བོད་མིའི་སྒྲིག་འཛུགས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་དང་འབྲེའ་བའི་བཀའ་ཤག་གི་གསལ་བསྒྲགས།
༢༠༡༢ ཟླ་ ༥ ཚེས་ ༢༠ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༠ ཉིན་གྱི་སྔ་དྲོ་དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་རྣམས་གཉིས་ཀྱིས་ཕྱི་ནང་གི་གསར་འགོད་པ་གྲངས་ ༢༥ ཙམ་ལ་རྡ་ས་གངས་ཅན་སྐྱིད་གཤོངས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་༸རྒྱལ་བའི་སྐུ་ཕྱྭའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་ཡོད། དེ་ཡང་ཐོག་མར་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས་གསར་འགོད་པ་ཚོར་འཚམས་འདྲི་དང་གོང་གསལ་བཀའ་བློན་རྣམ་གཉིས་ནས་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་ངོ་སྤྲོད་གནང་གྲུབ་རྗེས་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་དབྱིན་ཡིག་ཐོག་ཡོད་པ་དེ་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན།
ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱར་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་རྗེས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཧ་ཅང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་ཀྱི་གནད་དོན་དེ་ནི་ཧ་ཅང་སེམས་ཚབ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཡིན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༨ ཉིན་༸གོང་ས་མཆོག་གིས་ཞུགས་སྒར་རྡ་རམ་ས་ལར་དབྱིན་ཇིའི་གསར་ཤོག་སན་ཌེ་ཊེ་ལི་གྷ་རཕ་ (Sunday Telegraph) ཞེས་པའི་གསར་འགོད་པས་༸གོང་ས་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་སྐོར་བཀའ་འདྲི་ཞུས་པར། བཀའ་ལན་སྩོལ་སྐབས་མགོན་པོ་གང་ཉིད་མཆོག་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་འབྲེལ་ཡོད་སྡེ་སྲུང་ལས་ཁུངས་ནས་སྐུའི་ཕྱཱའི་སྲུང་སྐྱོབ་ཐོག་ཧ་ཅང་གལ་ཆེན་པོར་བརྩིས་ཏེ་འགན་ཁུར་འཁྱེར་ཡོད་སྐོར་བཀའ་ལན་སྩལ་བ་མ་ཟད། ཉེ་ལམ་བོད་ནང་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་བོད་མི་ལས་བྱེད་ཞིག་གིས་རྒྱ་མིས་བོད་རིགས་བུད་མེད་ཁག་གཅིག་ལ་ཆེད་མངགས་དམིགས་བསལ་གྱི་སྦྱོང་བརྡར་འོག་སྐྲ་དང་མཇལ་དར་ལ་དུག་རྫས་བསྲེས་ཏེ་གསར་མཇལ་ཡིན་ཁུལ་གྱིས་༸གོང་ས་མཆོག་གི་སྐུ་ལ་ཟློ་བའི་ངན་བྱུས་ཤོམ་བཞིན་ཡོད་པའི་གནས་ཚུལ་བོད་ནས་བཏང་འབྱོར་བྱུང་ཡོད། བོད་མི་ཚོས་༸གོང་ས་མཆོག་མཇལ་ཁ་ནམ་ཞུ་སྐབས་དད་གུས་ཆེན་པོས་མཇལ་དར་ཕུལ་ཏེ་གང་སྐུའི་ཕྱག་དབང་ཐོབ་ཐབས་བྱེད་སྲོལ་ཡོད།
༸གོང་ས་མཆོག་གིས་གསར་འགོད་པ་དེར་སྐུ་ཕྱཱར་ངན་བྱུས་ཤོམ་བཞིན་པའི་གནས་ཚུལ་དེར་དཔྱད་ཞིབ་བྱ་ཐབས་མེད་སྐོར་བཀའ་ལན་སྩལ་ཡོད། སྤྱིར་༸གོང་ས་མཆོག་གིས་སྐུ་ཕྱཱར་ཉེན་ཁ་ཡོད་པའི་གནས་ཚུལ་དེ་ཙམ་གྱི་ཚབས་ཆེན་པོ་ཞིག་ལ་དགོངས་བཞེས་མ་མཛད་ཀྱང། ༸གོང་ས་མཆོག་གི་སྐུ་ཕྱཱར་ཉེན་ཁ་འདྲ་མིན་ཡོད་པ་དེ་དག་སྡེ་སྲུང་ལས་ཁུངས་ཀྱིས་ཧ་ཅང་འགན་ལྕི་བོར་རྩིས་བཞིན་ཡོད།
ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༦ ནང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན་རྒྱ་མིའི་གསང་བའི་ལས་ཁུངས་ཀྱིས་བུད་མེད་ཁག་གཅིག་ལ་དམིགས་བསལ་སྦྱོང་བརྡར་སྤྲད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱར་གནོད་འཚེ་བྱ་རྒྱུ་མ་ཟད། སྐུ་སྲུང་བའི་ཕྲུལ་ཆས་ཀྱིས་ཞིབ་གཤེར་བྱེད་སྐབས་ཤེས་ཚོར་དཀའ་བའི་མྱོས་རྫས་དུག་རིགས་ཀྱི་རྫས་སྦྱོར་ཧ་ཅང་ཡར་ཐོན་ཅན་དེ་འདྲ་བརྒྱུད་༸གོང་ས་མཆོག་གི་སྐུ་ཕྱཱར་གནོད་འཚེ་བྱ་རྒྱུའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ནང་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གསང་བའི་ལས་ཁུངས་ནས་གཡོ་ཐབས་ཀྱིས་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་རྒྱུས་ལོན་བྱེད་ཐབས་བྱས་པ་ཙམ་མ་ཟད། མགོན་པོ་གང་ཉིད་མཆོག་གི་སྐུའི་གཟུང་ཁྲག་དང་ཆབ་གཅིན། དེ་བཞིན་དབུ་སྐྲ་སོགས་རག་ཐབས་ཆེད་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཁག་གཅིག་ལ་ཆེད་མངགས་རྒྱུད་སྐུལ་བྱས་ཏེ་རྒྱ་གར་དུ་༸གོང་ས་མཆོག་མཇལ་བཅར་ཡིན་ཁུལ་གྱིས་གཏོང་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད།
ཕྱི་ལོ་ ༢༠༠༨ ཟླ་ ༤ ཟླ་འགོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲང་ཅིན་ལིས་ (Zhang Qingli) གཞུང་གི་ལས་སྣེ་མཐོ་གྲས་ཀྱི་ཚོགས་འདུ་ཞིག་བསྐོངས་ཏེ་གསོད་དགོས་པ་རྣམས་གསོད་དགོས་ངེས་དང། བཙོན་འཇུག་བྱེད་དགོས་པ་རྣམས་བཙོན་འཇུག་བྱེད་དགོས་ངེས་ཡིན། ཞེས་བསྒྲགས་ཡོད་པ་མ་ཟད། ཉེ་ལམ་ཕྱི་ལོ་ ༢༠༡༢ ཟླ་ ༡ ནང་ད་ལྟའི་བོད་རང་སྐྱོང་ལྗོང་གི་དམར་ཤོག་དྲུང་ཆེ་ཁྲན་ཆན་གོ་ (Chen Quanguo) གྱིས་ཁ་བྲལ་བ་ཚོར་དམག་རྒོལ་བྱེད་དགོས། ཞེས་བསྒྲགས་ཡོད། ཉེ་བའི་ལོར་རྒྱ་ནག་གཞུང་གིས་བོད་ནང་དུ་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་སྔར་བས་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་འབྲེལ་ཡོད་རྒྱ་རིགས་ལས་བྱེད་པ་ཚོར་བཀོད་མངགས་བྱས་ཡོད། དེར་བརྟེན་༸གོང་ས་མཆོག་ཨ་རི་དང་ཡུ་རོབ། ཉེ་ཧོང་སོགས་སུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་དེ་རིགས་མང་དག་ཅིག་སྤེལ་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྤྱི་ཚོགས་དེ་བཞིན་མང་གཙོའི་ལམ་བཟང་ཐོག་བཅོས་བསྒྱུར་མཛད་ཐབས་དེར་གོ་སྐབས་བཟུང་སྟེ་བོད་མིའི་སྤྱི་ཚོགས་ཁྲོད་མཁྲེགས་བཟུང་ཅན་རེ་ཟུང་ལ་གདེང་སྤོབས་གསར་པ་བསླེབས་ཏེ་ལངས་ཕྱོགས་མི་མཐུན་པ་བཟུང་ཡོད་པ་ནི་དོལ་རྒྱལ་ཚོགས་པ་ཆགས་ཡོད། གནས་ཚུལ་དེ་ནི་༸གོང་ས་མཆོག་གིས་བོད་མི་ཚོར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མི་རུང་བའི་ལམ་སྟོན་མཛད་པ་ནས་བཟུང་བྱུང་བ་ཞིག་ཡིན། མཁྲེགས་བཟུང་ཅན་དེ་དག་ཁྲོད་ལྷ་མི་སྲུང་སྐྱོབ་ཚོགས་པ་ (Dorje Shugden Devotees Charitable and Religious Society) ཟེར་བ་དེ་གཙོ་བོ་ཆགས་ཡོད། ཚོགས་པ་དེའི་ལས་ཁུངས་ཨ་མ་དེ་ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༥ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཙུགས་ཡོད། ཚོགས་པ་དེའི་རྗེས་འབྲང་པ་ཚོ་ཕལ་ཆེར་གདུག་རྩུབ་ཆེ་ཤོས་ཆགས་ཡོད།
རྒྱ་གར་ཉེན་རྟོག་པས་ཚོགས་པ་དེའི་མི་སྣས་ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༢ ནང་༸གོང་ས་མཆོག་གི་ཞུགས་སྒར་ཕོ་བྲང་དང་ཧ་ཅང་ཉེ་བའི་སར་དགེ་འདུན་པ་གསུམ་དམར་གསད་བཏང་ཡོད་པ་ངོས་འཛིན་ཐུབ་སྟེ་ནག་ཉེས་བཙུགས་ཡོད། དགེ་འདུན་པ་གསུམ་གྱི་ཁོངས་ནས་གཅིག་སྐུའི་གསུང་བསྒྱུར་ཡིན། དེར་བརྟེན་ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༦ ནང་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ (Interpol) ཀྱིས་ལག་དམར་བ་གསུམ་འཛིན་བཟུང་ཆེད་བརྡ་ཁྱབ་བཏང་ཡོད། རྒྱ་ནག་གཞུང་ནས་ཀྱང་གསང་བའི་ཐོག་ནས་དོལ་རྒྱལ་རྗེས་འབྲང་པ་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ནང་བཙུགས་པའི་བྱང་ཨ་རིའི་དགེ་ལུགས་མཐུན་ཚོགས། ཟེར་བའི་དོལ་རྒྱལ་ཚོགས་པའི་འགོ་གཙོ་ཁག་གཅིག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྒྱ་ནག་སྐམ་སའི་དཔོན་རིགས་ཁག་གཅིག་དང་ཐེངས་འགའ་ཐུག་འཕྲད་བྱས་ཡོད་པ་མ་ཟད། རྒྱ་ནག་ཏུའང་ཡང་སེ་བསྐྱོད་བཞིན་ཡོད།
རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་ཐོག་ཐུགས་འཁུར་ཧ་ཅང་ཆེན་པོས་ལས་གཞི་དང་མཐུན་འགྱུར་ཚགས་ཚུད་ཞུ་དང་ཞུས་མུས་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚང་མའི་འཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་གནད་དོན་ཐོག་འབྲེལ་ཡོད་བོད་མི་ཚང་མས་གཟབ་དྲུང་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱིས་ནན་བརྗོད་ཞུ་རྒྱུ་ཡིན།
ཞེས་གསར་འགོད་གསལ་བསྒྲགས་སྤེལ་གྲུབ་རྗེས་བཀའ་བློན་རྣམ་གཉིས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
དེ་ཡང་གསར་འགོད་གསལ་བསྒྲགས་དབྱིན་ཡིག་ནང་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པ་གཤམ་གསལ་ལྟར་ལགས་ཀྱང་གཙོ་བོ་དབྱིན་ཡིག་ཐོག་རྩ་འཛིན་ཡོང་བ་ཞུ་རྒྱུ་ཡིན།
༄༅། །སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཁེ་ན་ཌ་དང། ཨ་རི་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གྲུབ་ཏེ་བཞུགས་སྒར་དུ་ཕྱིར་འཁོར་བ།
༢༠༡༢ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །འདི་གར་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གཞུང་འབྲེལ་ཕྱོགས་བསྐྱོད་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པར་ཕེབས་པ་དང།
ཚོགས་ཆེན་གྲུབ་རྗེས་ཕྱི་ཚེས་ ༢༩ དགོང་མོ་ཨོ་ཊ་ཝ་དཔལ་ཡུལ་ཆོས་ཚོགས་ཀྱིས་གདན་ཞུས་ལྟར་དགོང་དྲོ་གསོལ་ཚིག་སྐབས་ཕྱི་རྒྱལ་བ་དང་བོད་རིགས་ཁག་གཅིག་ལ་ཚོགས་ཆེན་གྱི་ནང་དོན་རྣམས་ངོ་སྤྲོད་དང་བོད་ཀྱི་གནས་སྟངས་སྐོར་འགྲེལ་བཤད་གནང་རྗེས་དྲི་བ་ཁག་ལ་ལན་གསལ་ཞུས། ཕྱི་ཟླ་ ༥ ཚེས་ ༡ ནས་ཨ་རིའི་མངའ་སྡེ་ཊེ་ནེ་སི་ (Tennessee) གི་གྲོང་ཁྱེར་མེམ་ཕི་སི་ (Memphis) ཕྱོགས་བསྐྱོད་དང་ཁུལ་དེའི་གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་ཐུག་འཕྲད་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་སྙན་གསན་ཞུས་ཡོད། དེ་ནས་ཁུལ་དེར་ཡོད་པའི་ (National Civil Rights Museum) གྱི་འགན་འཛིན་དང་ཐུག་འཕྲད་གནང་བ་དང། དེའི་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ (Steve Cohen) གི་སྐུ་ཚབ་དང་རྫོང་གི་འགན་འཛིན་སྐུ་ཞབས་ (Randy Wade) མཆོག་དང་མཇལ་འཕྲད་ཞུས་ཏེ་ཨ་རིའི་གཞུང་དང།
གྲོས་ཚོགས། མི་མང་བཅས་ནས་བོད་ཀྱི་གནད་དོན་ཐད་ཐུགས་སྣང་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང། བོད་ནང་གི་གནས་སྟངས་སྐོར་དང་རང་ལུས་མེར་བསྲེགས་བཏང་བ་ཁག་གི་ཞལ་ཆེམས་དང་སྐད་འབོད་སོགས་ཀྱི་སྐོར་འགྲེལ་བཤད་ཞུས། དེ་བཞིན་བོད་ནང་བོད་ཀྱི་སྐད་ཡིག་གི་གནས་སྟངས་སྐོར་དང། ཆོས་དད་རང་དབང། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནས་སྟངས་ཐད་ཉིན་རེ་ནས་ཉིན་རེར་ཇེ་སྡུག་འགྲོ་བཞིན་ཡོད་ཚུལ་སྐོར་སོགས་ཞུས། སྐུ་ཞབས་ (Randy Wade) མཆོག་གིས་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུའི་ཁས་ལེན་གནང་བ་དང།
དེ་བཞིན་འབྲེལ་ཡོད་ཆོས་ཚོགས་ཁག་གི་སློབ་ཕྲུག་རྣམས་དང་ཆོས་ལུགས་ཀྱི་མི་སྣ་བཅས་ལ་བོད་ཀྱི་གནས་སྟངས་སྐོར་འགྲེལ་བརྗོད་ལེགས་གྲུབ་བྱུང་སྟེ་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་རྡ་སར་ཕྱིར་ཕེབས་གནང་ཡོད།།
ནང་སྲིད་བཀའ་བློན་མཆོག་རྒྱ་གར་གནའ་དངོས་ཤུལ་རྫས་དཔྱད་རིག་རྟོགས་ཞིབ་ཚོགས་པ་བཙུགས་ཏེ་ལོ་བརྒྱ་དང་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་སྐབས་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ།
༢༠༡༢ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ཉིན་ཧི་མཱ་ཅལ་མངའ་སྡེའི་ཀངྒ་ར་རྫོང་གི་འགྲེམས་སྟོན་ཁང་གི་ནང་རྒྱ་གར་གནའ་དངོས་ཤུལ་རྫས་དཔྱད་རིག་Archeological survey of India ལོ་བརྒྱ་དང་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་སྐབས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་ཡོད།
སྐབས་དེར་བཀའ་བློན་མཆོག་གིས་པར་རིགས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ་དང་སྦྲགས་མཛད་སྒོར་གསུང་བཤད་གནང་དོན། འགྲེམས་སྟོན་ཁང་དུ་རྒྱལ་ཁབ་སོ་སོའི་བྱུང་རབས་ལོ་རྒྱུས་ཀྱི་དངོས་རྫས་དེ་དག་གཅེས་ཉར་བྱས་ཏེ་བྱུང་རབས་ལོ་རྒྱུས་ལ་དོ་སྣང་དང་སློབ་སྦྱོང་བྱ་རྒྱུའི་མཐུན་རྐྱེན་སྐྲུན་བཞིན་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་འགྲེམས་སྟོན་ཁང་གིས་གནའ་དངོས་ཤུལ་རྫས་དེ་དག་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྒྱལ་རབས་ལོ་རྒྱུུས་ལ་སློབ་སྦྱོང་བྱས་ཏེ་རྒྱལ་ཁབ་སོ་སོའི་ཐུན་མིན་རིག་གཞུང་གི་ཁྱད་ཆོས་དེ་དག་ཤེས་ཐུབ། འཕགས་བོད་གཉིས་ལོ་ངོ་སྟོང་གི་རིང་ལོ་རྒྱུས་ཀྱི་འབྲེལ་བ་དམ་ཟབ་ཡོད། བོད་དུ་ནང་ཆོས་ཐོག་མ་རྒྱ་གར་ནས་དར་བར་བརྟེན། ང་ཚོས་བཀའ་དྲིན་གསབ་དགོས་པ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན་ནང་སྲིད་ལས་ཁུངས་ཀྱི་སྟོན་པའི་ཞལ་ཐང་ཞིག་ནང་སྲིད་བཀའ་བློན་མཆོག་གིས་འགྲེམ་སྟོན་ཁང་དེར་གནང་ཡོད། ཞལ་ཐང་དེའི་སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་རྟགས་འགོད་གནང་མཛད་ཡོད།
སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་ཁྱབ་ཁོངས་ཀྱི་རྒྱ་གར་གནའ་དངོས་ཤུལ་རྫས་དཔྱད་རིག་ལས་ཁུངས་ཀྱི་ཚོགས་གཙོ་མཆོག་གིས་ཞལ་ཐང་དེ་མངའ་སྡེའི་འགྲེམས་སྟོན་ཁང་གི་ཅ་དངོས་རིན་ཐང་ཅན་ཞིག་ཏུ་བརྩི་སྟེ་འགྲེམས་སྟོན་ཞུ་རྒྱུ་ཡིན་སྐོར་གསུངས། གོ་སྒྲིག་ཚོགས་ཆུང་ནས་ཀྱང་བཀའ་བློན་མཆོག་ལ་རིག་པའི་ལྷ་མོ་དབྱངས་ཅན་མའི་འདྲ་སྐུ་ཞིག་ཕྱག་རྟགས་སུ་ཕུལ་ཏེ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་རྟགས་མ་འབུལ་ལམ་ཞུས་རྗེས་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་མཛད་པ།
༢༠༡༢ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊི་རི་ཡའི་གྲོང་ཁྱེར་ཀལ་གེན་ཕཌ་ Klagenfurt གྲོང་ཁྱེར་གྱི་ཚོགས་ཁང་ཆེན་མོའི་ནང་དུ་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་མཛད་ཡོད། དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཁ་རིན་ཐི་ཡ་ Carinthia ས་ཁུལ་གྱི་སྤྱི་ཁྱབ་གཙོ་འཛིན་པ་མཆོག་དང་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ཁི་རི་སི་ཊིན་ཤའི་ཌར་མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས། བཞུགས་གྲལ་དུ་༸ཞབས་སོར་འཁོད་མཚམས་ཚོགས་བཅར་བ་རྣམས་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་ཀལ་གེན་ཕཌ་གྲོང་ཁྱེར་གྱི་གསེར་གྱི་རྟགས་མ་འབུལ་ལམ་ཞུས། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཁྱེད་ཚོས་མཛའ་སེམས་འཁོལ་བའི་ངང་ནས་ངོས་ལ་དགའ་བསུའི་འཚམས་འདྲི་གནང་བར་ཧ་ཅང་དགའ་པོ་བྱུང།
མི་མང་གང་ཙམ་ཞིག་ཆོས་གྲོགས་ཀྱི་འདུ་ཤེས་འཛིན་ཏེ་འདིར་ཕེབས་ཡོད། སེམས་ཀྱི་ཚོར་སྣང་ཉམས་སུ་མྱོང་སྟངས་ཐོག་ནས་བརྗོད་ན། ང་ཚོ་ཚང་མ་བདེ་དང་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མི་གཅིག་གྱུར་ཞིག་ཆགས་ཡོད། དེར་ཁྱད་པར་གང་ཡང་མེད། འོན་ཀྱང་གལ་ཏེ་ངོས་ཀྱིས་ངོས་རང་ཨེ་ཤི་ཡའི་མི་རིགས་ཤིག་དང་བོད་པ་ཞིག་ཡིན་བསམ་པ་དང། ཡང་ན་ནང་པ་ཞིག་ཡིན་བསམ་པའི་བསམ་བློ་ཁོར་མ་ཐག་ང་ཚོའི་དབར་བར་ཐག་ཆགས་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ།
སྐུ་པར་གསུམ་པོ་སྐུ་སྒེར་ཡིག་ཚང་ནས་མཐུན་འགྱུར་གནང།
དེ་ནས་༸གོང་ས་མཆོག་གིས་ཀལ་གེན་ཕཌ་ཚོགས་ཁང་Klagenfurt Hall ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ཡོད། ཚོགས་ཁང་དུ་༸ཞབས་སོར་འཁོད་མཚམས་གཞོན་སྐྱེས་ཁག་གཅིག་གིས་གླུ་གར་དང་རོལ་མོའི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཧ་ཅང་ཐུགས་དགྱེས་ཚོར་ཆེན་པོ་མཛད། དེ་རྗེས་ཞབས་སྟེགས་ཐོག་༸ཞབས་སོར་འཁོད་རྗེས་ཐོག་མར་གནས་བརྟན་སྡེ་པའི་དགེ་འདུན་པ་ཁག་གཅིག་གིས་པཱ་ལིའི་སྐད་དུ་ཤིས་བརྗོད་མདོ་བཏོན། དེ་ནས་༸གོང་ས་མཆོག་གིས་བཀའ་ཆོས་དངོས་གཞི་དབུ་འཛུགས་མ་མཛད་གོང་བྱམས་བརྩེ་དང་བཟོད་བསྲན། ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་སྐོར་འཇིག་རྟེན་སྤྱི་ཡོངས་ལ་ཁྱབ་པའི་ནང་གི་རིན་ཐང་གོང་མཐོར་གཏོང་རྒྱུ་གལ་ཆེ་ཡིན་སྐོར་སོགས་བཀའ་སློབ་སྩལ་བ་མ་ཟད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་ལ་མཐའ་གཅིག་ཏུ་ཡིད་ཆེས་ཐོག་ནས་རང་གཅེས་འཛིན་གྱི་བསམ་པ་ཤུགས་ཆུང་དུ་གཏོང་རྒྱུར་ཧ་ཅང་ཕན་ཐོག་ཡོང་བཞིན་ཡོད་པ་ལྟར། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་དཔེར་ན། ནང་པ་སོགས་ཀྱི་རྒྱུ་འབྲས་ཀྱིས་རྣམ་གཞག་ལ་མཐའ་གཅིག་ཏུ་ཡིད་ཆེས་ཐོག་ནས་བདག་འཛིན་དང་རང་གཅེས་འཛིན་གྱི་བློར་གཉེན་པོ་བསྟེན་ཏེ་མཐར་མི་བཟང་པོ་ཞིག་ཆགས་ཐབས་བྱེད་བཞིན་ཡོད་པ་སོགས་ཀྱི་བཀའ་སློབ་སྩལ་གྲུབ་རྗེས་ཤེས་རབ་སྙིང་པོའི་བཀའ་ཆོས་དངོས་སུ་དབུ་འཛུགས་མཛད།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་ཁ་རིན་ཐི་ཡ་ Carinthia ས་ཁུལ་གྱི་སྤྱི་ཁྱབ་གཙོ་འཛིན་པ་མཆོག་དང་ལྷན་༸གོང་ས་མཆོག་གིས་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་མཛད།
