་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་མེད། དེ་རྗེས་ཉེན་རྟོག་པ་སོགས་སླེབས་ཏེ་ཁོང་གཉིས་ཀྱི་ལུས་ལ་འབར་བཞིན་པའི་མེ་བསད་ནས་རྔ་པའི་སྨན་ཁང་དུ་ཅུང་ཙམ་རིང་བཞག་རྗེས་འབར་ཁམས་ལ་ཁྲིད་འདུག དགོང་མོ་ཤེས་རྟོགས་བྱུང་བར་ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གཉིས་ཀྱི་སྐུ་ཕུང་འབར་ཁམས་ལ་ཁྱེར་ཡོད་ཅིང་ནང་མིར་སྤྲད་མེད་པར་རུས་ཐལ་ཞིག་སྤྲད་ཡོད། གནས་ཚུལ་བྱུང་རྗེས་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་ཀྱི་གྲྭ་ཤག་གཅིག་པ་དགེ་འདུན་པ་བློ་བཟང་དཔལ་ལྡན་ཉེན་རྟོག་པས་ཁྲིད་འདུག བློ་བཟང་སྐལ་བཟང་ལགས་ཀྱི་ནང་ལ་ཕ་མ་གཉིས་དང་སྤུན་ཆེ་བ་ཚེ་ཁོ་བཀྲ་ཤིས་བཅས་ནང་མི་གསུམ་ཡོད་པ་བཅས། །
ལུང་རྟོགས།
ལུང་རྟོགས།
ལུང་རྟོགས།
གནས་ཚུལ་བྱུང་ཚེས། -
August 13, 2012
རྟགས། -
Male
ཁུངས། -
རྔ་པ་ཀིརྟི་དགོན།
ས་གནས། -
ཀིརྟི་དགོན་པའི་འདབས་ཀྱི་མ་ཎི་འཁོར་ཁང་།
ལོ། -
20
མ་མིང། -
ཀླུ་མོ།
ཕ་མིང། -
རིན་འབྱུང།
སྐྱེས་ཡུལ། -
བོད་མདོ་སྨད་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་པ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༦ པའི་ཐོག་བོད་མདོ་སྨད་རྔ་པ་རྫོང་སོ་རུ་མ་སྡེ་བའི་ཕ་འདས་པོ་རིན་འབྱུང་ལགས་དང་། མ་ཀླུ་མོ་གཉིས་ཀྱི་བུ་རང་ལོ་ ༢༠ ཡས་མས་ཡིན་པ་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་ལུང་རྟོགས་ལགས་ཀྱིས་གྲོགས་པོ་མི་སྐྱ་བཀྲ་ཤིས་ལགས་དང་ལྷན་ཀིརྟི་དགོན་པའི་འདབས་ཀྱི་མ་ཎི་འཁོར་ཁང་ཞིག་གི་ནང་ནས་རང་ལུས་མེར་སྲེག་བཏང་སྟེ་དཔའ་བོའི་སྲང་ལམ་ནས་ངོ་རྒོལ་སྐད་འབོད་གནང་འདུག དེ་ཡང་གྲྭ་ལུང་རྟོགས་ལགས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་གཞུང་ལམ་དབུས་མའི་བཞི་མདོར་སླེབས་མཚམས། རྒྱ་མིའི་ཉེན་རྟོག་པ་ཁག་གཅིག་གིས་རུབ་ནས་མེ་བསད་དེ་བཙན་ཁྲིད་ཀྱིས་རྔ་པའི་སྨན་ཁང་དུ་ཁྱེར་ནས་དུས་ཚོད་ཕྱེད་ཀ་ཙམ་རིང་བསྡད་རྗེས་འབར་ཁམས་ལ་ཁྱེར་ཡོད་ཀྱང་མེས་ཚབས་ཆེ་ཚིག་སྟབས་གསོན་པའི་རེ་བ་མེད་པ་རེད། བཀྲ་ཤིས་གྲྭ་པ་ཡིན་སྐབས་ཁོང་དང་འཛིན་གྲྭ་གཅིག་པའི་འཛིན་གྲོགས་ཡིན་འདུག དེ་ཉིན་སྔ་དྲོ་སྨན་པ་གྲྭ་ཚང་ཚོགས་འཚོགས་སྐབས་ལུང་རྟོགས་ལགས་ཀྱིས་བོད་ཀྱི་རྒྱལ་གཅེས་པ་ཡོངས་ཀྱི་ཆེད་དུ། དགེ་འདུན་རེ་ལ་རྒྱ་སྒོར་གཅིག་རེ་སྐུ་འགྱེད་བཏང་སྟེ་བསྔོ་བ་སྨོན་ལམ་དང་སྐྱབས་འཇུག་ཞུ་སྐུལ་གནང་འདུག དེ་ཉིན་དོན་རྐྱེན་དེ་རྗེས་སུ་རྔ་པ་ཀིརྟི་དགོན་པའི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་དགོན་པའི་ལས་སྣེ་ཁག་གཅིག་རྫོང་སྲིད་གཞུང་དུ་ཐེངས་ཁ་ཤས་ཚོགས་འདུར་འབོད་འགུག་བྱས་འདུག ཕྱི་ཚེས་ ༡༤ ཉིན་རྒྱ་གཞུང་གིས་ཁོང་གཉིས་ཀྱི་ཕུང་པོ་འབར་ཁམས་སུ་མེ་སྲེག་གིས་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་ཀྱང་། ཀིརྟི་དགོན་པའི་རྒྱབ་ཀྱི་དུར་སར་སྲོལ་རྒྱུན་གྱི་ཆོ་གའི་རྗེས་འཇུག་སོགས་གང་ཡང་བྱེད་མ་བཅུག་པར་གཙང་བཟོ་བྱེད་དུ་བཅུག་འདུག དེ་ཉིན་ཤུལ་ལུས་ནང་མི་དང་བཅས་པར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་རྔ་པའི་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་སྟེ་རྔ་པ་མི་མང་གིས་དགོན་པ་ཁག་ལ་བསྔོ་རྟེན་ཕུལ་བ་དང་སྐོར་ར། ཕྱག་མཆོད་འབུལ་སོགས་བྱས་ཏེ་གདུང་སེམས་མཉམ་སྐྱེའི་རྣམ་པ་སྟོན་གང་ཐུབ་བྱས་འདུག
བཀྲ་ཤིས།
བཀྲ་ཤིས།
བཀྲ་ཤིས།
གནས་ཚུལ་བྱུང་ཚེས། -
August 13, 2012
རྟགས། -
Male
ས་གནས། -
རྔ་པ་ཀིརྟི་དགོན་པའི་མཐའ་འཁོར་གྱི་འཁོར་ཁང་།
ལོ། -
21
མ་མིང། -
རྔ་པོ།
ཕ་མིང། -
ལྷ་དབང།
སྐྱེས་ཡུལ། -
བོད་མདོ་སྨད་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་པ།
འཚོ་ཐབས། -
ཞིང་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༦ པ་ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཕ་ལྷ་དབང་དང་མ་རྔ་པོ་ཡི་བུ་རང་ལོ་ ༢༡ ཡས་མས་ཡིན་པ་བཀྲ་ཤིས་ལགས་ཀྱིས་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་ལུང་རྟོགས་ལགས་དང་ལྷན་རྔ་པ་ཀིརྟི་དགོན་པའི་མཐའ་འཁོར་གྱི་འཁོར་ཁང་ཞིག་གི་ནང་ནས་རང་ལུས་མེར་སྲེག་བཏང་སྟེ་དཔའ་བོའི་སྲང་ལམ་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་ཡོད། བཀྲ་ཤིས་ལགས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་ཡོང་སྐབས་གཞུང་ལམ་དུ་མ་སླེབས་ཙམ་ལ་ཉེན་རྟོག་པ་མང་པོས་རུབ་བརྡུང་བྱས་ནས་མེ་བསད་དེ་སྣུམ་འཁོར་ནང་བཙན་ཁྲིད་བྱས་ཡོད། ཁོང་གཉིས་སྐབས་དེར་རྔ་པའི་སྨན་ཁང་དུ་ཁྱེར་ནས་ཆུ་ཚོད་ཕྱེད་ཀ་མིན་ཙམ་རིང་བསྡད་རྗེས་འབར་ཁམས་ལ་ཁྱེར་ཡོད་ཀྱང་དངོས་སུ་མཐོང་མཁན་གྱིས། གཉིས་ཀ་མེས་ཚིག་པའི་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གསོན་པའི་རེ་བ་མེད་ཚུལ་བརྗོད་ཡོད། ཁོང་དེ་སྔོན་ཀིརྟི་དགོན་པའི་དགེ་འདུན་ཡིན་པ་དང་ཕྱི་ལོ་ ༢༠༡༡ ལོར་སྐྱ་སར་བབས་ནས་ཕ་མའི་རྩར་བསྡད་འདུག དོན་རྐྱེན་བྱུང་མ་ཐག་ཉེ་འཁོར་གྱི་མི་མང་གིས་ཀི་ལྡིར་བྱས་ཏེ་སྐད་འབོད་སྣ་ཚོགས་བྱས་པར། དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་སླེབས་ནས་མི་མང་ལ་ལྕགས་མདུང་འཛེར་མ་ཅན་སོགས་ཀྱིས་གང་བྱུང་གཅར་རྡུང་བྱས་ཏེ། མི་མང་པོ་ཞིག་རྨས་སྐྱོན་བཟོས་ཤིང་། མི་ཁག་གཅིག་སྐབས་དེར་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། མི་གཅིག་གི་མགོ་ལ་ལྕགས་མདུང་འཛེར་མ་ཅན་གཞུས་ཏེ་མགོ་བོ་ཡོངས་རྫོགས་ཁྲག་གིས་འཚོས་ཡོད། མི་དེའི་རྗེས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་མེད་པ་དང། རྔ་པ་རྫོང་མཁར་ཡོངས་ལ་དམིགས་བསལ་ཉེན་རྟོག་པ་དང་སྤྱི་བདེ་ཉེན་རྟོག་པ་ཧ་ཅང་མང་པོ་འགྲེམས་འཇོག་བྱས་འདུག མི་མང་པོར་ཛ་དྲག་གི་རྨས་སྐྱོན་སོགས་བཟོས་ཡོད་ཀྱང་ད་དུང་གནས་ཚུལ་ཇི་བཞིན་ཤེས་རྟོགས་ཐུབ་ཀྱི་མེད། ཕྱི་ཚེས་ ༡༤ ཉིན་བཀྲ་ཤིས་ཁོང་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་སུ་འདས་གྲོངས་གྱུར་ཏེ་རུས་ཐལ་ཞིག་སྤྲད་པ་དེ་ཡང་རང་དབང་གང་ཡང་མེད་པར་སྐབས་ཐོག་དེར་ཀིརྟི་དགོན་པའི་རྒྱབ་ཀྱི་དུར་ཁྲོད་དུ་གཙང་བཟོ་བྱེད་དུ་བཅུག་པ་ལས་སྲོལ་རྒྱུན་གྱི་ཆོ་ག་ལྟར་རྗེས་འཇུག་གང་ཡང་བྱུང་མི་འདུག།།
གཅོད་པ།
གཅོད་པ།
གཅོད་པ།
གནས་ཚུལ་བྱུང་ཚེས། -
August 10, 2012
རྟགས། -
Male
མ་མིང། -
མ་སྒྲོན།
ཕ་མིང། -
དཔའ་ལོ།
སྐྱེས་ཡུལ། -
བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང་རུ་ཆེན་དང་པོ།
འཚོ་ཐབས། -
འབྲོག་ལས།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༠ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙལ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང། རུ་ཆེན་དང་པོའི་ཉག་སྐོར་མའི་ཕ་དཔའ་ལོ་དང་། མ་མ་སྒྲོན་གཉིས་ཀྱི་བུ་རང་ལོ་ ༢༤ ཡིན་པ་གཅོད་པ་ལགས་ཀྱིས་རྨེའུ་རུ་མའི་ཞང་ཐོག་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད། སྐབས་དེར་སྐར་མ་ཁ་ཤས་ལས་མ་འགོར་བར་ས་གནས་སུ་ཡོད་པའི་ཉེན་རྟོག་པ་རྣམས་སླེབས་ཏེ་ཁོང་གི་ལུས་ལ་འབར་བཞིན་པའི་མེ་བསད་ནས་བཙན་ཁྲིད་བྱས་ཡོད་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ པ་ཡོལ་ཙམ་ལ་འབར་ཁམས་སུ་སླེབས་ལ་ཉེ་བའི་ལམ་བར་ནས་འདས་གྲོངས་སུ་གྱུར་འདུག སྐུ་ཕུང་འབར་ཁམས་ནས་རྒྱ་གཞུང་གིས་མེར་སྲེག་བཏང་སྟེ་ནང་མིར་རུས་ཐལ་ཞིག་སྤྲད་འདུག གནས་ཚུལ་བྱུང་མ་ཐག་ནས་རྨེའུ་རུ་མའི་ཞང་ཐོག་ཡོངས་སུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་ཁེངས་ནས་དམ་བསྒྲགས་ཤུགས་ཆེ་བྱས་འདུག དམ་པ་ཁོང་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་སྟེ་དཔྱིད་གསར་དུས་ཆེན་སྐབས་རྔ་པ་རྨེའུ་རུ་མའི་ནང་ནས་བོད་མི་བརྒྱ་ཕྲག་བརྒལ་བས་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་བྱས་སྐབས་ཀྱི་སྣེ་ཁྲིད་པའི་གྲས་ཡིན་ཞིང་། དེའི་རྗེས་རྒྱ་གཞུང་གི་ཉེན་རྟོག་མི་སྣས་རྩད་གཅོད་ཐེངས་འགར་བྱས་ཀྱང་ལག་སོན་མ་བྱུང་སྟབས་བྲོས་བྱོལ་བྱས་འདུག ཆུང་ཆུང་སྐབས་རྨེའུ་རུ་མའི་སློབ་ཆུང་ལ་འགྲོ་མྱོང་ཡོད་ཅིང་། ཤུལ་དུ་ཕ་མ་གཉིས་དང་མིང་སྲིང་བཞི་བཅས་ནང་མི་དྲུག་ལྷག་ཡོད་འདུག ཛ་དྲག་གི་གནས་ཚུལ་འདི་དག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ཁོ་ན་ལ་བརྟེན་ནས་ཡོང་གི་ཡོད།།
སྒྲོལ་དཀར་མཚོ།
སྒྲོལ་དཀར་མཚོ།
སྒྲོལ་དཀར་མཚོ།
གནས་ཚུལ་བྱུང་ཚེས། -
August 7, 2012
རྟགས། -
Male
ལོ། -
27
མ་མིང། -
སངས་རྒྱས་མཚོ།
ཕ་མིང། -
འབྲུག་རྒྱལ་མཁར།
སྐྱེས་ཡུལ། -
ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཉེ་འགྲམ་རྟ་སར་སྡེ་པ།
འཚོ་ཐབས། -