སྐབས་དེར་༸གོང་ས་མཆོག་གིས་གཙོ་བོ་གནད་དོན་གསུམ་ཐོག་བཀའ་སློབ་སྩལ་བ་རྣམས་ནི་དངུལ་དང་དཔལ་འབྱོར་རྐྱང་པས་ནང་གི་བདེ་སྐྱིད་བསྐྲུན་མ་ཐུབ་པར་བརྟེན་ནང་གི་བདེ་སྐྱིད་ངོ་མ་བསྐྲུན་རྒྱུར་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་འགྲོ་བ་མིའི་ནང་གི་རིན་ཐང་གོང་མཐོར་གཏོང་དགོས་སྐོར་དང། ཆོས་ལུགས་མཐུན་སྒྲིལ་གལ་ཆེ་ཚུལ་སྐོར། ཕྱོགས་མཚུངས་མང་གཙོའི་རིང་ལུགས་ཀྱི་སྤྱི་ཚོགས་ནང་གསར་འགོད་པ་ཚོར་དྲང་བདེན་དང་ཕྱོགས་ལྷུང་སྤང་པའི་ལམ་ནས་གནས་ཚུལ་ཕྱི་གསལ་ནང་གསལ་གང་ཐུབ་བྱ་རྒྱུ་དེ་ནི་མང་གཙོའི་སྤྱི་ཚོགས་ཀྱི་སྲོག་རྩ་ལྟ་བུ་ཡིན་སྐོར་སོགས་བཀའ་སློབ་སྩལ་གྲུབ་བསྟུན། སླར་ཡང་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་ཆོས་མུ་མཐུད་འཕྲོ་སྐྱོང་མཛད། ༸གོང་ས་མཆོག་གི་ཤེས་རབ་སྙིང་པོའི་བཀའ་ཆོས་དེ་བཞིན་ཨི་ཊ་ལི་དང་ཇར་མན། དབྱིན་སྐད་སོགས་ཀྱི་ནང་གསུང་བསྒྱུར་ཞུས་ཡོད། བཀའ་ཆོས་ལེགས་པར་གྲུབ་མཚམས་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ས་གནས་ཡི་ཤུའི་ཆོས་ཚོགས་ཀྱི་དབུ་ཁྲིད་ཁག་གཅིག་དང་ཨོ་སི་ཊི་རི་ཡ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་བཅས་ལ་མཇལ་ཁ་སྩལ། ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་གིས་ཤེས་རབ་སྙིང་པོ་དང་བྱང་ཆུབ་ལམ་སྒྲོན། དེ་བཞིན་རྒྱལ་མཆོག་སྐུ་ཕྲེང་བདུན་པ་ཆེན་པོས་མཛད་པའི་དབུ་མའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་མགུར་དབྱངས་དངོས་གྲུབ་ཆར་འབེབས་ཀྱི་བཀའ་ཆོས་འཕྲོ་སྐྱོང་མཛད་དེ་སྨན་ལྷའི་བཀའ་དབང་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊི་རི་ཡར་གསར་འགོད་ལྷན་ཚོགས་ཐོག་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ པོའི་ཐོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཀལ་གེན་ཕ་ཌ་(Klagenfurt)མེ་སེ་ཚོགས་ཁང་གཉིས་པའི་ནང་གསར་འགོད་པ་ ༤༠ བརྒལ་བ་ལྷན་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་བློན་ཆེན་(Drfler)མཆོག་དང་ལྷན་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་འདུག
དེ་ཡང་ཐོག་མར་མངའ་སྡེའི་བློན་ཆེན་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ང་ཚོའི་ཡུལ་གྲུར་སླར་ཡང་ཆིབས་སྒྱུར་བསྐྱངས་པར་དགའ་སྒོམ་སྐྱེས་དགོས་པའི་རང་བཞིན་ཞིག་ཆགས་ཡོད། གང་ལ་ཞེ་ན། དེ་སྔ་ང་ཚོའི་ཡུལ་འདིའི་ནང་ལས་ཀ་མེད་པའི་མི་མང་པོ་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༢ ནས་བཟུང་ལས་མེད་ཀྱི་གྲངས་ཀ་ཧ་ཅང་ཉུང་དུ་ཕྱིན་ཏེ་དེང་སྐབས་དཔལ་འབྱོར་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བཞིན་པའི་སྐལ་བཟང་གི་དུས་སྐབས་འདིར་༸གོང་ས་ཏཱ་ལའི་བླ་མ་མཆོག་ས་གནས་འདིར་ཆིབས་སྒྱུར་བསྐྱངས་པ་ནི་ང་ཚོར་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། དེར་བརྟེན་ངས་ང་ཚོའི་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་། ཞེས་གསུང་བཤད་གནང་ཡོད།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ཚོར་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདི་གར་མངའ་སྡེའི་བློན་ཆེན་མཆོག་དང་ལྷན་གསར་འགོད་པ་རྣམས་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། གསར་འགོད་པ་ནི་མི་མང་གི་གོ་རྟོགས་གོང་འཕེལ་གཏོང་མཁན་ཡིན་པ་མ་ཟད། ཆབ་སྲིད་པ་དང་ཚན་རིག་པ། ཆོས་པ་གང་ཞིག་ཡིན་རུང་ནོར་འཁྲུལ་གྱི་ལས་ཀ་སུས་བྱས་ཀྱང་ཐེར་འདོན་བྱ་རྒྱུའི་འགན་འཁྲི་ཡོད། དེ་བཞིན་གསར་འགོད་པ་རྣམ་པ་ཧ་ཅང་གནད་འགག་ཆེན་པོ་ཡིན་པར་བརྟེན། གསར་འགོད་པ་རྣམས་ནས་དུས་རྒྱུན་དུ་གླང་པོ་ཆེའི་སྣ་ལྟར་ས་ཕྱོགས་གང་སར་བརྐྱངས་ནས་འཁྱོག་བཤད་སྤངས་ཏེ་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་ནི་གཡོལ་ཐབས་མེད་པའི་གསར་འགོད་པའི་ལས་འགན་རེད། ཅེས་བཀའ་སློབ་སྩལ་ཡོད། དེ་ནས་བློན་ཆེན་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་༸གོང་ས་མཆོག་གིས་ཨོ་སི་ཊོ་རི་ཡའི་རྒྱལ་དར་བསྣམས་ཏེ་སྐུ་པར་ལྷན་སྒྲོན་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ཁ་སང་ངོས་རང་འདི་གར་འབྱོར་སྐབས་མི་མང་པོ་ཞིག་གིས་བོད་ཀྱི་རྒྱལ་དར་ཁྱེར་ཏེ་དགའ་བསུ་གནང་བྱུང་། སྤྱིར་བཏང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་སྐབས་རྒྱ་ནག་གཞུང་ཕྱོགས་ནས་རྒྱུན་དུ་སྐྱོན་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་ཕྱི་ལོ་ ༡༩༥༤ ལོར་ངོས་རང་རྒྱ་ནག་ཏུ་བསྐྱོད་སྐབས་ཉིན་གཅིག་མའོ་ཙེ་ཏུང་གིས་ངོས་ལ་ཁྱེད་རང་ཚོར་རྒྱལ་དར་ཞིག་ཡོད་འདུག་པས་དེ་རེད་དམ་ཞེས་དྲིས་བྱུང་། སྐབས་དེར་ངོས་ཀྱིས་ང་ཚོར་རྒྱལ་དར་ཡོད་ཅེས་བརྗོད་པས། ཁོང་གིས་རྒྱལ་དར་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་མཉམ་དུ་སྒྲེང་འཛུགས་བྱས་ན་འགྲིག་གི་རེད་ཅེས་བརྗོད་བྱུང་། དེར་བརྟེན་མ་འོངས་པར་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཆོག་གི་མ་རེད་ཅེས་རྙོག་གྲ་བཤད་ན། མའོ་ཀྲུའུ་ཞིས་ཏཱ་ལའི་བླ་མར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཆོག་པའི་ཆོག་མཆན་སྤྲད་ཡོད། ཅེས་འགྲེལ་བཤད་རྒྱག་དགོས་ཤེས་སོང་ངམ། ཞེས་བཀའ་སློབ་སྩལ་ཡོད་པ་བཅས། །
ཕྱི་ལོ་ ༢༠༡༢ ལོའི་པེས་ཊ་ལོ་ཛི་སློབ་ཡོན་གསལ་བསྒྲགས།
༢༠༡༢ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན་་། Pestalozziannouncement
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གོ་པལ་པུར་བོད་ཁྱིམ་དུ་འཚམས་གཟིགས་ཀྱི་གསུང་བཤད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་རྡ་སའི་ཉེ་འགྲམ་གོ་པལ་པུར་བོད་ཁྱིམ་དུ་འཚམས་གཟིགས་དང་སྦྲགས། དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད། དེ་ཉིན་ཆུ་ཚོད་ ༡༢ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང༌། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་རྣམ་གཉིས་སློབ་གྲྭའི་རྒྱལ་སྒོའི་མདུན་དུ་ཕེབས་སྐབས་སློབ་གྲྭའི་དབུ་འཛིན་པ་སངས་དབང་འདུས་ལགས་དང༌། སློབ་སྤྱི་ཕུན་ཚོགས་བཀྲིས་ལགས། སློབ་ཕྲུག་རོལ་ཆ་རུ་ཁག་གཅིག་དང་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ལག་ཏུ་མཇལ་དར་ཐོགས་ནས་གུས་བསུའི་ཕེབས་བསུ་ཞུས། དེ་ནས་ཤེས་རབ་འོད་སྣང་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ལྷན་འཛོམས་ཐོག་དབུ་འཛིན་པ་སངས་དབང་འདུས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་བཀའ་ཁྲི་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན།
དེ་རིང་འདི་གར་གོ་པལ་པུར་བོད་ཁྱིམ་དུ་བཅར་བྱུང་བར་ཧ་ཅང་དགའ་པོ་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་གི་ཡོད། བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱིས་སྐུ་ངལ་འཛེམས་མེད་ཐོག་བཙུགས་གནང་བའི་རྨང་གཞིའི་ཐོག་ད་ལྟ་བར་དགེ་རྒན་ལས་བྱེད་རྣམ་པས་སྐུ་ངལ་བསྐྱོན་དང་སྐྱོན་མུས་རེད། ང་རང་ཆུང་དུས་རྒྱ་གར་རྡོ་རྗེ་གླིང་ཁུལ་གྱི་གཞིས་ཆགས་གྲོང་གསེབ་ཆུང་ཆུང་ཞིག་དང་དེ་དུས་སློབ་གྲྭའི་མཐུན་རྐྱེན་ཧ་ཅང་སྐྱོ་པོ་ཡིན་ནའང་མུ་མཐུད་སློབ་སྦྱོང་ལ་འབད་བརྩོན་བྱས་པར་བརྟེན། ཨ་རིའི་ནང་ཁྲིམས་ལུགས་རིག་པའི་སློབ་ཆེན་འགྲོ་རྒྱུའི་གོ་སྐབས་སོགས་བྱུང༌། ང་ཚོའི་སློབ་ཁག་ནང་མཐུན་རྐྱེན་གང་ཙམ་ལེགས་པོ་ཡོད་པའི་ཐོག་གཞི་རྩའི་སློབ་སྦྱོང་བརྒྱ་ཆ་གང་ཙམ་ལེགས་པོ་ཡོད་ཀྱང༌། རྒྱ་གར་རྒྱལ་ཡོངས་ནང་ང་ཚོའི་སློབ་གྲྭ་ཁག་གི་སྤྱི་སྙོམས་བརྒྱ་ ༦༠།༧༠ ལས་ཟིན་གྱི་མེད། གལ་སྲིད་བརྒྱ་ཆ་ ༨༠།༩༠ ཙམ་བྱུང་ནས་སློབ་གྲྭ་རྩེ་ཕུད་ཅིག་ལ་ཚུད་ན་སྤྱི་ཚོགས་འབྲེལ་བ་དང༌། རང་ཉིད་ཀྱི་ལས་ཀ་དང་དེ་བཞིན་ཕ་མའི་རེ་བ་སོགས་ཕྱོགས་གང་ཅིའི་ཐད་གང་ལེགས་ཡོང་ངེས། མིའི་མི་ཚེའི་ནང་མི་སུ་འདྲ་ཞིག་ཡིན་རུང་དཀའ་ངལ་ཡོད་ངེས་ཀྱང༌། དེར་གདོང་ལེན་བྱེད་པའི་བསམ་བློའམ་སློབ་སྦྱོང་ལ་དཀའ་ངལ་རྒྱག་ཐུབ་པའི་ཆོད་སེམས་ཡོད་དགོས།
ཆིག་སྒྲིལ་ནི་སྤྱི་ཚོགས་ལ་དབྱེ་འབྱེད་མེད་པར་གཞི་འཛིན་སའི་ཐོག་ནས་ཆོལ་ཁ་ཆོས་ལུགས་དང་ཕོ་མོ་དབྱེར་མེད་རེད། གསར་གཏོད་རིམ་པའི་ཐོག་ལས་དོན་ནུས་པ་ཐོན་པའི་ཆ་ནས་སློབ་སྦྱོང་བྱེད་ཐབས་ཡར་རྒྱས་གཏོང་རྒྱུ་གང་འདྲ་ཡོད་པ། རང་ཁ་རང་གསོའི་བསམ་བློ་མེད་ན། ཨ་ཕི་རི་ཀ་ལྟ་བུ་ཡར་རྒྱས་མེད་པས་གཞན་ལ་སྐྱབས་བཅོལ་བའི་བསམ་བློ་དེས་མཐའ་ན་རང་ཉིད་ཀྱི་མི་ཚེ་རིན་ཐང་མེད་པ་ཆགས་སྲིད། དེར་བརྟེན་མི་ཚེ་དོན་སྙིང་ལྡན་པ་བཟོ་དགོས་ན་རང་ཁ་རང་གསོའི་བསམ་བློ་ངེས་པར་དུ་དགོས། སློབ་སྦྱོང་ཐོག་དཀའ་ངལ་ག་ཚོད་འཕྲད་ཀྱང་གདོང་ལེན་གྱིས་ཉིན་རེ་བཞིན་ཧུར་སྐྱེད་བྱེད་དགོས་པའི་ལམ་སྟོན་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་སྟེ་བོད་རྒྱལ་ཁབ་ཆེན་པོའི་གླུ་ཕུལ་ཏེ་གྲོལ།
སྤྱིར་རྡ་ས་བོད་ཁྱིམ་གྱི་ཡན་ལག་གོ་པལ་པུར་བོད་ཁྱིམ་དེ་བཞུགས་སྒར་རྡ་ས་ནས་ཤར་ཕྱོགས་སུ་མི་ཁྲར་ ༣༠ ཙམ་གྱི་སར་ཕྱི་ལོ་ ༡༩༩༧ ལོར་ས་ཁྱོན་ཨེ་ཀར་ ༣༣ ཙམ་ཐོག་གསར་སྐྲུན་གནང་བ་ཞིག་ཡིན་ད་བར་ལོ་ངོ་ ༡༥ ཙམ་གྱི་རིང་བོད་མི་ན་གཞོན་སློབ་ཕྲུག་གྲངས་ ༤༢༦༩ ལ་གནའ་དེང་ཟུང་གི་སློབ་སྦྱོང་གོ་སྐབས་ཐོབ་ཡོད། སློབ་ཕྲུག་གི་སྡོད་ཁང་ཆེ་བ་ ༥ ཐོག་སློབ་ཕྲུག་ཆུང་བའི་སྡོད་ཁང་ཁྱིམ་ཚང་ ༣༠ ནང་གནས་ཤིང་ད་ཡོད་དགེ་རྒན་ལས་བྱེད་ ༡༥༥ དང་སློབ་ཕྲུག ༡༢༦༥ ཡོད་འདུག་པ་བཅས།།
བཀའ་ཁྲི་མཆོག་དང་ནང་སྲིད་བཀའ་བློན་རྣམ་གཉིས་ཧི་མཱ་ཅལ་མངའ་སྡེའི་དབྱུག་རྩེད་པོ་ལོའི་རྩེད་འགྲན་མཐུན་ཚོགས་ཀྱིས་མགྲོན་འབོད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུའི་ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྡ་སར་རྩེ་བཞིན་པའི་དབྱུག་རྩེད་པོ་ལོའི་རྩེད་འགྲན་སྐབས་ཧི་མཱ་ཅལ་མངའ་སྡེའི་དབྱུག་རྩེད་པོ་ལོའི་རྩེད་འགྲན་མཐུན་ཚོགས་ཀྱིས་ཚོགས་གཙོ་སྐུ་ཞབས་ཨ་ནུ་རཱག་ཐ་ཀུར་མཆོག་གིས་ President of State Cricket Association Mr Anurag Thakur མགྲོན་འབོད་གནང་བ་ལྟར་བཀའ་བློན་རྣམ་གཉིས་ཕེབས་ཡོད། སྐབས་དེར་པན་ཇབ་རུ་ཁག་དང་ Kings XI Punjab ཅེན་ནའི་རུ་ཁག་ Chennai Super Kings གཉིས་དབར་རྩེད་འགྲན་བྱས་ཡོད། སྐུ་ཞབས་ཨ་ནུ་རཱག་ཐ་ཀུར་མཆོག་ནི་མངའ་སྡེའི་བློན་ཆེན་གྱི་བུ་ཡིན་ཞིང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ལས་ཐོག་ཡིན་འདུག ཁོང་ནས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་གདན་འདྲེན་ཞུས་མྱོང་ཡོད་པ་བཅས།།
གནས་མཆོག་མཚོ་པདྨར་ཡན་ལག་སྨན་རྩིས་ཁང་གསར་པ་དབུ་འབྱེད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ཉིན་གནས་མཆོག་མཚོ་པདྨར་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་འཛུགས་ཀྱིས་དབུ་འབྱེད་མཛད་སྒོ་ཚོགས་ཡོད། ཡན་ལག་སྨན་རྩིས་ཁང་གསར་པ་དེའི་དབུ་འབྱེད་དེ་བཞིན་འབྲི་གུང་བཀའ་བརྒྱུད་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པའི་བླ་མ་དབོན་སྤྲུལ་རིན་པོ་ཆེ་མཆོག་གིས་གནང་ཡོད། མཛད་སྒོའི་སྐབས་སྐུ་མགྲོན་གཞན་རྣམས་ནི་རི་ཝལ་སར་གྲོང་ཚོའི་འགོ་གཙོ་སྐུ་ཞབས་བྷན་སི་ལལ་དང་ (Mr. Bansi lal) དང་རྒྱ་གར་ས་གནས་སྤྱི་མི་སྐུ་ཞབས་ (Mr. Tej singh) པོན་ཌོ་འི་ས་འགོ་བསྟན་འཛིན་བཟང་མོ་ལགས། ས་འཐུས།
དེ་བཞིན་གཡས་གཡོན་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཆུང་རྣམས་ཀྱི་མཁན་ལས་ཟུར་བཅས་ཕེབས་ཡོད། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཚེ་རིང་ཕུན་ཚོགས་ལགས་ཡིན་འདུག ཕྱི་ལོ་ ༡༩༩༨ ནས་ད་བར་ལོ་ངོ་བཅུ་བཞི་རིང་ཟླ་རེའི་མཚམས་སུ་གནས་མཆོག་མཚོ་པདྨའི་ཡུལ་མི་སྤྱི་དང་ལྷག་པར་ཕྱོགས་མཐའི་གནས་སྐོར་བ་དང་། དེ་བཞིན་རི་ཁྲོད་མཚམ་ཁང་སོགས་ལ་སྨན་སྤྲོད་དང་བརྟག་དཔྱད་སོགས་ཀྱི་མཐུན་འགྱུར་སྦྱར་ཏེ་ཞབས་ཞུ་ཧུར་སྐྱེད་ཞུ་སྐབས་དབོན་སྤྲུལ་རིན་པོ་ཆེ་མཆོག དང་བླ་མ་དབང་རྡོར་རིན་པོ་ཆེ་མཆོག་བཅས་ཀྱིས་གནས་ཁང་གི་མཐུན་འགྱུར་གང་ལེགས་གནང་ཡོད་པར་ དབུས་སྨན་རྩིས་ཁང་གིས་གོ་སྐབས་དེ་བརྒྱུད་རིན་པོ་ཆེ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་པོན་ཌོ་ས་གནས་འགོ་འཛིན་ལས་ཁུངས་གཉིས་ནས་ཀྱང་ཟླ་དྲུག་དེའི་རིང་པོན་ཌོ་དང་སུན་དར་ན་གར་ས་གནས་བོད་མི་མང་ཚོགས་རྣམས་ལ་བརྡ་ཁྱབ་གཏོང་རྒྱུའི་མཚོན་པའི་རོགས་རམ་གང་ཐུབ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད། ཕྱོགས་མཚུངས་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པས་ཡན་ལག་སྨན་ཁང་གསར་པ་རྒྱག་རྒྱུར་མཐུན་འགྱུར་དང་དབུ་འབྱེད་མཛད་སྒོའི་གྲ་སྒྲིག་ཞུ་ཕྱོགས་བཅས་ཕྱོགས་གང་ཅིའི་ཐད་ནས་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད། ཐེངས་འདིའི་ཡན་ལག་སྨན་ཁང་དེ་བཞིན་དབུས་སྨན་རྩིས་ཁང་གི་ཡན་ལགས་སྨན་ཁང་ ༥༧ པ་ཆགས་ཡོད་པ་བཅས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཧེན་རིཀ་ཧེ་རར་དྲན་གསོ་མཛད་པ།
པར་ལེན་སྐུ་སྒེར་ཡིག་ཚང།
༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༧ གྱི་ཕྱེད་ཡོལ་ཙམ་ལ་༸གོང་ས་མཆོག་ཨོ་སི་ཊི་རི་ཡའི་གྲོང་ཁྱེར་ཧ་ཌ་ཏན་བཀ་ Hüttenberg དུ་༸ཞབས་སོར་འཁོད་མཚམས་ཁུལ་དེར་འཁྲུངས་པའི་བོད་ནང་ལོ་བདུན་ཞེས་པའི་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་ཧན་རིཀ་ཧེ་རར་དམ་པ་དེའི་སྐུ་ཟླ་ཀ་རི་ན་ Carina དང་གྲོང་སྡེའི་སྤྱི་ཁྱབ་པ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཧན་རིཀ་ཧེ་རར་ (Heinrich Harrer) དམ་པ་དེ་ཐུགས་དྲན་གསོ་མཛད་དེ་བཀའ་སློབ་སྩལ་དོན། སྐུ་ཞབས་ཧན་རིཀ་ཧེ་རར་རྒྱ་གར་གྱི་བཙོན་ཁང་ནས་བྲོས་ཏེ་བོད་དུ་འབྱོར་ནས་ལྷ་སར་ཐོག་མར་ཕེབས་མཚམས་ངོས་ཀྱི་སྐྱེད་མ་དམ་པ་དང་གཅེན་པོ་རྒན་པ་བཅས་དང་གྲོགས་སྒྲིག་བྱུང་བའི་བརྒྱུད་ངོས་དང་ཐུག་འཕྲད་བྱུང། དེ་རྗེས་དམ་པ་ཁོང་གིས་ནོར་བུ་གླིང་གར་ངོས་རང་ཐུག་ཆེད་ཡང་སེ་ཕེབས་ཀྱི་ཡོད། ཁོང་གིས་ངོས་ལ་ཡུ་རོབ་དང་འཕྲུལ་ཆས་ངོ་སྤྲོད་ཐོག་མ་དེ་གནང་བྱུང། འོན་ཀྱང་དམ་པ་ཁོང་ས་གནས་འདིའི་མི་ཞིག་ཆགས་ཡོད་པར་བརྟེན། ཁྱེད་ཚོས་བོད་མི་ཚོར་མཛའ་བརྩེའི་འདུ་ཤེས་རྒྱུན་སྲིང་གནང་བཞིན་ཡོད། སྲོལ་རྒྱུན་རིག་གནས་ཀྱི་ཕྱུག་པ་དང་ལོ་ངོ་སྟོང་གི་བྱུང་རབས་ཡོད་པའི་བོད་ཀྱི་རྒྱལ་ཁབ་དེ་བཞིན་དེང་སྐབས་ཧ་ཅང་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་ཁྱེད་ཚོའི་མཛའ་སེམས་ལ་ང་ཚོས་རིན་ཐང་ཆེན་པོར་རྩི་བཞིན་ཡོད།
བོད་ཀྱི་ཐེབས་རྩ་ཁང་གསར་འཛུགས་ཀྱི་ས་གཞིར་རབ་གནས་མཛད་བཞིན་པ། པར་ལེན་སྐུ་སྒེར་ཡིག་ཚང།
ངོས་ཀྱིས་དྲང་བདེན་དང་བདེན་པ་བདེན་གཏུགས་ཀྱི་ནུས་པར་ཡིད་ཆེས་བྱེད་བཞིན་ཡོད་པར་བརྟེན། གནས་སྟངས་ཇི་འདྲ་ཞིག་འོག་ང་ཚོས་སེམས་ཤུགས་ནམ་ཡང་མ་ཆག་པར་འབད་བརྩོན་བྱས་དང་བྱེད་མུས་ཡིན་པ་མ་ཟད། སྤྱིར་མང་ཚོགས་རྣམས་ལའང་ངོས་ཀྱིས་དེ་ལྟར་བརྗོད་བཞིན་ཡོད། ལར་ནས་དེང་སྐབས་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འཕོ་འགྱུར་འགྲོ་བཞིན་ཡོད་པར་བརྟེན། ངོས་ཀྱིས་བཟང་ཕྱོགས་ཀྱི་རེ་བ་རྒྱག་བཞིན་ཡོད། ཅེས་བཀའ་སྩལ་བ་མ་ཟད་ཁུལ་དེར་བོད་ཀྱི་ཐེབས་རྩ་ (Tibet Centre) གསར་འཛུགས་ཆེད་ཨ་སྒོར་ ༡༥༠ ༠༠༠ གསོལ་རས་སྩལ་ཡོད་པ་བཅས།།
ཆོས་རིག་བཀའ་བློན་མཆོག་གིས་དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་སྐོར་གྱི་ལྷན་ཚོགས་ཐེངས་དང་པོའི་ཐོག་ངོ་སྤྲོད་གསུང་བཤད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ནས་ ༡༩ བར་ཉིན་གྲངས་གཉིས་རིང་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུའི་ལྷན་ཚོགས་ཐེངས་དང་པོ་རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འཛུགས་གནང་བར་ཆོས་རིག་བཀའ་བློན་མཆོག་གིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། དེ་རིང་འདིར་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུའི་ལྷན་ཚོགས་བསྐོངས་ཡོད། ལྷན་ཚོགས་འདིའི་མཛད་སྒོར་བཀའ་ཁྲི་མཆོག་མཛད་བྲེལ་ཡོད་ཀྱང་འདི་གར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གཙོས་འདི་གར་ཕེབས་པའི་སྐུ་ཚབ་ཚང་མར་ངས་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། བསླབ་པ་མཐར་སོན་པའི་བཙུན་མར་ཕྱག་འཁྱེར་འབུལ་རྒྱུའི་སྐོར་ལ་དེ་སྔ་ནས་བཀའ་བསྡུར་གང་ཙམ་བྱུང་འདུག དེ་བཞིན་ཆོས་རིག་ལས་ཁུངས་ཐོག་ནས་སྙན་གསེང་རབ་དང་རིམ་པ་ཞུས་འདུག འོན་ཀྱང་རང་ཉིད་དང་འབྲེལ་བ་ཁ་སྔོན་ཕྱི་ཟླ་ ༩ ཚེས་ ༢༢ ནས་ ༢༤ བར་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཚོགས་འདུ་སྐབས་ལ་བཀའ་བསྡུར་བྱུང་ཡོད། སྐབས་དེར་ངས་ང་ཚོ་དུས་རབས་ཉེར་གཅིག་ནང་སླེབས་ཡོད། དེའི་ནང་ང་ཚོ་བོད་མི་ས་ཡ་དྲུག་ཡོད་པའི་ནང་ནས་ཕྱེད་ཀ་བུད་མེད་ཡིན་པས་དེར་ཐོབ་ཐང་འདྲ་མཉམ་ཡོད་པ་མ་རེད་ཅེས་གསལ་བཤད་བྱེད་ཐབས་མེད། སྔར་མེད་ཀྱང་ང་ཚོས་གསར་བཟོ་བྱ་རྒྱུའི་དུས་ལ་བབས་ཡོད་པ་རེད་ཅེས་ཞུས་པ་ཡིན། ང་ཚོས་ཆོས་རིག་ལས་ཁུངས་ནས་ལྷན་ཚོགས་འདི་གོ་སྒྲིག་བྱེད་དགོས་དོན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥། ༢༠༠༥། ༢༠༠༨། ༢༠༡༠། ༢༠༡༡། ༢༠༡༢ བཅས་སོ་སོར་དགེ་བཤེས་མའི་ཕྱག་འཁྱེར་སྐོར་ལ་བཀའ་སློབ་རབ་དང་རིམ་པ་ཕེབས་འདུག་པ་དེ་དག་གཞི་རྩར་བཞག་ཡོད། དེ་བཞིན་ཉེ་ཆར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་དྲུང་དུ་བཅར་ཏེ་ལྷན་ཚོགས་དེ་འདྲ་ཞིག་གོ་སྒྲིག་ཞུ་འཆར་ཡོད་སྐོར་སྙན་གསེང་ཞུ་སྐབས་དགག་ཆ་གང་ཡང་གནང་གི་མི་འདུག དེང་སྐབས་རྒྱལ་སྤྱིའི་ཐོག་ང་ཚོ་ནང་པའི་ཆོས་འདི་རྩ་ཆེན་ཞིག་དང་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཡོད། དེ་སྔོན་རྡ་ས་མཚན་ཉིད་གྲྭ་ཚང་ནས་ཇར་མན་གྱི་བུད་མེད་གཅིག་ལ་རིས་མེད་དགེ་བཤེས་ཀྱི་ཕྱག་འཁྱེར་གནང་སྟེ་འཛམ་གླིང་ནང་དོ་སྣང་དང་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད། དེ་བཞིན་ང་ཚོས་ག་དུས་ཡིན་རུང་༸གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུས་དགོས་ཞེས་མ་ཎི་ལྟར་འདོན་བཞིན་ཡོད་ཀྱང་ཞིབ་ཚགས་ལྟ་སྐབས། ༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་ལྟར་རང་ཉིད་ནས་གཙོས་མང་པོས་བསྒྲུབ་ཀྱི་མེད་པའི་ཚོར་སྣང་ཞིག་སླེབས་ཀྱི་འདུག གསར་གཏོད་ཅེས་པ་འདིར་བསམ་བློ་རྒྱ་ཆེན་པོ་གཏོང་དགོས་སྟབས། ང་ཚོས་གྲོས་བསྡུར་ཐེངས་མང་བྱས་པ་ཡིན། དེང་སྐབས་འཛམ་གླིང་སྟེང་ངོམ་ཆོག་པའི་ང་ཚོའི་ནང་པ་སངས་རྒྱས་ཀྱི་ཆོས་འདི་རེད། ནང་ཆོས་ལ་བརྟེན་ནས་འཛམ་གླིང་ཐོག་ནས་ང་ཚོར་རྒྱབ་སྐྱོར་རག་གི་ཡོད། དེར་བརྟེན་ང་ཚོས་ནང་ཆོས་དེ་བཞིན་སྤུས་དག་ཅིག་ཡོང་ཆེད་སློབ་གཉེར་གནང་དགོས་ཀྱི་ཡོད། ཁྱེད་རྣམ་པས་ཉིན་གྲངས་གཉིས་རིང་བཀའ་བསྡུར་ལྷུག་པོ་དོན་ལྡན་ཞིག་གནང་སྟེ་ལྷན་ཚོགས་གྲོལ་སྐབས་གསར་གཏོད་གནང་བ་དེ་འགྲིགས་འདུག་བསམ་པ་དང་། མ་འོངས་པར་ང་ཚོས་བྱས་པ་དེར་མི་གཞན་ནས་མིག་དཔེ་ལེན་ཐུབ་པའི་ཕྱག་ལས་གནང་ཐུབ་རྒྱུ་ཞིག་ང་ཚོས་ད་རེས་གནང་དགོས་ཀྱི་ཡོད་པ་ལྟར། གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཁོན་འཛིན་སེལ་བའི་འཆམ་མཐུན་དང་གྲོས་མོལ་གྱི་ཐབས་ལམ་བརྒྱུད་རྩོད་རྙོག་སེལ་རྒྱུ་གལ་ཆེ་ཡིན་སྐོར་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༧ ཉིན་སོལ་ཝི་ནི་ཡའི་རྒྱལ་ས་མ་རི་བྷོར་རྒྱལ་ཡོངས་ཚོགས་ཁང་དུ་ཐོག་མར་གསར་འགོད་པ་ཚོར། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་གསོ་རྒྱག་རྒྱུའི་སློབ་ཚན་འཇུག་ཐུབ་ཚེ་གཞོན་སྐྱེས་ཚོས་ཉལ་ཐག་དང་དྲག་སྤྱོད་ཀྱི་ལས་རིགས་ལ་འཛེམས་ཟོན་གྱིས་མི་ཚེ་བདེ་སྐྱིད་དང་སྤོབས་པ་ལྡན་པའི་ཐོག་ནས་བསྐྱལ་ཐུབ་རྒྱུ་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་རྗེས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མོ་ཧ་མ་ཌ་ཡུ་ནུ་སི་མཆོག་དང་Muhammed Junus རི་གོ་བེར་ཏ་མན་ཅུ་ཊུམ་མཆོག་ Rigoberta Menchu Tum བཅས་དང་ལྷན་ཚོགས་ཁང་གི་སྡིངས་ཆའི་བཞུགས་གྲལ་དུ་༸ཞབས་སོར་འཁོད་བསྟུན། ༸གོང་ས་མཆོག་གིས་འཆམ་མཐུན་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ལས་རིམ་དང་འབྲེལ་འཆམ་མཐུན་དང་གྲོས་མོལ་གྱི་ཐབས་ལམ་བརྒྱུད་རྩོད་རྙོག་སེལ་རྒྱུ་གལ་ཆེ་ཡིན་པ། ཞེས་པའི་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩལ་དོན། དེང་སྐབས་གྲོས་མོལ་དང་ཆིག་སྒྲིལ་ཐོག་ནས་དཀའ་ངལ་སེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན། རང་བྱུང་ཁམས་ཀྱི་ཐོན་སྐྱེད་ཇེ་ཉུང་དུ་འགྲོ་བཞིན་པའི་ཁར་མི་འབོར་ཧ་ཅང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། དབུལ་ཕྱུག་དབར་གྱི་ཧེ་བག་ཀྱང་ཧ་ཅང་འགྲོ་བཞིན་ཡོད་པ་ནི་དངོས་ཡོད་གནས་སྟངས་དང་བཟང་སྤྱོད་ཀྱི་ཕྱོགས་གཉིས་ཆ་དང་འགལ་ཡོད། གོ་ལའི་གནམ་གཤིས་དང་ཁོར་ཡུག་འབག་བཙོག་འགྲོ་བཞིན་པ་དེ་རྒྱལ་ཁབ་བྱེ་བྲག་པ་གཅིག་གཉིས་ཀྱི་དཀའ་ངལ་ཞིག་མིན་པར་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོས་འགྲོ་བ་མི་རིགས་སྤྱི་ཡོངས་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་ཆགས་ཡོད། ང་ཚོ་དང་ཁོང་ཚོ་ཞེས་ཐ་དད་འཛིན་རྒྱུའི་དུས་ཚོད་ཡོལ་ཟིན། གང་ཡིན་བརྗོད་ན། དཀའ་ངལ་དེ་དག་དྲག་པོའི་སྟོབས་ཀྱིས་སེལ་ཐབས་མེད། དེར་བརྟེན་གྲོས་མོལ་ལམ་ནས་ཕྱོགས་གཉིས་ཆར་རྒྱལ་ཁ་ཐོབ་རྒྱུའི་ཐབས་ལམ་དེ་ཕུལ་བྱུང་ཞིག་ཆགས་ཡོད། གྲོས་མོལ་བྱ་རྒྱུ་དེ་འདམ་ག་རྒྱག་རྒྱུའི་གོ་སྐབས་ཤིག་ཆགས་མེད། གྲོས་མོལ་བྱ་རྒྱུ་ནི་སྐབས་བབས་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་པར་ངོས་འཛིན་བྱེད་དགོས། ནང་ཆོས་ནས་རྟེན་འབྲེལ་གྱི་རྣམ་གཞག་ཐོག་བསམ་བློ་གཏོང་ཐུབ་ཚེ་ཧ་ཅང་ཕན་ཐོགས་ཡོད། རྟེན་འབྲེལ་དེ་བཞིན་སྤྱིར་ནང་པ་སངས་རྒྱས་པའི་རྣམ་གཞག་གཅིག་ཡིན་ནའང་གནད་དོན་གཞན་ལའང་སྦྱར་ཆོག ཅེས་སོགས་ཀྱི་བཀའ་སློབ་སྩལ། ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་སྟོན་འཁོར་ལྷན་རྒྱས་ཨོ་སི་ཊི་རི་ཡར་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས།།
བཀའ་ཁྲི་མཆོག་གིས་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་སྐོར་གྱི་ལྷན་ཚོགས་ཐེངས་དང་པོའི་མཛད་སྒོར་གསུང་བཤད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ནས་ ༡༩ བར་ཉིན་གྲངས་གཉིས་རིང་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུའི་ལྷན་ཚོགས་ཐེངས་དང་པོ་རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འཛུགས་གནང་བའི་མཛད་སྒོར་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་གྱི་སྡེ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་ཚབ་རྣམ་པར་ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་སྐོར་ལ་བཀའ་བསྡུར་གནང་རྒྱུའི་ལྷན་ཚོགས་ཐེངས་པོ་ཆགས་ཡོད། ཚོགས་འདུ་འདི་ཧ་ཅང་གལ་ཆེན་པོ་ཡིན་པ་ཚང་མས་ཤེས་བཞིན་ཡོད་ལ་གནད་དོན་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་རིམ་པ་ཕེབས་ཡོད། སྔ་ལོ་བླ་ཆེན་ཁག་ལྷན་ཚོགས་སྐབས་ངོས་རང་གཟིམ་ཆུང་དུ་བཅར་ཏེ་བླ་ཆེན་ཁག་ཚོགས་འདུ་ཚོགས་ཀྱི་འདུག་ཅེས་སྙན་སྒྲོན་ཞུ་སྐབས་༸གོང་ས་མཆོག་གིས་ཁྱེད་རང་ཕྱི་རྒྱལ་དུ་ཡུན་རིང་བསྡད་ཟིན་སྟབས།
ཆོས་ཕྱོགས་སྐོར་ལ་ཤེས་ཀྱི་མེད་པ་དང་ཐོག་ནས་ཁས་བླངས་ཏེ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་སྐོར་སྙན་གསེང་ཞུས་ན་འགྲིག་གི་རེད་ཅེས་བཀའ་ལུང་ཐོབ་པ་ཞིག་ཡིན། དེ་རིང་གི་ཚོགས་འདུ་འདི་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། དེའི་སྐོར་ཆོས་རིག་བཀའ་བློན་མཆོག་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ཞིབ་ཕྲ་གསལ་བཤད་གནང་གི་རེད། དེ་བཞིན་ཁྱེད་རྣམ་པས་ཉིན་གྲངས་གཉིས་རིང་གྲོས་བསྡུར་གྲུབ་རྗེས་ཐག་གཅོད་གནང་དགོས་ཀྱི་ཡོད། དེར་བརྟེན་ཐག་གཅོད་ག་རེ་གནང་ཡང་རྒྱུ་མཚན་ཡོད་པའི་ཐོག་ནས་བསླབ་པ་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གནང་དགོས་ཀྱི་འདུག ཅེས་གསལ་བསྒྲགས་གནང་བ་ཡིན་ན། སྤྱི་ཚོགས་སྤྱི་ཡོངས་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་ཡིན་རུང་ཁས་ལེན་དང་རྒྱབ་སྐྱོར་ཡོང་རྒྱུར་ཕན་ཐོགས་ཡོང་གི་རེད་སྙམ་གྱི་འདུག དེར་བརྟེན་ཁྱེད་རྣམས་ནས་ཉིན་གྲངས་གཉིས་རིང་བཀའ་བསྡུར་ལྷུག་པོ་གནང་རོགས་ཞུ་རྒྱུ་ཡིན། མང་གཙོའི་འགྲོ་ལུགས་ཐོག་ནས་ཡིན་རུང་འོས་ཤོག་འཕེན་རྒྱུ་དེ་ཕོ་མོ་གཉིས་ཀར་ཡོད། དེ་བཞིན་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་སྟེ། ཆིག་སྒྲིལ་དང་གསར་གཏོད།
རང་ཁ་རང་གསོ་རེད། དཔེར་ན། ཆིག་སྒྲིལ་ཞེས་པ་ནི་ཆོལ་ཁ་དང་ཆོས་ལུགས་དབྱེར་མེད། ཕོ་མོ་འདྲ་མཉམ་རེད། དེར་བརྟེན་དགེ་བཤེས་མར་ཕྱག་འཁྱེར་འབུལ་རྒྱུ་དེ་ཡང་ཆ་རྐྱེན་ཡོངས་སུ་རྫོགས་པ་ཚང་ན་ཏན་ཏན་འདྲ་མཉམ་གནང་དགོས་ཀྱི་རེད་སྙམ་གྱི་ཡོད། གསར་གཏོད་ཅེས་པ་བྱེད་ཕྱོགས་ཐོག་ནས་གསར་གཏོད་རིམ་པ་གནང་དགོས་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་ནང་བར་ལམ་ཞིག་ནས་དགེ་བཤེས་མར་ཕྱག་འཁྱེར་གནང་ཐུབ་ཡོད་དམ་མེད་ཅེས་པའི་བགྲོ་གླེང་མང་པོ་ཞིག་བྱེད་ཀྱི་ཡོད། དེར་བརྟེན་ད་རེས་དགེ་བཤེས་མར་ཕྱག་འཁྱེར་གནང་རྒྱུ་ཞིག་བྱུང་ན་དེ་གསར་གཏོད་ཆགས་ཀྱི་ཡོད། རང་ཁ་རང་གསོ་ནི། རང་ཉིད་རྐང་པའི་ཐོག་ལངས་ཐུབ་པ་བྱེད་དགོས་རྒྱུ་དེ་རེད། དེ་སྔ་ང་ཚོའི་ཕ་མ་རྣམས་བོད་ནས་ཕྱི་རྒྱལ་དུ་ཕེབས་སྐབས་རྒྱ་གར་དང་ཕྱི་རྒྱལ་གྱི་འགྲོ་སྟངས་ཤེས་ཀྱི་མེད། དེར་བརྟེན་གཞན་ལ་མ་བསྟུན་ཀ་མེད་ཀྱི་གནས་སྟངས་ཤིག་ཆགས་ཡོད། ད་ཆ་ལོ་ལྔ་བཅུའི་རྗེས་སུ་ང་ཚོ་མི་སྒེར་དང་ཚོགས་པ་གང་ཞིག་ཡིན་རུང་རང་ཉིད་ཀྱི་རྐང་པའི་ཐོག་ལངས་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་དགེ་བཤེས་མར་ཕྱག་འཁྱེར་ཕུལ་བ་ཡིན་ན། དགེ་བཤེས་མ་རྣམས་ནས་ཀྱང་སོ་སོའི་རྐང་པའི་ཐོག་ལངས་ཐུབ་མཁན་ཞིག་ཡིན་ཞེས་པའི་རྣམ་པ་ཐོན་པ་ལྟ་བུ་ཆགས་ཀྱི་འདུག དེར་བརྟེན་ཉིན་གྲངས་གཉིས་རིང་བགྲོ་གླེང་གནང་བ་བརྒྱུད་ཐག་གཅོད་གང་བྱུང་བ་ཡིན་རུང་བཀའ་ཤག་ངོས་ནས་རྒྱབ་སྐྱོར་དང་དམིགས་བསལ་ཆོས་རིག་གི་བཀའ་བློན་མཆོག་གིས་གཙོས་ལས་བྱེད་རྣམ་པས་མཐུན་རྐྱེན་བསྐྲུན་པ་གཞིར་བཟུང་འབྲས་བུ་ཡང་སྤྱི་ཚོགས་སྤྱི་ཡོངས་ནས་ཁས་ལེན་ཡོང་བ་ཞིག་གནང་ཐུབ་པའི་རེ་འདུན་དང་འབོད་སྐུལ་ཞུ་བཞིན་ཡོད། ཅེས་གསུང་བཤད་གནང་ཡོད་པ་བཅས། །
བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་སྐོར་གྱི་ལྷན་ཚོགས་ཐེངས་པོ་ཚོགས་པ།
༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ནས་ ༡༩ བར་ཉིན་གྲངས་གཉིས་རིང་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུའི་ལྷན་ཚོགས་ཐེངས་དང་པོ་རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༥ ཐོག་བཀའ་ཁྲི་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་སྣང་གསལ་ཞལ་འབྱེད་གནང་གྲུབ་མཚམས་བོད་བསྟན་སྲིད་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་མཚོན་ཆེད་སྐར་མ་གཅིག་ངག་བཅད་མྱ་ངན་གུས་འདུད་དང་བདེན་ཚིགས་སྨོན་ལམ་གསུང་འདོན་གནང་། དེ་ནས་གནས་ཆུང་གྲྭ་ཚང་གི་དགེ་འདུན་བཞི་གྲྭས་ཤིས་བརྗོད་གསུངས་ཏེ་རྟེན་འབྲེལ་གསོལ་ཇ་དང་འབྲས་སིལ་ཕུལ། དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་ཆོས་རིག་བཀའ་བློན་མཆོག་གིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང་།
དེ་རྗེས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་རྗེས་ཆོས་རིག་དྲུང་ཆེ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དངོས་གཞིའི་མཛད་སྒོ་གྲོལ།
ཐེངས་འདིའི་ཉིན་གཉིས་རིང་གི་ལྷན་ཚོགས་ཐེངས་དང་པོའི་ནང་བཀའ་བསྡུར་གནང་རྒྱུའི་གྲོས་གཞི་གསུམ་ཡོད་པ་རྣམས་གཤམ་གསལ།
དོན་ཚན་དང་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་ཐད་ལམ་སྟོན་བཀའ་སློབ་ཕེབས་པར་དངོས་སུ་ལག་བསྟར་ཞུ་ཕྱོགས་སྐོར་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་རྒྱུ།
དོན་ཚན་གཉིས་པ། བཙུན་མའི་འདུས་སྡེ་ཁག་ནས་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་གནང་རྒྱུ། ཡང་ན། བཙུན་མ་འདུས་སྡེ་ཁག་གི་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་བཟོ་མཁན་ཚོགས་ཆུང་གཏན་འབེབས་གནང་རྒྱུ།
དོན་ཚན་གསུམ་པ། ཕྱི་ཟླ་ ༨ ཚེས་ ༡༩ ནས་ ༢༡ བར་མོན་གྷོ་དགའ་ལྡན་བླ་སྤྱིར་འཚོགས་རྒྱུའི་དགེ་ལུགས་བསྟན་བདག་དང་མཁན་པོ་རྣམ་པའི་ལྷན་ཚོགས་སུ་དགེ་བཤེས་མའི་སྐོར་སྙན་སྒྲོན་གསུང་བཤད་གནང་མཁན་བཙུན་མའི་སྐུ་ཚབ་གཅིག་དང་དཔེ་ཁྲིད་དགེ་རྒན་གཅིག་འདེམས་བསྐོ་གནང་རྒྱུ་ཡིན་འདུག
དེ་ཡང་ཆུ་ཚོད་ ༡༠།༣༠ ཐོག་ཚོགས་ཐུན་དང་པོ། གཙོ་སྐྱོང་བ་ཆོས་རིག་དྲུང་ཆེ་དབུ་བཞུགས་ཐོག་ཚོགས་མི་སོ་སོ་དང་དགོན་སྡེ་སོ་སོའི་སློབ་གཉེར་གནང་སྟངས་རིམ་པས་ངོ་སྤྲོད་གནང་ཡོད།  ཚོགས་ཐུན་གཉིས་པ། ཆོས་རིག་དྲུང་ཆེས་གཙོ་སྐྱོང་གནང་ཐོག་གྲོས་གཞི་དོན་ཚན་དང་པོར་བཀའ་བཀའ་བསྡུར་གནང་རྒྱུ། ཚོགས་ཐུན་གསུམ་པ་དང་བཞི་པ། ཆོས་རིག་དྲུང་ཆེས་གཙོ་སྐྱོང་གནང་ཐོག་གྲོས་གཞི་དོན་ཚན་གཉིས་པའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག དེ་བཞིན་ཕྱི་ཚེས་ ༡༩ ཉིན་གྱི་ཚོགས་ཐུན་ལྔ་པ་དང་དྲུག་པ། ཆོས་རིག་དྲུང་ཆེས་གཙོ་སྐྱོང་གནང་ཐོག་གྲོས་གཞི་དོན་ཚན་གཉིས་པར་མུ་མཐུད་བཀའ་བསྡུར་གནང་རྒྱུ་ཡིན་འདུག
ཚོགས་ཐུན་བདུན་པ། ཆོས་རིག་དྲུང་ཆེས་གཙོ་སྐྱོང་གནང་ཐོག་གྲོས་གཞི་དོན་ཚན་གསུམ་པར་བཀའ་བསྡུར་གནང་སྟེ་གྲོས་གཞི་ཁག་ལ་མཐའ་མའི་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག ཉིན་མཐའ་མར་ཚོགས་དྲུང་ནས་མཐའ་མའི་གྲོས་ཆོད་སྙན་སྒྲོན་གྱིས་གྲོས་ཆོད་སྟེང་སྐུ་ཚབ་རྣམ་པས་མཚན་རྟགས་ལས་ཐམ་འགོད་རྒྱུ། དེ་བཞིན་ཆོས་རིག་བཀའ་བློན་མཆོག་གིས་མཇུག་བསྡོམས་གསུང་བཤད་དང་ཆོས་རིག་དྲུང་ཆེེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ་ཡིན་འདུག
ཐེངས་འདིའི་ལྷན་ཚོགས་ནང་ཆོས་རིག་བཀའ་བློན་མཆོག་དང་བཙུན་པའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གཙོས་རྡ་ས་རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་དང་། བོད་ཀྱི་བཙུན་མའི་ལས་འཆར། མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང། བལ་ཡུལ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང། བལ་ཡུལ་བཙུན་དགོན་སྐྱིད་གྲོང་ཐུགས་རྗེ་ཆོས་གླིང་། རྡ་ས་བཙུན་དགོན་དགེ་ལྡན་ཆོས་གླིང་། རྡ་ས་བཙུན་དགོན་འཇམ་དབྱངས་ཆོས་གླིང་། རྡ་ས་བཙུན་དགོན་སྒྲོལ་མ་གླིང་བཅས་ནས་ཁྱོན་སྐུ་ཚབ་མི་སྣ་ ༢༡ མཉམ་ཞུགས་གནང་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊི་རི་ཡར་༸ཞབས་སོར་བདེ་བར་འཁོད་པ།
༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་ཞུ་བཞིན་པ། པར་གྱི་མཐུན་འགྱུར་སྐུ་སྒེར་ཡིག་ཚང།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥་ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཀལ་གེན་ཕ་ཌ་ (Klagenfurt) གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཁ་རིན་ཐི་ཡ་Carinthia ས་ཁུལ་གྱི་འག་འཛིན་སྐུ་ཞབས་ཇེར་ཧར་ཌ་ཌོར་ཕ་ལར་ Mr. Gerhard Dörfler མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་གིས་ཨོ་སི་ཊོ་རི་ཡའི་གསོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། གསར་འགོད་པ་མང་དག་ཅིག་ཀྱང་བསླེབས་ཡོད། ཐེངས་འདིར་༸གོང་ས་མཆོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཀལ་གེན་ཕ་ར་ཌ་ནང་གདན་ཞུ་གནང་མཁན་གཙོ་བོ་དེ་བཞིན་སྐུ་ཞབས་ཇེར་ཧར་ཌ་ཌོར་ཕ་ལར་མཆོག་ཡིན་འདུག་ཀྱང་༸གོང་ས་མཆོག་གི་མཛད་འཆར་གོ་སྒྲིག་ཞུ་མཁན་རྒྱལ་སྤྱིའི་བོད་ཀྱི་ཆེས་མཐོའི་ཤེས་ཡོན་བསྟི་གནས་ཁང་Tibet Centre – International Institute of Higher Tibetan Studies ཞེས་པ་དེ་ཡིན་པ་དང།
ས་ཁུལ་འགོ་གཙོ་མཆོག་གིས་ཕེབས་བསུ་ཞུ་བཞིན་པ།
ཕྱི་ལོ་ ༢༠༠༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐུན་འགྱུར་འོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཧ་ཌ་ཏན་བཀ་ (Hüttenberg) དུ་བཙུགས་པ་ཞིག་ཡིན་འདུག གྲོང་ཁྱེར་དེར་བོད་ནང་ལོ་བདུན་ཞེས་པའི་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་ཧན་རིཀ་ཧེ་རར་ (Heinrich Harrer) མཆོག་འཁྲུངས་ཡུལ་ཡིན། དེར་བརྟེན་ཐེངས་འདིར་༸གོང་ས་མཆོག་ཁུལ་དེར་ཁྱུག་ཙམ་ཆིབས་སྒྱུར་བསྐྱངས་ཡོད། འདི་ལོར་དམ་པ་ཁོང་འཁྲུངས་ནས་ལོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག དེ་ཡང་ཐེངས་འདིར་༸གོང་ས་མཆོག་གིས་ཨོ་སི་ཊི་རི་ཡའི་ཁུལ་དུ་མང་ཚོགས་གཏམ་བཤད་ཐེངས་བཞི་དང་ཉིན་གཉིས་རིང་བཀའ་ཆོས་སྩལ་གནང་མཛད་རྒྱུ། ཉིན་གཅིག་རིང་ནང་ཆོས་དང་ཚན་རིག་བགྲོ་གླེང་ལྷན་ཚོགས་སྐབས་ལྷན་བཞུགས་མཛད་རྗེས་ཕྱི་ཚེས་ ༢༢ ནས་ ༢༤ བར་མགོན་པོ་གང་ཉིད་མཆོག་ཨི་ཊཱ་ལི་དང་བེལ་ཇམ་སོགས་ཀྱི་ནང་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་གྲངས་སྟོང་ཚོ་བརྒལ་བར་སེམས་ཀྱི་ཞི་བདེ་སྐྲུན་ཐབས་སྐོར་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།