ཞིང་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས ༧ བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཙམ་ལ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེ་འགྲམ་རྟ་སར་སྡེ་བའི་ཕ་འབྲུག་རྒྱལ་མཁར་དང་། མ་སངས་རྒྱས་མཚོ་གཉིས་ཀྱི་བུ་མོ་རང་ལོ་ ༢༧ ཡིན་པ་སྒྲོལ་དཀར་མཚོ་ལགས་ཀྱིས་གཙོས་དགའ་ལྡན་ཆོས་གླིང་དགོན་པའི་སྐོར་ལམ་གྱི་མཆོད་རྟེན་འགྲམ་ནས་སྐུ་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་མིར་རང་དབང་མི་འདུག ཅེས་སྐད་འབོད་རྒྱག་བཞིན་རྒྱ་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་རྗེས་ས་ལ་འགྱེལ་ཡོད་ནའང་ལག་པ་གཉིས་ཐལ་མོ་སྦྱར་ནས་འདས་གྲོངས་སུ་གྱུར་འདུག དགེ་འདུན་པ་ཚོས་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་པ་མ་ཟད། གཙོས་དགོན་པའི་དགེ་འདུན་པ་རྣམས་ཁོང་མོའི་ཁྱིམ་ཚང་དུ་ཕྱིན་ཏེ་སྨོན་ལམ་སོགས་གནང་འདུག ཁོང་གཙོས་གྲོང་ཁྱེར་ནས་སྤྱི་ལེ་གཅིག་ཙམ་གྱི་སར་ཁྱིམ་ཚང་སུམ་ཅུ་ཙམ་ཞིག་ཡོད་པའི་རྟ་སར་སྡེ་པ་ནས་བར་མའི་སྡེ་བར་པདྨ་དོན་གྲུབ་ཀྱི་མནའ་མར་ཕྱིན་ཏེ། ཁོང་གཉིས་ལ་ཕྲུ་གུ་ཆེ་བ་བུ་མོ་བཎྡེ་འཚོ་ལོ་ ༥ དང་། ཆུང་བ་བུ་ཡུམ་སྐྱབས་ཚེ་རིང་ལོ་ ༣ ཡིན་འདུག ཕྱི་ཚེས་ ༨ ཉིན་བོད་ནང་ཆུ་ཚོད་ ༡།༣༠ ཐོག་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་གྲྭ་རྒྱུན་དང་། ཕྱོགས་ཕེབས་ཀྱི་སློབ་གཉེར་བ་བཅས་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་འདས་གྲོངས་སུ་ཕྱིན་པའི་ནང་མིར་སེམས་གསོ་དང་བསྔོ་སྨོན་ཆེད་སྒེར་ངོས་ནས་རླངས་འཁོར་མང་པོ་ཞིག་གླས་ཏེ་གཙོས་ཕྱོགས་སུ་བསྐྱོད་ཡོད་ཅིང་། སྐབས་དེར་བསང་ཆུ་རྫོང་ཆོས་ལུགས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་བཅས་ཀྱི་མི་སྣ་འབྱོར་ཏེ་བཀག་འགོག་དང་འཇིགས་སྐུལ་སྣ་ཚོགས་ཤིག་བྱས་ཡོད་ཀྱང། སྐབས་དེར་དགེ་འདུན་པ་རྣམས་ཀྱིས་གསན་འཇོག་མ་གནང་བར་ཞབས་ཐང་ལ་ཕེབས། གང་དུ་བཀག་ན་དེ་ནས་ཞི་རྒོལ་བྱ་རྒྱུ་ཡིན། ཞེས་གསུངས་ཏེ་དགོན་མཐའི་གཞུང་ལམ་སྟེང་བསྐྱོད་སྐབས་དགོན་པའི་དོ་དམ་ཁང་གི་མི་སྣ་ཕེབས་ཏེ། གྲྭ་མང་ལ་ཞུ་བ་འཐེན་ཞིང་གོ་བསྐོན་སློབ་གསོ་སྣ་ཚོགས་བྱས་སྟབས། ཕར་ཚུར་ཕྱོགས་གཉིས་ཀ་ཧ་ཅང་སྐྱོ་ལྷང་ལྷང་ཆགས་ཤིང་། མཐར་གྲྭ་མང་བླ་བྲང་བཀྲ་ཤིས་འཁྱིལ་ནང་བསྟན་སློབ་གྲྭའི་སྒོ་མདུན་གྱི་གཞུང་ལམ་སྟེང་བཞུགས་ཏེ། སྨོན་ལམ་གསུང་འདོན་གནང་བ་དང་དགེ་འདུན་པ་དང་མང་ཚོགས་འདུ་འཛོམས་ཆེན་པོ་བྱུང་འདུག ཡང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྒྲོལ་དཀར་མཚོ་ནི་བཟའ་ཚང་གི་བར་དུ་འགལ་ཟླ་བྱུང་སྟེ་སེམས་ཁམས་བདེ་བོ་མེད་པར་རང་སྲོག་བཅད་པ་རེད། ཅེས་འཁྱོག་བཤད་ཀྱི་གནས་ཚུལ་ཡང་སྤེལ་ཡོད།།
བློ་བཟང་ཚུལ་ཁྲིམས།
བློ་བཟང་ཚུལ་ཁྲིམས།
བློ་བཟང་ཚུལ་ཁྲིམས།
གནས་ཚུལ་བྱུང་ཚེས། -
August 6, 2012
རྟགས། -
Male
ཁུངས། -
རྔ་པ་ཀིརྟི་དགོན།
ས་གནས། -
ཀིརྟི་དགོན་པའི་ཉེ་འདབས་དཔའ་བོའི་སྲང་ལམ།
ལོ། -
21
མ་མིང། -
སྒྲོལ་དཀར་སྐྱིད།
ཕ་མིང། -
དབང་ཚེ།
སྐྱེས་ཡུལ། -
རྔ་པ་རྫོང་གཅའ་ཡུལ་ཚོ་རྭ་རུ་བའི་སྡེ་པ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ ༨ ཚེས ༦ བོད་ནང་གི་དགོང་དྲོ་ཆུ་ཚོད་ ༥།༠༥ ཙམ་ལ་རྔ་པ་རྫོང་གཅའ་ཡུལ་ཚོ་རྭ་རུ་བའི་ཅ་དར་ཚང་གི་ཕ་དབང་ཚེ་དང་། མ་སྒྲོལ་དཀར་སྐྱིད་གཉིས་ཀྱི་བུ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་ཀིརྟི་དགོན་པའི་ཉེ་འདབས་དཔའ་བོའི་སྲང་ལམ་ནས་རང་ལུས་མེར་སྲེག་བཏང་སྟེ་མེ་ལྕེ་འབར་བཞིན་པའི་ཀློང་ནས་སྐད་ཤུགས་ཆེན་པོས། ༸རྒྱལ་བ་རིན་པོ་ཆེ་མཆོག་དང་། ཀིརྟི་རིན་པོ་ཆེ་རྣམ་གཉིས་བོད་དུ་ཕེབས་འཇུག་དགོས། ཀིརྟི་དགོན་པའི་སློབ་གྲྭའི་སྒོ་ཕྱེ་དགོས། ཞེས་པའི་སྐད་འབོད་བྱེད་བཞིན་ཁྲོམ་གཞུང་དུ་རྒྱུགས་སྐབས། ལམ་དེར་ཡོད་པའི་ནགས་ལས་ཁང་གི་ར་སྐོར་ནང་ཡིབ་སྡོད་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་མེ་གསོད་ཡོ་ཆས་བེད་སྤྱོད་ཀྱིས་མེ་བསད་དེ་ཐང་ལ་འགྱེལ་རྗེས་རླངས་འཁོར་ནང་གཡུགས་ནས་རྔ་པ་རྫོང་སྨན་ཁང་དུ་བཙན་འཁྱེར་བྱས་འདུག རྔ་པའི་སྨན་ཁང་དུ་དུས་ཚོད་ཕྱེད་ཙམ་རིང་བསྡད་རྗེས་ས་གནས་གཞན་དུ་ཁྱེར་བ་ཙམ་ལས་ཤེས་རྟོགས་མེད་པ་དང་སྐབས་ཐོག་དེར་གྲོངས་མི་འདུག་ཀྱང་། ཉིན་དེའི་བོད་ནང་གི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ་འབར་ཁམས་སྨན་ཁང་དུ་འདས་གྲོངས་སུ་གྱུར་འདུག སྐུ་གྲོངས་མ་ཐག་འབྲེལ་ཡོད་ཚོས་སྐུ་ཕུང་ནང་མིར་སྤྲོད་རྒྱུའི་རེ་འདུན་ཞུས་ཀྱང་དང་ལེན་མ་བྱས་པར། རྒྱ་ནག་གཞུང་གིས་སྐུ་ཕུང་མེར་སྲེག་བཏང་སྟེ་རུས་ཐལ་ཞིག་ནང་མིར་སྤྲད་འདུག ཕྱི་ཚེས་ ༧ ཉིན་གྱི་མཚན་མོ་འབྲེལ་ཡོད་དགེ་འདུན་པ་བཞིས་ཀིརྟི་དགོན་པའི་རྒྱབ་ཀྱི་དུར་སའི་ནང་བསྐྱལ་འདུག ཁོང་ནི་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་ཞིང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་ཉེན་རྟོག་པས་དགོན་པའི་ནང་ནས་འཛིན་བཟུང་གིས་གཅར་རྡུང་དྲག་པོ་ཕོག་མྱོང་ཡོད་ཅིང་། ཐོས་བསམ་གླིང་གྲྭ་ཚང་གི་རྟགས་རིགས་འཛིན་གྲྭ་ཡིན་པ་དང་། ལོ་སྔོན་མའི་ནང་སྐུ་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་པ་བློ་བཟང་ཕུན་ཚོགས་ལགས་དང་འཛིན་གྲྭ་གཅིག་པ་ཡིན་འདུག རྒྱུན་དུ་ལག་རྩེད་སྤོ་ལོ་རྩེད་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་དང་། རྔ་པའི་ནང་ལག་རྩེད་སྤོ་ལོ་རུ་ཁག་ཅིག་གི་ཚོགས་མི་ཡང་ཡིན་འདུག
བློ་བཟང་བློ་འཛིན།
བློ་བཟང་བློ་འཛིན།
བློ་བཟང་བློ་འཛིན།
གནས་ཚུལ་བྱུང་ཚེས། -
July 17, 2012
རྟགས། -
Male
ཁུངས། -
རྔ་པ་ཀིརྟི་དགོན།
ལོ། -
18
མ་མིང། -
ཚེ་བྷོ།
ཕ་མིང། -
འབྱོར་རྒྱལ
སྐྱེས་ཡུལ། -
རྔ་པ་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ཥོ་ལ་ཅང་སྡེ་པ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༧ ཉིན་བོད་ནང་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་དུ་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཥོ་ལ་ཅང་སྡེ་བའི་མཁར་མགོ་ཚང་གི་ཕ་འབྱོར་རྒྱལ་དང། མ་ཚེ་བྷོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བློ་བཟང་བློ་འཛིན་ལགས་ཀྱིས་དགོན་པའི་གླིང་དཀྱིལ་གྱི་འདུ་ཁང་མདུན་ནས་རང་ལུས་མེར་སྲེག་བཏང་སྟེ་ས་གནས་ཡུལ་ཚོའི་སྲིད་གཞུང་གི་ཕྱོགས་སུ་གོམ་འགྲོས་ཀྱིས་ཕེབས་འདུག་ཀྱང། ཅུང་ཙམ་ནས་སྐུ་ལུས་ཀྱི་མེ་འབར་ཤུགས་ཆེ་སྟབས། ས་ལ་འགྱེལ་ནས་མེ་ལྕེ་དྲག་པོའི་ཀློང་དུ་འདས་གྲོངས་སུ་གྱུར་འདུག སྐུ་ལུས་མེར་བསྒྲོན་པ་དང་མཉམ་དུ་སྐད་འབོད་མང་པོ་ཞིག་གནང་ཡོད་ཀྱང་བརྗོད་ཚིག་གང་ཡིན་ད་དུང་གསལ་བོ་ཤེས་རྟོགས་ཐུབ་མེད། གནས་ཚུལ་དེ་བྱུང་རྗེས་དགེ་འདུན་པ་རྣམས་ཀྱིས་སྐུ་ཕུང་གཙང་ཉར་གྱི་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་སྒྲུབ་མཚམས། ཉིན་དེའི་མཚན་མོར་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ཉེ་འགྲམ་གྱི་ཆུ་ནང་དུ་ཕུང་པོ་ཉ་སྦྱིན་བཏང་ཡོད་ཅིང་། གནས་ཚུལ་དེ་འབར་ཁམས་རྫོང་ནས་ཤེས་རྗེས་དྲག་ཆས་ཉེན་རྟོག་པ་སོགས་ལས་བྱེད་མང་པོ་ཞིག་ཚོ་བདུན་ཀིརྟི་དགོན་པའི་ཕྱོགས་སུ་ཡོང་གིན་ཡོད་ཀྱང་། ཚོ་བདུན་མི་མང་གིས་རང་ནུས་གང་ཡོད་ཀྱིས་ཟམ་ཁ་ནས་བཀག་འགོག་བྱས་པར་བརྟེན། དགོན་པའི་ནང་དུ་སླེབས་མེད་ཀྱང་ཆུའི་ཕར་འགྲམ་དུ་དམག་སྦྱོང་འདྲ་མིན་བྱས་ནས་བསྡད་འདུག ཕྱི་ཚེས་ ༡༨ ཉིན་ཚོ་བདུན་མི་མང་གིས་དགོན་པའི་ནང་དུ་ཕྱག་མཆོད་འབུལ་དང་ཞབས་སྐོར་བརྒྱབ་པ་སོགས་དགེ་བའི་ལས་ལ་འབད་ཡོད་པ་མ་ཟད། ཉིན་གང་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་བརྒྱབ་སྟེ་མྱ་ངན་གྱི་རྣམ་པ་མཚོན་གང་ཐུབ་བྱས་འདུག ཁོང་ནི་ཆུང་ཆུང་སྐབས་ནས་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པར་ཆོས་ཞུགས་གནང་སྟེ། ད་ལྟ་ཁ་དོག་གོང་མའི་འཛིན་གྲྭའི་ནང་སློབ་སྦྱོང་རྩེ་གྲས་ཡིན་པར་མ་ཟད། ཀུན་སྤྱོད་ལེགས་ཤིང་ཡ་རབས་ཚུལ་མཐུན་གྱི་མིག་དཔེར་འོས་པ་ཞིག་ཡིན། ཁྱིམ་ཚང་དེར་ནང་མི་ལྔ་ཡོད་འདུག རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་པ་ནི། འབར་ཁམས་རྫོང་ཁོངས་སུ་ཡོད་ཅིང་། འབར་ཁམས་རྫོང་ནས་བྱང་ཕྱོགས་སུ་སྤྱི་ལེ་ ༨༥ ཙམ་གྱི་སར་ཡོད། དགོན་དེའི་མིང་ཆ་ཚང་ལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ཞེས་འབོད་ཅིང་དེང་སྐབས་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ཡོད་པས་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཡིན་འདུག དེ་སྔོན་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་དགོན་འདིའི་གྲྭ་འཆི་མེད་དཔལ་ལྡན་ལགས་དང་། གྲྭ་བསྟན་པ་དར་རྒྱས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་བཅས།།
ཚེ་དབང་རྡོ་རྗེ།
ཚེ་དབང་རྡོ་རྗེ།
ཚེ་དབང་རྡོ་རྗེ།
གནས་ཚུལ་བྱུང་ཚེས། -
July 7, 2012
རྟགས། -
Male
ས་གནས། -
འདམ་གཞུང་རྫོང་མི་ཚོགས་འདུ་འཛོམས་ཆེ་སའི་ཁྲོམ་གཟིགས་སྒང་།
ལོ། -
22
ཕ་མིང། -
ནོར་ནོར།
སྐྱེས་ཡུལ། -
ལྷ་ས་གྲོང་ཁྱེར་འདམ་གཞུང་རྗོང་མཆོད་རྟེན་ཁུག་གྲོང་ཚོ།
འཚོ་ཐབས། -
འབྲོག་ལས།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ ༧ ཚེས་ ༧ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་རྡལ། མཆོད་རྟེན་ཁུག་གྲོང་ཚོའི་ཕ་ཚེ་འདས་ནོར་ནོར་གྱི་བུ་རང་ལོ་ ༢༢ ཡིན་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་འདམ་གཞུང་རྫོང་མི་ཚོགས་འདུ་འཛོམས་ཆེ་སའི་ཁྲོམ་གཟིགས་སྒང་ཟེར་བའི་སྒོ་རའི་མདུན་དུ་སྐད་ཤུགས་ཆེན་པོས་སྐད་འབོད་གནང་བ་དང་ལྷན་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག མེ་འབར་ནས་དུས་ཚོད་སྐར་མ་གསུམ་ཙམ་སོང་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་སྐུ་ལུས་ཀྱི་མེ་བསད་དེ། རྫོང་སྨན་ཁང་དུ་བཙན་ཁྱེར་བྱས་ནས་མི་སུ་གཅིག་ཀྱང་ཐུག་འཕྲད་བྱེད་བཅུག་མེད་ཀྱང་། ཁོང་ཉིན་དེའི་མཚན་མོ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཡང་ཁྱབ་འདུག སྐབས་དེར་ཁོང་གིས་རང་ལུས་མེར་སྲེག་གནང་སའི་སྒོ་རའི་ནང་ཡོད་པའི་མི་ཚང་མ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད། ཐ་ན་གནས་ཚུལ་དེའི་སྐོར་སུ་གཅིག་གིས་ཀྱང་ཕྱི་ལ་ཤོད་མི་ཆོག་པའི་བཙན་བཀའ་བཏང་འདུག ཁོང་གི་འབོད་ཚིག་གང་ཞིག་བསྒྲགས་ཡོད་མེད་དང་། སྐུ་ཕུང་ཅི་ཞིག་བྱས་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་ཤེས་རྟོགས་ཐུབ་མེད། སྐབས་དེར་འདམ་གཞུང་རྫོང་ཡོངས་ལ་དམ་བསྒྲགས་ཧ་ཅང་ཆེན་པོའི་འོག་ཁ་པར་ཚང་མ་བཀག་སྡོམ་གྱིས་ཕྱི་ཕྱོགས་ནས་འབྲེལ་བ་བྱེད་ཐབས་མེད་པའི་གནས་སྟངས་འོག་ལྷུང་ཡོད། དེ་བཞིན་ལྷ་ས་གྲོང་ཁྱེར་སོགས་བོད་ནང་ཁུལ་གྱི་ས་ཆ་ཕན་ཚུན་ནས་ཀྱང་། འདམ་གཞུང་རྫོང་ཐོག་ཏུ་ཁ་པར་མཐུད་ཐབས་མེད་པ་ཆགས་འདུག རྒྱལ་གཅེས་པ་ཁོང་ནི་ནམ་རྒྱུན་ཚོང་ཙག་ཙིག་རེ་བརྒྱབ་སྟེ་འཚོ་བ་སྐྱེལ་མཁན་ཞིག་ཡིན་པ་དང་། ད་ལྟ་ཤུལ་དུ་ལུས་པ་ནི་མ་རྒན་གཅིག་མ་གཏོགས་སུ་གཅིག་ལྷག་མི་འདུག