གྲོང་སྡེའི་སྤྱི་ཁྱབ་པ་མཆོག་དང་ལྷན།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་རི་བྷོར་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཕེརེངྐ་ཀངྒ་ལར་ (Franc Kangler) མཆོག་གིས་གཙོས་འབྲེལ་ཡོད་ལས་བྱེད་ཁག་གཅིག་དང་མཇལ་འཕྲད་ཀྱི་བཀའ་མོལ་མཛད་སྐབས། མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༠ ལོར་མ་རི་བྷོར་གྲོང་ཁྱེར་དུ་ཐོག་མར་ཆིབས་སྒྱུར་བསྐྱངས་པ་ཐུགས་དྲན་གསོ་མཛད་ཡོད། སྐབས་དེར་མ་རི་བྷོར་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་སོལ་ཝི་ནི་ཡའི་ཡུལ་དེ་བཞིན་སྤྱིར་བཏང་རྒྱབ་ཁབ་ཆུང་ཆུང་ཞིག་ཡིན་ཡང་དེ་སྔ་ཁུལ་དེར་ཨུ་རུ་སུ་དང་སར་བྷི་ཡ་ལྟ་བུའི་རྒྱལ་ཁབ་ཆེན་པོ་རྣམས་དང་རྐང་རྩེད་པོ་ལོའི་འགྲན་བསྡུར་སྐབས་རྒྱལ་ཁབ་དེ་གཉིས་ཕམ་པར་བྱས་ཡོད་སྐོར་སྤོབས་པ་ཆེན་པོས་སྙན་སྒྲོན་ཞུས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་དྲང་བདེན་དང་བདེན་པའི་འཐབ་རྩོད་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་སུའང་རྒྱལ་ཁབ་ཆེ་བ་ཡིན་ཚད་ཀྱིས་ཐག་གཅོད་དེ་ཡང་དག་པ་ཞིག་ཡིན་པའི་ངེས་པ་གང་ཡང་མེད་སྐོར་བཀའ་སྩལ་བ་དང་སྦྲགས། ཕྱི་ལོ་ ༡༩༥༩ ལོར་མ་ལེ་ཤི་ཡ་དང་ཨ་ཡིར་ལན་ཌི་ལྟ་བུ་རྒྱལ་ཁབ་ཆེན་པོ་མིན་ནའང་བོད་ཀྱི་གནད་དོན་སྐོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་གླེང་སློང་བྱས་ཡོད་པ་མ་ཟད། སྐབས་རེ་རྒྱལ་ཁབ་ཆུང་བ་ཚོས་དཔལ་འབྱོར་གྱི་ཤུགས་རྐྱེན་འོག་མ་ཕྱིན་པར་དྲང་ཚུགས་བརྟན་པོའི་ཐོག་ནས་རྒྱལ་ཁབ་སོ་སོའི་ལྟ་གྲུབ་གཙོ་བཟུང་བྱེད་ཐུབ་ཀྱི་ཡོད་སྐོར་བཀའ་སྩལ། ཕྱོགས་མཚུངས་སྐབས་དེར་སོལ་ཝི་ནི་ཡའི་སྐད་ཡིག་གཙོ་བོར་གྱུར་བའི་ཁུལ་དེར་སྐད་ཡིག་འདྲ་མིན་ཡོད་པ་རྣམས་ཀྱི་སྐོར་ལའང་གྲོས་མོལ་ལྷུག་པོ་མཛད་རྗེས་༸གོང་ས་མཆོག་མ་རི་བྷོར་གཙུག་ལག་སློབ་ཁང་དུ་University of Maribor ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་སོལ་ཝི་ནི་ཡའི་རྒྱལ་ས་མ་རི་བྷོར་དུ་མི་གྲངས་ ༢༤༠༠ ཙམ་ལ་སེམས་ཀྱི་ཞི་བདེ་སྐྲུན་ཐབས་སྐོར་བཀའ་སློབ་སྩོལ་སྐབས་དུས་རབས་ ༢༠ སྨད་ཆར་འཛམ་གླིང་མི་མང་ཚོས་འདས་པའི་ནོར་འཁྲུལ་གང་བྱུང་བ་ནས་བློ་སྐྱེད་བླང་སྟེ་ཡར་རྒྱས་དང་འགྱུར་བ་ཕྱིན་པར་བསྟོད་བསྔགས་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། བྷར་ལིང་རྩིག་པ་བཤིག་རྗེས་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད། དྲང་དམག་གི་དུས་སྐབས་སུ་ལྟ་གྲུབ་མི་མཐུན་པ་གཉིས་དབར་གྱི་རྩོད་རྙོག་མཇུག་བསྒྲིལ་ཏེ་མི་མང་ཚོས་གོ་ལའི་གནམ་གཤིས་དང་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་གོ་ལའི་ཚ་དྲོད་ཇེ་ཆེར་འགྲོ་བཞིན་པའི་དཀའ་ངལ་སེལ་ཆེད་སེམས་འཚབ་ཆེན་པོས་གོ་རྟོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད།
ཆོས་ལུགས་ཕན་ཚུན་དབར་སྔར་བས་མཐུན་སྒྲིལ་ཇེ་བཟང་གིས་ཕན་ཚུན་གུས་བརྩི་ཞུ་རྒྱུའི་ལམ་སྲོལ་བཟང་པོ་རིམ་བཞིན་གོང་འཕེལ་འགྲོ་བཞིན་ཡོད་པར་བརྟེན། ངོས་ལ་བཟང་ཕྱོགས་ཀྱི་རེ་བ་ཆེན་པོ་ཡོད། ཅེས་བཀའ་སྩལ་བ་དང་སྦྲགས་ཕུལ་དུ་བྱུང་བའི་མིའི་ལེགས་ཉེས་རྣམ་པར་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་ལ་ཡི་རང་མཛད་པ་དང་སྦྲགས། འཇིགས་སྣང་དང་ཕྲག་དོག ཁོང་ཁྲོའི་བསམ་པ་སོགས་ཀྱིས་སེམས་རྒྱུད་དཀྲུག་རྐྱེན་བྱས་པ་དང། དེ་ལས་ལྡོག་སྟེ་གཞན་གཅེས་འཛིན་གྱི་བྱམས་བརྩེའི་བསམ་པས་སེམས་ནང་སྙིང་སྟོབས་འཕར་མ་བསྐྲུན་ཏེ་སེམས་ཞི་བདེ་བག་ཕེབས་ཡོང་རྒྱུར་མཐུན་རྐྱེན་བྱེད་བཞིན་ཡོད་སྐོར་བཀའ་སློབ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་ཚན་རིག་པའི་བརྟག་དཔྱད་ཀྱི་ལམ་ནས་སེམས་ཀྱི་ཞི་བདེ་དང་ལུས་ཀྱི་བདེ་ཐང་གཉིས་ལ་འབྲེལ་བ་ཡོད་པ་ཙམ་མ་ཟད། སེམས་ཀྱིས་ལུས་ལ་དབང་བསྒྱུར་བྱེད་ཐུབ་ཀྱི་ཡོད་སྐོར་སོགས་བཀའ་སློབ་སྩལ། དེ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ།
ཕྱི་ཚེས་ ༡༧ ཉིན་༸གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཁག་གཅིག་དང་ལྷན་འཛོམས་ཐོག་གོ་ལའི་རྩོད་རྙོག་སེལ་ཆེད་ཆིག་སྒྲིལ་དང་གྲོས་མོལ་ལ་རྟེན་དགོས་པའི་རྒྱུ་མཚན་ཅི་ཡིན། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང། དེ་རྗེས་༸གོང་ས་མཆོག་ཨོ་སི་ཊི་རི་ཡར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག་པ་བཅས།།
རྒྱ་གར་ལྷོ་ཕྱོགས་བདེ་སྐྱིད་སླར་གསོའི་ས་གནས་གཞིས་འགོ་འཕོ་འགྱུར་ཕྱིན་པ།
༢༠༡༢ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་ལྷོ་ཕྱོགས་བདེ་སྐྱིད་སླར་གསོའི་གཞིས་འགོ་འཕོ་འགྱུར་གྱི་མི་མང་ཚོགས་འདུ་སྐོང་ཚོགས་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དང་སྤྲོད་དཔང་བྷེང་ལོར་ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས་དབུ་བཞུགས་ཐོག་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་སྐབས་ ༡༡ པའི་ས་གནས་འཛིན་ཕུན་ཚོགས་ཚེ་རིང་ལགས་དང་སྐབས་ ༡༢ པའི་ས་གནས་འགོ་འཛིན་གསར་པ་བྱམས་པ་ཕུན་ཚོགས་ལགས་གཉིས་གཞིས་འགོ་འཕོ་འགྱུར་གྱི་ཚོགས་འདུ་ཞིག་བདེ་སྐྱིད་སླར་གསོའི་མི་མང་ཚོགས་ཁང་ནང་ཚོགས་ཡོད། ཚོགས་འདུའི་ཐོག་ལྷོ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ལམ་སྟོན་གཞིར་བཟུང་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་གསར་རྙིང་འཕོ་འགྱུར་གྱི་གཞིས་ཆགས་ལས་ཁུངས་འདིའི་ཡིག་ཆ་སོགས་རྩིས་སྤྲོད་རྩིས་ལེན་ཁམས་གཙང་གནང་ཟིན་ཡོད། དེ་བཞིན་དེ་རིང་འདི་གར་རྒན་གཞོན་མང་དག་ཅིག་ཕེབས་འདུག དེར་བརྟེན་ང་ཚོའི་སྒྲིག་འཛུགས་དང་གཞིས་ཆགས་གང་ཞིག་ཡིན་རུང་མི་རབས་རྒན་གཞོན་བརྗེ་པོ་བརྒྱབ་ནས་འགྲོ་བའི་སྐབས་འདིར་རྒན་པའི་བྱས་རྗེས་རྣམས་གཞོན་སྐྱེས་ཚོས་ཤེས་དགོས་པ་མ་ཟད། རྒན་པ་ཚོས་ཀྱང་གཞོན་སྐྱེས་ཚོར་ལམ་སྟོན་གནང་དགོས་ཀྱི་ཡོད། བརྒྱུད་རིམ་དེ་དག་ཁྲོད་ནས་ང་ཚོས་རྒྱལ་ཁབ་དང་གཞིས་ཆགས་གང་ཞིག་ཡིན་རུང་འཛིན་སྐྱོང་བྱེད་དགོས་ཀྱི་ཡོད། ད་ལྟའི་ས་གནས་འགོ་འཛིན་གསར་པར་ཆ་བཞག་ན། མི་རབས་གསར་པ་ཞིག་གིས་ས་གནས་འགོ་འཛིན་གནང་རྒྱུ་ཆགས་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་རི་བྷོར་གཙུག་ལག་སློབ་ཁང་དུ་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།
པར་གྱི་མཐུན་འགྱུར་སྐུ་སྒེར་ཡིག་ཚང་གིས་གནང།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོལ་ཝི་ནི་ཡའི་རྒྱལ་ས་མ་རི་བྷོར་གཙུག་ལག་སློབ་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་༸གོང་ས་མཆོག་གཙུག་ལག་སློབ་ཁང་དུ་༸ཞབས་སོར་འཁོད་མཚམས་གཙུག་ལག་སློབ་ཁང་གི་རེག་ཊར་སྐུ་ཞབས་ཌ་ནཡི་ཇེལ་རེ་བྷོ་ཇི་Prof. Dr Danijel Rebolj མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་སྡིངས་ཆའི་སྟེང་བཞུགས་གྲལ་དུ་འཁོད་མཚམས་མང་ཚོགས་ ༨༠༠ ཙམ་ལ། རིག་གཞུང་གཅེས་སྐྱོང་གོང་འཕེལ་གཏོང་ཆེད་རིག་གསར་གྱི་ཐབས་ལམ་འཚོལ་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། ལྷན་ཚོགས་སྐབས་གསུང་བཤད་གནང་མཁན་མཁས་དབང་ཁག་གཅིག་ཡོད་པ་རྣམས་ནི་ཨོ་སི་ཕོ་ཌ་གཙུག་ལག་སློབ་གྲྭའི་མཁས་དབང་སྐུ་ཞབས་ཌེ་ནི་སི་ནོ་བེལ་མཆོག་ Prof. Denis Noble དང་སུད་སིའི་གྲོང་ཁྱེར་ཛུ་རིཀ་ནས་གཙུག་ལག་སློབ་དཔོན་སྐུ་ཞབས་ཌིཀ་ཧལ་བྷིང་ Prof. Dirk Helbing མཆོག་དེ་བཞིན་ཇར་མན་གཙུག་ལག་སློབ་གྲྭའི་གཙུག་ལག་སློབ་དཔོན་སྐུ་ཞབས་སེ་ཇི་ཕ་རེཌ་གོ་རོ་སི་མན་ Prof. Siegfried Grossman མཆོག་བཅས་ཡིན་འདུག སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་རང་མཁས་དབང་ཁག་གཅིག་དང་ལྷན་དེ་རིང་འདིར་སྐད་ཆ་ཤོད་རྒྱུ་དང་ཕན་ཚུན་བློ་སྐྱེ་ལེན་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། གཞི་རྩའི་ང་ཚོ་ཚང་མ་ལུས་དང་སེམས་གང་གི་ཆ་ནས་འགྲོ་བ་མི་གཅིག་མཚུངས་ཤིག་ཆགས་ཡོད། ངོས་རང་ལོ་རྒས་ཀྱང་ད་དུ་ང་སློབ་ཕྲུག་ཅིག་ཡིན་བསམ་པའི་ཀུན་སློང་ཡོད། རིག་པ་ནངས་པར་འཆི་ཡང་བསླབས། ཞེས་བོད་ཀྱི་མཁས་པ་ཞིག་གིས་དེ་སྔ་གསུངས་ཡོད། རིག་གཞུང་གཅེས་སྐྱོང་དང་གོང་འཕེལ་གཏོང་རྒྱུའི་རིག་གསར་གྱི་ཐབས་ལམ་འཚོལ་རྒྱུའི་ནུས་པ་ང་ཚོར་ཡོད། དེ་ལྟར་ཡོང་བར་ཤེས་ཡོན་མེད་དུ་མི་རུང་བ་ཆགས་ཡོད། ང་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་བལྟ་རྒྱུ་གལ་ཆེན་པོ་ཆགས་ཡོད། སྒེར་གྱི་ཁེ་ཕན་རྐྱང་པ་གཙོ་བཟུང་བྱེད་རྒྱུ་དེ་ནི་བློ་སྦུག་དོག་པའི་བསམ་བློ་ཞིག་ཡིན། གཞན་གྱི་བདེ་དོན་ལ་ཁྱད་གསོད་དང་སྣང་མེད་དུ་བཞག་ཚེ་མཐར་སོ་སོར་གྱོང་གུན་རག་ངེས་ཡིན། དེར་བརྟེན་འབྱུང་འགྱུར་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་མིན་ནི་བྱམས་བརྩེའི་བསམ་པར་རག་ལུས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།
བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་ལས་བྱེད་ས་མིག་གསལ་བསྒྲགས།
༄༅། །ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བྷུན་ཏར་བོད་མིའི་དགེ་འོས་མཐོ་སློབ་ཁང་དུ་དྲུང་ཡིག་དང་དངུལ་གཉེར་གཅིག་ལྕོགས་ཀྱི་ (Office Secretary-Cashier) ས་མིག་ཐོག་ལས་བྱེད་གཅིག་དགོས་པ་རྩ་ཕོགས་སྒོར། ༧༦༠༠ ཐོག་ཡུལ་ཐང་གུན་གསབ་བཅས་བསྡོམས་ཟླ་རེར་སྒོར་༡༠༩༥༡་༦༠ ཐོབ་རྒྱུ། ཐོག་མར་ཆོད་གན་ཐོག་བསྐོ་གཞག་གནང་རྒྱུ་ཡིན་ན་ཞུགས་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣༠ འགྱངས་མེད་ཤེས་རིག་ལས་ཁུངས་སུ་ཁ་བྱང་དང༌། ལག་ཐོག་ཁ་དཔར་ཨང༌། ཨི་མེལ་ཁ་བྱང་སོགས་གསལ་འཁོད་ཀྱིས་འཚང་སྙན་འབུལ་དགོས།
དགོས་ངེས་ཆ་རྐྱེན།
༡། ཉུང་མཐར་ཨང་སྡེ་གཉིས་པའི་ནང་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A./B.Com ཡང་ན་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ།
༢། རང་ལོ། ༣༥ ལས་མ་བརྒལ་བ།
༣། ས་མིག་དང་འབྲེལ་བའི་ལས་ཀའི་ཉམས་མྱོང་ཡོད་པའི་དན་རྟགས་ངོས་སྦྱོར་ཡོད་རིགས་ལ་གོ་སྐབས་དང་པོ་སྤྲོད་རྒྱུ།
༤། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ་འབུལ་དགོས།
༥། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་དང་དཔྱ་ཁྲལ་བསྡུ་འབུལ་ཞུ་བཞིན་པའི་དན་རྟགས་ཡོད་པ།
༦། རང་རེའི་སྒྲིག་འཛུགས་ཀྱི་ཚོགས་སྡེ་གང་རུང་ནང་ལས་བྱེད་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
༧། གཞན་ཡང་བོད་ཨིན་གཉིས་ཀྱི་སྐད་ཡིག་རང་སྐྱ་འཕེར་ངེས་ཐོག་ཀམ་པུ་ཊར་ཤེས་ཡོན་གནས་ཚད་གང་ལེགས་ཡོད་དགོས་པ་ཡིན། གོང་གསལ་དན་རྟགས་ཡིག་ཆ་རྣམས་ཀྱི་འདྲ་བཤུས་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན། སློབ་སྤྱི་གང་རུང་ནས་དག་མཆན་ཞུས་ཏེ་གཤམ་གསལ་ཁ་བྱང་ཐོག་ཞུ་སྙན་འབུལ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ལ།།
Secretary
Department of Education, CTA
Dharamsala-176215 H.P. (www.sherig.org; education@tibet.net)
བཀའ་ཁྲི་མཆོག་གཞུང་འབྲེལ་ཕྱོགས་ཕེབས།
༢༠༡༢ ཟླ་་ ༥ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ནས་ཚེས་ ༢༧ བར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་རྡ་སའི་ཉེ་འགྲམ་གྱི་བོད་མིའི་གཞིས་ཆགས་ཁག་གཅིག་དང་སློབ་གྲྭ་བཅས་ལ་འཚམས་གཟིགས་གནང་རྒྱུ་དང་། དེ་རྗེས་ཡུ་རོབ་ཀྱི་རྒྱལ་ཁབ་ཨོ་ས་ཀྲེ་རི་ཡར་ཡུ་རོབ་བོད་རིགས་སྤྱི་མཐུན་ཚོགས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པར་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་བཀའ་ཁྲི་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་གོ་པལ་པུར་བོད་ཁྱིམ་སློབ་གྲྭ་དང་བཀྲིས་ལྗོངས་གཞིས་ཆགས། སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭ་བཅས་ལ་འཚམས་གཟིགས་དང་། ཕྱི་ཚེས་ ༡༩ ཉིན་སྦིར་བོད་ཚོགས་དང་སྡེ་དགེ་ས་གནས་སུ་འཚམས་གཟིགས་གནང་རྒྱུ། ཕྱི་ཚེས་ ༢༠ ཉིན་ཅོན་ཏ་ར་དང་སྤོན་ཊོ་ས་གནས་སུ་འཚམས་གཟིགས་དང་། ཕྱི་ཚེས་ ༢༡ ཉིན་སུན་མཚོ་མན་གསུམ་གྱི་མི་མང་ཚང་འཛོམས་ཐོག་གསུང་བཤད་དང་བཞུགས་མོལ་ཚོགས་འདུ་གནང་རྒྱུ། ཕྱི་ཚེས་ ༢༢ ཉིན་མ་ན་ལི་ཁུལ་དུ་འཚམས་གཟིགས་དང་། ཕྱི་ཚེས་ ༢༣ ཉིན་ཀུ་ལུ་དང་བུན་དར་སློབ་གྲྭར་འཚམས་གཟིགས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༤ ཉིན་བུན་དར་ནས་ལྡི་ལིར་མཁའ་ལམ་བརྒྱུད་ཕེབས་འབྱོར་དང་། དེ་ནས་ཨོ་ས་ཀྲེ་རི་ཡར་ཕེབས་ཐོན་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༥ ཉིན་ས་གནས་སུ་ལས་འཆར་གྲུབ་རྗེས་ཕྱི་ཚེས་ ༢༦ ཉིན་ཨོ་ས་ཀྲེ་རི་ཡ་ནས་མུ་ནིཀ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༧ ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་བ་བཅས།།
༸གོང་ས་མཆོག་གི་སྐུའི་སྲུང་ཆར་འགན་ཁུར་ཞུ་རྒྱུ་དེ་ནི་ང་ཚོ་ཚང་མར་འགན་ཡོད་ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུངས་པ།
༢༠༡༢ ཟླ་ ༥ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་སྐུ་ཝིག་ཊོ་རི་ཡ་ནུ་ལནྜ་Victoria Nulandམཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། གསར་འགོད་པ་གཅིག་གིས་ཉེ་ལམ་༸གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གཟའ་ཉི་མའི་གསར་ཤོག་ (Sunday Telegraph) ནང་རྒྱ་ནག་གཞུང་གིས་མགོན་པོ་གང་ཉིད་མཆོག་གི་སྐུ་ལ་ཟློ་བའི་ངན་བྱུས་ཤོམ་བཞིན་ཡོད་སྐོར་གསལ་བཤད་མཛད་སྐོར་དང་སྦྲགས། དྲི་བ་ཞིག་བཏང་བར་མགྲིན་ཚབ་པ་མཆོག་གིས་ལན་འདེབས་གནང་དོན། དེའི་སྐོར་གནས་ཚུལ་བྱེ་བྲག་པ་ཞིག་ཕྲན་ལ་འབྱོར་མེད། འོན་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐོག་ཨ་རིའི་གཞུང་གིས་ལངས་ཕྱོགས་ཇི་འདྲ་འཛིན་བཞིན་ཡོད་པ་ཁྱེད་རྣམ་པས་ཤེས་གསལ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་རྩོད་མེད་ཡོངས་གྲགས་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གུས་བཀུར་ཞུ་ས་ཞིག་ཆགས་ཡོད། དེར་བརྟེན་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཆ་དང་ཁོང་གི་ཞེང་ཕྱོགས་དེར་སྲུང་སྐྱོབ་དང་རྒྱབ་སྐྱོར་ཞུ་རྒྱུ་ང་ཚོ་ཚང་མར་འགན་འཁྲི་ཡོད། ཅེས་ལན་འདེབས་གནང་ཡོད་པ་བཅས།།
དབྱིན་ཇིའི་སྲིད་བློན་མཆོག་མི་སྣ་སུ་ཞིག་དང་མཇལ་འཕྲད་ཞུ་མིན་དེ་སྲིད་བློན་རང་ཉིད་ཀྱིས་ཐག་གཅོད་གནང་གི་ཡོད་སྐོར་གསུངས་པ།
༢༠༡༢ ཟླ་ ༥ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབྱིན་ཇིའི་སྲིད་བློན་སྐུ་ཞབས་ཌེ་ཝིཌ་ཀེམ་མི་རོན་(David Cameron)མཆོག་དང་སྲིད་བློན་གཞོན་པ་སྐུ་ཞབས་ནིག་ཀེ་ལག་མཆོག་(Nick Clegg)མཇལ་འཕྲད་མཛད་པར་རྒྱ་ནག་གཞུང་ནས་སྐྱོན་བརྗོད་བྱས་ཡོད་པར་བརྟེན། དབྱིན་ཇིའི་སྲིད་བློན་ལས་ཁུངས་ཀྱིས་དབྱིན་ཇིའི་སྲིད་བློན་བགྲེས་གཞོན་རྣམ་གཉིས་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པ་དེས་དབྱིན་ཡུལ་དང་རྒྱ་ནག་གི་འབྲེལ་བར་དོ་ཕོག་འགྲོ་དགོས་དོན་གང་ཡང་མེད། ༸གོང་ས་ཏཱ་ལའི་བླ༌མ་མཆོག་ནི་རྒྱལ་སྤྱིའི་ནང་ཆོས་ཕྱོགས་ཀྱི་དབུ་ཁྲིད་གལ་ཆེན་ཞིག་ཡིན་པར་བརྟེན། དབྱིན་ཇིའི་སྲིད་བློན་མཆོག་གིས་བཀུར་འོས་མི་སྣ་དེ་དག་ལ་དུས་རྒྱུན་དུ་ནས་མཇལ་འཕྲད་ཞུས་དང་ཞུ་མུས་རེད། དེར་བརྟེན་དབྱིན་ཇིའི་སྲིད་བློན་མཆོག་གིས་མི་སྣ་སུ་ཞིག་དང་མཇལ་འཕྲད་ཞུ་མིན་ནི་སྲིད་བློན་རང་ཉིད་ཀྱིས་ཐག་གཅོད་གནང་གི་རེད་ཅེས་ལན་འདེབས་གནང་ཡོད་པ་བཅས། །
༸གོང་ས་མཆོག་གིས་ཡུ་རོབ་གཞོན་སྐྱེས་ཚོར་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༥ ཚེས་ ༡༦ རེས་གཟའ་ལྷག་པ།
ཡུ་རོབ་གཞོན་སྐྱེས་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོ་དང་ལྷན།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོ་ལོ་ཝི་ནི་ཡའི་རྒྱལ་ས་མ་རི་བྷོར་གྱི་ཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་མཚམས་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་ཡུ་རོབ་གཞོན་ནུའི་མཐུན་ཚོགསEuropean Youth Forum ཀྱི་འགོ་ཁྲིད་ཚོར་ལམ་སྟོན་བཀའ་སློབ་སྩལ་སྐྱོང་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་སྙིང་སྟོབས་མ་ཞུམ་པའི་ཐོག་ནས་གདོང་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན། ངོས་ལ་མཚོན་ན། ངོས་རང་ལོ་ ༡༦ ལ་རང་དབང་བརླགས་པ་རེད། ལོ་ ༢༤ སྐབས་རྒྱལ་ཁབ་ཤོར་ཡོད་ཀྱང་རེ་བ་དང་སེམས་ཤུགས་མ་ཆགས་པར་མུ་མཐུད་གནས་ཡོད། དེ་མཚུངས་བོད་མི་ཚོ་རྒྱ་ནག་དམར་ཤོག་གི་གདུག་རྩུབ་འོག་མནར་གཅོད་དཀའ་ངལ་ཧ་ཅང་མྱངས་དང་མྱོང་མུས་ཡིན་ནའང་མུ་མཐུད་སྙིང་སྟོབས་འཆང་སྟེ་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་བཞིན་གནས་ཡོད། རང་ལོ་བཅུ་དང་ཉི་ཤུའི་ནང་གི་གཞོན་སྐྱེས་ཚོ་དུས་རབས་ ༢༡ མི་རབས་ཆགས་ཡོད།
ངོས་རང་ནི་དུས་རབས་ ༢༠ མི་ཆགས་ཡོད་པར་བརྟེན་དུས་རབས་ ༢༠ ད་ཆ་རྫོགས་ཟིན། སྤྱིར་དུས་རབས་ ༢༠ ནང་ཕྱི་དངོས་པོའི་འཛུགས་སྐྲུན་གྱི་ཡར་རྒྱས་ཕྲན་བུ་བྱུང་ཡོད་ཀྱང་དུས་རབས་དེའི་ནང་མི་གསོད་ཁྲག་སྦྱོར་ཧ་ཅང་ཚབས་ཆེན་པོ་བྱུང་ཡོད། མི་གསོད་ཁྲག་སྦྱོར་དེ་འདྲ་ཞིག་བྱུང་རྗེས་དེང་སྐབས་གནས་སྟངས་ཇེ་བཟང་དུ་ཕྱིན་ཡོད་ན་དེ་འགྲིག་པ་ཞིག་ལ་ངོས་འཛིན་བྱེད་ཆོག་ཀྱང་དེ་ལས་ལྡོག་སྟེ་དེང་སྐབས་ཨི་རཱག་དང་ཨཕ་གྷ་ནི་སི་ཐན་སོགས་ཀྱི་ནང་རྙོག་གྲ་མང་དག་ཅིག་ལྷག་ཡོད་པ་རྣམས་ཀྱི་རྒྱུ་རྐྱེན་ཆགས་ཡོད། དེར་བརྟེན་གཞོན་སྐྱེས་ཚོས་དཀའ་ངལ་འཕྲད་སྐབས་དཀའ་ངལ་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུའི་འཆར་སྣང་ཞིག་དགོས་གལ་ཆེ། ཞེས་སོགས་ཀྱི་བཀའ་སློབ་སྩལ། ལོ་རྗེས་མར་མ་རི་བྷོར་རྒྱལ་ས་དེ་བཞིན་ཡུ་རོབ་གཞོན་ནུའི་མཐུན་ཚོགས་ཀྱི་རྒྱལ་སར་ངོས་འཛིན་བྱ་རྒྱུ་ཡིན་འདུག ཚོགས་པ་དེས་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་འདྲ་མིན་དཔེར་ན། ཨུ་རུ་སུ་དང་ཨ་ཛར་བྷེ་ཇན་སོགས་ཀྱི་གཞོན་སྐྱེས་ཚོ་དང་འབྲེལ་ལམ་བཙུགས་ཡོད་པ་མ་ཟད། ཚོགས་པ་དེས་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་ཀྱི་ལས་གཞི་འདྲ་མིན་ཐོག་དངོས་ཤུགས་བརྒྱུད་ནས་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་འདུག་པ་བཅས།།
༸གོང་ས་མཆོག་སོ་ལོ་ཝི་ནི་ཡའི་རྒྱལ་ས་མ་རི་བྷོར་དུ་༸ཞབས་སོར་བདེ་བར་འཁོད་པ།
སྐུ་པར་གྱི་ངོ་སོ་སྐུ་སྒེར་ཡིག་ཚང་ལ་ཡོད།
༢༠༡༢ ཟླ་ ༥ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོན་ཌོན་ནས་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་ཡ་ན་བརྒྱུད་མ་རི་བྷོར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
མ་རི་བྷོར་གྲོང་སྡེ་སྤྱི་ཁྱབ་པ་མཆོག་དང་ལྷན། སྐུ་པར་གྱི་ངོ་སོ་སྐུ་སྒེར་ཡིག་ཚང་ལ་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་ཝི་ཡ་ནའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཨོ་སི་ཊི་རི་ཡའི་གསར་ཤོག་གྲགས་ཆེ་ཤོས་ཀློག་པ་པོ་ཁྱོན་མི་གྲངས་ས་ཡ་གསུམ་ལྷག་ཟིན་གྱི་ཡོད་པའི་ཉིན་རེའི་གསར་ཤོག་Kronenzeitung ཞེས་པའི་རྩོམ་སྒྲིག་པ་སྐུ་ཞབས་ཀུཊ་སེ་ནི་ཛི་ Kurt Seinitzལགས་ཀྱིས་༸གོང་ས་མཆོག་ལ་ཨོ་སི་ཊི་རི་ཡའི་མང་ཚོགས་ལ་བཀའ་སློབ་གང་ཞིག་སྩོལ་འཆར་ཡོད་མེད་ཀྱི་དྲི་བ་ཞུས་པར།
མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ཨོ་སི་ཊོ་རི་ཡའི་མི་མང་ཚོ་ཡང་ངོས་དང་འདྲ་བར་འཛམ་གླིང་མི་གྲངས་ཐེར་འབུམ་བདུན་ཡོད་པའི་ཆ་ཤས་ཤིག་ཆགས་ཡོད་པར་བརྟེན། འགྲོ་བ་མི་སྤྱི་མཚུངས་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་འདོད་ཀྱི་མེད། དེར་བརྟེན་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། ལུས་ཚོར་རྐྱང་པར་བརྟེན་པའི་བདེ་བ་དེ་འགྱུར་སླ་བར་བརྟེན་སྙིང་པོ་དེ་ཙམ་མེད། གང་ཡིན་བརྗོད་ན་ལུས་ཚོར་གྱིས་དཔེར་ན། འཇིགས་སྣང་དང་སེམས་ཁྲལ་སོགས་ཞི་བར་བྱེད་མི་ཐུབ།
དེ་ལས་ལྡོག་སྟེ་སེམས་ནང་གི་ཞི་བདེའི་ཚོར་བ་དེས་ལུས་ཀྱི་དཀའ་ངལ་གཟིལ་གྱིས་གནོན་ཐུབ། དེར་བརྟེན་ང་ཚོས་ནང་སེམས་རྒྱུད་དང་འབྲེལ་བའི་རྣམ་གཞག་ལ་དོ་སྣང་ངེས་པར་དུ་སྤྲོད་དགོས། ངོས་ཀྱིས་རྒྱུན་དུ་མི་མང་ཚོར་ཆོས་ལུགས་ལ་མ་བསྟེན་པའི་མིའི་ནང་གི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐུབ་ཚེ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ཡིན་པ་ཤོད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་ལན་སྩལ་བ་དང་སྦྲགས།
མགོན་པོ་གང་ཉིད་མཆོག་དེ་སྔ་ལྷ་སར་བཞུགས་སྐབས་ཨོ་སི་ཊི་རི་ཡ་ནས་ཡིན་པའི་སྐུ་ཞབས་ཧེན་རིཀ་ཧེ་རར་(Heinrich Harrer) དང་པི་ཊར་ཨབ་ཤ་ནེ་ཊར་ (Peter Aufschneiter) བཅས་དང་མཛའ་བརྩེའི་འབྲེལ་བ་དམ་ཟབ་ཡོད་པ་ལུང་འདྲེན་མཛད་དེ་ཨོ་སི་ཊི་རི་ཡའི་མི་མང་དང་འབྲེལ་བ་ཆེན་པོ་ཡོད་སྐོར་དང། ཕྱི་ལོ་ ༡༩༧༣ ལོར་མགོན་པོ་གང་ཉིད་མཆོག་ཡུ་རོབ་ཏུ་ཐོག་མར་ཆིབས་སྒྱུར་བསྐྱངས་པ་ནས་བཟུང་འབྲེལ་བ་མུ་མཐུད་གནས་ཡོད་པར་བརྟེན་ཐེངས་འདིར་ཡང་ཨོ་སི་ཊི་རི་ཡའི་མི་མང་རྣམས་ལ་འཚམས་འདྲིའི་བཀྲི་བདེ་ལེགས་ཞུས་གནང་མཛད་དེ་སོ་ལོ་ཝི་ནི་ཡར་ཆིབས་ཞལ་བསྒྱུར།
སྐུ་པར་སྐུ་སྒེར་ཡིག་ཚང་ནས་མཐུན་འགྱུར་གནང།
སོ་ལོ་ཝི་ཡའི་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་མ་རི་བྷོར་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཕེ་རེངྐ་ཀངྒ་ལར་(Franc Kangler)མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། གནམ་ཐང་དུ་གསར་འགོད་པ་མང་པོ་འདུ་འཛོམས་བྱུང་བ་རྣམས་ལ་འཁྱུག་ཙམ་བཀའ་སློབ་སྩལ་རྗེས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས།
༸གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་མཆོག་དང་སྲིད་བློན་གཞོན་པ་མཆོག་མཇལ་འཕྲད་མཛད་པ།
༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབྱིན་ཇིའི་སྲིད་བློན་སྐུ་ཞབས་ཌེ་ཝིཌ་ཀེམ་མི་རོན་ (David Cameron) མཆོག་དང་སྲིད་བློན་གཞོན་པ་སྐུ་ཞབས་ནིག་ཀེ་ལག་མཆོག་ (Nick Clegg) མཇལ་འཕྲད་མཛད་ཡོད། སྐབས་དེར་སྲིད་བློན་མཆོག་དང་སྲིད་བློན་སྐུ་གཞོན་མཆོག་གིས་བོད་ནང་གི་གནད་དོན་སྐོར་ལ་བཀའ་དྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་དཀའ་ངལ་ཆེན་པོའི་ཐོག་གནས་ཡོད། རྒྱ་ནག་གཞུང་ཕྱོགས་ནས་དཀའ་ངལ་དེ་དག་ག་ནས་ཡོང་གི་ཡོད་པའི་ཞིབ་འཇུག་མ་བྱས་པར་ག་དུས་ཡིན་རུང་དྲག་གནོན་བྱེད་བཞིན་འདུག་པས་དེའི་ཐོག་ང་ཚོར་སེམས་འཚབ་ཡོང་གི་འདུག ཅེས་བཀའ་ལན་སྩལ་ཡོད།
དེ་བཞིན་དབུ་ཁྲིད་རྣམ་པ་མཇལ་འཕྲད་སྐབས་དེང་སང་འཛམ་གླིང་གི་གནས་སྟངས་སྤྱི་དང་ཡང་སྒོས་ཡ་རབ་སྤྱོད་བཟང་གོང་འཕེལ་གཏོང་ཐབས། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས། འཛམ་གླིང་འདིའི་ཐོག་གི་ལྐོག་ཟ་རུལ་སུངས་སོགས་ཀྱི་གནད་དོན་འགོག་ཐབས་ཐད་བཀའ་བསྡུར་གནང་ཡོད། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། དབྱིན་ཇིའི་སྲིད་བློན་བགྲེས་གཞོན་ཁྱེད་རྣམ་པ་གཉིས་དགུང་ལོ་ཆུང་ཆུང་རེད། ལོ་རྒྱུས་ལྡན་པའི་དབྱིན་ཇིའི་རྒྱལ་ཁབ་འདིའི་དབུ་ཁྲིད་ཁྱེད་རང་གཉིས་ཆགས་ཡོད། དེར་བརྟེན་ཁྱེད་རྣམས་གཉིས་ཀྱིས་འཛམ་གླིང་ནང་སྣེ་ཁྲིད་གནང་སྟེ་དྲང་བདེན་ཐོག་ནས་བསྐྱོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེང་སྐབས་མང་ཆེ་བས་དཔལ་འབྱོར་ཁོ་ན་མ་གཏོགས་བསམ་བློ་གཏོང་གི་མི་འདུག་པས་དེར་འགྱུར་བ་ཞིག་འགྲོ་དགོས་ཀྱི་འདུག ཅེས་ལམ་སྟོན་བཀའ་སློབ་ཀྱང་སྩལ་འདུག
དེ་ཡང་ཉིན་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་སན་པོལ་ (St. Paul’s Cathedral) ཡི་ཤུའི་མཆོད་ཁང་ཆེན་མོའི་ནང་ (John Templeton Foundation) ཇོན་ཊེམ་པལ་ཊོན་ཐེབས་རྩས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བ་དར་སྤེལ་དང་ཆོས་ལུགས་མཐུན་སྒྲིལ། ཀུན་ཁྱབ། བཟང་སྤྱོད་ཀྱི་རླབས་ཆེན་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལ་བརྟེན་འདི་ལོའི་གཟེངས་རྟགས་འབུལ་ལམ་ཞུས་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སི་ལོ་ཝི་ཡའི་རྒྱལ་ས་མེ་རི་བྷོར་དུ་ཆིབས་སྒྱུར་གྱི་མཛད་འཕྲིན་རྒྱ་ཆེ་བསྐྱང་གཏན་འཁེལ་བ།
༢༠༡༢ ཟླ་ ༥ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོན་ཌོན་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་སོལ་ཝི་ནི་ཡའི་(Slovenia)རྒྱལ་ས་མེ་རི་བྷོར་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་ལ་ཁུལ་དེའི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཕེ་རེངྐ་ཀང་ལར་མཆོག་(Mr. Franc Kangler)མཆོག་དང་མེ་རི་བྷོར་གཙུག་ལག་སློབ་ཁང་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་པ་ཞིག་ཡིན་འདུག
ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་མེ་རི་བྷོར་གཙུག་ལག་སློབ་གྲྭའི་ནང་དུ་རིག་གཞུང་གཅེས་སྐྱོང་གི་ཐབས་ལམ་གསར་པ། ཞེས་པའི་བརྗོད་གཞི་དང་། ཕྱེད་ཡོལ་སེམས་ཀྱི་ཞི་བདེ་སྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཉིན་གསུམ་པར་མགོན་པོ་གང་ཉིད་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རི་གོ་བྷར་ཏ་མན་ཅུ་ཊུམ་(Dr. Rigoberta Menchú Tum, and)མཆོག་དང་གཙུག་ལག་སློབ་དཔོན་སྐུ་ཞབས་མོཧཱ་མཌ་ཡུ་ནུ་སི་མཆོག (Prof. Muhammad Yunus,) ལུ་ཆི་ཀ་བཅས་(Prof. Lucka Kajfež Bogataj)བཅས་དང་ལྷན་མཇལ་འཛོམས་ཐོག གོ་ལའི་རྩོད་རྙོག་སེལ་ཆེད་ཆིག་སྒྲིལ་དང་གྲོས་མོལ་གྱི་ཐབས་ལམ་གལ་ཆེ་ཡིན་པའི་རྒྱུ་མཚན། ཞེས་པའི་བརྗོད་གཞིའི་ཐོག་ཞི་བདེའི་ལྷན་ཚོགས་གྲུབ་བསྟུན། ༸གོང་ས་མཆོག་གིས་སོལ་ཝི་ནི་ཡའི་རྒྱལ་ཡོངས་འཁྲབ་སྟོན་གྱི་ཚོགས་ཁང་ཆེན་མོའི་མདུན་དུ་ལྡེབས་རིས་གསར་བཞེངས་ལེགས་གྲུབ་བྱུང་བ་དེ་དབུ་འབྱེད་མཛད་རྒྱུ་དང། ལྡེབས་རིས་དེའི་མཚོན་དོན་ནི་ཞི་བདེ་དང་འཁོན་འཛིན་སེལ་བའི་འཆམ་མཐུན་ངང་འཚོ་གནས་བྱ་རྒྱུའི་སྐོར་ཡིན་འདུག
ཕྱི་ཚེས་ ༡༠ ནས་ ༡༨ བར་མེ་རི་བྷོར་གྲོང་ཁྱེར་ནང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སྒྱུ་རྩལ་དཔེར་ན། རྡུལ་མཚོན་དཀྱིལ་འཁོར་དང། བོད་དོན་གཏམ་བཤད་སོགས་འགྲེམས་སྟོན་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་འདུག ༸གོང་ས་མཆོག་ཕྱི་ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཨོ་སི་ཊི་རི་ཡར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༦ ཉིན་མགོན་པོ་གང་ཉིད་མཆོག་གིས་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་ནེའི་(Vienna) ནང་དུ་ཡུ་རོབ་བོད་རིགས་མཐུན་འབྲེལ་ཚོགས་པའི་ཚོགས་ཆེན་དུ་ཆིབས་སྒྱུར་བསྐྱང་སྟེ་ད་ལྟའི་བོད་མི་ཚོར་ཁྱེད་ཀྱི་རྒྱབ་སྐྱོར་དགོས་ངེས་ཆགས་ཡོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇོན་ཊེམ་པེལ་ཊོན་གཟེངས་རྟགས་འབུལ་ལམ་ཞུས་པ།
༢༠༡༢ ཟླ་ ༥ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ལོ་ཌོན་གྱི་རྒྱལ་སྤྱིའི་ནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཊེམ་པེལ་ཊོན་ཐེབས་རྩའི་སྐུ་ཚབ་སྐུ་ཞབས་ཝི་ཌ་ཁ་སི་ཌི་སྟེང་ཞལ་ནས་ཕེབས་བསུར་བཅར་ཡོད་པ་མ་ཟད། རྒྱ་གར་གཞུང་ཚབ་ལས་ཁུངས་ཀྱི་སྐུ་ཚབ་དང་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཕེབས་འགྲོ་བརྒྱུད་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཆེན་པོ་ཧོར་གྱི་མི་རིགས། བལ་པོའི་མི་རིགས་སོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་སན་པོལ་ (St. Paul’s Cathedral) ཡི་ཤུའི་མཆོད་ཁང་ཆེན་མོའི་ནང་ (John Templeton Foundation) ཐེབས་རྩས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བ་དར་སྤེལ་དང་ཆོས་ལུགས་མཐུན་སྒྲིལ། ཀུན་ཁྱབ། བཟང་སྤྱོད་ཀྱི་རླབས་ཆེན་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལ་བརྟེན་འདི་ལོའི་གཟེངས་རྟགས་འབུལ་ལམ་ཞུས་འདུག
དེ་ཡང་ཡི་ཤུ་ཆོས་དཔོན་ལྔ་ཙམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡི་ཤུ་མཆོད་ཁང་ཆེན་མོའི་ནང་གདན་འདྲེན་ཞུས་རྗེས་མཛད་སྒོའི་ཐོག་མར་བོད་པའི་དགེ་འདུན་པ་ཁག་གཅིག་གིས་བདེན་ཚིགས་སྨོན་ལམ་སོགས་གསུང་འདོན་གནང་གྲུབ་མཚམས་བོད་རིགས་ཁག་གཅིག་གིས་བཀྲིས་ཞོལ་པ་དང་དབྱིན་ཇིའི་མི་སྣ་ཁག་གཅིག་གིས་དབྱིན་ཇིའི་རོལ་དབྱངས་གཟིགས་འབུལ་ཞུས་ཡོད། དེ་ནས་སན་པོལ་ཡི་ཤུའི་མཆོད་ཁང་གི་ཆེན་མོ་དེའི་ཆོས་དཔོན་རཱ་པེ་མེལ་ཁ་མཆོག་གིས་འཚམས་འདྲི་ཞུས་དོན། རྣམ་པ་ཚོར་ཞུ་རྒྱུར་དེ་རིང་མཚན་སྙན་ཤིན་ཏུ་ཆེ་བའི་སན་པོལ་མཆོད་ཁང་ནང་ང་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རླབས་ཆེན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མཆོག་གདན་ཞུ་ལྟར་ཆིབས་སྒྱུར་བཀའ་དྲིན་ཆེ་བ་བསྐྱངས་པར་ངས་མཆོད་ཁང་འདིའི་ནང་ནམ་རྒྱུན་ནས་འདུ་འཛོམས་བྱེད་མཁན་མི་མང་དང་དེ་བཞིན་ཡི་ཤུའི་ཆོས་ལ་དད་པ་གནང་མཁན་ཚང་མའི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ལ་ཕེབས་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་མི་རིགས་ཙམ་མ་ཟད། འཛམ་གླིང་སྤྱི་ཡོངས་ལ་ཞི་བདེ་གོང་འཕེལ་གཏོང་གནང་མཛད་མཁན་གྱི་མཚོན་རྟགས་ཤིག་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་རྟག་ཏུ་ཕན་ཚུན་གུས་བརྩི་དང་བཟོད་བསྲན་བྱེད་པའི་ལམ་སྟོན་བཀའ་སློབ་བོད་མི་ཁོ་ནར་མ་ཡིན་པར་འགྲོ་བ་མི་རིགས་ཡོངས་ལ་ལམ་སྟོན་མཛད་བཞིན་ཡོད། དེར་བརྟེན་སྐུ་ཉིད་མཆོག་ད་རེས་འདི་གར་ཆིབས་སྒྱུར་བསྐྱངས་པར་ང་ཚོར་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། ཞེས་ཞུས་ཡོད། དེ་རྗེས་ཇོན་ཊེམ་པལ་ཊོན་ཐེབས་རྩ་ཁང་གི་ཚོགས་གཙོ་ཇོན་ཊེམ་པལ་ཊོན་ (John Templeton) མཆོག་གིས་གསུང་བཤད་གནང་དོན། ཕྱི་ལོ་ ༡༠༡༢ ཊེམ་པལ་ཊོན་གཟེངས་རྟགས་འདི་བཞིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུ་བྱུང་བ་ནི་སྐལ་བཟང་དང་གཟི་བརྗིད་ལྡན་པ་ཞིག་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུའི་གཟེངས་རྟགས་འདི་ང་ཚོའི་ཐེབས་རྩ་ཁང་གི་བཤེར་དཔང་དགུས་ཐག་གཅོད་གནང་བ་ཞིག་རེད། གང་ལ་ཞེ་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་རྟག་ཏུ་བྱམས་པ་དང་སྙིང་རྗེ། ཞི་བདེ་གོང་འཕེལ་ཆེད་སྐུ་ལས་བསྐྱོན་དང་སྐྱོན་མུས་རེད། སྐུ་ཉིད་མཆོག་གིས་ནང་ཆོས་དང་ཚན་རིག་དབར་འབྲེལ་བ་གནང་བ་མ་ཟད། ཆོས་ལུགས་གཞན་གྱི་དབུ་ཁྲིད་རྣམས་དང་འབྲེལ་བ་གནང་བ་བརྒྱུད་ཀུན་ཁྱབ་འགན་ཁུར་དང་འཚེ་མེད་ཞི་བ། ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་ཆེད་རླབས་ཆེན་གྱི་མཛད་འཕྲིན་འགྲན་ཟླ་བྲལ་བ་བསྐྱངས་དང་སྐྱོང་མུས་ཡིན་པར་བརྟེན། གཟེངས་རྟགས་འདི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ལ་འབུལ་ལམ་ཞུས་པ་ཡིན། ཞེས་གསུངས་ཡོད།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཇོན་ཊེམ་པལ་ཊོན་ཐེབས་རྩ་ཁང་ནས་ (John Templeton Foundation) འདི་ལོའི་ཇོན་ཊེམ་པེལ་ཊོན་གཟེངས་རྟགས་འདི་ངོས་ལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ལ་མི་གཞན་དང་མི་འདྲ་བའི་དམིགས་བསལ་དེ་འདྲ་གང་ཡང་མེད། འོན་ཀྱང་ངོས་རང་གི་མི་ཚེའི་ནང་ཞི་བདེ་དང་བྱམས་བརྩེ། བཟོད་བསྲན་སོགས་ཉམས་ལེན་བྱེད་རྒྱུའི་གོ་སྐབས་བྱུང་བར་བརྟེན། ངོས་རང་གི་ཉམས་མྱོང་རྣམས་མི་གཞན་དང་མཉམ་སྤྱོད་བྱེད་ཀྱི་ཡོད། འཛམ་གླིང་འདིའི་ཐོག་འགྲོ་བ་མི་རིགས་ཚང་མ་གཅིག་མཚུངས་ཡིན། དེར་བརྟེན་མི་རིགས་ཕན་ཚུན་དབྱེ་འབྱེད་བྱེད་རྒྱུའི་ཀུན་སློང་དེ་དག་མེད་པ་བཟོ་དགོས། འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་རྣམས་ལྟ་གྲུབ་ཐ་དད་ཡིན་རུང་ཆོས་ལུགས་ཚང་མས་སེམས་བཟང་པོ་དང་བཟོད་བསྲན་བྱེད་དགོས་པ་གསུང་གི་ཡོད། དེ་བཞིན་ངོས་ལ་གནང་བའི་བྱ་དགའི་དངུལ་འབོར་མང་ཆེ་བ་བྱིས་པའི་ཐེབས་རྩ་ཁང་ལ་ (Save the Chidren’s Fund) སྤྲོད་དགོས་པའི་རྒྱུ་མཚན་ནི་ཕྱི་ལོ་ ༡༩༦༠ ནང་བོད་མི་སྐྱབས་བཅོལ་དུ་སླེབས་སྐབས། བོད་པའི་ཕྲུ་གུ་ཚོར་རོགས་མགོན་གཙོ་བོ་གནང་མཁན་ཐེབས་རྩ་ཁང་དེ་ཡིན། ཐེབས་རྩ་ཁང་དེ་ནས་འཛམ་གླིང་ནང་གི་བྱིས་པའི་སློབ་གསོའི་ཐོག་འགྲོ་གྲོན་བཏང་དང་གཏོང་མུས་ཡིན་པར་ངོས་ཀྱིས་ཁྱེད་རྣམས་པའི་ཕྱག་ལས་བསྔགས་བརྗོད་ཞུ་རྒྱུ་ཡིན་སོགས་ཀྱི་བཀའ་སློབ་སྩལ་ཡོད།
དེ་བཞིན་༸གོང་ས་མཆོག་ལ་འཛམ་གླིང་སྟེང་གི་དངུལ་འབོར་ཆེ་ཤོས་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་པའི་དངུལ་རྣམས་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་བྱིས་པ་ཐེབས་རྩ་ཁང་ལ་དབྱིན་སྒོར་ ༩༣༠༠༠༠ དང་། སེམས་དང་སྲོག་གི་ཞིབ་འཇུག་ཁང་ལ་དབྱིན་སྒོར་ ༡༢༥༠༠༠ དེ་ནས་དངུལ་ལྷག་འཕྲོ་རྣམས་རྒྱ་གར་ནང་དགེ་འདུན་པ་ཚོས་ཚན་རིག་སློབ་སྦྱོང་གནང་མུས་ལ་གསོལ་རས་སྩལ་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད།
གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་གནད་ཡོད་མི་སྣ་བརྒྱ་ཕྲག་མང་པོ་ཕེབས་ཆེད་གནང་འདུག་ལ་མཛད་སྒོ་ཆ་ཚང་དྲ་རྒྱའི་ཐོག་འཛམ་གླིང་ཁྱོན་ཡོངས་ལ་བསྟན་ཡོད་པས་མི་མང་ཁྲི་སྟོང་མང་པོས་དངོས་སུ་ཞལ་མཇལ་བ་ལྟར་གཟིགས་ཐུབ་པ་བྱུང་ཡོད།
སྤྱིར་བཏང་གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༡༨༧༢ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། འཛམ་གླིང་སྤྱི་ལ་ཕན་པའི་ལས་དོན་དངོས་ལ་མཚུངས་ཟླ་མེད་པའི་ལེགས་སྐྱེས་འབུལ་མཁན་རྣམས་ལ་འབུལ་སྲོལ་ཡོད་པ་བཅས། །
༸གོང་ས་མཆོག་གིས་གཟེངས་རྟགས་ཀྱི་ཕྱག་དངུལ་བྱིས་པ་རོགས་སྐྱོབ་ཚོགས་པ། སེམས་དང་སྲོག ཚན་རིག་དང་ནང་ཆོས་བཅས་ཚོགས་པ་གསུམ་ལ་གསོལ་རས་སྩལ་བ།
༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇོན་ཊེམ་པལ་ཊོན་ཐེབས་རྩས་ (John Templeton Foundation) འདི་ལོའི་ཇོན་ཊེམ་པེལ་ཊོན་གཟེངས་རྟགས་འབུལ་ལམ་ཞུས་པ་ལྟར། མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་གསར་འགོད་གསལ་བསྒྲགས་ཤིག་སྐབས་གཟེངས་རྟགས་ཀྱི་ཕྱག་དངུལ་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན ( $ 1.7 million) ཡོད་པ་ནས་དུམ་བུ་གཅིག་བྱིས་པ་རོགས་སྐྱོབས་ཐེབས་རྩར་འབུལ་རྒྱུའི་གསལ་བསྒྲགས་མཛད་དོན།
ཆོས་གྲོགས་ཕོ་མོ་ཚོ་ངོས་རང་ལ་གཟེངས་རྟགས་འདི་འདྲ་ཞིག་ཐོབ་པར་ཧ་ཅང་དགའ་པོ་བྱུང། ངོས་རང་དམིགས་བསལ་བ་ཞིག་གང་ཡང་མིན་པར་འགྲོ་བ་མི་ཐེར་འབུམ་བདུན་ཙམ་ཡོད་པའི་ནང་ནས་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན། ཁྱེད་ཚོས་ངོས་ཀྱི་མིག་དང་རྣ་བ་སོགས་ལ་བལྟས་ནས་གཞན་ལས་ཐ་དད་རེད་ཅེས་བརྗོད་རྒྱུ་ཁག་པོ་རེད།
དེར་བརྟེན་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཤིག་ཆགས་ཡོད། ངོས་ལ་མིག་གསུམ་ཡོད་ན་གཅིག་བྱས་ན་ཁྱེད་ཚོ་དང་ཐ་དད་ཡིན་པ་བརྗོད་ཐུབ་ཀྱང་དེ་ལྟར་མེད་ཅེས་ཞལ་ཤོབ་དང་སྦྲགས་བཀའ་སྩལ་བ་མ་ཟད། སྐབས་དེར་༸གོང་ས་མཆོག་གིས་ནང་གི་ཞི་བདེ་གོང་མཐོར་སྤེལ་རྒྱུའི་མཛད་ཁུར་སྔར་བཞིན་སྐྱོང་རྒྱུའི་ཐུགས་བསྐྱེད་བརྟན་པོ་འཆང་གནང་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་དོན། དེང་སྐབས་དངུལ་དང་དཔལ་འབྱོར་ཐོག་ཚད་ལས་བརྒལ་བའི་དོ་སྣང་སྤྲོད་བཞིན་ཡོད་པའི་ཚོར་སྣང་བྱུང། གསར་ཤོག་ནང་ཉིན་ལྟར་དངུལ་ཁོ་ནའི་སྐོར་ཤོད་བཞིན་ཡོད།