བདེ་སྐྱིད་ཆོས་འཛོམས།
བདེ་སྐྱིད་ཆོས་འཛོམས།
བདེ་སྐྱིད་ཆོས་འཛོམས།
གནས་ཚུལ་བྱུང་ཚེས། -
June 27, 2012
རྟགས། -
Female
ས་གནས། -
སྐྱེ་རྒུ་མདོ་དོན་གྲུབ་གླིང་དགོན་པའི་གཤམ་འོག་གི་སྐྱེ་རྒུ་གྲོང་ཁྱེར་ཁྲོམ་གཞུང་།
ལོ། -
40
ཕ་མིང། -
པདྨ་དོན་གྲུབ།
སྐྱེས་ཡུལ། -
ཁམས་སྐྱེ་རྒུ་མདོ།
འཚོ་ཐབས། -
ཚོང་པ།
ད་ལྟའི་གནས་སྟངས། -
ཤེས་རྟོགས་མེད།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ ༦ ཚེས ༢༧ ཉིན་རྒྱབ་ཆུ་ཚོད་ ༢ ཙམ་དུ་ཁམས་སྐྱེ་རྒུ་མདོའི་དཔལ་ཐང་གྲོང་ཚོའི་ཕ་ཚེ་འདས་པདྨ་དོན་གྲུབ་ཀྱི་བུ་མོ་རང་ལོ་ ༤༠ ཙམ་ཡིན་པ་བདེ་སྐྱིད་ཆོས་འཛོམས་ལགས་ཀྱིས་སྐྱེ་རྒུ་མདོ་དོན་གྲུབ་གླིང་དགོན་པའི་གཤམ་འོག་གི་སྐྱེ་རྒུ་གྲོང་ཁྱེར་ཁྲོམ་གཞུང་དུ་ཁྱིམ་ཚང་ ༧༠ ཙམ་གྱི་བོད་པའི་ས་ཁང་རྒྱུ་ནོར་རྒྱ་གཞུང་གིས་བཙན་ཕྲོགས་བྱས་དང་བྱེད་བཞིན་པའི་གཉའ་གནོན་དང་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་ཆེད། རང་ས་རང་དབང་དང་། རང་རྒྱུ་རང་དབང་གི་སྐད་འབོད་ཤུགས་ཆེན་བྱེད་བཞིན་རྒྱ་གཞུང་གིས་བོད་པའི་ས་ཁང་བཙན་ཕྲོགས་ཀྱིས་བོད་མི་ཚོར་གཉའ་གནོན་བྱེད་བཞིན་པའི་གནས་ཚུལ་དེར་སེམས་ཀྱིས་མ་བཟོད་པར་རང་ལུས་ལ་མེ་སྤར་ཏེ་མཆོངས་ཡོང་སྐབས། རྒྱ་མིའི་ཉེན་རྟོག་དམག་མིས་མེ་བསད་དེ་ཟི་ལིང་སྨན་ཁང་དུ་བཙན་འཁྱེར་བྱས་འདུག སྐབས་དེར་སྤུན་མཆེད་བཀྲ་ཤིས་གཡང་འཛོམས་དང་། ཨ་ཞང་བཀྲ་ཤིས་དོན་གྲུབ་གཉིས་ནས་ཀྱང་མདུན་དུ་མཆོངས་ནས་ངོ་རྒོལ་བྱས་པར། རྒྱ་གཞུང་ཉེན་རྟོག་དམག་མིས་འཛིན་བཟུང་གིས་བཙན་ཁྲིད་བྱས་འདུག སྐབས་དེར་ས་གནས་ཀྱི་རྒྱ་ཆེའི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱིས་ཁོང་གཉིས་གློད་བཀྲོལ་མ་བཏང་ན་ཚང་མས་རང་ལུས་མེར་སྲེག་གཏོང་གི་ཡིན། ཞེས་སྐད་འབོད་བརྒྱབ་པས་གློད་ཙམ་བྱུང་ཡང་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག ཁོང་མོ་ནི་སྐྱེ་རྒུ་གྲོང་ཁྱེར་དང་ས་ཐག་ཉེ་བོ་ཡོད་པའི་དཔལ་ཐང་གྲོང་ཚོའི་ཁོངས་མི་ཡིན་ཞིང་། ཁྱོ་གའི་མིང་ལ་དབང་གྲགས་དང་། ཁོང་གཉིས་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་སྐྱེ་རྒུ་སློབ་གྲྭར་འགྲོ་བཞིན་ཡོད། ལོ་འགའི་སྔོན་ནས་སྐྱེ་རྒུ་གྲོང་ཁྱེར་དུ་གནས་སྤོས་ཀྱིས་ཚོང་ལས་གཉེར་བཞིན་འདུག
ངག་དབང་ནོར་འཕེལ།
ངག་དབང་ནོར་འཕེལ།
ངག་དབང་ནོར་འཕེལ།
གནས་ཚུལ་བྱུང་ཚེས། -
June 20, 2012
རྟགས། -
Male
ས་གནས། -
ཡུལ་ཤུལ་རྫ་སྟོད་གྲོང་རྡལ།
ལོ། -
22
མ་མིང། -
ཚེ་རིང་དབྱངས་ཅན།
ཕ་མིང། -
ལྷག་པ་དོན་གྲུབ།
སྐྱེས་ཡུལ། -
བོད་ལྗོངས་གཞིས་རྩེ་ས་ཁུལ་གཉའ་ལམ་རྗོང་སྨན་ཕུགས་ཤང།
འཚོ་ཐབས། -
ཞིང་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༠ ཉིན་གྱི་བོད་ནང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཙམ་དུ་བོད་ལྗོངས་གཞིས་རྩེ་ས་ཁུལ་གཉའ་ལམ་རྫོང་སྨན་ཕུགས་ཤང་འཁྲུལ་འདུལ་གྲོང་ཚོའི་ཕ་ལྷག་པ་དོན་གྲུབ་དང་། མ་ཚེ་རིང་དབྱངས་ཅན་རྣམ་གཉིས་ཀྱི་བུ་རང་ལོ་ ༢༢ ཡིན་པ་ངག་དབང་ནོར་འཕེལ་ལགས་ཀྱིས་གྲོགས་པོ་བསྟན་འཛིན་མཁས་གྲུབ་དང་ལྷན་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་ལག་ཏུ་བོད་ཀྱི་རྒྱལ་དར་འཁྱེར་ཞིང། བོད་ལ་རང་བཙན་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སྐད་འབོད་བརྒྱབ་ནས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་རྗེས་བསྟན་འཛིན་མཁས་གྲུབ་ལགས་སྐབས་དེར་འདས་གྲོངས་སུ་གྱུར་ཡོད་ནའང་། ངག་དབང་ནོར་འཕེལ་ཟིལ་དཀར་དགོན་དུ་ཉར་ཡོད་ཀྱང་ཡུན་རིང་གསོན་པའི་རེ་བ་མེད་སྟབས། ཕྱི་དྲོ་ཆུ་ཚོད་ ༤ ཐོག་ཟི་ལིང་སྨན་ཁང་དུ་ཁྱེར་འདུག སྐབས་དེར་དགེ་འདུན་མང་པོས་ཁོང་རྒྱ་མིའི་ལག་ཏུ་ཤོར་ཚེ་མནར་གཅོད་ཕོག་རྒྱུ་ཉག་གཅིག་ལ་བརྟེན། མཐར་དགོན་པའི་དོ་དམ་མི་སྣ་དང་ཉེན་རྟོག་པའི་བར་གྲོས་བསྡུར་གྱི་དགེ་འདུན་པ་གཉིས་ནད་གཡོག་ཏུ་བསྡད་ཆོག་པ་བྱས་ཏེ་སྨན་ཁང་དུ་གཏོང་རྒྱུར་ཁས་ལེན་འོག་ངག་དབང་ནོར་འཕེལ་ལགས་སྨན་ཁང་ནང་སྨན་བཅོས་བྱས་ཡོད། འོན་ཀྱང་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༣།༣༠ ཙམ་ལ་ཟི་ལིང་སྨན་ཁང་དུ་ཁོང་འདས་གྲོངས་གྱུར་ཏེ་ཕྱི་ཚེས་ ༣༡ ཉིན་སྔ་དྲོ་ས་གནས་སུ་སྐུ་ཕུང་ཞུགས་འབུལ་གནང་བའི་གནས་ཚུལ་ཐོན་འདུག
དེ་སྔོན་ངག་དབང་ནོར་འཕེལ་ལགས་ནི་ཨ་མདོ་རྔ་པ་རྫོང་ནས་ཡིན་པ་དང་ལོ་ཤས་ནས་རྫ་སྟོད་དུ་སྡོད་ཀྱི་ཡོད་ཅེས་པའི་གནས་ཚུལ་ཐོན་ཡོད་ཀྱང། ཁོང་ནི་གཉའ་ལམ་ནས་ཡིན་ཞིང་ཁུལ་དེར་རྫོང་སློབ་འབྲིང་བར་སྐྱོད་མྱོང་ཞིང་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ནས་ཕ་ཡུལ་དང་ཁ་བྲལ་ཏེ་ལོ་གཉིས་ལྷག་ཙམ་ཕྱིན་ཡོད། ཁོང་གིས་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་བོད་ཀྱི་བདེན་དོན་ཆེད་ལས་འགུལ་སྤེལ་རྗེས་ས་གནས་ཉེན་རྟོག་པས་ཕ་ཡུལ་གཉའ་ལམ་དུ་ནང་མིར་འབྲེལ་བ་བྱས་པ་ལས་ཤེས་རྟོགས་བྱུང་འདུག ཁོང་གཉིས་ཀྱིས་ཞལ་ཆེམས་ཡི་གེ་ཞིག་ཀྱང་བཞག་ཡོད་པ་ནི་གོང་དུ་བསྟན་འཛིན་མཁས་གྲུབ་ལགས་ཀྱི་གནས་ཚུལ་ནང་བཀོད་ཡོད།
ངག་དབང་ནོར་འཕེལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཟིན་མ་ཐག་ཟིལ་དཀར་དགོན་དུ་ཉར་སྐབས་བརྙན་འཕྲིན་ནང་གསུངས་པའི་བཀའ་མོལ་རྣམས་སྒྲ་ཕབ་ཞུས་པ་གཤམ་གསལ། ངག་དབང་ནོར་འཕེལ། ངའི་མི་རིགས་ལ་སྐད་རིགས་ལ་རང་དབང་མི་འདུག ཚང་མས་རྒྱ་སྐད་བོད་སྐད་བསྲེ་གཏོང་གི་འདུག ད་ཅི་ཞིག་ཡིན་ན་ཡིན། ངས་རྒྱུ་ཉར། རྒྱུ་ཅི་མི་དགོས་ཡ། ངེད་བོད་གངས་ཅན་ཁ་བའི་ལྗོངས་འདི་གང་འདྲ་ཞིག་བྱུང་སོང་རེད། བསྟན་འཛིན་མཁས་གྲུབ་གང་འདྲ་བྱུང་འདུག འཁྲིས་ལ་ཡོད་པའི་མིས། དྲགས་འདུག ངག་དབང་ནོར་འཕེལ་གྱིས། ག་བར་བསྡད་འདུག འཁྲིས་ལ་ཡོད་པའི་མིས། ཁྱིམ་ན་འདུགངག་དབང་ནོར་འཕེལ་གྱིས། འོ། ངེད་གཉིས་མནའ་ཤག་གཉིས་ཀ། ངེད་གཉིས་ཀྱིས་ཡང་བསྐྱར་བཞག་གི་མིན་ཡ། བོད་ཁ་བའི་དོན་དུ་ཡིན་ཡ། ངེད་གཉིས་བོད་ཁ་བ་གངས་རིའི་ལྗོངས་སུ་ཡིན་ཡ། ངེད་རང་དབང་དང་། ཆ་ལུགས། སྐད་རིགས། དེ་གསུམ་མེད་ན། ང་ཚོ་ངོ་ཚ་གི་ཡ། དེ་ཡིན་གཅིག་མིན་གཉིས་ང་ཚོས་སྦྱངས་དགོས་རེད། མི་རིགས་ཤིག་ལ་མཚོན་ན། རང་དབང་དང་། སྐད་རིགས། ཆ་ལུགས། ཡིག་རིགས་སོགས་དགོས་ལེ་རེད། ཨ་རོགས། ཡིག་རིགས་མེད་ན། དེ་ནི་མི་རིགས་གང་གི་མི་རིགས་ཡིན་ཟེར་རེད། རྒྱ་ཡིན་ཟེར་རམ་བོད་ཡིན་ཟེར། ཨ་རོགས་མཁས་གྲུབ། ཨ་རོགས་མཁས་གྲུབ། མཁས་གྲུབ། ཁྱོད་གང་ལ་ཡོད། འཁྲིས་ལ་ཡོད་མིས། ཁྱོད་ཀྱི་རྒྱབ་ལ་ཡོད། ངག་དབང་ནོར་འཕེལ་གྱིས། ཨ་ངའི་རྒྱབ་ལ་ཡོད་དམ། ཁྱོད་ཅི་བྱེད་ཀྱི་ཡོད། ཨ་རོགས། ངའི་ངོ་ཅི་འདྲ་ཞིག་བྱུང་འདུག འཁྲིས་ལ་ཡོད་པའི་མིས། སྡུག་མོ་རེད་མི་འདུག དྲགས་ས་རེད། ང་དབང་ནོར་འཕེལ་གྱིས། ང་མིའི་བཟོ་འདྲ་རེད་མི་འདུག ཨ་རོགས། སྡུག་པ་ཅན་ཞིག་ཆགས་འདུག་བ། ས་སྣུམ་དྲི་མ་ཞིག་ཡོང་བསྡད་ཀྱི་རེད། ས་སྣུམ་དྲ་མ་ཞིག་བཤོས་པ་རེད། ངོ་མ་ད་དུང་ཡར་འགྱེར་ཚར་དུས། ཡར་གཅིག་ལངས་བཞག་དུས། ཁྱེད་རང་ཅི་འདྲའི་དཔའ་བོ་ཞིག་ཡིན་རེད། ཨ་རོགས། རེད། ཨ་རོགས། ད་ལྟ་ཁྱེད་ཀྱིས་བཟུང་ཨ། ༼བསྟན་པ་ཀླུ་སྒྲུབ་ཅི་ཟེར།༽ འཁྲིས་ལ་ཡོད་པའི་མིས། དྲགས་འདུག ངོ་མ་དྲ་མ་དྲགས་འདུག ངག་དབང་ནོར་འཕེལ་གྱིས། ང་རྒྱ་ཡི་ལག་ཏུ་བཞག་ཟིན་པ་ཡིན་ནམ། འཁྲིས་ལ་ཡོད་པའི་མིས། ཁྱེད་ལ་དགོན་པའི་གྲྭ་པ་ཆ་ཚང་གིས་བདག་སྐྱོང་བྱས་འདུག ངག་དབང་ནོར་འཕེལ་གྱིས། འོ་བཀའ་དྲིན་ཆེ། བཀའ་དྲིན་ཆེ། ཟིལ་དཀར་དགོན་པ་བཀའ་དྲིན་ཆེ། འཁྲིས་ལ་ཡོད་པའི་མིས། ཟིལ་དཀར་དགོན་པའི་གྲྭ་པ་ཆ་ཚང་ཁྱེད་ཀྱི་འཁྲིས་ལ་བསྡད་དེ། ད་སྨན་བཅོས་ཆ་རྐྱེན་དྲ་མ་མི་འདུག་སྟེ། ཡིནའང་གང་ཐུབ་ཅི་ཐུབ་བྱེད་བཞིན་འདུག ངག་དབང་ནོར་འཕེལ་གྱིས། འོ་ཡ་བཀའ་དྲིན་ཆེ། ང་དྲགས་ཐུབ་པའི་རེ་བ་མེད། ངའི་བློ་ལ་རེ་བ་ཞིག་ཡོད་པ་དེ། བོད་མི་རིགས་ཀྱི་ལ་རྒྱ་ཡར་ཐེག་སོང་ན་དེ་ངའི་རེ་བ་ཡིན། ཨ་རོགས། དེ་མིན་ང་ལ་རེ་བ་མེད་ཨ། ཡ་བསྟན་འཛིན་མཁས་གྲུབ་ཀྱིས་ཅི་བྱེད་བསྡད་ཀྱི་འདུག འཁྲིས་ལ་ཡོད་པའི་མིས། བསྟན་འཛིན་མཁས་གྲུབ་དྲག་འདུག ཁོང་ཁྱིམ་ནང་ཡར་འཁུར་སོང། ངག་དབང་ནོར་འཕེལ་གྱིས། མནའ་སྐྱེལ་ཞིག འཁྲིས་ལ་ཡོད་པའི་མིས། འོ། དེ་ནས། ངག་དབང་ནོར་འཕེལ་གྱིས། ཁྱེད་ཁ་ཡག་རྫོ་ཞིག་འདུག འཁྲིས་ལ་ཡོད་པའི་མིས། ཁ་ཡག་མིན། ངག་དབང་ནོར་འཕེལ་གྱིས། ཁོ་ཤི་ཚར་རེད་བ། འཁྲིས་ལ་ཡོད་པའི་མིས། ཤི་མི་འདུག ངག་དབང་ནོར་འཕེལ་གྱིས། ཨ། ཤི་མི་འདུག ཁོ་ཤི་ཚར་རེད་བ། འཁྲིས་ལ་ཡོད་པའི་མིས། ཤི་མི་འདུག ངག་དབང་ནོར་འཕེལ་གྱིས། ག་ན་འདུག ངའི་མནའ་ཤག་ཅི་རེད་འདུག སྐྱོན་མི་འདུག མནའ་ཤག་ག་བར་བསྡད་འདུག འཁྲིས་ལ་ཡོད་པའི་མིས། ཁྱིམ་ནང་འདུག ངག་དབང་ནོར་འཕེལ་གྱིས། ག་བར་བསྡད་འདུག འཁྲིས་ལ་ཡོད་པའི་མིས། ཁྱིམ་ནང་འཁུར་ཡིན། ངག་དབང་ནོར་འཕེལ་གྱིས། ཨ། འཁུར་ཡིན་ཁྱིམ་ནང། ག་བ་བསྡད་འདུག འཁྲིས་ལ་ཡོད་པའི་མིས། ཁོ་རང་ནང་ལ་བསྡད་འདུག ཤི་མི་འདུག ཤི་མི་འདུག ངག་དབང་ནོར་འཕེལ་གྱིས། མནའ་སྐྱེལ་ཞིག འཁྲིས་ལ་ཡོད་པའི་མིས། འོ།
བསྟན་འཛིན་མཁས་གྲུབ།
བསྟན་འཛིན་མཁས་གྲུབ།
བསྟན་འཛིན་མཁས་གྲུབ།
གནས་ཚུལ་བྱུང་ཚེས། -
June 20, 2012
རྟགས། -
Male
ས་གནས། -
ཡུལ་ཤུལ་རྫ་སྟོད་གྲོང་རྡལ།
ལོ། -
24
མ་མིང། -
སྐྱིད་འཛོམས།
ཕ་མིང། -
ལེགས་གྲུབ།
སྐྱེས་ཡུལ། -
ཁམས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཉ་མཚོ་སྡེ་བའི་སྐམ་ཡུལ།
འཚོ་ཐབས། -