དངུལ་དང་དབང་ཆས་ནང་གི་ཞི་བདེ་གོང་མཐོར་གཏོང་ཐབས་མེད། ཆོས་ཁས་ལེན་མིན་དེ་མི་སྒེར་པ་སོ་སོའི་གནད་དོན་རེད། དེར་ང་ཚོ་བྱུས་གཏོགས་གང་ཡང་མེད། འོན་ཀྱང་ནང་གི་ཞི་བདེ་གོང་མཐོར་གཏོང་རྒྱུ་དེར་ཆོས་ཁས་ལེན་མིན་གྱི་ཁྱད་གང་ཡང་མེད་པར་ང་ཚོ་ཚང་མས་དོ་སྣང་སྤྲོད་དགོས། ཁྱིམ་ཚང་ཕྱུག་པོ་ཡིན་ནའང་གལ་ཏེ་བྱམས་བརྩེས་ཕོངས་ཚེ་ཕན་ཚུན་ཕྲག་དོག་དང་ཡིད་ཆེས་བློས་འགེལ་གྱི་བསམ་བློ་མེད་པའི་ཐོག་ནས་དཀའ་ངལ་འཕྲད་ངེས་ཡིན།
ཞེས་བཀའ་སློབ་སྩལ་གྲུབ་རྗེས་གཟེངས་རྟགས་ཀྱི་ཕྱག་དངུལ་དེ་བཞིན་བེད་སྤྱོད་ཇི་ལྟར་མཛད་རྒྱུ་ཡིན་སྐོར་ཐོག་བཀའ་སློབ་སྩལ་དོན། ངོས་སྒེར་ལ་ཆ་མཚོན་ན་རྒྱ་གར་གཞུང་གིས་མཐུན་འགྱུར་ཆ་ཚང་གནང་ཡོད། ངོས་ལ་ནང་མི་བུ་ཕྲུག་ནི་མེད། ངོས་མི་སྒེར་ལ་གྲོད་ཁོག་གཅིག་ལས་མེད། དེར་བརྟེན་དངུལ་དེ་དག་སྒེར་སྤྱོད་བྱ་རྒྱུའི་བསམ་བློ་དང་དགོས་པ་གང་ཡང་མཐོང་གི་མེད། ངོས་ཀྱིས་དངུལ་དེ་དག་ཞལ་འདེབས་རྒྱག་ཆེད་ཚོགས་པ་འགའ་ཤས་ལ་བསམ་བློ་བཏང་རྗེས་བྱིས་པ་རོགས་སྐྱོབ་ཚོགས་པ་དེར་ཞལ་འདེབས་རྒྱག་འདོད་བྱུང། གང་ཡིན་བརྗོད་ན་ཁོང་ཚོས་ཕྲུ་གུ་ཚོའི་ལྟོ་གོས་ཙམ་མ་ཟད། ཕུགས་ལ་ཕྲུ་གུ་དེ་དག་མི་བཟང་པོ་ཞིག་ཆགས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཁྱེད་ཚོས་ངོས་ཀྱི་ལས་དོན་དེར་ངོས་ལེན་གནང་སྟེ་གཟེངས་རྟགས་འདི་བཞིན་གསོལ་རས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཡོད་པ་བཅས།།
ཕ་རན་སིའི་བོད་རིགས་ཚོགས་པའི་ལོ་འཁོར་གཅིག་གི་ལས་བསྡོམས།
༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། ཕྱི་ལོ ༢༠༠༩ ནས ༢༠༡༢ བར་དུ་སྐབས་འདིའི་ཕ་རན་སིའི་བོད་རིགས་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཀྱིས་དབུ་ཁྲིད་འོག་ལས་དོན་སྣེ་མང་བསྒྲུབས་ཡོད་པའི་ཁྲོད་ནས་འདིར་ཁག་གཤམ་གསལ།
༡༽ཕ་རན་སིའི་བོད་རིགས་ཚོགས་པ་དང་པོར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཡུལ་ལུང་འདིར་གནས་སྡོད་བྱེད་མཁན་བོད་རིགས་སྤུན་ཟླ་ཚོ་ཆིག་སྒྲིལ་བྱས་ཏེ་ཕ་རན་སིའི་སྤྱི་ཚོགས་ཁྲོད་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་དང་ཆོས་དང་རིག་གཞུང་བཅས་ངོ་སྤྲོད་དང་ཁྱབ་སྤེལ་བྱ་རྒྱུ་ཡིན་ཞེས་ཚོགས་པའི་སྒྲིག་གཞིའི་ནང་འཁོད་ཡོད་པ་ལྟར་ལོ་རེར་ཉིན་གཉིས་རིང་བོད་ཀྱི་རིག་གཞུང་འགྲེམས་སྟོན་གྱི་ལས་འགུལ་ཞིག་ཕྱི་ལོ་ ༢༠༠༩ ནས་གསར་གཏོད་བྱས་ཏེ་ (Lasalon de la Culture tibétaine) ༢༠༡༡ བར་དུ་མི་ཚོགས་སྟོང་ཕྲག་ལྷག་འདུས་ཐུབ་པའི་བོད་ཀྱི་རིག་གཞུང་འགྲེམས་སྟོན་གྱི་ལས་འགུལ་སྤེལ་ཡོད།
༢༽དཔལ་ཡོན་སློབ་གྲྭའི་སྐོར། བོད་རིགས་ཚོགས་པའི་རྒྱུན་ལས་འགན་བཞེས་ཏེ་ཕ་རི་སིའི་རྫོང་ཁག་ ༡༡ གི་སྤྱི་ཁྱབ་སྐུ་ཞབས་པ་ཐི་རེག་བུ་ལོ་ཤེར་མཆོག་གིས་འཛིན་ཁང་ཞིག་རིན་མེད་གཡར་བ་དང་། ད་ཕན་ལོ་གསུམ་རིང་བེད་སྤྱོད་བྱས་དང་བྱེད་མུས་རེད། དེ་ནི་གཙོ་བོ་ཕ་རན་སིར་འཚར་ལོངས་བྱེད་བཞིན་པའི་བོད་ཕྲུག་ཚོའི་ཆེད་དུ་བོད་ཀྱི་དཔལ་ཡོན་སློབ་གྲྭ་ཞེས་རེས་གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་ཞིག ཕྱི་ལོ་ ༢༠༠༩ ལོའི་ནས་འགོ་བཙུགས་ཏེ་ལོ་ངོ་གསུམ་ལྷག་ཕྱིན། འཛིན་རིམ་ཁག་གསུམ་ཙམ་དང་སློབ་ཕྲུག་ཁྱོན་བསྡོམས་ ༤༦ ཡོད།
༣༽འདས་པའི་ལོ ༩ ལྷག་གི་རིང་བོད་རིགས་ཚོགས་པས་བསགས་པའི་སྤྱི་དངུལ་དེ་ཁང་གླ་ཆེད་གང་བྱུང་འགྲོ་སོང་གཏོང་མི་དགོས་པར་ཚོགས་པའི་ལས་འགུལ་གང་མང་ཅིག་ཁང་པ་རིན་མེད་ཐོབ་ཐབས་བྱས་ཏེ་ལས་འགུལ་མང་དག་ཅིག་སྤེལ་ཡོད། དཔེར་ན། སན་འགུ་རན་ཤན་གྲོང་ཁྱེར་སྤྱི་ཁྱབ་དང་འབྲེལ་བ་བཟུང་སྟེ་ཚོགས་འདུ་མང་པོ་རིན་མེད་ཀྱིས་སྒོ་ནས་སྐོང་ཐུབ་ཡོད།
༤༽ཕྱི་ལོ་ ༢༠༡༠ ཟླ་བ་ ༤ ཚེས ༡༥ ཉིན་སྔ་དྲོ་བོད་ཁམས་དགའ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཆེན་པོ་ཞིག་བྱུང་སྟེ་རང་རིགས་བོད་མི་སྟོང་ཕྲག་ལས་བརྒལ་བ་འདས་གྲོངས་ཕྱིན་སྐབས་ཕ་རན་སིའི་བོད་རིགས་ཚོགས་པས་མ་བསྐུལ་དང་བླངས་ཀྱིས་འགན་བཞེས་ཏེ་ཞལ་འདེབས་སློང་བའི་ལས་འགུལ་ཞིག་སྤེལ་ཡོད། མཐའ་མར་ཡུ་སྒོར་ཉིས་ཁྲི་ཉིས་སྟོང་བཞི་བརྒྱ་བརྒྱད་ཅུ་གྱ་གསུམ་ ༢༢༤༨༣ ཕ་རན་སིར་བཅའ་བཞུགས་རང་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཕུལ་ཏེ་བཞུགས་སྒར་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱིས་འབྲེལ་ཡོད་ལ་འཕྲོད་ཐབས་གང་རོགས་ཞེས་ཞུས།
༥༽ཆབ་སྲིད་དང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཁག་ནི་ཕ་རན་སིའི་བོད་རིགས་ཚོགས་པའི་མཚན་ཐོག་ནས་ཚོགས་གཙོས་བོད་དོན་དང་འབྲེལ་བའི་ཕ་རན་སིའི་གསར་འགྱུར་བརྒྱུད་ལམ་ཁག
བརྙན་འཕྲིན་དང་རླུང་འཕྲིན་ཚན་པ་སོ་སོར་བོད་དོན་ངོ་སྤྲོད་ཀྱི་གཏམ་བཤད་དང་བགྲོ་གླེང་ཁག་ལ་དུས་དང་རྣམ་པ་ཀུན་ཏུ་གང་ཐུབ་མཉམ་ཞུགས་བྱས་ཡོད། ཕ་རན་སིའི་གྲོས་ཚོགས་གོང་འོག་གི་བོད་དོན་རྒྱབ་སྐྱོར་གྲོས་ཚོགས་ཀྱི་འཐུས་མི་ཁག་འབྲེལ་བ་དམ་ཟབ་ཞུས་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་འགུལ་དང་ཚོགས་འདུར་ཐེངས་མང་རིང་མཉམ་ཞུགས་གང་ཐུབ་ཞུས་ཡོད། ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་སླེབས་པའི་མི་རིགས་འདྲ་མིན་དང་མཉམ་སྦྲེལ་བྱས་ཏེ་ལོ་རེར་རྒྱལ་སྤྱིའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐུན་མོང་གིས་སྲུང་བརྩི་ཞུས་དང་ཞུ་མུས་ཡིན། བོད་རིགས་ཚོགས་པས་འགོ་ཁྲིད་དེ་རྒྱ་རིགས་མང་གཙོའི་དོན་གཉེར་བ་ཚོ་དང་འབྲེལ་བ་དམ་ཟབ་བྱས་ཏེ་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་སྐབས་ཁོང་ཚོ་མང་དག་ཅིག་གིས་ང་ཚོའི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད།
རང་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་དག་རྒྱ་རིགས་ཚོར་གསལ་བཤད་དང་ཕན་ཚུན་བསམ་ཚུལ་བརྗེ་ལེན་ཐེངས་མང་བྱས་ཡོད།
༦༽ཕ་རན་སིའི་བོད་རིགས་ཚོགས་པས་འདས་པའི་ལོ་མང་རིང་ལ TCV Select སློབ་མ་གཉིས་ལ་ལོ་རེར་ཡུ་སྒོར་ ༡༠༠༠ སློབ་ཡོན་གྱི་སྦྱིན་བདག་བྱས་ཡོད། བོད་རིགས་ཚོགས་པས་ཕ་རན་སིའི་ལྷོ་ཕྱོགས་སུ་གྲོང་བརྡལ་ཁས་རེས་crest རྫོང་དཔོན་སྐུ་ཞབས Herve MARITON མཆོག་ལ་འབྲེལ་བ་ཞུས་ཏེ་ཁོང་གིས་་བོད་རིགས་སློབ་མ་གཉིས་ལ་ལོ་གཉིས་རིང་གི་སློབ་ཡོན་གནང་རྒྱུ་ཞལ་བཞེས་ཐོབ་ཏེ་སློབ་མ་གཉིས་སློབ་སྦྱོང་དུ་བཏང་ཟིན།
༧༽ཕ་རན་སིའི་བོད་རིགས་ཚོགས་པས་འགོ་ཁྲིད་འོག་ཡུ་རོབ་བོད་རིགས་ཚོགས་པ་རྒྱལ་ཁབ་ཁག་ ༡༢ ནས་ཕེབས་པའི་འཐུས་མི་ ༦༠ ལྷག་ཕྱི་ལོ ༢༠༡༠ ཟླ་བ ༡༠ ཚེས་ ༡༧ ནས་ཉིན་གཉིས་རིང་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པ་སྐོང་ཚོགས་གནང་ཡོད། དེའི་སྐབས་ཀྱི་འགྲོ་སོང་གི་ལྷག་མ་ཡུ་སྒོར ༧༦༧༥་༤༢ བཅས་བོད་རིགས་ཚོགས་པའི་དངུལ་ཁང་ནང་དུ་ཟུར་དུ་བཞག་ཡོད།
༨༽ཕ་རན་སིའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཏུ་ཕྱི་ལོ་ ༢༠༠༩ ནས་ ༢༠༡༢ བར་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་མང་དག་སྤེལ་ཡོད། ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་མང་གཙོ་དུས་ཆེན་དེ་བཞིན་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ་སོགས་གང་ཐུབ་སྤེལ་ཡོད།
༩༽བོད་རིགས་ཚོགས་པའི་ཟློས་གར་ཕ་རན་སིའི་ས་ཁུལ་ཁ་ཤས་སུ་རིག་གཞུང་འཁྲབ་སྟོན་སོགས་ཞུ་ཐུབ་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས ༦ ཉིན་ཕ་རི་སིའི་རྫོང་ཁག་ ༡༡ གི་ཚོགས་ཁང་ཆེན་མོའི་ནང་དུ་བོད་དང་གདུང་སེམས་མཉམ་བསྐྱེའི་ཉི་མོ་ཞིག་སྲུང་བརྩི་ཞུས་ཡོད།
༡༠༽ཚོགས་གཙོ་ཟུར་པས་ཕྱི་ལོ་ ༢༠༡༡ ཟླ ༢ ཚེས་ ༢༡ ཉིན་བཞུགས་སྒར་དུ་ངོ་བཅར་ཐོག་༸གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་ཏེ་མགོན་པོ་གང་ཉིད་ཕ་རན་སིའི་བོད་རིགས་ཚོགས་པས་གདན་འདྲེན་ཞུས་པ་ལྟར་ཕ་རན་སིར་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་དང་དེ་བཞིན་དེང་དུས་སྤྱི་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བའི་བཀའ་སློབ་སྩལ་ཡོད་པ་བཅས།།
ཕ་རན་སིའི་བོད་རིགས་ཚོགས་པའི་ལས་ཁུངས་ནས ༢༠༡༢ ཟླ ༥ ཚེས ༡༠ ལ།།
བོད་མི་གཞིས་ཆགས་ཁག་ནས་ལོ་འཁོར་གཅིག་ནང་བོད་དོན་དང་འབྲེལ་བའི་ལས་དོན་སྣེ་མང་བསྒྲུབས་པ།
༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༡ བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གིས་བོད་དོན་དང་འབྲེལ་བའི་ལས་འགུལ་སྣེ་མང་སྤེལ་བའི་ལས་བསྡོམས་སྙིང་བསྡུས་གཤམ་གསལ།
ཨོ་རི་ས་ཕུན་ཚོགས་གླིང་གི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །ཨོ་རི་ས་ཕུན་ཚོགས་ས་གནས་འགོ་འཛིན་ལས་ཁང་གིས་འདི་ལོའི་ནང་ཕྱི་དྲིལ་ལས་ཁུངས་ནས་བཏང་འབྱོར་བྱུང་བའི་འོད་སྡེར་དང་གསར་ཤོག་གཞིས་གྲོང་ཁག་སོ་སོའི་ནང་མི་མང་ལ་གོ་རྟོགས་སྤེལ་ཆེད་བསྟན་ཡོད་པ་མ་ཟད། འགྲེམས་སྤེལ་ཡང་ཞུས་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ནས་ཉིན་གཉིས་རིང་ས་གནས་འགོ་འཛིན་ལས་ཁང་དང་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཐུན་མོང་གི་གོ་སྒྲིག་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་ཟབ་སྦྱོང་གོ་རྟོགས་སྤེལ་བ་སྦྲགས་དཔེ་དེབ་དང་འོད་སྡེར་རྣམས་གཞིས་གྲོང་སྤྱི་མི་བརྒྱུད་མང་ཚོགས་ལ་བགོས་འགྲེམས་དང་། གཞིས་གྲོང་སོ་སོའི་སྤྱི་མི་རེས་མོས་ཀྱིས་བརྙན་འཕྲིན་ Cable network བརྒྱུད་མང་ཚོགས་ལ་བསྟན་དང་སྟོན་མུས་ཡིན་འདུག
བལ་ཡུལ་མཆོད་འཇོར་བོད་མི་ས་གནས་ཀྱི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁང་གིས་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་བཅུའི་མི་མང་གྲངས་ ༤༩༣༦ ནས་མང་གཙོའི་ལམ་ལུགས་ཐོག་ནས་སྐབས་གསུམ་པའི་ས་གནས་འགོ་འཛིན་ཤོང་ནུབ་ཚེ་རིང་དོན་གྲུབ་ལགས་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བཞིན་རང་གཞུང་ནས་བསྐོ་གཞག་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དུས་ཆེན་ཁག་ཁྱབ་ཁོངས་སེར་སྐྱ་མི་མང་མཉམ་འཛོམས་ཐོག་མཆོད་རྟེན་གཞུང་དགོན་བསམ་གཏན་གླིང་དུ་སྲུང་བརྩི་ཞུ་སྐབས་ས་གནས་ཉེན་རྟོགས་པར་ཆོག་མཆན་ཞུ་གཏུག་ལས་དོན་རིགས་འདི་ག་ལས་ཁུངས་ནས་གནང་བཞིན་པ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༥ ཉིན་དབྱིན་ཇིའི་(BBC new channel. Correspondent Mary Kay Magiste)བཙན་བྱོལ་བོད་མིའི་གནས་སྟངས་དང་། བལ་གཞུང་གི་ལྟ་སྟངས། གཞིས་ལུསབོད་ནང་གི་དཀའ་ངལ། མ་འོངས་བོད་མིའི་གནས་སྟངས་བཅས་ཀྱི་དྲི་བར་ལན་འདེབས་ཞུས། ཕྱི་ཟླ་ ༦ ཚེས་ ༦ ཉིན་བལ་ཡུལ་དུ་ཨ་རི་གཞུང་གི་སྐྱབས་བཅོལ་ཐོག་གི་ལས་སྣེ་ (Kelly )ལགས་ཕེབས་སྐབས་བལ་ཡུལ་ནང་གི་གཞུང་འབྲེལ་གནད་ཡོད་མི་སྣ་ལྷན་ཚོགས་ཐོག་ས་གནས་འགོ་འཛིན་མཆོག་ནས་བལ་ཡུལ་ནང་བོད་མིའི་གནས་སྟངས་དཀའ་ངལ་སྐོར་སྙན་སེང་གསལ་བཤད་ཞུས། ཕྱི་ཚེས་ ༢༡ ཉིན་བལ་ཡུལ་ནང་གི་ཨ་རི་གཞུང་ཚབ་ཀྱི་སྐྱབས་བཅོལ་འབྲེལ་མཐུད་པ་(Amanda Jacobson and Mosses B. Pounds)གཉིས་མཇལ་འཕྲད་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་བལ་ཡུལ་ནང་བོད་མིའི་གནས་སྟངས་སྐོར་གསལ་བཤད་ཞུས། ཕྱི་ཟླ་ ༧ ཚེས་ ༡ ཉིན་ཨ་རི་རང་བཙན་དུས་དྲན་སྲུང་བརྩི་ཉིན་མོར་མགྲོན་འབོད་གནང་བར་ལྟར་ས་གནས་འགོ་འཛིན་ཆེད་བཅར་ཞུས་ཡོད།
ཕྱི་ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། འཇམ་དབྱངས་བཟོད་པ་ལགས་གཉིས་བལ་ཡུལ་བོད་མི་གཞིས་ཆགས་དང་སྒྲིག་འཛུགས་ཁག་ལ་འཚམས་གཟིགས་གྲུབ་རྗེས་ཕྱིར་རྒྱ་གར་དུ་ཕྱིར་ལོག་ཕེབས་སྐབས་ཀཐ་མན་གྲུ་གནམ་ཐང་ནས་ཕྱིའི་རྒྱལ་ཁབ་མི་སེར་ལྟར་གྱི་གནམ་གླ་སྤྲོད་དགོས་བྱུང་བར་ས་གནས་འགོ་འཛིན་དང་ལས་དྲུང་གཉིས་གནམ་གྲུའི་ལས་ཁུངས་སུ་ངོ་བཅར་གྱིས་ཁྲིམས་དང་མི་མཐུན་པའི་བོད་མིར་མཐོང་ཆུང་གི་དངུལ་འབོར་འཕར་མ་བླངས་པ་ནི་ཁྲིམས་འགལ་ཡིན་པས་གསལ་བཤད་ཡིག་ཐོག་དགོས་སྐོར་ཞུ་སྙན་ཕུལ་བར་དངུལ་འབོར་འཕར་མ་བླངས་པ་རྣམས་ཕྱིར་སྤྲོད་ཀྱི་ཕྱིན་ཆད་དེ་རིགས་མི་ཡོང་ཆེད་ལས་བྱེད་ཚོར་ལམ་སྟོན་བཀོད་ཁྱབ་གནང་རྒྱུའི་ཁས་ལེན་སོགས་ས་གནས་ཀྱིས་གསར་ཤོག་དང་གློག་འཕྲིན་ཐོག་གསལ་བསྒྲགས་གནང་ཡོད། ཕྱི་ཟླ་ ༨ ཚེས་ ༤ ཉིན་ཨ་རིའི་གཞུང་མི་སྣ་(Virgina S. Terhar. Program Analyst of Asia and Near East. Bureau of Population. Refugee and Migration) ས་གནས་འགོ་འཛིན་ལས་ཁུངས་སུ་ཕེབས་བསུ་དང་བོད་མིའི་དཀའ་ངལ་སྙན་གསེང་དང་དྲི་བར་ལན་འདེབས་གཡས་གཡོན་དང་ཚེ་རིང་རྒན་གསོ་ཁང་དུ་འཚམས་གཟིགས་སུ་སྣེ་ཁྲིད་ཞུས།
ཕྱི་ཚེས་ ༡༤ ཉིན་ས་གནས་འགོ་འཛིན་བལ་ཡུལ་ནང་ས་གནས་གང་དུ་སྐྱོད་ཆོག་པ་དང་ལས་འགན་སྐོར་ངོ་སྦྱོར་ཞུས་པར་ཀཐ་མན་གྲུ་རྫོང་དཔོན་ནས་ཆོས་འཇོར་བོད་མིའི་སྐྱབས་བཅོལ་ལས་ཁུངས་དང་ས་གནས་འགོ་འཛིན་ངོས་འཛིན་གྱི་བལ་ཡུལ་ནང་ས་གནས་གང་དུ་སྐྱོད་ཆོག་པའི་དམིགས་བསལ་ཡིག་ཐོག་གནང་སོན་བྱུང་། ཕྱི་ཟླ་ ༩ ཚེས་ ༢ ཉིན་ས་གནས་འགོ་འཛིན་ནས་མང་གཙོའི་དུས་ཆེན་སྲུང་བརྩིའི་ཆེད་བལ་གཞུང་རྫོང་དཔོན་དང་ས་གནས་ཉེན་རྟོག་པར་བཀའ་འཁྲོལ་གནང་སྐྱོང་གང་ཐུབ་ཞུས་ཀྱང་བྱུང་མེད། ཕྱི་ཟླ་ ༡༠ ཚེས་ ༦ ཉིན་རྒྱ་ནག་པེ་ཅིང་ནས་ཡིན་པ་རྩོམ་པ་པོ་ཝང་ཡུན་ས་གནས་སུ་སླེབས་སྐབས་ས་གནས་འགོ་འཛིན་གྱིས་བཙན་བྱོལ་བོད་མིའི་གནས་སྟངས་དང་གཞུང་གི་ལྟ་གྲུབ་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་སྐོར་འགྲེལ་བཤད་ཞིབ་ཕྲ་ཞུས། ཕྱི་ཚེས་ ༡༨ ཉིན་ཨ་རི་གཞུང་ལས་སྣེ་(Charlotte Oldham Moore.)བལ་ཡུལ་ནང་ཕེབས་སྐབས་ཁྲ་མལ་བདེ་ཆེན་ཟ་ཁང་དུ་ཉིན་དགུང་ཞལ་ལག་ལྷན་འཛོམས་ཐོག་ས་གནས་འགོ་འཛིན་ངོ་བཅར་གྱིས་བོད་མིའི་དཀའ་ངལ་དང་རྒྱ་གཞུང་གིས་བལ་གཞུང་ལ་གནོན་ཤུགས་ཐོག་བོད་མིའི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་དང་། ཨ་རིའི་གཞུང་ནས་བོད་མི་སྐྱབས་བཅོལ་ལེན་འཆར་ལྟར་བལ་གཞུང་ལ་ཞུ་གཏུགས་ཀྱི་ལེན་རོགས་ཞུ་རྒྱུ་སོགས་བྱུང་ཡོད། ཕྱི་ཟླ་ ༡༢ ཚེས་ ༢ ཉིན་ཕ་རན་སིའི་བརྙན་འཕྲིན་གསར་འགོད་པ་ལས་ཁུངས་སུ་ཕེབས་སྐབས་ས་གནས་འགོ་འཛིན་གྱིས་བལ་ཡུལ་བོད་མིའི་གནས་སྟངས་སྤྱི་དང་དམིགས་བསལ་སྐྱབས་བཅོལ་ལག་དེབ་དཀའ་ངལ་སྐོར་གསལ་བཤད་དང་རྒྱ་གར་ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེས་ལས་འགུལ་འདིའི་ཐོག་འབྲེལ་མཐུད་གནང་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༣ ཉིན་(Correspondent of Aljazeera TV news channel) གསར་འགྱུར་བརྙན་འཕྲིན་ཐོག་སྟོན་པའི་བཀའ་ཤག་གི་བཀོད་ཁྱབ་བཞིན་གདུང་སེམས་མཉམ་སྐྱེའི་ཞབས་རིམ་གསོག་སྒྲུབ་སྐབས་དང་བོད་མིའི་གནས་སྟངས་དྲི་བ་ཁག་ལ་ལན་འདེབས་ཞུས་ཡོད། དེ་བཞིན་ཨ་རི་གཞུང་གི་ལས་སྣེ་(Jennifer Hendrix.)མཆོག་བལ་ཡུལ་ཕེབས་སྐབས་བལ་ཡུལ་དུ་བོད་མིའི་གནས་སྟངས་དམིགས་བསལ་བོད་མིའི་གནས་སྟངས་དཀའ་ངལ་སྐོར་སྙན་གསེང་གི་ཨ་རི་གཞུང་དང་མི་མང་ནས་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས།
ཕྱི་ཚེས་ ༢༧ ཉིན་དཔལ་འབྱོར་གསར་ཤོག་གི་གསར་འགོད་པར་འདི་ལས་ཁུངས་ནས་བོད་མིའི་གནས་སྟངས་དང་དྲི་བ་ཁག་ལ་ལན་འདེབས་ཞུས་ནས་ཕྱི་ཟླ་ ༣ ཚེས་ ༩ ཉིན་བཀོད་དེ་འཛམ་གླིང་གང་སར་ཁྱབ་ཐུབ་པ་བྱུང་ཡོད། བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༣ འདི་མཆོད་རྟེན་ཁུལ་གྱི་གཞུང་དགོན་བསམ་གཏན་གླིང་དུ་སྲུང་བརྩི་མ་གནང་གོང་ས་གནས་འགོ་འཛིན་དང་། བལ་ཡུལ་དོན་གཅོད་ཁང་གི་དྭང་བླང་བོད་མིའི་འབྲེལ་མཐུད་མཉམ་ཀཐ་མན་གྲུ་རྫོང་དཔོན་ལས་ཁུངས་དང་མཆོད་རྟེན་ཉེན་རྟོག་ལས་ཁུངས་སུ་ངོ་བཅར་གྱིས་བཀའ་འཁྲོལ་ཞུས་ཏེ་ཀོ་པན་དགོན་པ་དང་སློབ་གྲྭ་ཁག་རྒྱལ་འཕགས་འཇོ་ཁེལ་ནས་ཕེབས་མི་ཚོར་བཀག་ཉར་མེད་པ་དུས་ཆེན་སྲུང་བརྩི་གང་ལེགས་བྱུང་ཡོད་འདུག
སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དུ་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་མཛད་སྒོར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨོན་ཀར་ཤ་མརམཆོག་དབུས་གཞན་རྒྱ་གར་དཔོན་རིགས་ཁག་དང་རྒྱུན་གཏན་འབྲེལ་གཏུག་བྱེད་ཡུལ་རྒྱ་གར་ལས་ཁུངས་ཁག་གི་ལས་བྱེད་རྣམ་པ། མི་མང་ཚོགས་སྡེ་ཁག་རྒྱུན་ལས། དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་ས་གནས་འགོ་འཛིན་ནས་དུས་ཆེན་ངོ་སྤྲོད་དང་འབྲེལ་བཀའ་ཤག་གསུང་བཤད་སྒྲོགས་སྦྱང་དང་སྦྲགས་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས། དེ་བཞིན་བོད་མིའི་སྡོད་སྒར་ཁག་ཏུ་མི་མང་གོ་རྟོགས་གོང་འཕེལ་སླད་བོད་དོན་གནས་ཚུལ་སོགས་འོད་སྡེར་ས་གནས་སུ་འབྱོར་མཚམས་གཞོན་ནུའི་བརྙན་འཕྲིན་གྱི་འཕྲིན་ལམ་བརྒྱུད་ཁྱབ་ཁོངས་མང་ཚོགས་ལ་བསྟན་པ་དང་གཡར་པོ་ཡང་ཞུ་བཞིན་ཡོད། པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ས་གནས་གཞོན་ནུ་དང་བུད་མེད་ཀྱི་གོ་སྒྲིག་སྲུང་བརྩིར་ཆེད་བཅར་ཞུ་བཞིན་ཡོད། ཕྱི་ཟླ་ ༩ ཚེས་ ༢ ཉིན་རང་གཞུང་མང་གཙོའི་དུས་ཆེན་སྐབས་ས་གནས་འགོ་འཛིན་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། མང་ཚོགས་ཀྱི་ཆ་ཤས་ལེན་སྟངས་སྐོར་ལམ་སྟོན་དང་། བཀའ་ཤག་གི་གཏམ་བཤད་མང་ཚོགས་ལ་སྒྲོགས་སྦྱང་ཞུས། ཕྱི་ཟླ་ ༢ ཚེས་ ༨ ཉིན་བོད་ཀྱི་ས་ཁུལ་རྔ་པ་གཙོས་བྲག་མགོ་དང་། རྒྱལ་རོང་། གསེར་རྟ་སོགས་སུ་བོད་མི་བརྒྱ་ཕྲག་མང་པོས་ལས་འགུལ་རིམ་བྱུང་བར་རྒྱ་དམག་གི་ཚད་ལས་འདས་པའི་དྲག་གནོན་ལ་གདུང་སེམས་མཉམ་སྐྱེ་སླད་ས་གནས་བོད་མི་འདུ་འཛོམས་ཀྱི་མཆོད་འབུལ་སྨོན་ལམ་དང་། སིམ་ལ་གྲོང་སྡེའི་ནང་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སོགས་ཚགས་ཚུད་སྤེལ་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་ལོ་གསར་འཁེལ་བ་དང་སྟབས་བསྟུན་གཞིས་མི་ཡོངས་གཞིས་ཆགས་ཀྱི་མཆོད་ཁང་དུ་ལྷན་འཛོམས་ཐོག་མཆོད་འབུལ་སྨོན་ལམ་དང་ཆོས་ཕྱོགས་འབྲེལ་བའི་རྒྱུན་སྲོལ་བྱེད་སྒོ་ཁག་གནང་ཡོད།