ས་མ་འབྲོག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཐོག་བོད་ཁམས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཉ་མཚོ་སྡེ་བའི་སྐམ་ཡུལ་རུ་ཁག་གསུམ་པའི་ཕ་ལེགས་གྲུབ་དང་། མ་སྐྱིད་འཛོམས་གཉིས་ཀྱི་བུ་རང་ལོ་ ༢༤ ཡིན་པ་བསྟན་འཛིན་མཁས་གྲུབ་ལགས་ཀྱིས་གྲོགས་པོ་ངག་དབང་ནོར་འཕེལ་ལགས་དང་ལྷན་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་ལག་ཏུ་བོད་ཀྱི་རྒྱལ་དར་འཁྱེར་ཞིང། བོད་ལ་རང་བཙན་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སྐད་འབོད་གནང་བ་དང་སྦྲགས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད། བསྟན་འཛིན་མཁས་གྲུབ་ལགས་ནི་དེ་སྔོན་ཟིལ་དཀར་དགོན་གྱི་དགེ་འདུན་གནང་མྱོང་བ་དང་ཕྱི་ལོ་ ༢༠༠༦ ལོར་སྐྱ་སར་བབས་འདུག རང་ལུས་མེར་སྲེག་བཏང་རྗེས་ཟིལ་དཀར་དགོན་དུ་འཁྱེར་འདུག་ཀྱང་། རིང་པོར་མ་སོང་བར་བསྟན་འཛིན་མཁས་གྲུབ་ལགས་འདས་གྲོངས་སུ་གྱུར་འདུག ཕྱི་ཚེས་ ༢༣ ཉིན་སེར་སྐྱ་མང་ཚོགས་ལྷན་འཛོམས་ཐོག་ཞུགས་འབུལ་གྱི་འདས་མཆོད་རྒྱ་ཆེན་ཞིག་བསྒྲུབ་རྒྱུའི་འཆར་གཞི་ཡོད་ནའང་། ཕྱི་ཚེས་ ༢༢ མཚན་གུང་ཆུ་ཚོད་ ༡༡ ཐོག་རྒྱ་གཞུང་གི་བཙན་བཀའ་བཏང་ནས་ཐོ་རེངས་ཆུ་ཚོད་ ༥ པའི་ཐོག་ཞུགས་འབུལ་བྱེད་དགོས་བྱུང་འདུག རྒྱ་གཞུང་དཔོན་རིགས་ཚོས་བཤད་པ་ལྟར་མ་སྒྲུབ་ན། དམག་མི་མངགས་ནས་སྐུ་ཕུང་བཙན་འཕྲོག་བྱེད་རྒྱུ་ཡིན་ཚུལ་བརྗོད་འདུག ཕྱི་ཚེས་ ༢༢ ཉིན་ཐོ་རེངས་ཆུ་ཚོད་ ༥ པའི་ཐོག་གནས་ཚུལ་དེའི་རྐྱེན་པས་ཉེན་རྟོག་དམག་མིས་མཐའ་བསྐོར་བའི་དཀྱིལ་ནས་ཟིལ་དཀར་དགོན་གྱི་གྲྭ་མང་གི་དཔའ་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་ཆོ་གའི་སྒོ་ནས་རྒྱལ་གཅེས་པ་བསྟན་འཛིན་མཁས་གྲུབ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་དང་འབྲེལ་འདས་མཆོད་སྒྲུབ་འདུག་ཀྱང་། སྐབས་དེར་དམ་བསྒྲགས་ཧ་ཅང་ཆེ་བར་སོང་ཡུལ་མི་རྣམས་འཇིགས་སྐྲག་ངང་གནས་དགོས་པར་གྱུར་འདུག ཁོང་གཉིས་ཀྱིས་མེར་སྲེག་མ་བཏང་སྔོན་ཞལ་ཆེམས་ཡི་གེ་གཅིག་བཞག་ཡོད་པའི་ནང་འཁོད་དོན།
Last Words:
ངེད་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས་སོགས་གང་ལ་ཡང་ནུས་པ་འདོན་མི་ཐུབ་ཅིང་། དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་མང་ལ་ཕན་པའི་ལས་ཀ་ཅི་ཡང་བྱེད་མི་ཐུབ། དེའི་ཕྱིར་ངེད་གཉིས་ཀྱིས་རང་གི་ནུས་ཚོད་ཀྱིས་བོད་མི་རིགས་དང། ལྷག་པར་དུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་ཏུ་བརྟན་པ་དང། གཞན་ཡང་ཁོང་མྱུར་དུ་བོད་ལ་༸ཞབས་སོར་ཐུབ་པའི་རམ་འདེགས་སུ་རང་ལུས་མེར་སྲེག་ཀྱི་ལས་གཞི་འདི་འདེམས་པ་ཡིན། ངེད་གཉིས་དང་འདྲ་བའི་བོད་ཀྱི་གཞོན་སྐྱེས་ཚོར་ཞུ་སྙིང་། ང་ཚོ་བོད་མི་ནང་ཁུལ་རྒྱག་རེས་རྒྱག་རྒྱུ་དང་། ནང་རྩོད་བྱེད་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་མི་བྱེད་པའི་དམ་བཅའ་དང་། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།
རྟ་མགྲིན་ཐར།
རྟ་མགྲིན་ཐར།
རྟ་མགྲིན་ཐར།
གནས་ཚུལ་བྱུང་ཚེས། -
June 15, 2012
རྟགས། -
Male
ལོ། -
64
སྐྱེས་ཡུལ། -
མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བ།
འཚོ་ཐབས། -
འབྲོག་ལས།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༥ ཉིན་སྔ་དྲོ་ས་གནས་ཀྱི་ཆུ་ཚོད་ ༦ ཡོལ་ཙམ་ལ་བོད་མདོ་སྨད་རྨ་ལྷོ་ཁུལ་གཅན་ཚ་རྫོང་། གཅན་ཚ་ཐང་ཞང་ལོ་བ་སྡེ་བ་ནས་ཡིན་པ་རང་ལོ་ ༦༤ ལ་སོན་པའི་རྟ་མགྲིན་ཐར་ལགས་ཀྱིས་གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་འདུག མེར་སྲེག་བཏང་སྟེ་ཅུང་མ་འགོར་བར་ས་གནས་རྒྱ་མིའི་ཉེན་རྟོག་མི་སྣས་མེ་བསད་དེ་ཟི་ལིང་དུ་ཁོང་བཙན་འཁྱེར་བྱས་འདུག དེ་ཉིན་སྔ་དྲོ་ས་གནས་སུ་མང་ཚོགས་མང་པོ་འདུས་ཏེ་རྫོང་སྲིད་གཞུང་ལ་རྟ་མགྲིན་ཐར་ཕྱིར་རྩིས་སྤྲོད་དགོས་པའི་རེ་འདུན་བཏོན་སྟེ་ངོ་རྒོལ་འུར་ཟིང་ཆེ་ཙམ་བྱུང་སྟབས། ཁོང་ཉེན་རྟོག་པས་ཕྱིར་རྩིས་སྤྲོད་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ནས་ཟི་ལིང་དུ་ཕུང་པོ་ལེན་དུ་སོང་ཞེས་བཤད། གཅན་ཚ་རྫོང་ཐོག་དང་ཉེ་བའི་དཔའ་ལུང་ཆུ་འཁོར་ཞེས་པའི་ས་གནས་སུ་ལེན་མཁན་འབྱོར་མཚམས། བོད་མི་རྣམས་ལ་ཕུང་པོ་རྩིས་སྤྲོད་བྱས་ཏེ་རྫོང་དུ་བོད་མི་འདུ་འཛོམས་ཐོག་དམག་མིས་ཁེངས་ཡོད་པར་སོང་རྫོང་སྲིད་གཞུང་གི་སྒོ་ལམ་བརྒྱུད་ཡོང་མ་ཕོད། བདེ་ཆེན་དགོན་དུ་མ་སླེབས་མཚམས་སུ་རྫོང་ཐོག་ཏུ་མི་མང་གི་ཕུང་པོར་ཁ་བཏགས་དང་སྨོན་ལམ་གསུང་རྒྱུ་སོགས་ཀྱི་གྲ་སྒྲིག་བྱས་ཏེ་བསྒུགས་ཡོད་པའི་ལན་འབྱོར་ཏེ་ཕྱིར་འཁྱེར་སྐབས། རྫོང་སྲིད་གཞུང་གིས་འཁྱེར་ཡོང་མི་ཆོག་པའི་བཀའ་བཏང་བས་ལོ་བ་ཉག་ག་ཞེས་པའི་ས་གནས་སུ་དགེ་འདུན་པ་བརྒྱ་སྐོར་ཞིག་དང་མི་མང་འདུས་ཏེ་སྨོན་ལམ་གསུངས་ཤིང་དབང་བསྐུར། ཕུང་པོ་ལ་ཁ་བཏགས་ཕུལ་ཏེ་གདུང་སེམས་མཉམ་སྐྱེ་དང་ནང་མིར་སེམས་གསོ་སོགས་བྱས་འདུག དེ་ནས་ཁོང་གི་བུ་ཆེ་བ་སོགས་ཀྱིས་ཕུང་པོ་རང་ཡུལ་དུ་ཞུགས་འབུལ་བྱས་ན་བཟང་ཚུལ་ལྟར། དེ་ཉིན་དགོང་མོའི་ཆུ་ཚོད་ ༥ པ་ཙམ་ལ་ཁོང་གི་འཁྲུངས་ཡུལ་གཅན་ཚ་ཐང་ཤང་ལོ་བ་སྡེ་བར་ཞུགས་འབུལ་གནང་འདུག དེའི་ཕྱི་ཉིན་གཅན་ཚའི་ཐང་ཞང་མངགས་གཏོང་ཁང་གིས་ཉེན་རྟོག་པས་བཟའ་མི་བུ་ཕྲུག་རྣམས་ལ་དྲི་རྩད་བྱས་པ་མ་ཟད། གདུང་སེམས་མཉམ་སྐྱེ་ཡོང་མི་དང་ཞལ་འདེབས་བསྡུ་རུབ་སོགས་བྱས་མི་ཆོག་པའི་དམ་བསྒྲགས་བྱས་ཀྱང། རྫོང་ནང་ཁུལ་གྱི་དགོན་སྡེ་ཁག་གི་བླ་སྤྲུལ་གྲྭ་བཙུན་སྔགས་གསུམ་ནས་ས་གནས་སོ་སོར་སྨོན་ལམ་གསུང་འདོན་དང་འདས་པོའི་ཁྱིམ་དུ་འདས་མཆོད་སྨོན་ལམ་ཞལ་འདེབས་སོགས་གནང་ཡོད། དེ་བཞིན་ས་གནས་རེབ་གོང་དང་། ཁྲི་ཀ མགོ་ལོག བླ་བྲང། མང་ར། འབའ་རྫོང་། ཟི་ལིང་སོགས་ནས་སྤྱི་སྒེར་ཅི་རིགས་ཐད་ནས་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་འདུ་ཤེས་མཚོན་པར་བྱས་འདུག བཟའ་ཟླ་ཆོས་མོ་ཐར་དང་ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་ཅིང་། བུ་ཆེ་བ་རྟ་མགྲིན་སྐྱབས་རང་ལོ་ ༣༣ ཁྱིམ་གཞིས་ཟུར་དུ་ཟིན་ཡོད། བུ་མོ་འབྲིང་བ་རྡོ་རྗེ་འཚོ་རང་ལོ་ ༢༨ དང་ཁྱིམ་ཚང་གི་གཞིས་འཛིན་ཡིན། ཆུང་བ་བུན་ཁྲང་རྡོ་རྗེ་རང་ལོ་ ༢༠ ཡིན་པ་སློབ་འབྲིང་དུ་སྐྱོད་བཞིན་ཡོད་འདུག ཁོང་གི་སྐུ་ལུས་མེར་སྲེག་མ་གནང་གོང་དུ་ཞལ་ཆེམས་ཤིག་བྲིས་གནང་བའི་ནང་། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །འཛམ་གླིང་ལ་ཞི་བདེ་ཡོང་བའི་རེ་བ་དང་། ༸རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་པའི་རེ་འདུན། བོད་རྒྱལ་ཁབ་ཀྱིས་རང་ས་ཟིན་པའི་དོན་དུ་ངས་རང་ལུས་མེ་མཆོད་དུ་འབུལ་རྒྱུ་ཡིན། ཞེས་འཁོད་འདུག་ལ།
Last Words:
བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །འཛམ་གླིང་ལ་ཞི་བདེ་ཡོང་བའི་རེ་བ་དང་། ༸རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་པའི་རེ་འདུན། བོད་རྒྱལ་ཁབ་ཀྱིས་རང་ས་ཟིན་པའི་དོན་དུ་ངས་རང་ལུས་མེ་མཆོད་དུ་འབུལ་རྒྱུ་ཡིན།
རི་ཀྱོ།
རི་ཀྱོ།
རི་ཀྱོ།
གནས་ཚུལ་བྱུང་ཚེས། -
September 30, 2011
རྟགས། -
Male
ས་གནས། -
ཛམ་ཐང་ཇོ་ནང་དགོན་གྱི་ཉེ་འཁྲིས།
ལོ། -
36
མ་མིང། -
རིན་ལྷ།
ཕ་མིང། -
ཕྱུག་ལོ།
སྐྱེས་ཡུལ། -
རྔ་པ་ཁུལ་ཛམ་ཐང་རྫོང་བར་མ་ཡུལ་ཚོའི་གཙང་སྡེ་བ་ནས་ཡིན།
འཚོ་ཐབས། -
འབྲོག་ལས།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ ཉིན་ཕྱི་དྲོའི་ཆུ་ཚོད་ ༣ ཙམ་དུ་མདོ་སྨད་ཛམ་ཐང་བར་མ་ཡུལ་ཚོའི་གཙང་སྡེ་བ་ནས་ཡིན་པ་ཕ་ཕྱུག་ལོ་དང་། མ་རིན་ལྷ་གཉིས་ཀྱི་བུ་མོ་རང་ལོ་ ༣༦ ཡིན་པ་རི་ཀྱོ་ལགས་ཀྱིས་ཛམ་ཐང་ཇོ་ནང་དགོན་གྱི་ཉེ་འཁྲིས་སུ་བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གཏོང་སྐབས། ས་གནས་ཉེན་རྟོག་པ་སླེབས་ཏེ་མེ་གསོད་ཐབས་བྱས་ཡོད་ཀྱང་། མེ་འབར་ཤུགས་ཆེ་བས་བསད་མ་ཐུབ་པར་ས་གནས་དེར་འདས་གྲོངས་སུ་གྱུར་འདུག། དེའི་དགོང་མོའི་ཆུ་ཚོད་ ༣ པ་ཡས་མས་སུ་ས་གནས་མང་ཚོགས་ཀྱིས་རྒྱལ་གཅེས་པ་ཁོང་གི་ཕུང་པོ་ཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ། ཛམ་ཐང་དགོན་ཆེན་གྱི་གྲྭ་ཚང་གསུམ་གྱི་གྲྭ་མང་ཆིག་སྟོང་ལྷག་གིས་འཕོ་ལུང་དང་བསྔོ་སྨོན་མཆོད་འབུལ་ཚོགས་འདུག དེ་རྗེས་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་ཉིན་དེར་གང་མགྱོགས་ཞུགས་འབུལ་བྱེད་དགོས་པ་དང་། གལ་སྲིད་སྐུ་ཕུང་ཉིན་དེར་ཞུགས་འབུལ་མ་བྱས་ན། ཕྱིར་བཙན་འཕྲོག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པའི་རྐྱེན་གྱིས་ཕྱི་ཚེས་ ༣༠ དགོང་མོ་བོད་ནང་གི་ཆུ་ཚོད་ ༡༡ སྟེང་དགོན་པའི་ཉེ་འཁྲིས་རི་འདབས་ཀྱི་དུར་ཁྲོད་ནང་ཞུགས་འབུལ་བྱས་འདུག ཞུགས་འབུལ་བྱེད་སར་ཛམ་ཐང་དགོན་ཆེན་གྱི་དགེ་འདུན་པ་དང་། ས་གནས་མང་ཚོགས་བཅས་ཁྱོན་མི་གྲངས་ ༥༠༠༠ ལྷག་འདུ་འཛོམས་གནང་སྟེ་དགོང་མོར་ས་གནས་དེར་ཆར་ཤུགས་ཆེན་པོ་བབས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང། དགེ་འདུན་པ་དང་མང་ཚོགས་རྣམས་ཀྱིས་སེམས་ཤུགས་ཆེན་པོས་མཚན་མོའི་ཆུ་ཚོད་ ༣ པ་བར་དུ་བསྔོ་སྨོན་དང་མཆོད་འབུལ་ཚོགས་ནས་དུར་ཁྲོད་དུ་བསྡད་འདུག ཁོ་མོ་འབྲོག་ཁྱིམ་ཞིག་ནས་ཡིན་ལ་རྒྱུན་དུ་གྲོང་པ་ཕན་ཚུན་ལ་མཐུན་ཐབས་ལ་འབད་པ་དང། ཉམ་ཐག་ལ་རོགས་པ་བྱེད་པ། དགེ་བ་ལ་འབད་པ་བྱེད་མཁན་ཞིག་ཡིན། མེར་སྲེག་མ་བཏང་སྔོན་གྱི་ཉིན་མང་པོའི་ནང་ཉིན་མཚན་གཉིས་ལ་ཕྱག་འཚལ་གྱིན་འདུག་པས། སྔ་མོ་ཞིག་ནས་ཁོ་མོས་རང་ལུས་མེར་སྲེག་གཏོང་རྒྱུར་གྲ་སྒྲིག་བྱས་ཡོད་པར་ས་གནས་མང་ཚོགས་ཀྱིས་ངོས་འཛིན་བྱེད་བཞིན་འདུག ཁོང་མོའི་བཟའ་ཟླར་སྣང་སྟོང་ཟེར་ཞིང་། ཁོང་གཉིས་ལ་བྱིས་པ་ཆུང་ཆུང་གསུམ་ཡོད་འདུག
Last Words:
འཛམ་གླིང་ལ་བདེ་སྐྱིད་ཡོད་པར་ཤོག རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་བྱོན་ཐུབ་པའི་ཆེད། སྐམ་བཤས་འཚོང་མ་བྱེད། ཉེ་རིང་ནང་རྐུ་མ་བྱེད། བོད་སྐད་ཤོད། སྐམ་མ་བཤའ། མ་འཛིང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ང་ལ་ཡོང་ནས། ང་གསོན་པོར་རྒྱ་ལག་ཏུ་ཤོར་ཡང་ཚང་མས་མ་འཛིང་མ་འཁོན། མཐུན་སྒྲིལ་གྱིས། ལག་གདང་གིས། རིག་གནས་སྦྱོང་། མེ་ལ་ང་རང་བསྲེགས། བཟའ་མི་ཚང་མ་མ་སྡུག །
དར་རྒྱས།
དར་རྒྱས།
དར་རྒྱས།
གནས་ཚུལ་བྱུང་ཚེས། -
May 27, 2012
རྟགས། -
Male
ས་གནས། -
ལྷ་སའི་གཙུག་ལག་ཁང་མདུན་ཐང་།
ལོ། -
25
མ་མིང། -
ཞེས་སྐྱིད།
ཕ་མིང། -
ལོ་དེ།
སྐྱེས་ཡུལ། -
མདོ་སྨད་རྔ་པ་རྗོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་པ།
འཚོ་ཐབས། -
ལྷ་ས་ཉི་མའི་གླིང་ཟ་ཁང་གི་ལས་མི།
ད་ལྟའི་གནས་སྟངས། -
ཤེས་རྟོགས་མེད།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧ བོད་ནང་ཉིན་གུང་ཆུ་ཚོད་ ༢།༡༥ ཐོག་མདོ་སྨད་རྔ་པ་རྫོང་སོ་རུ་མ་སྡེ་པའི་ཕ་ལོ་དེ་དང། མ་ཞེ་སྐྱིད་གཉིས་ཀྱི་བུ་རང་ལོ་ ༢༥ ཡིན་པ་དར་རྒྱས་ལགས་དང་འཐབ་གྲོགས་རྡོ་རྗེ་ཚེ་བརྟན་ལགས་རྣམ་གཉིས་ཀྱིས་ལྷ་སའི་ཇོ་ཁང་མདུན་ཉིན་གུང་ཆུ་ཚོད་ ༡ ཡས་མས་སུ་ཇོ་ཁང་གཡོན་ཕྱོགས་ཀྱི་སྟག་ཤར་མགྲོན་ཁང་དུ་ཁང་མིག་གཅིག་བླངས་ཏེ་རང་ལུས་མེར་སྲེག་གྲ་སྒྲིག་བྱས་འདུག དེ་ནས་ཆུ་ཚོད་ ༢།༡༥ ཐོག་མགྲོན་ཁང་ནས་སྔ་གཞུག་ཏུ་ཕྱིར་ཐོན་ཏེ། ཀི་སྒྲ་སྒྲོག་བཞིན་རང་ལུས་མེར་སྲེག་བཏང་སྟེ། མི་གཅིག་ཇོ་ཁང་མདུན་གྱི་དར་ཆེན་འཁྲིས་བར་མེ་ལྕེ་དམར་ལྷབ་ལྷུབ་འབར་བཞིན་རྒྱུགས་ཡོད། གཅིག་གོམ་པ་བཅུ་ལྷག་རྒྱུགས་རྗེས་སར་འགྱེལ་བཞིན་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག སྐབས་དེར་རྒྱ་མིའི་དམག་མི་དང་ཉེན་རྟོག་པ་ཡོང་སྟེ་ཁོང་གཉིས་ཀྱི་ལུས་སྟེང་གི་མེ་བསད་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད། རྔ་པའི་ཚོང་པ་ཆུ་སྐལ་ཚང་གིས་གཉེར་བའི་ཉི་མའི་གླིང་ཟ་ཁང་ཏུ་དངུལ་གཉེར་ལས་ཀ་བྱེད་མྱོང་བའི་དར་རྒྱས་དང་རྡོ་རྗེ་ཚེ་བརྟན་རྣམ་གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྟབས། ཟ་ཁང་གི་སྦྱིན་བདག་དང་བཟའ་ཟླ་ནང་མི་ལས་རོགས་ཚང་མ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ། ཟ་ཁང་ནང་མི་གཅིག་ཀྱང་འགྲོ་མི་ཆོག་པ་བཟོས་འདུག ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷ་སའི་ཇོ་ཁང་མདུན་ཐང་དུ་རང་ལུས་མེར་སྲེག་གི་ངོ་རྒོལ་སྐད་འབོད་བྱེད་མཁན་རྡོ་རྗེ་ཚེ་བརྟན་ལགས། ཁ་སང་ཉེན་རྟོག་མི་སྣས་ལུས་སྟེང་གི་མེ་བསད་དེ་སྨན་ཁང་དུ་ཁྲིད་རྗེས་འདས་གྲོངས་སུ་གྱུར་ཡོད་པ་དང་། དར་རྒྱས་ལགས་མདང་དགོང་སྲོག་ཉེན་ལས་ཐར་ཏེ། སྐད་ཆ་བཤད་ཐུབ་ཀྱི་ཡོད་པའི་སྐོར་བཀོད་དེ་ཁས་ལེན་བྱས་ཡོད་པ་ལས། དེ་མིན་ཁོང་སྐབས་དེ་ནས་གང་དུ་ཡོད་མེད་ཤེས་རྟོགས་མེད་པར་གྱུར་ཡོད། དར་རྒྱས་ལགས་ཀྱི་ཁྱིམ་ལ་བུ་སྤུན་དྲུག་ཡོད་པའི་ནང་ནས་ཆུང་ཤོས་ཡིན་པ་དང་། ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ་ལོ་ཤས་སྔོན་ནས་ལྷ་སར་ཡོང་སྟེ་ཟ་ཁང་ནང་ཕྱག་ལས་གནང་བཞུགས་འདུག
རྡོ་རྗེ་ཚེ་བརྟན།
རྡོ་རྗེ་ཚེ་བརྟན།
རྡོ་རྗེ་ཚེ་བརྟན།
གནས་ཚུལ་བྱུང་ཚེས། -
May 27, 2012
རྟགས། -
Male
ས་གནས། -
ལྷ་སའི་གཙུག་ལག་ཁང་མདུན་ཐང་།
ལོ། -
19
མ་མིང། -
སྒྲོལ་དཀར་སྐྱིད།
ཕ་མིང། -
བན་བདེ་མཁར།
སྐྱེས་ཡུལ། -
མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་ཞང་དཔེ་ལུང་སྡེ་པ།
འཚོ་ཐབས། -
ལྷ་ས་ཉི་མའི་གླིང་ཟ་ཁང་གི་ལས་མི།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧ བོད་ནང་ཉིན་གུང་ཆུ་ཚོད་ ༢།༡༥ ཐོག་མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་ཞང་དཔེ་ལུང་སྡེ་པའི་ཕ་བན་བདེ་མཁར་དང་། མ་སྒྲོལ་དཀར་སྐྱིད་གཉིས་ཀྱི་བུ་རང་ལོ་ ༡༩ ཡིན་པ་རྡོ་རྗེ་ཚེ་བརྟན་ལགས་དང་རྔ་པ་སོ་རུ་མའི་དར་རྒྱས་ལགས་རྣམ་གཉིས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་མདུན་ཐང་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག གནས་ཚུལ་བྱུང་སྐབས་ཉེ་འཁོར་དུ་ཡོད་པའི་བོད་མི་ཚོས་ཁོང་གཉིས་ཀྱིས་འབོད་ཚིག་གསལ་པོ་གོ་ཐོས་བྱུང་མེད་ཀྱང་། ལུས་སྟེང་དུ་མེ་ལྕེ་འབར་བཞིན་པ་ཉེ་འཁོར་གྱི་བོད་མི་མང་པོས་མཐོང་འདུག ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་གིས་བར་སྐོར་བསྐོར་ལམ་ནས་ཇོ་ཁང་མདུན་ཐང་བར་རྒྱུག་ཡོད་པ་དང་། ཅུང་མ་འགོར་བར་དམག་མི་དང་ཉེན་རྟོག་པ་ཡོང་སྟེ་ཁོང་གཉིས་ཀྱི་ལུས་སྟེང་གི་མེ་བསད་རྗེས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། དུས་ཡུན་སྐར་མ་བཅོ་ལྔ་ཙམ་གྱི་རིང་གཡས་གཡོན་གྱི་མི་མང་དང་ཡུལ་སྐོར་བ་ཚང་མ་བཀག་སྡོམ་གྱིས་གནས་ཚུལ་བྱུང་ཡུལ་དུ་བཅར་མ་བཅུག་པར་གཙང་བཟོ་བྱས་ཏེ། ཕྱི་དྲོ་ཁྲོམ་སྟེགས་དང་ཚོང་ཁང་ཁག་སྒོ་བརྒྱབ་མི་ཆོག་པའི་བཙན་བཀའ་བཏང་ཡོད། ཡུལ་སྐོར་བའི་པར་ཆས་དང་ཁ་པར་སོགས་ལ་ཞིབ་བཤེར་ནན་མོ་བྱས་ཡོད་པ་མ་ཟད། བར་སྐོར་སྐོར་ལམ་གྱི་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཚང་མ་བཀག་སྡོམ་བྱས་འདུག ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ས་གནས་ཉེན་རྟོག་པ་རྡོ་རྗེ་ཚེ་བརྟན་གྱི་ཕ་ཡུལ་དུ་ཞིབ་དཔྱོད་བྱེད་དུ་ཡོང་ཡོད། སྐབས་དེར་ཉེན་རྟོག་པས་ནང་མིར་ཁོང་གྲོངས་ཡོད་པའི་སྐོར་ཙམ་ལས་གཞན་གསལ་བཤད་ཅི་ཡང་བྱས་མི་འདུག རྡོ་རྗེ་ཚེ་བརྟན་ཁོང་ཆུང་དུས་འབོ་ར་སློབ་ཆུང་འགྲིམས་མྱོང་བ་དང་ལོ་ཤས་གོང་ནས་ལྷ་སར་ཡོང་སྟེ་ཁྲོམ་གཟིགས་སྒང་རྔ་པའི་ཚོང་པ་ཆུ་སྐལ་གྱིས་གཉེར་བའི་ཉི་མའི་གླིང་ཞེས་པའི་ཟ་ཁང་ཏུ་མ་བྱན་གྱི་ལས་ཀ་བྱེད་ཀྱི་ཡོད། སྔ་ལོར་ཕ་ཡུལ་དུ་ཕྱིན་སྟེ་འདི་ལོའི་ལོ་མགོར་ཕྱིར་ལོག་རྗེས་ཟ་ཁང་དེར་མུ་མཐུད་མ་བྱན་གྱི་ལས་ཀ་བྱེད་བཞིན་ཡོད་འདུག ཁོང་ལ་སྤུན་མཆེད་གསུམ་ཡོད་པའི་ཁྲོད་ཀྱི་ཆུང་བ་དེ་ཡིན་འདུག
བསོད་ནམས།
བསོད་ནམས།
བསོད་ནམས།
གནས་ཚུལ་བྱུང་ཚེས། -
April 19, 2012
རྟགས། -
Male
ས་གནས། -
ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས།
ལོ། -
24
མ་མིང། -
དགེ་བཟའ་སེམས་སྐྱིད།
ཕ་མིང། -
ཏོ་རྩ་དོན་རིས།
སྐྱེས་ཡུལ། -
རྔ་པ་ཁུལ་ཛམ་ཐང་རྫོང་བར་མ་ཡུལ་ཚོ།
འཚོ་ཐབས། -
སློབ་ཕྲུག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ བོད་ནང་ཉིན་གུང་ཆུ་ཚོད་ ༢།༢༠ ཙམ་ལ་མདོ་སྨད་རྔ་པ་ཁུལ་ཛམ་ཐང་རྫོང་བར་མ་ཡུལ་ཚོའི་ཕ་ཏོ་ཙ་དོན་རིས་དང་། མ་སེམས་སྐྱིད་གཉིས་ཀྱི་བུ་རང་ལོ་ ༢༤ ཡིན་པ་བསོད་ནམས་ལགས་དང་ཆོས་འཕགས་སྐྱབས་ལགས་རྣམ་གཉིས་ཀྱིས་ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་རྒྱ་ནག་གཞུང་གི་བོད་ལ་འཛིན་བཞིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ཞི་རྒོལ་སྐད་འབོད་དང་རང་ལུས་མེར་སྲེག་བཏང་ནས་དུས་ཡུན་རིང་པོ་མ་འགོར་བར་རྒྱལ་གཅེས་པ་ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་འདུག མཚན་ཆུ་ཚོད་ ༡ ཙམ་ལ་ཛམ་ཐང་དགོན་ཆེན་རྒྱབ་རིའི་དུར་ཁྲོད་དུ་བླ་གྲྭ་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བ་འདུ་འཛོམས་ཀྱིས་རྒྱལ་གཅེས་པ་ཁོང་གཉིས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་དགོས་ཐུག་འདུག ཉེ་ལམ་ཁོང་གཉིས་རང་ལུས་མེར་སྲེག་མ་བཏང་སྔོན་ལག་ཁྱེར་ཁ་པར་ཞིག་ནང་ཁ་ཆེམས་ཤིག་བཞག་པ་ལག་སོན་བྱུང་བ་ཁུལ་དེར་མི་མང་པོ་ཞིག་གི་ཁ་པར་བརྒྱུད་ཕན་ཚུན་གཏོང་རེས་ཀྱི་རྒྱ་ཁྱབ་བྱེད་བཞིན་པའི་ཁ་ཆེམས་དེའི་ནང་དོན་ནི། ཁོང་རྣམ་པ་གཉིས་རང་ལུས་མེར་སྲེག་གཏོང་དགོས་དོན་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་སྐྱིད། བྱེ་བྲག་བོད་མི་རིགས་ཀྱི་རང་དབང་ཆེད་དུ་ཡིན། ཡང་ངེད་གཉིས་མི་ཡུལ་འདིར་ཕ་མ་སྤུན་མཆེད་དང་གཉེན་ཉེ་དུ་རྣམས་དང་ལྷན་སྡོད་འདོད་མེད་པ་མིན་མོད། འོན་ཀྱང་སྡོད་པའི་རང་དབང་མི་འདུག ཅེས་དང་། དེ་བཞིན་ཁོང་གཉིས་རང་ལུས་མེར་སྲེག་བཏང་རྗེས་ཁོང་གཉིས་ཀྱི་ཕུང་པོ་རྒྱ་དམག་གིས་འཁྱེར་ངེས་ཀྱང་། ནང་མི་སྤུན་མཆེད་དང་སྡེ་མི་སུས་ཀྱང་དེ་ལ་བཀག་འགོག་བྱེད་མི་དགོས། ཁོང་ཚོར་ག་རེ་བྱེད་ན་བྱེད་དུ་ཆུགས། ཞེས་སོགས་འཁོད་འདུག ཉེ་སྔོན་སྣང་གྲོལ་ལགས་དང་ཁོང་རྣམ་གསུམ་གྱི་ཞལ་ཆེམས་དང་དཔའ་བོའི་སྙིང་སྟོབས་ལ་བརྟེན་ནས་དེ་ཁུལ་མི་རྣམས་གཉིད་ལས་སད་བཅུག་སོང་ཞེས་ཛམ་ཐང་ཇོ་ནང་དགོན་སྡེ་ཁག་གི་གཙོས་སྐྱ་སེར་དབྱེ་བ་མེད་པས་ཁོང་གཉིས་ལ་གདུང་སེམས་མཉམ་སྐྱེའི་སླད་མཆོད་འབུལ་ཚོགས་པ་དང་། མི་སྐྱ་རྣམས་ཀྱིས་ནང་འཛིང་དང་ནང་རྐུན་མི་བྱེད་རྒྱུའི་དམ་བཅའ་འབུལ་བཞིན་ཁ་ཡོད་ལག་ཡོད་ཀྱིས་ལག་ལེན་བསྟར་ཐབས་སུ་ཉེ་སྔོན་ནས་མཚོན་ཆ་ཚང་མ་དགོན་པར་ཕུལ་བ་དེ་དག་ཕྱི་ཚེས་ ༢༣ ཉིན་ཛམ་ཐང་ཇོ་ནང་དགོན་ཆེན་དུ་མེར་སྲེག་གཏོང་བཞིན་མི་གྲངས་ལྔ་སྟོང་བརྒལ་བ་འདུ་འཛོམས་བྱུང་འདུག
ཆོས་འཕགས་སྐྱབས།
ཆོས་འཕགས་སྐྱབས།
ཆོས་འཕགས་སྐྱབས།
གནས་ཚུལ་བྱུང་ཚེས། -
April 19, 2012
རྟགས། -
Male
ས་གནས། -
ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས།
ལོ། -
25
མ་མིང། -
པད་ནེ།
ཕ་མིང། -
དགེ་སྐོར་སྲུང་ཐར།
སྐྱེས་ཡུལ། -
རྔ་པ་ཁུལ་ཛམ་ཐང་རྫོང་བར་མ་ཡུལ་ཚོ།
འཚོ་ཐབས། -
སློབ་ཕྲུག
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ བོད་ནང་ཉིན་གུང་ཆུ་ཚོད་ ༢།༢༠ ཐོག་མདོ་སྨད་རྔ་པ་ཁུལ་ཛམ་ཐང་རྫོང་བར་མ་ཡུལ་ཚོའི་ཕ་དགེ་སྐོར་ཚོ་བའི་སྲུང་ཐར་དང། མ་པད་ནེ་གཉིས་ཀྱི་བུ་རང་ལོ་ ༢༥ ཡིན་པ་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་ལགས་རྣམ་གཉིས་ཀྱིས་ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ། རྒྱ་ནག་གཞུང་གི་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ཞི་རྒོལ་སྐད་འབོད་གནང་བཞིན་པར་སྐུ་ལུས་མེར་སྲེག་བཏང་ཡོད། དུས་ཡུན་རིང་པོ་མ་འགོར་བར་རྒྱལ་གཅེས་པ་ཁོང་གཉིས་འདས་གྲོངས་སུ་གྱུར་འདུག རྒྱ་གཞུང་གི་བཙན་བཀའ་བཏང་བར་བརྟེན་མཚན་གྱི་ཆུ་ཚོད་དང་པོ་ཙམ་ལ་ཛམ་ཐང་དགོན་ཆེན་རྒྱབ་རིའི་དུར་ཁྲོད་དུ། བླ་གྲྭ་ཉིས་སྟོང་ལྷག་དང། མང་ཚོགས་སུམ་སྟོང་བརྒལ་བ་བཅས་མཉམ་འཛོམས་ཀྱིས་རྒྱལ་གཅེས་པ་ཁོང་གཉིས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་དགོས་བྱུང་འདུག ད་ལྟའི་ཆར་ས་གནས་དེར་རྒྱ་གཞུང་གིས་ཉེན་རྟོག་དམག་མི་འགྲེམས་འཇོག་བྱས་ཏེ། དམ་བསྒྲགས་ཤུགས་ཆེ་བྱས་ཡོད།
Last Words:
བོད་མི་རིགས་འདི་གཞན་དང་མི་མཚུངས་བའི་ཆོས་དང་རིག་གནས། བྱམས་དང་སྙིང་རྗེ་ལྡན་པ། གཞན་ལ་ཕན་སེམས་ཆེ་བའི་མི་རིགས་ཤིག་ཡིན། ཡིན་ན་ཡང་། བོད་མི་རིགས་འདི་རྒྱ་ནག་གིས་བཙན་བཟུང་དང་དྲག་གནོན་མགོ་སྐོར་བྱས་པས། ང་ཚོ་བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྡུག་བསྔལ་དང་། འཛམ་གླིང་ཞི་བདེ་ཡོང་ཆེད་དུ་ངས་རང་ལུས་མེར་བསྲེགས་པ་ཡིན། ང་ཚོ་བོད་མི་རིགས་ལ་རང་དབང་མེད་པའི་སྡུག་བསྔལ་འདི་ངས་རང་ལུས་མེར་བསྲེགས་པ་ལས་སྡུག་བསྔལ་ལྷག་ཏུ་ཆེ། འཇིག་རྟེན་འདི་ན་ཆེས་དྲིན་ཆེ་བའི་ཕ་མ་དང་ཁྱིམ་མི་བཟའ་ཚང། ཕུ་ནུ་ཉེ་འབྲེལ་རྣམ་པ། ངེད་གཉིས་ཀྱིས་སེམས་བསམ་པ་མཉམ་པའི་སྒོ་ནས། བོད་ལ་རང་དབང་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་ལ་བདེ་སྐྱིད་བསྐྲུན་ཐུབ་པ། འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ངེད་གཉིས་ཀྱི་རང་ལུས་མེར་བསྲེགས་པ་ཡིན། ཡིན་ན་ཁྱེད་ཅག་གིས་ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་དགོས། ངེད་གཉིས་རྒྱ་ལག་ཏུ་ཤོར་ཡང་ཁྱེད་ཅག་གིས་ཅི་ཡང་བྱེད་མི་དགོས། ངེད་གཉིས་ཀྱི་ཆེད་དུ་མི་གཅིག་ལ་གནོད་འཚེ་མེད་ན་ངེད་གཉིས་ཀྱི་བསམ་པ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཆེད་དུ་ཁྱེད་ཅག་གིས་སེམས་སྐྱོ་ན། མཁས་པ་དང་མཁན་སྤྲུལ་རྣམས་ཀྱི་ཁ་ཉོན་ནས་རིག་གནས་སྦྱང་ན་རིག་གནས་སྦྱོང་བའི་ཁ་ཕྱོགས་མི་ནོར་བ་དང། རང་རིགས་ལ་དུངས་ཞེན་དང་། རང་གི་རིག་གནས་ལ་འབད་རྩོན་བྱས་ནས་རང་ཚུགས་མ་ཤོར་བར་རྡོག་རྩ་གཅིག་བསྒྲིལ་བྱས་ན་ངེད་གཉིས་ཀྱི་རེ་བ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་པར་སྙིང་ནས་རེ་བ་ཡིན།།
འཆི་མེད་དཔལ་ལྡན།
འཆི་མེད་དཔལ་ལྡན།
འཆི་མེད་དཔལ་ལྡན།
གནས་ཚུལ་བྱུང་ཚེས། -
March 30, 2011
རྟགས། -
Male
ཁུངས། -
རྒྱལ་རོང་ཚོ་བདུན་ཀིརྟི་དགོན།
ལོ། -
21
མ་མིང། -
མ་ཅིག་མཚོ།
ཕ་མིང། -
རབ་རྒྱས།
སྐྱེས་ཡུལ། -
རྔ་པ་ཁུལ་འབར་ཁམས་རྫོང་ཚོ་བདུན་ཞང་ཤོ་ལ་ཅང་སྡེ་བ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ཉིན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་འཆི་མེད་དཔལ་ལྡན་ལགས་དང༌། དེ་བཞིན་བསྟན་པ་དར་རྒྱས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད། སྐབས་དེར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་ས་གནས་དེ་གར་ཡོད་པའི་རྔ་པ་རང་སྐྱོང་ཁུལ་གྱི་སྨན་ཁང་དུ་ཁྱེར་ནས་དམ་བསྒྲགས་ཆེན་པོའི་འོག་བཞག་ཡོད་སྟབས། སྐབས་དེའི་ཁོང་རྣམ་པ་གཉིས་ཀྱི་ཤི་གསོན་གནས་ཚུལ་གསལ་པོ་ཤེས་རྟོགས་མ་བྱུང་ཡང་ཉིན་དེའི་བོད་ནང་གི་མཚན་མོའི་ཆུ་ཚོད་ ༩ ཙམ་ནས་ས་གནས་དེ་གའི་སེར་སྐྱ་མི་མང་བརྒྱ་ལྷག་ཁུལ་དེའི་སྨན་ཁང་གི་སྒོ་ཁར་འཛོམས་ནས་དགེ་འདུན་པ་གཉིས་ཀྱི་ཤི་གསོན་གང་ཡིན་ཡང་ང་ཚོར་སྤྲོད་དགོས་པ་དང། སྨན་ཁང་ནང་དུ་ལྟ་རུ་འགྲོ་བཅུག་དགོས་པའི་རེ་འདུན་དང་ངུ་འབོད་ཤུགས་དྲག་བྱས་པར་ཉན་འཇོག་བྱེད་རྒྱུ་ལས་ལྡོག་སྟེ་གང་བྱུང་འཛིན་བཟུང་དང་གཅར་རྡུང་དྲག་པོ་བཏང་སྟེ་མི་མང་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་མང་པོ་ཞིག་སྨན་ཁང་སྒོ་འགྲམ་ནས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་ཀྱང། མི་མང་གིས་མུ་མཐུད་སྨན་ཁང་ནང་དུ་གཏོང་དགོས་པའི་རེ་འདུན་བཏོན་སྟབས། མཚན་མོའི་ཆུ་ཚོད་ ༡༢ ཡས་མས་སུ་མི་གཉིས་རེ་གཉིས་རེ་བྱས་ཏེ་མི་ཁག་གཅིག་ལ་ཐག་རིང་ཙམ་ནས་ལྟ་རུ་བཅུག་ཡོད། དགེ་འདུན་པ་འཆི་མེད་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་ཡོད་པ་ངོས་ལེན་གྱིས་ཁོང་གི་སྐུ་ཕུང་མེར་སྲེག་བཏང་སྟེ་ཕྱི་ཚེས་ ༣༡ ཉིན་སྔ་དྲོ་ཆུ་ཚོད་ ༥ པ་ཙམ་ལ་རུས་ཐལ་ཞིག་ཚོ་བདུན་ཀིརྟི་དགོན་པར་སྤྲད་ཡོད་པར་བརྟེན། དགོན་པའི་ནང་གདན་འདྲེན་ཞུས་ཏེ་དགོན་པའི་གྲྭ་མང་གིས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་བསྒྲུབས་འདུག།།
བསྟན་པ་དར་རྒྱས།
བསྟན་པ་དར་རྒྱས།
བསྟན་པ་དར་རྒྱས།
གནས་ཚུལ་བྱུང་ཚེས། -
March 30, 2012
རྟགས། -
Male
ཁུངས། -
རྒྱལ་རོང་ཚོ་བདུན་ཀིརྟི་དགོན།
ལོ། -
22
མ་མིང། -
པད་མཚོ།
ཕ་མིང། -
སྐལ་ལྡན།
སྐྱེས་ཡུལ། -
རྔ་པ་ཞང་སྐྱོང་ཁུལ་འབར་ཁམས་རྫོང་ཤོ་ལ་ཅང་སྡེ་པ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ཉིན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་བསྟན་པ་དར་རྒྱས་ལགས་དང༌། དེ་བཞིན་འཆི་མེད་དཔལ་ལྡན་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་ས་གནས་དེ་གར་ཡོད་པའི་རྔ་པ་རང་སྐྱོང་ཁུལ་གྱི་སྨན་ཁང་དུ་ཁྱེར་ནས་དམ་བསྒྲགས་ཆེན་པོའི་འོག་བཞག་ཡོད་སྟབས། སྐབས་དེའི་ཁོང་རྣམ་པ་གཉིས་ཀྱི་ཤི་གསོན་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་མེད་ཀྱང་། ཉིན་དེའི་བོད་ནང་གི་མཚན་མོའི་ཆུ་ཚོད་ ༩ ཙམ་ནས་ས་གནས་དེ་གའི་སེར་སྐྱ་མི་མང་བརྒྱ་ལྷག་ཁུལ་དེའི་སྨན་ཁང་གི་སྒོ་ཁར་འཛོམས་ནས་དགེ་འདུན་པ་གཉིས་ཀྱི་ཤི་གསོན་གང་ཡིན་ཡང་ང་ཚོར་སྤྲོད་དགོས་པ་སོགས་ངུ་འབོད་ཤུགས་དྲག་བྱས་སྟབས། མཚན་མོའི་ཆུ་ཚོད་ ༡༢ མཚམས་སུ་མི་གཉིས་རེ་གཉིས་རེ་བྱས་ཏེ་མི་ཁག་གཅིག་ལ་ཐག་རིང་ཙམ་ནས་ལྟ་རུ་བཅུག་ཡོད། སྐབས་དེར་རྒྱལ་གཅེས་པ་བསྟན་པ་དར་རྒྱས་ལགས་འདས་གྲོངས་སུ་འགྱུར་མེད་པ་ཙམ་ལས་གསོན་པའི་རེ་བ་ཡོངས་སུ་བྲལ་ཏེ་རེ་ཞིག་གསོན་ཙམ་གྱི་གནས་སྟངས་ལྷག་ཡོད་ནའང་། ཕྱི་ཟླ་ ༤ ཚེས་ ༧ ཉིན་བོད་ནང་གི་སྔ་དྲོའི་དུས་ཚོད་ ༩།༢༣ ཙམ་ལ་རྔ་པ་ཁུལ་གྱི་སྨན་ཁང་ནང་གཟི་བརྗིད་ལྡན་པའི་ངང་སྐུ་གྲོངས་ཡོད། ཁོང་གི་སྐུ་ཕུང་ནང་མི་དང་དགོན་པར་སྤྲོད་རྒྱུའི་རེ་འདུན་ཤུགས་ཆེ་ཞུས་ནའང་། རྒྱ་གཞུང་གིས་དང་ལེན་མ་བྱས་པར་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་མེར་སྲེག་བཏང་ནས་ཆུ་ཚོད་ ༤ ཙམ་ལ་རུས་ཐལ་ཞིག་འབྲེལ་ཡོད་ལ་སྤྲད་པ་དེར་ཡང་མི་ཆོག་པ་མང་པོའི་ཁས་ལེན་གྱིས་མཛུབ་ཐེལ་རྒྱག་དགོས་བྱུང་འདུག དེ་རྗེས་ཁོང་གི་རུས་ཐལ་ཚོ་བདུན་ཀིརྟི་དགོན་པའི་ནང་གདན་འདྲེན་ཞུས་སྐབས། དྲག་ཆས་ཉེན་རྟོག་པ་སོགས་རླངས་འཁོར་ཆེ་བ་གསུམ་གྱིས་རྗེས་འདེད་བྱས་ཡོད། སྐབས་དེར་ཚོ་བདུན་ཀིརྟི་དགོན་པའི་ཐག་ཉེར་ཡོད་པའི་ཆུའི་ཕར་ཕྱོགས་སུ་དམག་མི་དང་དྲག་ཆས་ཉེན་རྟོག་པ་སོགས་འབོར་ཆེན་ཞིག་རྒྱུན་སྡོད་ཀྱིས་དམག་སྦྱོང་འདྲ་མིན་བྱེད་བཞིན་འཇིགས་སྐུལ་གྱི་རྣམ་པ་བསྟན་ཡོད་འདུག དགོན་པའི་གྲྭ་མང་གིས་ཁོང་གི་རྗེས་འཇུག་ཆོ་ག་ཁག་བསྒྲུབས་འདུག
བློ་བཟང་ཤེས་རབ།
བློ་བཟང་ཤེས་རབ།
བློ་བཟང་ཤེས་རབ།
གནས་ཚུལ་བྱུང་ཚེས། -
March 28, 2012
རྟགས། -
Male
ཁུངས། -
རྭ་རུ་བའི་དགོན་པ་དགེ་ལྡན་བསྟན་འཕེལ་གླིང་།
ས་གནས། -
གཅའ་ཞང་གི་གཞུང་ལམ།
ལོ། -
20
མ་མིང། -
ཉི་མ།
ཕ་མིང། -
བསོད་དོན།
སྐྱེས་ཡུལ། -
རྔ་པ་རྫོང་གཅའ་ཞང་རྭ་རུ་བ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༧།༡༠ ཙམ་ལ་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ཕ་བསོད་དོན་དང། མ་ཉི་མ་གཉིས་ཀྱི་བུ་རྭ་རུ་བའི་དགོན་པ་དགེ་ལྡན་བསྟན་འཕེལ་གླིང་གི་དགེ་འདུན་པ་རང་ལོ་ ༢༠ ཡིན་པ་བློ་བཟང་ཤེས་རབ་ལགས་ཀྱིས་གཅའ་ཞང་གི་གཞུང་ལམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་ནས་འདས་གྲོངས་སུ་གྱུར་འདུག ཁོང་གིས་འབོད་ཚིག་ག་རེ་སྒྲོག་ཡོད་མེད་ཤེས་རྟོགས་ཐུབ་མེད་ཀྱང༌། ཁོང་འདས་གྲོངས་སུ་གྱུར་མ་ཐག་བོད་མི་ཚོས་ཁོང་གི་ཕུང་པོ་འཁྱེར་རྩིས་བྱེད་སྐབས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་སླེབས་ཏེ་བཙན་འཕྲོག་བྱས་འདུག་པར་མི་མང་གིས་ཕུང་པོ་ནང་མིར་སྤྲོད་དགོས་པའི་རེ་འདུན་ཡང་ཡང་བཏོན་ཡང་ཉན་འཇོག་མ་བྱས་པར་བཙན་འཁྱེར་བྱས་འདུག དགེ་འདུན་པ་བློ་བཟང་ཤེས་རབ་ལགས་རང་ལོ་ ༩ ཙམ་ནས་རྭ་རུ་བའི་དགོན་པར་ཆོས་ཞུགས་གནང་འདུག་ལ་ལོ་སྔོན་མའི་ཕྱི་ཟླ་ ༡༠ ཙམ་ནས་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་གཉེར་ཕེབས་ཡོད་ཀྱང་། ཟླ་བ་དེའི་ཚེས་ ༢༦ ཉིན་ཕྱིར་ཕ་ཡུལ་དུ་ལོག་འདུག རྭ་རུ་བའི་དགོན་པར་དེང་སྐབས་གྲྭ་པ་ ༣༡ ཡོད་འདུག ཁོང་ནི་ཁྱིམ་ཚང་དེར་མིང་སྲིང་ ༣ ཡོད་པའི་ནང་ནས་འབྲིང་བ་དེ་ཡིན། དོན་རྐྱེན་དེ་བྱུང་མ་ཐག་གཅའ་ཞང་ཐོག་དང་རྔ་པའི་སྟོད་སྨད་བར་གསུམ་དུ་དྲག་ཆས་ཉེན་རྟོག་པ་དང༌། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་དམ་བསྒྲགས་མུ་མཐུད་བྱས་ཡོད།
འཇམ་དཔལ་ཡེ་ཤེས།
འཇམ་དཔལ་ཡེ་ཤེས།
འཇམ་དཔལ་ཡེ་ཤེས།
གནས་ཚུལ་བྱུང་ཚེས། -
March 16, 2012
རྟགས། -
Male
ས་གནས། -
ལྡི་ལི།
ལོ། -
27
མ་མིང། -
རྒྱལ་མཚན་ལྷ་མོ།
ཕ་མིང། -
བློ་ཆོས།
སྐྱེས་ཡུལ། -
ཁམས་རྟའུ།
འཚོ་ཐབས། -
སློབ་ཟུར།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་གྱི་ཉིན་གུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཇན་ཏར་མ་ཏར་རུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་འཁྲིད་དེ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་ཚོགས་འདུར་སླེབས་ལ་ཉེ་བ་དང་བསྟུན་ནས། བོད་མི་སྟོང་ཕྲག་གཉིས་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་བྱེད་པའི་སྐབས། ཉིན་དེའི་ཆུ་ཚོད་ ༡༢།༢༥ སྟེང་ཁམས་རྟའུ་ནས་ཡིན་པ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གློ་བུར་ལུས་སྟེང་དུ་ས་སྣུམ་བླུགས་ཏེ་རང་ལུས་མེ་སྲེག་བཏང་ཡོད། སྐབས་དེར་ཁོང་གིས། བོད་རྒྱལ་ལོ། ཞེས་སྐད་འབོད་གནང་སྟེ་གོམ་པ་ ༢༠ ལྷག་གོམ་བགྲོད་གནང་རྗེས་ལུས་ལ་མེ་འབར་ཤུགས་ཆེ་དྲགས་པས་རྐྱེན་གྱི་སར་འགྱེལ་ཡོད། གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་སྟབས། ལྡི་ལིའི་སྨན་ཁང་(Rammanohar Lohia Hospital)ཞེས་པའི་ནང་མྱུར་སྐྱོབ་སྨན་བཅོས་ཆེད་དུ་བསྐྱལ་ཡོད་རུང། ཕྱི་ཚེས་ ༢༨ ཉིན་གྱི་ཐོ་རེངས་ལ་འདས་གྲོངས་སུ་གྱུར་འདུག རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་ལགས་ནི་ཁམས་རྟའུ་ནས་ཡིན་པ་དང་རང་ལོ་ ༢༧ ཡིན། ཁོང་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གྱི།
Last Words:
ཕྱི་ལོ་ ༢༠༡༢ ལོར་སློབ་མཐར་སོན་ནས་ལྡི་ལིར་གནས་སྡོད་ཀྱིས་རང་ལུས་མེར་སྲེག་མ་གནང་བའི་སྔ་རོལ་དུ་དོན་ཚན་ ༥ ཅན་གྱི་ཁ་ཆེམས་ཤིག་བཞག་ཡོད་པ་ནི།
༡༽ འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདོང་བརྒྱུད་གཅིག་པའི་སྤུན་ཟླ་ཚོ་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏཱ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་ནང་བཞིན་ཡོང་བའི་སྨོན་ལམ་དང་ཡིད་ཆེས་བརྟན་པོ་ཡོད།
༢༽ སྤུན་ཟླ་ཚོ། མ་འོངས་བདེ་བ་དང་མདུན་ལམ་བསམས་ན་ལ་རྒྱ་དགོས། ལ་རྒྱ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན། ད་དུང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། སྤུན་ཟླ་ཚོ། འཛམ་གླིང་མི་མང་འདྲ་མཉམ་འཚོལ་བའི་བདེ་སྐྱིད་བསམ་ན། ལ་རྒྱ་ཟེར་བའི་ཚིག་འདི་སེམས་ལ་བཅངས་དགོས། བྱ་བ་ཆེ་ཆུང་སོགས་ལ་འབད་བརྩོན་གནང་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་པའི་ཤེས་རབ་ཡིན།
༣༽ རང་དབང་ནི་སྲོག་ལྡན་ཡོངས་ཀྱི་བདེ་སྐྱིད་ཀྱི་གཞི་མ་ཡིན། རང་དབང་མེད་ན་རླུང་ནང་མར་མེ་འབར་བ་ནང་བཞིན་ཡིན། བོད་མི་ས་ཡ་དྲུག་གི་ཁ་ཕྱོགས་འདྲ་པོ། ཆོལ་ཁ་གསུམ་གྱི་སྤུན་ཟླ་ཚོས་ནུས་ཤུགས་གཅིག་ཏུ་སྒྲིལ་པ་ལ་འབྲས་བུ་ཐོབ་པ་ང་ཚོས་ཤེས་གསལ་རེད། སེམས་ཤུགས་མ་ཆག་རོགས།
༤༽གུས་པས་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན། མི་རིགས་ཀྱི་འཐབ་རྩོད་སྐབས་དགོས་པ་ནི། དཔལ་འབྱོར་ཡོད་ན་བེད་སྤྱོད་གཏོང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྒྲིལ་དགོས་པའི་ཛ་དྲག་གི་དུས་ཚོད་ལ་སླེབས་པ། སྲོག་ཡོད་ན་རང་སྲོག་བློས་གཏོང་བའི་ཉིན་མོ་རེད་དྲན་གྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་ཕུལ་བ་ནི། འཛམ་གླིང་མི་མང་ལ་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམ་ཆུང་བོད་མི་ལ་གཟིགས་རོགས་གནང༌།
༥༽ང་རང་ཚོའི་ཕ་མའི་ཆོས། རིག་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ཐོབ་ཐང་འདྲ་མཉམ་དགོས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལོངས་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ།” ཞེས་བྲིས་ཡོད་པ་རེད།
བསོད་ནམས་དར་རྒྱས།
བསོད་ནམས་དར་རྒྱས།
བསོད་ནམས་དར་རྒྱས།
གནས་ཚུལ་བྱུང་ཚེས། -
March 17, 2012
རྟགས། -
Male
ས་གནས། -
ཀླུ་རྒྱལ་ཚོང་ཁང་གི་ཉེ་འགྲམ།
ལོ། -
43
མ་མིང། -
ལྕགས་མོ་རྒྱལ།
ཕ་མིང། -
ཤ་མོ།
སྐྱེས་ཡུལ། -
ཨ་མདོ་རྨ་ལྷོ་ཁུལ་རེབ་གོང་གཉན་ཐོག་ཡུལ་ཚོ་ཤ་འབྲོང་སྡེ་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༤༠ ཙམ་ལ་ཨ་མདོ་རྨ་ལྷོ་ཁུལ་རེབ་གོང་ཤ་འབྲོང་སྡེ་པའི་ཕ་ཤ་མོ་དང་། མ་ལྕགས་མོ་རྒྱལ་གྱི་བུ་རང་ལོ་ ༤༣ ཡིན་པ་བསོད་ནམས་དར་རྒྱས་ལགས་ཀྱིས་ ༼མིང་གཞན་ལ་བསོད་ལེ༽རེབ་གོང་རོང་བོ་དགོན་ཆེན་གྱི་འགྲོ་ལམ་དུ་ཡོད་པའི་ཀླུ་རྒྱལ་ཚོང་ཁང་གི་ཉེ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་སྟེ་འདས་གྲོངས་སུ་གྱུར་འདུག ཁོང་གོང་ཚེས་ཉིན་གྱི་སྔ་དྲོ་འདས་གྲོངས་སུ་གྱུར་བའི་སྐུ་ཕུང་རོང་བོ་དགོན་པའི་རྒྱབ་རིའི་གདུང་རྒྱ་ཀླད་དུ་གདན་ཞུས་ཀྱིས་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བས་སྨོན་ལམ་གསུང་འདོན་གནང་ཡོད་པ་མ་ཟད། རོང་བོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་ཤ་ཁྲག་གཅིག་པའི་བོད་མི་མང་པོ་འཛོམས་ནས་སྨོན་ལམ་གསུང་འདུག རྒྱལ་གཅེས་པ་ཁོང་གི་བཟའ་ཟླའི་མིང་ལ་སྒྲོལ་དཀར་སྐྱིད། ཕྲུ་གུ་བུ་མོ་གཅིག་དང་བུ་གཉིས་བཅས་ཤུལ་དུ་ལུས་ཡོད། ཁོང་ནི་བོད་བསྟན་སྲིད་བདེ་རྩའི་སླད་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་གཏོང་མཁན་གྱི་རྒྱལ་གཅེས་པ་ཞིག་ཡིན། རྒྱ་ནག་ཤིན་ཧྭ་གཞུང་འབྲེལ་གསར་ཁང་ནས་ཁོང་ལ་བཟའ་ཟླ་གཉིས་ཡོད་པར་བརྟེན། ཁྱིམ་ཚང་ནང་མ་འཆམ་པ་བྱུང་སྟེ་སྒེར་གྱི་དཀའ་ངལ་རྐྱེན་པས་མེར་སྲེག་བཏང་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མི་ཚོས་རང་ལུས་མེར་སྲེག་ལས་འགུལ་མཚམས་འཇོག་ཡོང་ཐབས་འབད་བརྩོན་བྱེད་རྒྱུའི་ཚབ་ཏུ་རྒྱལ་གཅེས་པར་ངོས་འཛིན་གྱིས་སྨོན་ལམ་གསོག་སྒྲུབ་བྱེད་ཀྱི་ཡོད། ཅེས་སྐྱོན་བརྗོད་ཡང་བྱས་འདུག
བློ་བཟང་ཚུལ་ཁྲིམས།
བློ་བཟང་ཚུལ་ཁྲིམས།
བློ་བཟང་ཚུལ་ཁྲིམས།
གནས་ཚུལ་བྱུང་ཚེས། -
March 16, 2012
རྟགས། -
Male
ཁུངས། -
རྔ་པ་ཀིརྟི་དགོན།
ས་གནས། -
རྔ་པ་རྫོང་མཁར་སྟོད་ཕྱོགས་ཀྱི་གཞུང་ལམ།
ལོ། -
20
མ་མིང། -
ཚེ་སྒྲོན།
ཕ་མིང། -
ཡེ་ཤེས།
སྐྱེས་ཡུལ། -
རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༥ པ་ཙམ་ལ་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཕ་ཡེ་ཤེས་དང༌། མ་ཚེ་སྒྲོན་གཉིས་ཀྱི་བུ་རང་ལོ་ ༢༠ ཡིན་པ་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རྔ་པ་རྫོང་མཁར་སྟོད་ཕྱོགས་ཀྱི་གཞུང་ལམ་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་འདུག ཁོང་གིས་རང་ལུས་མེར་སྲེག་གཏོང་ས་ནས་གོམ་འགྲོས་བྱེད་བཞིན་པའི་སྐབས་དེར་མདུན་ཕྱོགས་ནས་དྲག་ཆས་ཉེན་རྟོག་པ་སོགས་རྒྱུགས་ཡོང་སྐབས། ཁོང་གིས་ཁ་ཕྱིར་འཁོར་ནས་སྐད་འབོད་བྱེད་བཞིན་རྒྱུགས་ཡོད་ཀྱང༌། སྐབས་དེར་དེའི་ཕྱོགས་ཀྱི་ཉེན་རྟོག་པ་ཞིག་གིས་ཁོང་ལ་གཞུས་ནས་ཐང་ལ་འགྱེལ་འདུག དེ་རྗེས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་བཙན་ཁྲིད་བྱས་ཡོད་ཅིང། རླངས་འཁོར་གྱི་སྒམ་ཤིང་ནང་དུ་གཡུག་སྟེ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མནན་ནས་འགྲོ་སྐབས་ཀྱང་། ཁུ་ཚུར་གནམ་ལ་སྒྲེང་བཞིན་སྐད་འབོད་བྱས་ཡོད་པ་དངོས་སུ་མཐོང་ཡོད་ཀྱང་། ཁོང་གིས་འབོད་ཚིག་ཅི་ཞིག་སྒྲོག་ཡོད་མེད་ཤེས་རྟོགས་བྱུང་མི་འདུག ཁོང་གི་ཁྱིམ་ལ་མིང་སྲིང་བཞི་ཡོད་པའི་ནང་གི་ཆེ་ཤོས་ཡིན་འདུག ཁོང་ལོ་ན་བརྒྱད་ཙམ་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་བའི་སྐབས་དེར། ཀིརྟི་དགོན་པའི་ནང་བསྟན་གཞོན་ནུའི་རིག་སློབ་ཁང་ཞེས་པའི་ཀིརྟི་དགོན་པའི་སློབ་གྲྭའི་ནང་འཛུལ་ཞུགས་བྱས་ཤིང་རྗེས་སུ་ཕྱི་ལོ་ ༢༠༠༣ ལོར་སློབ་གྲྭ་སྒོ་བརྒྱབ་རྗེས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་འདོན་ཆོས་སྤྱོད་སོགས་ལ་སློབ་སྦྱོང་རྩེར་སོན་གྱི་གྲས་ཤིག་དང་ཉམ་ཆུང་ཚུལ་མཐུན་ཞིག་ཡིན་འདུག དེ་བཞིན་རྔ་པ་རྫོང་མཁར་དུ་ཡོང་སའི་ལམ་ཆེ་ཆུང་ཚང་མར་ཞིབ་བཤེར་ས་ཚིགས་བཙུགས་ནས་དམ་བསྒྲགས་བྱས་ཡོད་ཀྱང་། ཉིན་གསུམ་རིང་རྔ་པ་མི་མང་གིས་གདུང་སེམས་མཉམ་སྐྱེ་མཚོན་ཆེད་བོད་པའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་མྱ་ངན་གྱི་རྣམ་པ་ཤུགས་ཆེན་པོ་ཞིག་བསྟན་ཡོད། དེ་བཞིན་ཕྱི་ཚེས་ ༡༩ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་མང་གིས་དང་བླངས་སྒོས་གཞུང་ཆེན་ཁག་སྐྱོར་སྦྱོང་གནང་སྟེ་མཚན་ཕུད་བྱས་ཡོད་འདུག ཁོང་གིས་ངོ་རྒོལ་སྐད་འབོད་གནང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ནའང་། ཟླ་བ་དེའི་ཚེས་ ༡༩ ཉིན་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་འདས་གྲོངས་སུ་གྱུར་ཞིང་ཉིན་དེར་རྒྱ་གཞུང་གིས་ཁོང་གི་ཕུང་པོ་འབར་ཁམས་ནས་མེར་སྲེག་བཏང་སྟེ་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་པ་དེ་ཉིན་གྱི་མཚན་མོ་རྔ་པ་ཀིརྟི་དགོན་པའི་ཉེ་འགྲམ་གྱི་དུར་སའི་ནང་སྐྱེལ་དགོས་བྱུང་ཡོད་འདུག
འཇམ་དབྱངས་དཔལ་ལྡན།
འཇམ་དབྱངས་དཔལ་ལྡན།
འཇམ་དབྱངས་དཔལ་ལྡན།
གནས་ཚུལ་བྱུང་ཚེས། -
March 14, 2012
རྟགས། -
Male
ཁུངས། -
རེབ་གོང་རོང་བོ་དགོན།
ས་གནས། -
རོང་བོ་དགོན་པའི་མདུན་ཐང་།
ལོ། -
34
མ་མིང། -
ལྕགས་མོ།
ཕ་མིང། -
དཀོན་མཆོག་སྐྱབས།
སྐྱེས་ཡུལ། -
རེབ་གོང་རྒྱལ་བོ་ལྡོང་ངེ་།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༠།༣༠ སྟེང་རེབ་གོང་རྒྱལ་བོ་ལྡོང་ངེའི་ཕ་དཀོན་མཆོག་སྐྱབས་དང༌། མ་ལྕགས་མོ་གཉིས་ཀྱི་བུ་རང་ལོ་ ༣༤ ཡིན་པ་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རོང་བོ་དགོན་པའི་མདུན་ཐང་གི་སྒྲོལ་མ་ཐང་ཟེར་བ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་། སྐབས་དེར་ཁོང་གིས། ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་སྐད་ཡིག་གི་རང་དབང་དགོས། ཞེས་སྐད་འབོད་གནང་འདུག དེ་མ་ཐག་རྒྱ་ནག་གི་དམག་མི་དང་དགོན་པའི་ཆོས་དོན་ལས་ཁུངས་ཀྱི་མི་སྣ་མཉམ་རུབ་ཐོག་ཉེ་འཁྲིས་སུ་ཡོད་པའི་རྨ་ལྷོ་ཁུལ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་ཀྱང། འབྲེལ་ཡོད་མི་སྣ་ཚོས་རྒྱ་གཞུང་གིས་ས་གནས་གཞན་དུ་བཙན་ཁྲིད་བྱེད་དོགས་ཀྱིས་ཕྱིར་དགོན་པའི་ནང་གདན་ཞུས་ཀྱིས་ཞབས་རིམ་བསྒྲུབས་པ་དང་སྨན་བཅོས་བྱས་འདུག སྐབས་དེར་ས་གནས་ཀྱི་སྐྱ་སེར་བླ་སྤྲུལ་དགེ་བཤེས་གཙོས་མང་ཚོགས་ཧ་ཅང་མང་པོ་ཞིག་སྒྲོལ་མ་ཐང་ཆེན་དུ་འཛོམས་ཏེ་སྨོན་ལམ་གསུང་འདོན་གནང་བ་དང། སྐད་འབོད་སོགས་བརྒྱབ་འདུག རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་འབྱོར་ཏེ་དགོན་པ་ཡོངས་སུ་བསྐོར་ཏེ་གནས་སྟངས་ཛ་དྲག་ཆགས་པའི་གནས་ཚུལ་བྱུང་འདུག རྒྱ་གཞུང་ས་གནས་འབྲེལ་ཡོད་ཚན་པས་ཞིབ་འཇུག་གྱི་དོན་རྐྱེན་དེ་དག་རྒྱབ་ཏུ་ངན་སྐུལ་བྱས་ཡོད་པའི་དཔང་རྟགས་གང་ཡང་ཐོན་མེད་པའི་ངོས་ལེན་བྱས་འདུག
རྒྱལ་གཅེས་པ་ཁོང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་བ་ནསཉིན་མཚན་དུས་དྲུག་ཏུ་བཟོད་གླགས་མི་ཐུབ་པའི་ན་ཟུག་མྱངས་ཏེ་ཟུག་གཅོག་གི་སྨན་བཅོས་བྱས་པས་སྐུ་འཚོ་བཞུགས་ཐུབ་པ་བྱུང་ཡོད་ཀྱང། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༩ ཉིན་རང་ཤག་ཏུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འཕྲལ་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གྲྭ་ཚང་གསུམ་གྱི་གྲྭ་མང་ཡོངས་རྫོགས་མཉམ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་འདུག་པ་མ་ཟད་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རེབ་གོང་སེར་སྐྱ་མང་ཚོགས་ཚང་མ་ཐོས་བསམ་གླིང་གི་ཆོས་རའི་རྡོ་གཅལ་དུ་འདུ་འཛོམས་ཐོག་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་བཤམས་རྒྱ་ཆེ་དང་སྦྲགས་སྨོན་ལམ་གསུང་འདོན་གནང་འདུག
དགེ་པེ།
དགེ་པེ།
དགེ་པེ།
གནས་ཚུལ་བྱུང་ཚེས། -
March 10, 2012
རྟགས། -
Male
ཁུངས། -
རྔ་པ་ཀིརྟི་དགོན།
ས་གནས། -
བཅིངས་འགྲོལ་དམག་སྒར།
ལོ། -
18
མ་མིང། -
ཆ་ཁོ།
ཕ་མིང། -
ཚེ་འདས་ཕྱག་རྡོར།
སྐྱེས་ཡུལ། -
རྔ་པ་རྫོང་ཚོས་རྗེ་མ་ཞང་སོ་རུ་སྡེ་བ།
འཚོ་ཐབས། -
དགེ་འདུན་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད ༥ པ་ཙམ་ལ་རྔ་པ་རྫོང་ཚོས་རྗེ་མ་ཞང་སོ་རུ་སྡེ་བ་པའི་ཕ་ཕྱག་རྡོར་དང༌། མ་ཆ་ཁོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པ་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་དགེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་འདུག ཁོང་གིས་རང་ལུས་མེར་སྲེག་གཏོང་ས་དེ་ཕྱི་ལོ་ ༡༩༥༠ ཙམ་ལ་བཅིངས་འགྲོལ་དམག་མི་རྣམས་ཆེས་ཐོག་མར་སླེབས་པའི་དམག་སྒར་ལྟག་རྒྱབ་ཡིན་སྟབས། ཁོང་གི་ཕུང་པོ་དམག་མིས་དམག་སྒར་དུ་ཁྱེར་ཡོད། ཕྱི་ཚེས་ ༡༡ ཉིན་འབྲེལ་ཡོད་མི་མང་སྐོར་ཞིག་གིས་དམག་མིར་ཁོང་གི་ཕུང་པོ་ནང་མི་ལ་སྤྲོད་དགོས་པའི་རེ་འདུན་བཏོན་ཅིང༌། ཁ་རྩོད་མང་པོ་བྱས་མཐར་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་རྔ་པ་ནས་མེར་སྲེག་གཏོང་རྒྱུ་དང་དེར་འབྲེལ་ཡོད་མི་ལྔ་ཡོང་ཆོག་པའི་མཐའ་མའི་ཐག་གཅོད་བྱས་པ་ལྟར། མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ་ཕུང་པོ་དང་འབྲེལ་ཡོད་བོད་མི་རྣམས་དམག་མིས་སྔ་ཕྱི་དམ་བསྒྲགས་ཆེན་པོའི་འོག་དུར་སའི་ནང་མེར་སྲེག་བཏང་ཡོད་པ་ལས། བོད་པ་རང་གི་སྲོལ་རྒྱུན་གྱི་གཤིན་པོའི་ཆོ་ག་སྒྲུབ་ལུགས་ལྟར་གྱི་རྩིས་བཤམས་ནས་སྐར་མ་ལྟ་བ་དང་སྐར་བཅོས་བྱེད་པ་སོགས་གང་ཡང་བྱེད་དབང་བྱུང་མེད། དགེ་པེ་ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ་ཞེས་པའི་འབྲོག་སྡེ་ཞིག་ནས་སྐྱེས་ཏེ་ལོ་ན་ཆུང་དུས་ནས་རྔ་པ་ཀིརྟི་དགོན་དུ་ཆོས་ཞུགས་ཀྱི་ད་ལོ་ཁ་དོག་གོང་མའི་འཛིན་གྲྭར་སླེབས་འདུག ཁོང་གི་ཨ་ཕ་ཕྱག་རྡོར་ལོ་ཤས་སྔོན་ནད་མནར་གྱིས་འདས་གྲོངས་སུ་གྱུར་པ་དང༌། ད་ཆ་ཤུལ་དུ་ཨ་མ་ལགས་དང་ཕ་མ་གཅིག་པའི་སྤུན་གྲྭ་པ་གཉིས་ཏེ་ནང་མི་གསུམ་ཡོད་འདུག ཁོང་གི་ཨ་མ་ཆཱ་ཁོ་ཕྱི་ཚེས་ ༡༡ དང་ ༡༢ ཉིན་སོ་སོར་སྔ་དྲོ་ནས་ཕྱི་དྲོ་བར་རྫོང་གི་ཉེན་རྟོག་པ་རྣམས་ཀྱིས་ཁྲིད་ནས་འདྲི་རྩད་སྣ་ཚོགས་བྱས་འདུག རྔ་པའི་བོད་མི་བྱིངས་ཀྱིས་ཕྱི་ཚེས་ ༡༢ ཉིན་མ་གཏོགས་གནས་ཚུལ་གསལ་པོ་ཧ་གོ་མེད་ཅིང། དེ་ཉིན་རྔ་པ་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་སོགས་ས་ཆ་གང་སར་སྔར་ལས་མང་བ་འགྲེམས་འཇོག་གིས་དམ་བསྒྲགས་ལྟ་སྲུང་བྱས་ཡོད་འདུག
རྡོ་རྗེ།
རྡོ་རྗེ།
རྡོ་རྗེ།
གནས་ཚུལ་བྱུང་ཚེས། -
March 5, 2012
རྟགས། -
Male
ལོ། -
18
ཕ་མིང། -
ཅཱ་ཅཱ།
སྐྱེས་ཡུལ། -
རྔ་པ་རྫོང་རྭ་རུ་བ།
འཚོ་ཐབས། -
འབྲོག་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ ༢༠༡༢ ཟླ ༣ ཚེས ༥ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད ༦།༣༠ ཙམ་ལ་རྔ་པ་རྫོང་གཅའ་ཞང་གཅའ་རུ་བའི་གཤོག་སྨད་མའི་མགར་སྐྱ་ཚང་གི་ཕ་ཅཱ་ཅཱ་ཡི་བུ་རང་ལོ་ ༡༨ ཡིན་པ་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་གཅའ་ཞང་ཐོག་དང་ཐག་ཉེ་བའི་ཟམ་ཁ་ཞིག་ནས་གཅའ་ཞང་ཐོག་གི་རྒྱ་མིའི་ལས་ཁུངས་ཡོད་ས་བར་གོམ་འགྲོས་གནང། མེས་ཤུགས་ཆེན་པོ་ཚིག་སྟེ་སྐབས་དེར་འདས་གྲོངས་སུ་གྱུར་འདུག བོད་མི་རྣམས་ཀྱིས་ཁོང་གི་ཕུང་པོ་ཁྱེར་རྩིས་བྱེད་སྐབས། ཉེན་རྟོག་པ་སོགས་སླེབས་ཏེ་ཕུང་པོ་བཙན་ཕྲོགས་ཀྱིས་རྔ་པ་རྫོང་ཐོག་ཏུ་ཁྱེར་འདུག གཅའ་ཞང་ནི་རྔ་པ་རྫོང་ཐོག་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༧༠ ཙམ་གྱི་སར་ཡོད་པ་དང༌། དེང་སྐབས་རྒྱ་ནག་གིས་ས་བགོས་བྱེད་སྟངས་ལྟར་ན་འབྲོག་སྡེ་གཅའ་རུ་བ་དང༌། རྭ་རུ་བ། ནགས་ཚང་མ་ཕྱུགས་ལས་གོད་འགབ་བཅས་ཀྱི་ཞང་ཡིན་འདུག །
རིན་ཆེན།
རིན་ཆེན།
རིན་ཆེན།
གནས་ཚུལ་བྱུང་ཚེས། -
March 4, 2012
རྟགས། -
Female
ས་གནས། -
ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ།
ལོ། -
32
མ་མིང། -
ལྷ་ཁོ།
ཕ་མིང། -
ར་སྣ།
སྐྱེས་ཡུལ། -
རྔ་པ་རྫོང་རྭ་རུ་བ།
འཚོ་ཐབས། -
འབྲོག་པ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ ༣ ཚེས ༤ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༦། ༣༠ ཙམ་ལ་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་གཏན་སྡོད་བྱས་ནས་ཡོད་པའི་ཀིརྟི་དགོན་པར་དམིགས་བསལ་ལྟ་སྲུང་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་་ཕ་ར་སྣ་དང་། མ་ལྷ་ཁོ་གཉིས་ཀྱི་བུ་མོ་ལམ་སྐལ་ཚང་གི་མནའ་མ་རང་ལོ་ ༣༢ ཡིན་པ་རིན་ཆེན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ཞེས་རྒྱ་ནག་གཞུང་ལ་ཞུ་འབོད་གནང་སྟེ་འདས་གྲོངས་སུ་གྱུར་འདུག ཁོང་མོ་ནི་ནགས་ཚང་མའི་ར་སྣ་ཚང་ནས་ལོ་འགའི་སྔོན་ནས་རྭ་རུ་བའི་ལམ་སྐལ་ཚང་གི་བུ་བྷུ་ངྷ་ཟེར་བའི་མནའ་མར་སོང་ཡོད་འདུག་ལ་མི་ཚང་དེར་བཟའ་མི་ཁྱོན་བརྒྱད་ཡོད། ཁོང་མོ་ལ་ཕ་མ་གཅིག་པའི་མིང་སྲིང་བརྒྱད་ཡོད་པའི་ནང་ནས་ཁོང་ཆེ་ཤོས་གཉིས་པ་ཡིན་འདུག སྐབས་ཐོག་དེར་ཁོང་གི་སྐུ་ཕུང་དགོན་པའི་ནང་ཡར་འཁྱེར་ཐུབ་པ་བྱུང་ཡོད་མོད། རྗེས་སུ་སྐུ་ཕུང་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ་ཉར་མ་བཅུག་པར་དེའི་མཚན་མོར་མེ་སྲེག་གཏོང་དགོས་བྱུང་ཡོད། ཁོང་གི་བཟའ་ཟླ་ལོ་གཅིག་གི་སྔོན་ལ་གྲོངས་ཡོད་འདུག ཕ་མ་གཉིས་ཀ་མེད་པའི་ཕྲུ་གུ་བཞི་ཡོད་པའི་ནང་ནས་ཆེ་ཤོས་ལོ་བཅུ་གསུམ་དང་ཆུང་ཤོས་དེ་ཟླ་བ་ཁ་ཤས་ལས་ཕྱིན་མེད་པའི་ཕྲུ་གུ་རྣམས་ལུས་འདུག དོན་རྐྱེན་དེ་བྱུང་མ་ཐག་རྔ་པའི་རྫོང་མཁར་དུ་སྔར་ལས་ལྷག་པའི་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་མང་དུ་བཏང་ནས་དམ་བསྒྲགས་ཤུགས་ཆེ་བྱས་འདུག
ཚེ་རིང་སྐྱིད།
ཚེ་རིང་སྐྱིད།
ཚེ་རིང་སྐྱིད།
གནས་ཚུལ་བྱུང་ཚེས། -
March 3, 2012
རྟགས། -
Female
ས་གནས། -
རྨ་ཆུ་ལམ་གྱི་སྔོ་ཚལ་ཁྲོམ།
ལོ། -
19
མ་མིང། -
ལྷ་དབྱངས།
ཕ་མིང། -
བསོད་ནམས་ཡེ་ཤེས།
སྐྱེས་ཡུལ། -
རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཞང་བྲག་ཐོ་རུ་ཆེན།
འཚོ་ཐབས། -
སློབ་མ།
ད་ལྟའི་གནས་སྟངས། -
འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་གུང་ཕྱེད་ཡོལ་གྱི་བོད་ནང་གི་ཆུ་ཚོད་ ༣ པ་ཡོལ་ཙམ་དུ་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཞང་བྲག་ཐོ་རུ་ཆེན་གྱི་ཕ་བསོད་ནམས་ཡེ་ཤེས་དང། མ་ལྷ་དབྱངས་གཉིས་ཀྱི་བུ་མོ་རང་ལོ་ ༡༩ ཡིན་པ་རྨ་ཆུ་རྫོང་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ལགས་ཀྱིས་རྨ་ཆུ་ལམ་གྱི་སྔོ་ཚལ་ཁྲོམ་རའི་གསང་སྤྱོད་ཞིག་ནང་གཟུགས་པོར་སྲིན་བལ་དཀྲིས་ཤིང་དེའི་སྟེང་ལྕགས་སྐུད་ཀྱིས་བསྡམས་ནས་དེའི་སྟེང་སྣུམ་བླུགས་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་ཆེད་ཁྲོམ་གཞུང་ཕྱོགས་སུ་ཐོན་སྐབས། མེ་ལྕེའི་ཁྲོད་ནས་ཁུ་ཚུར་གནམ་ལ་སྒྲེང་བཞིན་འབོད་ཚིག་སྒྲོགས་པ་ཙམ་ལས་འབོད་ཚིག་ཅི་ཞིག་སྒྲོགས་ཡོད་མེད་གསལ་པོ་གོ་ཐུབ་མེད། ཁོང་ལ་སྔོ་ཚལ་འཚོང་མཁན་གྱི་རྒྱ་རིགས་ཚོང་པ་ཚོས་རྡོ་རུབ་བརྒྱབ་ཡོད་པ་མ་ཟད། དྲག་ཆས་ཉེན་རྟོག་པའང་བསླེབས་ནས་རྡོ་དང་ལྕགས་དབྱུག་གཞུས་ཏེ་མེ་བསད་ཡོད་ཀྱང་ས་གནས་དེར་འདས་གྲོངས་སུ་གྱུར་འདུག ཁོང་གི་སྐུ་ཕུང་ཉེན་རྟོག་པས་ནང་མིར་རྩིས་སྤྲོད་བྱས་མི་འདུག སྐབས་དེར་ས་གནས་ཉེན་རྟོག་པས་སྔོ་ཚལ་ར་བའི་སྒོ་ཆེན་བརྒྱབ་ཏེ་མི་ཚང་མའི་ཁ་པར་སྔོག་བཤེར་གྱིས་མེར་སྲེག་གི་པར་རིགས་ཡོད་མེད་ཞིབ་རྩད་ཀྱིས་ཚོགས་འདུ་བསྐོང་སྟེ་བཟའ་འཁོན་གྱིས་མེར་སྲེག་བཏང་བ་ཡིན་ཚུལ་བསྒྲགས་འདུག ཁ་འཁྲུག་གཏོར་བརླགས་རིགས་བཤད་མི་ཆོག་ཚུལ་དང་སོ་སོའི་ཁ་ལ་བདག་པོ་རྒྱག་དགོས་པའི་འཇིགས་སྐུལ་བྱས་པ་དང༌། ཉིན་དེའི་དགོང་མོར་རྨ་ཆུ་རྫོང་གི་ལས་ཁུངས་ཆེ་བ་བཞི་ཛ་དྲག་ཐོག་ཚོགས་ཏེ་གནས་ཚུལ་ཁ་བསྒྱུར་དང་གསང་སྦས་བྱེད་ཕྱོགས། དེ་བཞིན་དོན་རྐྱེན་དེའི་རྒྱབ་ལྗོངས་ཞིབ་བཤེར་དང་སྔོན་འགོག་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག ཕྱི་ཚེས་ ༤ ཉིན་ནས་བཟུང་རྨ་ཆུ་རྫོང་སློབ་འབྲིང་དུ་དམག་མིས་དམ་བསྒྲགས་བྱས་ཏེ་ཕྱི་མིར་ཐུག་འཕྲད་བྱ་རྒྱུ་དང་ཁ་པར་རྒྱུད་ལམ་སོགས་ཡོངས་སུ་བཀག་འགོག་བྱས་ཡོད་པ་མ་ཟད། རྨ་ཆུ་རྫོང་གྲོང་མཁར་དུ་གནས་སྡོད་བོད་ཁྱིམ་ཁག་ནང་སྔོག་བཤེར་གྱིས་དྲ་རྒྱའི་བརྒྱུད་ལམ་རིགས་ལ་བཀག་བསྡོམས་དང་དྲ་སྐུད་བཀོག་འཁྱེར་བྱས་འདུག
སྣང་གྲོལ།
སྣང་གྲོལ།
སྣང་གྲོལ།
གནས་ཚུལ་བྱུང་ཚེས། -
February 19, 2012
རྟགས། -
Male
ས་གནས། -