འབིར་བོད་ཚོགས་གཞིས་ཁང་གི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢ ཉིན་འབིར་བོད་ཚོགས་གཞིས་ཁང་ནས་ས་གནས་སུ་མང་གཙོའི་དུས་དྲན་ཐེངས་ ༥༣ པ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པའི་བཙན་བྱོལ་བོད་ཀྱི་དྲ་བརྙན་གསར་འགྱུར་ཡོངས་རྫོགས་འདི་ཁུལ་དུ་འབྱོར་མ་ཐག་མི་མང་འདུ་འཛོམས་དང་། དེ་མིན་གཞིས་ཆགས་ཀྱི་གཞིས་མི་ཡོངས་ལ་བརྙན་འཕྲིན་བརྒྱུད་བསྟན་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༩ ཉིན་ས་གནས་སུ་ཨ་རིའི་སྐུ་ཚབ་དོན་ཁང་གི་ལས་བྱེད་བཀྲིས་ལགས་དང་རྒྱ་རིགས་སྐུ་ཞབས་གདུང་ཞི་ལགས་གཉིས་གཞིས་ཆགས་ཁག་ལ་གཟིགས་སྐོར་དང་འབྲེལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ངོ་སྤྲོད་ཀྱི་འོད་སྡེར་བཟོ་རྒྱུ་དང་འབྲེལ་བོད་མིའི་སྤྱི་ཚོགས་གནས་སྟངས་རྒྱ་རིགས་མང་ཚོགས་ནང་སྔར་ལས་གཏིང་ཟབ་ངོ་སྤྲོད་བྱ་རྒྱུར་ཕན་ཐོགས་ཡོང་སླད་ས་གནས་མཐུན་འགྱུར་གང་ཐུབ་ཞུས་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ བས་ ༢༦ བར་ཕྱི་དྲིལ་ཁོར་ཡུག་ཚན་པ་ནས་བོད་མཐོ་སྒང་གི་ཁོར་ཡུག་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཆེད་འགྲེམས་སྟོན་རྒྱས་པ་ཞིག་གོ་སྒྲིག་ཞུས་ཡོད།ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་ཉིན་མོར་སྐོར་(Janta TV)སྐོར་མི་མང་ལ་གསལ་བསྒྲགས་དང་ཕྱི་དྲིལ་ལས་ཁུངས་ནས་འདི་ག་ལས་ཁུངས་སུ་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་དང་རྒྱ་གར་(Janta TV)གཉིས་ཀྱི་གོ་སྒྲིག་འོག་དཔལ་དུས་དབང་ཐེངས་ ༣༢ པའི་སྐབས་ཉིན་རེའི་བཀའ་ཆོས་རྣམས་ཐད་ཀར་རྒྱང་སྲིང་གནང་རྒྱུ་ཡིན་པའི་སྐོར་ཡང་གསལ་བསྒྲགས་ཞུས་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༥ ཉིན་ས་གནས་འགོ་འཛིན་གྱིས་གོ་སྒྲིག་འོག་འབིར་བོད་ཚོགས་གཞིས་ཆགས་ཀྱི་ཚོགས་ཁང་ནང་མི་མང་རྣམས་ལ་དབུ་མའི་ལམ་གྱི་གོ་རྟོགས་ཡོང་སླད་ས་གནས་འགོ་འཛིན་གྱིས་འགྲེལ་བརྗོད་གཟབ་རྒྱས་གནང། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་འཆར་འགོད་དང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ཁག་གཅིག་ས་གནས་ས་ཐོག་ཏུ་ཕེབས་ནས་མི་མང་ལ་དབུ་མའི་ལམ་གྱི་གོ་རྟོགས་ག་ཚོད་བྱུང་ཡོད་མེད་མི་མང་ལ་དྲི་བ་དྲིས་ལན་གནང་རྒྱུ་མཐུན་འགྱུར་ཞུས་ཡོད།
ཀོ་ལེ་གྷལ་དོན་ལྡན་གླིང་གི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཀོ་ལེ་གྷལ་དོན་ལྡན་ས་གནས་སུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་རས་སྩལ་དགོས་དོན་སྐོར་མི་མང་ལ་གསུང་བཤད་གནང། ཕྱི་ཟླ་ ༧ ཚེས་ ༤ ནས་ ཉིན་གྲངས་གསུམ་རིང་བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་དང་སྒྲོལ་དཀར་སྐྱབས་ལགས་ཀྱིས་ས་གནས་སུ་འཚམས་གཟིགས་དང་སྦྲགས་མང་ཚོགས་ལ་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་སྐོར་སོགས་གསལ་བཤད་གནང་ཡོད། དེ་བཞིན་སྐབས་ ༡༥ དབུས་གཙང་སྤྱི་འཐུས་གཉིས་ཀྱི་འོས་གྲངས་དགོས་ངེས་ཀྱི་བརྒྱ་ཆ་མ་ལོན་སྟབས། འོས་བསྡུ་འཕར་མའི་ལས་རིམ་རྣམས་འོས་བསྡུའི་སྒྲིག་གཞི་དགོངས་དོན་ལྟར་ལག་བསྟར་ཚགས་ཚུད་ཞུས་ཡོད། དེ་བཞིན་ས་གནས་སུ་ཕྱི་དྲིལ་ལས་ཁུངས་ནས་བཏང་བའི་འོད་སྡེར་ཁག་མང་ཚོགས་ལ་བསྟན་ཡོད་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་། བྱུང་རིམ། གྲུབ་འབྲས་བཅས་སྐོར་ཡང་ངོ་སྤྲོད་ཞུས་ཡོད། བོད་བསྟན་སྲིད་དོན་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གོ་སྒྲིག་ཞུས། བཀའ་སྤྱི་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་ལས་འགུལ་ཁག་ནང་ས་གནས་མི་གྲངས་ ༡༠༠ མཉམ་ཞུགས་ཞུས་ཡོད། བཀའ་སྤྱི་གཉིས་ནས་བཀོད་ཁྱབ་གནང་དོན་ལྟར། ཆུ་འབྲུག་ལོ་ནས་བཟུང་བོད་མི་གནས་ཡུལ་ཡོངས་དུ་ལྷག་དཀར་སྲུང་བརྩི་ཞུ་དགོས་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༩ ཉིན་བཟུང་ནས་སྲུང་བརྩི་ཞུས་དང་ཞུ་མུས་ཡིན། དེ་བཞིན་གསུམ་བཅུའི་དུས་དྲན་དང་མང་གཙོའི་དུས་ཆེན་སོགས་ཀྱང་སྲུང་བརྩི་ཞུ་བཞིན་ཡོད།
ས་ཊོན་ཀ་ཐོག་བོད་མིའི་གཞིས་ཆགས་ཀྱི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་དུས་དྲན་སྲུང་བརྩིའི་སྐབས་ས་གནས་འགོ་འཛིན་ལས་ཁུངས་ལས་བྱེད་དབུས་སིར་མུར་རྫོང་ཁོངས་བོད་མིའི་གཞིས་ཆགས་བཞི་དང་། པོན་ཊ་སམ་བྷོ་ཊ་གཏན་སློབ་སེར་སྐྱ་མི་མང་བཅས་འདུ་འཛོམས་ཐོག་བྷུབ་པུར་བྷི་ཊུ་ཚོང་ཁང་ནས་ཞི་བའི་གོམ་འགྲོས་འགོ་ཚུགས་ཀྱིས་གྷརྡུ་ཝ་རཱ་ཐང་ཆེན་དུ་ལས་རིམ་མཇུག་བསྡོམས་གནང་ཡོད། ལོ་གསར་སྐབས་དགའ་སྟོན་གང་ཡང་མི་གནང་བར་ཆོས་ཕྱོགས་ཐོག་ནས་བོད་ནང་རང་ལུས་མེར་སྲེག་བཞིན་པའི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷག་དཀར་སྲུང་བརྩི་ཞུས་དང་ཞུ་མུས་ཡིན། ༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་དང་མང་གཙོའི་དུས་ཆེན་སོགས་སྲུང་བརྩི་ཞུ་བཞིན་ཡོད། ༸གོང་ས་མཆོག་གི་བཀའ་སློབ། མང་གཙོའི་ཀ་བ་གསུམ་གྱི་འགྲོ་སྟངས། ཤེས་ཡོན། ཆབ་སྲིད། འཕྲོད་བསྟེན་སོགས་ལམ་སྟོན་དང་ཕྱི་ནང་མཁས་དབང་ཁག་གི་གསུང་བཤད་བརྙན་འཕྲིན་འོད་སྟེར་གནང་སོན་བྱུང་བ་བཅུ་དཔོན་བརྒྱུད་མང་ཚོགས་ལ་བསྟན་པར་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད་པའི་དགོངས་འཆར་གསུང་གི་འདུག་ལ་རང་གཞུང་གི་བཀའ་དགོངས་ལྟར་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་ཐེངས་གཅིག་སྤེལ་ཏེ་སྙན་ཐོ་ཕུན་ཟིན་པ་བཅས།།
རཱ་ཇི་སྤུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭའི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་སྲུང་བརྩི་དང་འབྲེལ་བོད་ནང་ཛ་དྲག་གནས་སྟངས་ཀྱི་རང་ལུས་མེར་གཅིག་མཇུག་གཉིས་མཐུད་ཡོང་བཞིན་པར་སོང་འདི་གའི་མང་ཚོགས་ནས་གནས་ཚུལ་གོ་ཐོས་ཡོང་རིམ་བཞིན་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་གནང་བཞིན་ཡོད། གཞན་ཡང་སྡེ་ར་ལྡུནན་ས་གནས་ཀྱི་མང་ཚོགས་ནས་བོད་ནང་གནས་ཚུལ་དང་ཇི་བྱུང་མཁྱེན་རྟོགས་ཆེད་ལས་འགུལ་ཡིག་ངག་གཉིས་ཐོག་ནས་སྤེལ་ཡོད། ཕྱི་ཟླ་ ༥ ཚེས་ ༡༣ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པར་འདི་གའི་ཁྱབ་ཁོངས་མང་ཚོགས་འདུ་ཚོགས་ཀྱི་ཚོགས་འདུ་ཚོགས་དགོས་པའི་རྒྱབ་ལྗོངས་གསལ་བསྒྲགས་ནང་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་༸གོང་ས་མཆོག་གསུང་འཕྲིན་རིན་པོ་ཆེར་གྲོས་ཚོགས་ནང་བགྲོ་གླེང་དང་། བཞུགས་མོལ་ཚོགས་འདུ། ཚོགས་ཆུང་ཆ་བགོས་ནང་གོ་བསྡུར་གྱི་མཐར་ཕྱི་ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་བཞག་སྟེ་སྐུ་སྒེར་ཡིག་ཚང་བརྒྱུད་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཀྱང་། ༸གོང་ས་མཆོག་གི་གསུང་འཕྲིན་ལ་འགྱུར་བ་མེད་པའི་གྲོས་ཆོད་ཕྱིར༌སྩལ་གྱི་ཆབ་སྲིད་སྐུ་དབང་བཞེས་རྒྱུ་མིན་པའི་སྔ་ཕྱིའི་བཀའ་སློབ་མང་ཚོགས་ལ་གསལ་བཤད་དང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་འབྲུ་དོན་རེ་རེ་བཞིན་མང་ཚོགས་ལ་གསལ་བསྒྲགས་བསམ་ཚུལ་བསྡུ་ལེན་གྱི་དགོང་འཆར་བྱུང་བའི་དོན་གནད་ཕྱོགས་བསྡོམས་མི་འཐུས་བརྒྱུད་ཚོགས་ཆེན་དུ་འབུལ་ཐུབ་པ་དང་ཚོགས་ཆེན་གྱི་དོན་གནད་ཁག་གལ་ཆེ་ཁག་མང་ཚོགས་ལ་དུས་སུ་གསལ་བསྒྲགས་ཞུས་ཡོད། ཕྱི་ཚེས་ ༢༥ ནས་ཉིན་བཞིའི་རྩོད་རྙོག་འདུམ་སྒྲིག་ཁང་གི་ཟབ་སྦྱོང་ཞིག་བདེ་སྐྱིད་གླིང་ཚོགས་ཁང་དུ་ཚོགས་སྐབས་འདི་གའི་ཁྱབ་ཁོངས་ནས་མཐོ་སློབ་སྐྱོད་བཞིན་པའི་སློབ་མ་གྲངས་ ༥ མཉམ་ཞུགས་ཐུབ་པ་བྱུང་ཡོད།
ཕྱི་ཟླ་ ༧ ཚེས་ ༦ ཉིན་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་༸གོང་ས་མཆོག་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་མཛད་རྣམ་ལས་བཀའ་དྲིན་བསམ་གྱི་མི་ཁྱབ་པ་ཡིན་སྐོར་མང་ཚོགས་དང་སློབ་ཕྲུག་ལ་ངོ་སྤྲོད་གནང་། ཕྱི་ཚེས་ ༢༥ ནས་ཟླ་གཅིག་ལྷག་རིང་མཉམ་ལས་ཁུངས་གནས་འཁོད་བུ་མོ་ ༢༠ ལ་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་བོད་ས་ཤོར་ནས་ཆབ་སྲིད་ཀྱི་འཕོ་འགྱུར་རིམ་པ་ཇི་བྱུང་སྙིང་བསྡུས་དང་བཅའ་ཁྲིམས་སོགས་རྒྱུན་མཁོ་ཤེས་བྱ་ཁག་གོ་རྟོགས་སྤེལ་ཡོད། ཕྱི་ཟླ་ ༨ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་གཉིས་རཱཇ་སྤུར་ཁུལ་བོད་རིགས་ཡོངས་ལ་བོད་ཁྱིམ་ཚོགས་ཁང་དུ་བོད་ཀྱི་གནས་སྟངས་དང་། བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པའི་བྱུང་རིམ། སྐབས་ ༡༤ པའི་གྲོས་ཚོགས་འཕར་མ། གྲོས་ཚོགས་ཐེངས་དང་པོ་སྐོར་རྗེས་མང་ཚོགས་ལ་དྲི་བར་ལན་འདེབས་བཅས་གནང་ཡོད། ཕྱི་ཟླ་ ༦ ཚེས་ ༡༩ ཉིན་དབུས་གཙང་ཆོལ་ཁའི་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོ་དང་ཕྱི་ཟླ་ ༩ ཚེས་ ༤ ཉིན་དངོས་གཞིའི་སྐབས་སུ་འདི་ཁྱབ་ཁོངས་མི་མང་བཟོ་གྲྭ་དང་ཁ་ཐོར། བོད་ཁྱིམ། ཚེ་རིང་དོན་ལྡན་གླིང་གཞིས་གསར་བཅས་སུ་འོས་འཕེན་གོ་སྐབས་གལ་ཆེ་ཡིན་པའི་གསལ་བསྒྲགས་འབོད་སྐུལ་སྔོན་ནས་བྱས་རྗེས་སྤྱི་ཡོངས་ཀྱི་ལྡེ་ར་སྡུན་ས་ཁུལ་ནང་ནས་རཱཇ་སྤུར་ཁྱབ་ཁོངས་མི་མང་གི་བརྒྱ་ཆ་ཚད་མཐོའི་ཆ་ཤས་བླངས་ཏེ་འོས་འཕེན་ལས་དོན་ཚགས་ཚུད་བྱུང་ཡོད། ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་བཀའ་ཤག་བཀོད་ཁྱབ་ལྟར་བོད་ནང་བོད་མི་རིགས་རྒྱལ་ཁབ་དོན་རང་ལུས་མེར་སྲེག་གི་དཔའ་བོ་དཔའ་མོ་འདས་གསོན་ཡོངས་དང་རྒྱའི་བཙོན་འོག་དཀའ་སྡུག་མྱང་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་སླད་མཆོད་འབུལ་སྨོན་ལམ་ཚོགས་ཡོད། ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་སྡེ་ར་སྡུན་སློབ་གྲྭ་ནས་གསོལ་འདེབས་ཆིབས་སྒྱུར་བསྐྱངས་སྐབས་རང་རིགས་མང་ཚོགས་ལ་ཐུགས་བརྩེའི་བཀའ་སློབ་སྩལ་སྐབས་གོ་སྒྲིག་ཐད་མཐུན་འགྱུར་ཞུས། ཕྱི་ཚེས་ ༡༨ ནས་ཉིན་གསུམ་རིང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ལྡི་ལིར་གོ་སྒྲིག་གནང་བའི་ལས་འགུལ་ནང་འདི་ག་ས་གནས་ནས་མི་གྲངས་ ༥ མཉམ་བཞུགས་གནང་ཡོད། ཕྱི་ཟླ་ ༡༡ ཚེས་ ༥ ཉིན་ཉེ་ལམ་བོད་ནང་གྲྭ་ཟླ་བ་ཚེ་རིང་ལགས་དང་བཙུན་མ་དཔལ་ལྡན་ཆོས་འཚོ་གཉིས་ཀྱི་རང་ལུས་མེར་སྲེག་ལ་གདུང་སེམས་མཉམ་སྐྱེ་སླད་སྨོན་ལམ་དང་མ་ཎི་གསོག་སྒྲུབ་ཞུས། ལྡི་ལིར་ན་གཞོན་ཞིག་ནས་གོང་མཚུངས་གནས་ཚུལ་ཐོན་པར་སོང་བཀའ་སྤྱི་གཉིས་ཀྱི་གསར་འགོད་གསལ་བསྒྲགས་དང་བོད་ནང་ཛ་དྲག་གནས་ཚུལ་མང་ཚོགས་ལ་མཁྱེན་རྟོགས་ཆེད་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༥ ཉིན་བཟོ་གྲྭའི་འགོ་མང་ཡོངས་འདུ་འཛོམས་ཀྱི་བོད་ནང་གསེར་རྟ་དང་བྲག་མགོར་བོད་མི་ཞི་རྒོལ་བ་ ༦ དམར་གསོད་དང་ ༤༠ ཙམ་རྨས་སྐྱོན་རང་ལུས་མེར་སྲེག་བ་དང་། དུས་དབང་ཆོས་ཞུ་བ་རྣམས་ལ་དཀའ་ངལ་འཕྲད་བཞིན་པ་རྣམས་ཆེད་མ་ཎི་དང་བདེན་ཚིག་སྨོན་ལམ། བྱང་ཆུབ་སེམས་མཆོག་བཅས་གསོག་སྒྲུབ་དང་། དཔལ་ས༌སྐྱ་དགོན་དུ་མང་ཚོགས་ཀྱི་ཞལ་འདེབས་ ༢༦༥༠ བྱུང་བ་བསྔོ་སྨོན་སྐྱབས་འཇུག་ཡོང་ཆེད་ཕུལ། ཕྱི་ཟླ་ ༣ ཚེས་ ༢ ཉིན་མང་ཚོགས་ནས་དབུ་མའི་ལམ་སྐོར་གོ་རྟོགས་སྤེལ་ཆེད་བཀྲིས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་བརྙན་འཕྲིན་དང་འགེངས་ཤོག་བཀང་བ་སོགས་གོ་རྟོགས་སྤེལ་གནང་ཡོད། ཕྱི་ཚེས་ ༢༢ ཉིན་ལྡི་ལི་བསམ་ཡས་གླིང་གནས་སྡོད་མིག་དམར་བསྟན་འཛིན་ལགས་ས་གནས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གནང་བའི་ངོ་སྦྱོར་གཞིར་འཁོད་མང་ཚོགས་འདུ་འཛོམས་ཐོག་ཁོང་ལ་འཚམས་འདྲི་དང་། དེ་སྔོན་ཁོང་ནས་རང་ལུས་མེར་སྲེག་གཏོང་དགོས་དོན་དང་ད་ལྟའི་ལས་འགུལ་ངོ་སྤྲོད་རྗེས་རྒན་རབས་རྣམ་པས་གཞོན་སྐྱེས་ལ་སློབ་གསོ་མུ་མཐུད་གནང་རྒྱུའི་འབོད་སྐུལ་ཞུས་རྗེས་མང་ཚོགས་ཀྱི་ཞལ་འདེབས་སྒོར་ ༤༨༣༦ དང་རྒྱལ་སྤྱིར་ཞུ་སྙན་འབུལ་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་བཅས། །
བྱང་ཨ་རི་ཁུལ་གྱི་བོད་མི་མང་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་འཚམས་གཟིགས་སུ་ཕེབས་པ།
༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུའི་ལས་རིམ་ལྟར། བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས་ཀྱང་ས་གནས་ཁག་བགོས་ཀྱིས་འཚམས་གཟིགས་སུ་ཕེབས་ཡོད་པ་རེད།
སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་ཕྱི་ལོ ༢༠༡༢ ཕྱི་ཟླ ༢ ཚེས་ཤར་ནས་འགོ་འཛུགས་གནང་སྟེ། མི་ནོ་སོ་ཀྲ་དང། སྤོར་ཀྲི་ལེན་ཌ། ཨ་སྤུ་ཀར་ཀི་དང་སན་ཏ་ཕེ་བཅས་སུ་འཚམས་གཟིགས་ལ་ཕེབས་པས། གོང་གསལ་ས་གནས་སོ་སོར་གནས་ཆགས་བོད་མི་རྣམས་ཀྱི་གནས་སྟངས་ལ་བལྟ་ཞིབ་ཙམ་མ་ཡིན་པར་བོད་རིགས་སྤྱི་མཐུན་ཚོགས་པ་ཚགས་ཚུད་ཡུན་གནས་དང་གཞོན་སྐྱེས་རྣམས་ཀྱི་བརྒྱུད་ལ་བོད་གཞེན་བསྐྱེད་ཐབས། དེ་མཚུངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་མཉམ་བོད་དོན་ལས་འགུལ་ནུས་ཤུགས་ཆེ་རུ་གཏོང་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་བ་མ་ཟད། ཁུལ་དེ་དག་གི་བོད་རིགས་མང་ཚོགས་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཐུགས་འགན་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་རས་སྩལ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་འཛིན་སྐྱོང་གི་གནས་སྟངས་སྤྱི་དང། ཉེ་བའི་སྤྱི་ལྷན་གྲོས་ཚོགས་རིམ་པའི་གནད་དོན་གལ་ཆེ་ཁག་སོགས་འགྲེལ་བཤད་གནང་ཡོད་ལ། གཞོན་སྐྱེས་རྣམས་ལ་དྲ་ལམ་བརྒྱུད་ས་གནས་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་དང་མཉམ་དུ་འབྲེལ་ལམ་བཟོ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག
གཞན་ཡང་ས་གནས་མང་ཚོགས་ནས་དཀའ་སེལ་ཞུ་དོན་དུ། ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་ཆེད་དམིགས་བསལ་སློབ་དེབ་དང། མཐོ་སློབ་ཁག་ཏུ་བསྐྱོད་བཞིན་པའི་སློབ་མ་དང་གཞི་རིམ་སློབ་མའི་དབར་དམིགས་བསལ་གྱི་ལྷན་ཚོགས་གོ་སྒྲིག་གནང་ཐུབ་ན་ཕན་ཐོགས་ཡོད་ཚུལ། ཕྱི་རྒྱལ་ཡུལ་ལུང་ནང་གནས་པའི་བོད་རིགས་ཚོགས་པ་ཁག་ནས་བོད་མིའི་སྒྲིག་འཛུགས་ཆེད་ལོ་རེར་འཆར་ཅན་དུས་ཚོད་ངེས་ཅན་ལ་དཔལ་འབྱོར་འདུ་འགོད་དམིགས་བསལ་ཞིག་གནང་བ་ཡིན་ན་བོད་མིའི་སྒྲིག་འཛུགས་ཆེད་དངུལ་འབབ་མི་ཉུང་བ་ཞིག་ཕན་ཐོགས་ཐུབ་པའི་དགོངས་ཚུལ་གསུངས་མཁན་ཡང་ཡོད་འདུག ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བོད་མིའི་ སྒྲིག་འཛུགས་ཀྱི་ངོས་ནས་ཉེན་སྲུང་ལྷོད་མེད་ཐོག་དུས་ནས་དུས་སུ་ལྷ་བླར་མོ་ལུང་ཐུགས་དམ་ཞུས་ཏེ་ཞབས་རིམ་བསྒྲུབ་དགོས་སྐོར་སོགས་མང་ཚོགས་ནས་དགོངས་ཚུལ་ཇི་གསུངས་རྣམས་ལས་བསྡོམས་སྙན་ཐོའི་ནང་ཞིབ་འགོད་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་འབུལ་ལམ་ཞུས་ཏེ་མཇུག་གནོན་ཆེད་འཛིན་སྐྱོང་བཀའ་ཤག་གཙོས་འབྲེལ་ཡོད་ཁུངས་སོ་ སོར་གཏོང་རྒྱུ་ཡིན་པ་རེད།།
༸གོང་ས་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་༸ཞབས་སོར་བདེ་བར་འཁོད་པ།
༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་༸ཞབས་སོར་བདེ་བར་འཁོད་ཡོད། སྐབས་དེར་གནམ་ཐང་དུ་ཊེམ་པལ་ཊོན་ཐེབས་རྩའི་Templeton Foundation སྐུ་ཚབ་སྐུ་ཞབས་ཌེ་ཝིཌ་ཀེ་སི་ཌི་ Mr & Mrs David Cassidy མཆོག་གིས་ལྕམ་སྐུ་དང་ལྷན་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། རྒྱ་གར་གཞུང་ཚབ་ལས་ཁུངས་ཀྱི་སྐུ་ཚབ་འཐུས་མི་མཆོག་དང་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱང་ཕེབས་བསུར་བཅར་ཡོད། གནམ་ཐང་ནས་མགོན་པོ་གང་ཉིད་མཆོག་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། སོག་རིགས། བལ་པོའི་མི་རིགས་བཅས་ཀྱིས་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༡༤ ཉིན་ཡི་ཤུའི་ལྷ་ཁང་སན་པོལ་དུ་ St Paul’s Cathedral ཊེམ་པལ་ཊོན་ཐེབས་རྩས་༸གོང་ས་མཆོག་ལ་སྙན་གྲགས་ཅན་གྱི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་ཡིན་འདུག དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཡུ་རོབ་རྒྱལ་ཁབ་སོ་ལོ་ཝི་ནི་ཡ་དང་ཨོ་སི་ཊི་རི་ཡ། ཨི་ཊཱ་ལི། བེལ་ཇམ་བཅས་སུ་ཆིབས་སྒྱུར་བསྐྱངས་སྟེ་མཛའ་འཕྲིན་རྒྱ་ཆེ་སྐྱོང་རྒྱུ་ཡིན་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ནལ་གྷིལ་ལགས་ར་སྟོད་གྲྭ་ཚང་གི་མཁན་པོ་གསར་པ་བསྐོ་གཞག་མཛད་པའི་དགའ་སྟོན་རྟེན་འབྲེལ་སྐབས་སྐུ་ཚབ་དོན་གཅོད་མཉམ་བཞུགས་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི༌། ཀུན་ཁྱབ་ཐར་འདོད་གླིང་བོད་ཀྱི་ནང་ཆོས་བསྟི་གནས་ཁང་གིས་རེས་གཟའ་པ་སངས་དགོང་དྲོ་ནིའུ་ཡོཀ་གྲོང་ཁྱེར་ནང་ཕྱི་ནང་གི་སྐུ་མགྲོན་མང་པོ་ཞིག་གདན་ཞུ་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟི་གནས་ཁང་དེའི་འགན་འཛིན་ཕྱི་རྒྱལ་བ་དགེ་བཤེས་ནལ་གྷིལ་ལགས་ར་སྟོད་གྲྭ་ཚང་གི་མཁན་པོ་གསར་པར་བསྐོ་བཞག་མཛད་པར། དགའ་སྟོན་རྟེན་འབྲེལ་གྱི་འདུ་འཛོམས་ཤིག་ཚོགས་ཡོད།
ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། ར་སྟོད་སྐྱོང་བླ་སྤྲུལ་སྐུ། བོད་ཀྱི་ཐེབས་རྩའི་འགན་འཛིན་རིན་ཆེན་དར་ལོ་ལགས། གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་རི་ཆ་ཀྲི་གྷིར་ (Richard Gere) སོགས་ཀུན་ཁྱབ་ཐར་འདོད་གླིང་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་སྣ་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་རྗེས། ངོ་སྤྲོད་ཀྱི་ཚུལ་དུ་དགེ་བཤེས་ནལ་གྷིལ་ལགས་སྐུ་ན་ཆུང་དུས་ནས་ད་ལྟའི་བར་དང༌། དགེ་བཤེས་ནལ་གྷིལ་ལགས་དང་ཁོང་གི་དགེ་རྒན་ར་སྟོད་སྐྱོང་བླ་རིན་པོ་ཆེའི་དབར་གྱི་འབྲེལ་བ། དགེ་བཤེས་ལགས་ཀྱིས་ར་སྟོད་གྲྭ་ཚང་འཛུགས་སྐྲུན་ཐད་ཐུགས་སྣང་ཇི་ཙམ་གནང་ཡོད་མེད། ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་གསར་མཇལ་ཞུས་པ་བཅས་ཀྱི་གློག་བརྙན་ཐུང་ཐུང་ཞིག་ཀྱང་བསྟན་ཡོད།
བསྟི་གནས་ཁང་གི་ལས་བྱེད་ཀྲོ་ནི་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ནལ་གྷིལ་ལགས་ར་སྟོད་གྲྭ་ཚང་གི་མཁན་པོར་བསྐོ་གཞག་མཛད་པའི་སྐོར་ངོ་སྤྲོད་ཀྱི་གསུང་བཤད་སྙིང་བསྡུས་ཤིག་གནང་གྲུབ་མཚམས། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། དགེ་བཤེས་ནལ་གྷི་ལགས་ཀྱི་པ་ལགས་སོགས་སྐུ་མགྲོན་རྣམ་པས་རིམ་བཞིན་དཀར་གཙང་གི་མཇལ་དར་ཕུལ་སྟེ། མཁན་པོའི་མཛད་ཁུར་ལམ་ལྷོང་ཡོང་བའི་རྟེན་འབྲེལ་གྱི་སྨོན་འདུན་མཚོན་པ་གནང་ཡོད།
དགེ་བཤེས་ནལ་གྷིལ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་རང་མཁན་པོར་བསྐོ་གཞག་གནང་བ་དེ་ནི་ང་རང་གི་ངོས་ནས་བཤད་ན་དེ་ལས་ལྷག་པའི་གཟི་བརྗིད་ཆེ་བ་མེད། དེ་དང་ཆབས་ཅིག་འགན་ཡང་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་ཀྱང་ཡོང་གི་འདུག ང་རང་སྒེར་ལ་འགན་ཆེན་པོ་དེ་འདྲ་ཁྱོག་པའི་ཆ་རྐྱེན་མེད་ན་ཡང༌། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་དང༌། ར་སྟོད་གྲྭ་ཚང་དགེ་འདུན་པ་རྣམས་ཀྱི་རྒྱབ་སྐྱོར་ཡོད་པར་བརྟེན་རང་ངོས་ནས་གང་ཐུབ་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་ལན་འདེབས་གནང་ཡོད།
དགེ་བཤེས་ནལ་གྷི་ལགས་ནི་ཕྱི་རྒྱལ་མི་རིགས་ཤིག་ཡིན་པ་དང༌། ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཐུགས་སྣང་བྱུང་བ་ལྟར། ནང་ཆོས་སློབ་གཉེར་གནང་སྟེ་ཕྱི་ལོ་ ༡༩༩༨ ལོར་དགེ་བཤེས་གྱི་མཚན་གནས་ཐོབ་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་མི་རིགས་ཤིག་བོད་ཀྱི་གདན་ས་གྲ་ཚང་གི་མཁན་པོར་བསྐོ་གཞག་མཛད་པ་དེ་ནི་ལོ་རྒྱུས་ཐོག་ཐེངས་དང་པོ་ཆགས་ཡོད། དགེ་བཤེས་ནལ་གྷིལ་ལགས་ཀྱིས་རིང་མིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ར་སྟོད་གྲ་ཚང་དུ་ཕེབས་ནས་མཁན་པོའི་མཛད་འཁུར་དངོས་སུ་བཞེས་ཀྱི་ཡོད་པ་བཅས།།
གླིང་ཚང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་བར་ཞི་བའི་གོམ་འགྲོས་སྐབས་རྒྱ་ནག་གི་རྒྱལ་དར་ཁྱེར་བར་བཀའ་ཤག་ལ་དགོངས་ཚུལ་གང་ཡོད་བཅའ་འདྲི་ཞུས་པ།
༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་དྲིལ་ལས་ཁུངས་ཀྱི་དྲ་བརྙན་སྡེ་ཚན་གྱི་གསར་འགོད་པས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༢ ཉིན་གླིང་ཚང་མ་བུ་གསུམ་གྱིས་རྒྱ་ནག་གི་རྒྱལ་དར་ཁྱེར་བའི་ཐོག་བཀའ་ཤག་ལ་དགོངས་ཚུལ་གང་ཡོད་སྐོར་བཀའ་དྲུང་ལས་ཐོག་གཡུ་ཐོག་ཀརྨ་དགེ་ལེགས་ལགས་སུ་བཅའ་དྲི་ཞུས་པ་གཤམ་གསལ།
དྲི་བ། འདི་ལོ་གསུམ་བཅུའི་དུས་དྲན་ནས་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་བར་ཞི་བའི་གོམ་འགྲོས་སྐྱོད་བཞིན་པའི་སྐབས་སུ་བོད་དང་རྒྱ་གར། བལ་ཡུལ་བཅས་ཀྱི་རྒྱལ་དར་དང་ལྷན་རྒྱ་ནག་གི་རྒྱལ་དར་ཁྱེར་བར་སྤྱི་ཚོགས་ནང་གླེང་སློང་མང་པོ་ཞིག་ཡོང་གི་འདུག་པས་གནད་དོན་དེ་བཀའ་ཤག་ནས་མཁྱེན་རྟོགས་བྱུང་ཡོད་དམ།
ལན། གནས་ཚུལ་དེ་དག་འབྲེལ་ཡོད་བདེ་སྲུང་ལས་ཁུངས་བརྒྱུད་བཀའ་ཤག་ནས་མཁྱེན་རྟོགས་བྱུང་ཡོད་པ་མ་ཟད། ལྷག་པར་དེ་རིང་སྔ་དྲོ་དེའི་ཐོག་དམིགས་བསལ་བཀའ་བསྡུར་ཡང་བྱུང་ཡོད།
དྲི་བ། བཀའ་ཤག་ལ་དེའི་ཐོག་གཟིགས་ཚུལ་གང་འདྲ་ཡོད་དམ།
ལན། བཀའ་ཤག་གིས་བཀའ་བསྡུར་མང་པོ་ཞིག་གནང་བའི་སྙིང་དོན། སྔ་ས་ནས་བཀའ་སྤྱི་ལྷན་རྒྱས་ཐོག་ནས་ང་ཚོའི་ཆབ་སྲིད་སོགས་ཀྱི་ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་ནའང་ལྟ་གྲུབ་གསུམ་སྟེ། ཞི་བ་དང་། ཁྲིམས་དང་མཐུན་པ། ཆེ་མཐོང་དང་ལྡན་པ་དེ་གསུམ་ངེས་པར་དུ་འཛིན་དགོས་པའི་གལ་ཆེན་ཡིན་པའི་ལམ་སྟོན་སྔ་རྗེས་གནང་ཡོད། དེར་བརྟེན་ཁོང་རྣམས་ཀྱིས་གང་ཙམ་ཞིག་ནས་རྒྱ་ནག་གི་རྒྱལ་དར་མཉམ་དུ་ཁྱེར་བར་འགའ་ཤས་ཀྱིས་རྒྱབ་སྐྱོར་དང་། འགའ་ཤས་ཀྱིས་དགག་པ་བརྒྱབ་པའི་གནས་ཚུལ་མང་པོ་ཞིག་ཐོན་ཡོད། དེའི་ཐོག་བཀའ་ཤག་གི་དགོངས་ཚུལ་སྙིང་པོ་གོང་དུ་ཞུས་པའི་ལྟ་གྲུབ་གསུམ་གཞི་བཞག་ཐོག་ནས་རྒྱ་ནག་གི་རྒྱལ་དར་མེར་སྲེག་གཏོང་རྒྱུ་དང་། ཡང་ན་རྒྱ་ནག་གི་རྒྱལ་དར་ཕྱར་ཏེ་འགྲོ་མཁན་གཉིས་ཀར་མོས་མཐུན་དང་རྒྱབ་སྐྱོར་མེད། བཀའ་ཤག་གི་དགོངས་ཚུལ་དང་བཞེངས་ཕྱོགས་དེ་རེད་ཅེས་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་ཡོད་པ་བཅས། །
ཚོགས་བརྡ་གསལ་བསྒྲགས།
༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་བརྡ་གསལ་བསྒྲགས་ནང་དོན་་་།     དིར་གནོན།       Tsogda
བོད་དོན་རྒྱབ་སྐྱོར་བ་གཞས་པ་གྲགས་ཅན་ཞིག་འདས་གྲོངས་སུ་གྱུར་བར་བོད་མིའི་སྒྲིགས་འཛུགས་ཀྱིས་དྲན་གསོ་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༤ ཉིན་དགུང་གྲངས་ ༤༧ ལ་སོན་པའི་ཨ་མི་རི་ཀའི་རོག་ཅེས་པའི་གླུ་གཞས་གཏོང་མཁན་གྲགས་ཅན་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་(Adam Yauch) ཨ་ཌམ་ཡའོཀ་ལགས་འདས་གྲོས་སུ་གྱུར་བར་བོད་མིའི་སྒྲིག་འཛུགས་ལ་བློ་ཕམ་ཆེན་པོ་བྱུང་ཡོད། དམ་པ་ཁོང་དང་གྲོགས་པོ་གཞན་གཉིས་ཀྱིས་བཙུགས་པའི་བྷིསི་ཊི་བོ་ཡེ་སི་(Beastie Boys) ཞེས་པའི་རོལ་དབྱངས་ཚོགས་པ་དེར་རྒྱལ་སྤྱིའི་སྟེང་གི་རོལ་དབྱངས་ཀྱི་བྱ་དགའ་ཆེ་ཤོས་གྷར་མི་ཨ་ཝར་ཌི་(Grammy Award)ཞེས་པ་དེ་ཐེངས་གསུམ་ཐོབ་མྱོང་ཡོད་པ་མ་ཟད། དམ་པ་ཁོང་གིས་འགན་འཁུར་གཙོ་བོ་གནང་བའི་ཐོག་ལོ་རབས་དགུ་བཅུ་པའི་ནང་། བོད་རང་དབང་། ཞེས་པའི་རོལ་དབྱངས་འདུ་འཛོམས་ཆེ་ཁག་འགའ་ཞིག་གོ་སྒྲིག་གནང་སྟེ་འཛམ་གླིང་མང་ཚོགས་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོའི་ཁྲོད་བོད་དོན་དྲིལ་བསྒྲགས་ཧ་ཅང་ཤུགས་ཆེ་བྱུང་ཡོད། ཁོང་རྣམ་པས་བཟོས་པའི་གླུ་གཞས་འཁོར་ཐག་འཛམ་གླིང་ཁྱོན་ཡོངས་སུ་ས་ཡ་བཞི་བཅུ་ཙམ་ཚོང་འགྲེམས་གནང་ཡོད། དམ་པ་ཁོང་གིས་ཕྱི་ལོ་ ༡༩༩༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ་མ་ཟད། དེ་ནས་བཟུང་བོད་བརྒྱུད་ནང་བསྟན་ལའང་དོ་སྣང་སླེབས་ཡོད།
ཕྱོགས་མཚུངས་དམ་པ་ཁོང་གིས་བོད་དོན་རྒྱབ་སྐྱོར་ཆེད་མི་ལ་རས་པའི་ཐེབས་རྩ། (Milarepa Foundation) ཞེས་པ་གསར་འཛུགས་གནང་སྟེ་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་རྗེས་བོད་མི་ཚོར་དྲང་བདེན་མིན་པའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐོར་ལ་གོ་རྟོགས་རྒྱ་ཁྱབ་ཏུ་སྤེལ་ཐབས་གནང་དང་གནང་མུས་ཡིན་འདུག ཐེབས་རྩའི་གོ་སྒྲིག་འོག་ཕྱི་ལོ་ ༡༩༩༦ ལོར་ཨ་རིའི་གྲོང་ཁྱེར་སན་ཕ་རན་སི་སི་ཀོའི་ནང་(San Francisco) དུ་བོད་དོན་གྱི་རོལ་དབྱངས་འདུ་འཛོམས་ཧ་ཅང་རྒྱ་ཆེན་པོ་ཞིག་གོ་སྒྲིག་ཞུ་སྐབས་མང་ཚོགས་ ༡༠༠ ༠༠༠ འདུ་འཛོམས་བྱུང་ཡོད།
འདུ་འཛོམས་དེ་ནི་ཕྱི་ལོ་ ༡༩༨༥ ལོར་ལ་ཡིབ་ཨེ་ཌ1985′s Live Aidཞེས་པའི་འདུ་འཛོམས་རྗེས་གྲགས་ཆེ་ཤོས་གཉིས་པ་དེ་ཆགས་ཡོད། དེ་རྗེས་རིམ་བཞིན་བོད་རང་དབང། ཞེས་པའི་རོལ་དབྱངས་འདུ་འཛོམས་དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་New York Cityདང་ཝ་ཤིང་ཊོན། Washington DC ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོ། Tokyo ཨོ་སི་ཊོ་ལི་ཡའི་རྒྱལ་ས་སི་ཌི་ནི། Sydney ཧོལ་ལན་ཌིའི་རྒྱལ་ས་ཨེམ་སཊར་ཌམ། Amsterdam ཐེ་ཝན་གྱི་རྒྱལ་ས་ཐེ་པེ་Taipeiབཅས་ཀྱི་ནང་ཚོགས་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་གིས་བོད་དོན་ཆེད་ལྷག་བསམ་རྣམ་དག་ཐོག་ནས་རྒྱབ་སྐྱོར་གནང་བར་བོད་མི་ཚོས་རྟག་ཏུ་བཀའ་དྲིན་སྙིང་བཅངས་ཞུ་རྒྱུ་དང་། རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེའི་སེམས་གསོ་དང་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསུངས་ཡོད་པ་མ་ཟད། བཀའ་ཁྲི་མཆོག་གིས་དམ་པ་ཁོང་ཐོག་མར་ཧར་ཝཌ་སློབ་གྲྭར་མཇལ་བ་ནས་བཟུང་གྲོགས་པོ་བློ་ཐུབ་ཆགས་ཡོད་སྐོར་དྲན་གསོ་ཡང་གནང་ཡོད་པ་བཅས།།
ཨོ་སི་ཊི་རི་ཡའི་སྲིད་བློན་མཆོག་དང་སྲིད་བློན་གཞོན་པ་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་འཆར་ཡོད་པ།
༢༠༡༢ ཟླ་ ༥ ཚེས་ ༡༡ རེས་གཟའ་པ་སངས།
སྲིད་བློན་མཆོག
༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣ ཉིན་ཨོ་སི་ཊི་རི་ཡའི་(Austria)སྲིད་བློན་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཨེ་ལེཀ་ཛེན་ཌར་ཤེ་ལན་བྷག་མཆོག་གིས་Alexander Schallenberg གསལ་བསྒྲགས་གནང་དོན་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་ ༡༧ ནས་ ༢༧ བར་ཁུལ་དེར་མཛད་འཕྲིན་བསྐྱངས་སྐབས་དང་བསྟུན། སྲིད་བློན་སྐུ་ཞབས་ཝར་ནར་ཕེ་མན་Chancellor Werner Faymann མཆོག་དང་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོགས་ཡིན་པ་སྐུ་ཞབས་མེ་ཀལ་སི་པན་དེ་ལེ་གར་མཆོག་Michael Spindeleggerགིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་འཆར་ཡོད་འདུག སྐབས་དེར་ཡི་ཤུའི་བླ་ཆེན་ཁི་རི་སི་ཊོབ་ཤོན་བྷོན་Archbishop Christoph Schoenborn མཆོག་ཀྱང་ལྷན་བཅར་གྱིས་ཆོས་ཕྱོགས་ཀྱི་ངོ་བོའི་ཐོག་ནས་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་ཡང་ལས་ཁུངས་ཀྱི་མགྲིན་ཚབ་པས་གསལ་བཤད་གནང་ཡོད་པ་མ་ཟད། འབྲེལ་ཡོད་རྒྱ་ནག་གཞུང་འབྲེལ་ལས་ཁུངས་སུའང་དེ་ལྟར་བརྗོད་ཡོད་སྐོར་གསུངས།
ཕྱི་ལོ་ ༢༠༠༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐབས་དེའི་སྲིད་བློན་སྐུ་ཞབས་ཨལ་ཕེ་རེཌ་གུ་སན་བྷག་Alfred Gusenbauer མཆོག་མཇལ་འཕྲད་མཛད་འདུག་པ་བཅས།།
ཁམས་བྲག་མགོར་བོད་མི་ཞི་རྒོལ་བ་ཞིག་གིས་རང་སྲོག་བཅད་འདུག
༢༠༡༢ ཟླ་ ༥ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༠ ཉིན་བྲག་མགོའི་ཛ་དྲག་ཚོགས་ཆུང་གི་སྐུ་ཞབས་དཔལ་ལྡན་ལགས་ཀྱིས་འདི་གར་གནས་སོན་བྱུང་བའི་གནས་ཚུལ་ནང་འཁོད་དོན། ཕྱི་ལོ ༢༠༡༢ ཟླ ༣ ཚེས ༢༩ ཉིན་ཁམས་བྲག་མགོར་རང་ལོ་ ༢༥ ཡིན་པའི་མགོན་པོ་རིག་འཛིན་ལགས་ཀྱིས་ཉེན་རྟོག་པས་འཛིན་བཟུང་བྱེད་པར་མ་བཟོད་པར་རང་གིས་རང་ལ་གྲི་བཙུགས་ཏེ་འདས་གྲོངས་སུ་གྱུར་འདུག
དེ་ཡང་མགོན་པོ་རིག་འཛིན་ལགས་ནི་ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་སྟེ་རྒྱ་ནག་གི་དཔྱིད་གསར་གྱི་ཉིན་དང་པོར་བྲག་མགོ་རྫོང་ཐོག་ཏུ་བྱུང་བའི་བོད་མིའི་ཞི་རྒོལ་དུ་ཞུགས་ཡོད་པ་དང། སྐབས་དེར་ཉེན་རྟོག་པས་འདྲ་པར་བརྒྱབ་ཡོད་པའི་ནང་དུ་ཐེབས་ཡོད་པར་བརྟེན། ཉེན་རྟོག་པས་ཁོང་འཛིན་བཟུང་བྱ་ཕྱིར་བྲག་མགོ་རྫོང་སྲིད་གཞུང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་སར་ཡོང་དགོས་པའི་ཉེན་བརྡ་ཐེངས་མང་བཏང་ཡོད། འོན་ཀྱང་ཁོང་གིས་ཁྱིམ་མིར་རྒྱ་དམར་གཞུང་གི་ལག་ཏུ་ཐེབས་འཇུག་པ་ལས་རང་ཉིད་འཆི་ན་དགའ་བའི་སྐད་ཆ་བཤད་ཡོད། ཕྱི་ལོ ༢༠༡༢ ཟླ ༣ ཚེས ༢༩ ཉིན་བྲག་མགོ་རྫོང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱེད་པར་ཡོང་སྐབས། ཁོང་གིས་རྒྱ་དམར་གཞུང་གི་གདུག་རྩུབ་ཀྱི་དྲག་སྤྱོད་ལ་མ་བཟོད་པར་རང་གིས་རང་ལ་གྲི་བཙུགས་ཏེ་འདས་གྲོངས་སུ་གྱུར་འདུག ད་ལྟ་རང་ལོ་ ༢༥ ལ་སོན་པའི་མགོན་པོ་རིག་འཛིན་ལགས་ནི། མདོ་ཁམས་ཏྲེ་ཧོར་བྲག་མགོ་རྫོང་གི་གཞི་མདའ་གྲོང་སྡེའི་ཉེ་འདབས་སུ་ཆགས་པའི་འཕྲང་བར་གྲོང་དུ་ཕ་རིག་པོ་དང་མ་ཡེ་ཤེས་སྒྲོལ་མ་གཉིས་སུ་སྐྱེས་ཤིང། གྲོང་པའི་ནང་གི་མི་རྒན་གཞོན་ཚང་མས་ནམ་རྒྱུན་ཁོང་མི་ཡ་རབས་དང་ཀུན་ལ་འཆམ་མཐུན་ལ་རྒྱ་ཅན་ཞིག་ཏུ་བརྩི་སྲོལ་ཡོད། གཞན་ཡང། ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོའི་ཞི་རྒོལ་དུ་ཞུགས་ཏེ་དྲག་ཆས་ཉེན་རྟོག་དམག་མིའི་མེ་མདས་རྨས་པའི་བོད་མི་ཁག་གཅིག་རྒྱ་དམར་གཞུང་གི་འཛིན་བཟུང་གི་གདུག་རྩུབ་ལ་འཇིགས་ཏེ་ཡར་མར་གྱི་སྨན་ཁང་དུ་འགྲོ་བསྐྱོད་བྱེད་མ་ཕོད་པར་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་མེད་པར་ལུས་ཡོད་པ་དང། འགའ་ཞིག་གི་རྨ་ཁ་རུལ་ཏེ་གཟུགས་གཞིའི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པ་རེད། ད་དུང་ཞི་རྒོལ་དེ་བྱུང་བའི་རྗེས་ད་བར་མི་སུམ་ཅུ་ལྷག་ཙམ་འཛིན་བཟུང་བྱས་ཟིན་ཡོད་པ་དང། དེ་དག་གི་ཁྲོད་དུ་མི་འགའ་ཞིག་ལ་ལོ་གཅིག་དང་ཟླ་བ་བརྒྱད་ནས་ཚེ་བཙོན་བར་གྱི་ཁྲིམས་ཐག་བཅད་ཡོད། ཡང་འགའ་ཞིག་བྲག་མགོ་རྫོང་གི་བཙོན་ཁང་དུ་ཟླ་ཤས་རིང་བཙོན་འཇུག་བྱས་རྗེས་གློད་བཀྲོལ་བཏང་ཡོད་པ་དང། ཁོང་རྣམས་གློད་བཀྲོལ་གཏོང་སྐབས་མི་མང་གིས་ལམ་ཁའི་གཡས་གཡོན་དུ་རུ་བསྟར་བསྒྲིགས་ཏེ་བསུ་མ་བྱས་ཡོད།
ཕྱོགས་གཞན་ཞིག་ནས་ལོ་ཤས་སྔོན་དུ་བྲག་མགོ་རྫོང་ཁོངས་ཀྱི་དགོན་སྡེ་ཁག་ཚང་མ་མཉམ་འབྲེལ་གྱིས་དགེ་བཅུའི་ཁྲིམས་ཟེར་བའི་ལམ་སྲོལ་བཟང་པོ་བཏོད་དེ་མི་མང་ལ་མི་སུ་ཡིན་རུང་དུད་འགྲོའི་ཚེ་སྲོག་ལ་དོན་མེད་གནོད་འཚེ་མི་གཏོང་བའི་འབོད་སྐུལ་ལན་མང་ཞུས་པ་ལྟར། རོང་འབྲོག་གཉིས་ཀས་སྒོ་ཕྱུགས་སེམས་ཅན་རྣམས་གསོན་བཤའ་མི་བྱེད་པའི་དམ་བཅའ་ཕུལ་ཏེ་ལོ་ཤས་འགྲོ་བཞིན་ཡོད་ན་ཡང། ད་ལོར་ཞི་རྒོལ་བྱུང་རྗེས་རྒྱ་དམར་གཞུང་ནས་སྐྱ་སེར་བར་གྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གཏོར་བཤིག་བྱ་ཕྱིར་དཔལ་འབྱོར་གྱིས་བསླུ་བྲིད་བྱས་ཏེ་དགོན་སྡེ་ཁག་གི་གྲྭ་པ་རྣམས་ལ་ཟླ་རེར་རོགས་དངུལ་སྤྲོད་བཞིན་ཡོད། དེ་བཞིན་གྲོང་པ་འགའ་ཞིག་ལ་ཕག་པ་སྤྲད་དེ་གསོ་བཅུག་གི་ཡོད། ཕག་པ་དེ་རྣམས་ལོ་གསར་སྐབས་ངེས་པར་དུ་བཤའ་དགོས་པའི་བཙན་བཀའ་བཏང་བར་མ་ཟད། གལ་ཏེ་མ་བཤའ་ཚེ་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་ལུགས་བཤད་ཡོད།
ཟླ་འདིའི་ཚེས ༧ ཉིན་གྱི་ཞོགས་པར་ཀྲུང་དབྱང་བརྙན་འཕྲིན(CCTV)ཟེར་བའི་དབྱིན་སྐད་བརྒྱུད་ལམ་ནང་དུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་སྟོན་སྐབས། བྲག་མགོའི་ཞི་རྒོལ་ཁྲོད་དུ་ཞུགས་པའིི་བོད་མི་ཁག་གཅིག་ལའང་ཁྲིམས་ཐག་བཅད་པའི་གནས་ཚུལ་བཤད་ཡོད་ཀྱང། མི་སུ་ཡིན་དང། ལོ་གྲངས་ཇེ་ཙམ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་བཅས། །
ས་མིག་གསལ་བསྒྲགས།
༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མེའོ། ཨོ་རི་ས། འབིར། ལ་དྭགས། སྦེལ་ཀོབ་འཚོ་བྱེད་དང༌། མོན་གྷོ་བཅས་ཀྱི་སྨན་ཁང་ནང་སྨན་པའི་ས་མིག་སྟོང་པ་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ལས་ཀ་བྱ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་དགོས།
༡༽ ཤེས་ཚད། ངོས་འཛིན་ཡོད་པའི་སློབ་གཉེར་ཁང་ནས་ཉུང་མཐར་ MBBS སྨན་པའི་ལག་འཁྱེར་ཡོད་པ།
༢༽ མཐུན་འགྱུར།
ཀ༽ ཤེས་ཚད་ཕྱག་འཁྱེར་གཞིར་བཟུང་ཟླ་རེའི་གསོལ་ཕོགས་ཐོབ་རྒྱུ།
ཁ༽ གཞན་ཡང་གུང་སེང༌། སྨན་གྲོན། ཁང་དོད། མཐའ་མཚམས་གུན་གསབ། ཕྲུ་གུའི་སློབ་ཡོན་དོད། གསོག་དངུལ། གཟིགས་གསོལ། རྒས་ཡོལ་བཅས་སྒྲིག་གསལ་ལྟར་ཐོབ་རྒྱུ།
༣༽ དགོས་མཁོའི་ཆ་རྐྱེན་ཁག
ཀ༽ སྨན་པ་ MBBS ཐོན་པའི་ལག་འཁྱེར་ཐོག་ཉམས་གསོག་ཟིན་པའི་ལག་འཁྱེར།
ཁ༽ འབྲེལ་ཆགས་ལག་འཁྱེར་གཞན་ཡོད་ཚེ་འབུལ་དགོས།
ག༽ རྒྱ་གར་སྨན་པའི་ལྷན་ཚོཌ་སམ་མངའ་སྡེའི་ལྷན་ཚོཌ་ཀྱི་དེབ་སྐྱེལ་ལག་འཁྱེར། (Registration Certificate from MCI or State Medical Council)
ང༽ འཛིན་རིམ་བཅིུས་ཐོན་པའི་ལག་འཁྱེར།
ཅ༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་ (RC) ཤོག་གྲངས་དང་པོ་དང༌། འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས་དགོས།
ཆ༽ དང་བླངས་དཔྱ་དངུལ་འབུལ་འབབ་ ༢༠༡༢།༡༢།༣༡ བར་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་དང༌། འབྲེལ་ཡོད་རང་བདེན་ཚོགས་ཆུང་གི་ངོས་སྦྱོར།
ཇ༽ ངོས་འཛིན་ཡོད་པའི་སྨན་ཁང་ནས་གཟུཌ་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
ཉ༽ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་དགོས།
ཏ༽ ད་ལྟ་ལས་ཀ་བྱེད་མུས་ཤིག་འདེམས་ཐོན་བྱུང་ན། འབྲེལ་ཡོད་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས།
དགོས་མཁོའི་ཆ་རྐྱེན་ཡིག་ཆ་རྣམས་ ༢༠༡༢ ཟླ་ ༦ ཚེས་ ༣༠ ཕྱི་དྲོ་ཚོུད་ ༥ གོང་སྙན་ཞུ་དང་སྦྲགས་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་སོ་སོའི་གློག་འཕྲིན་ཁ་བྱང༌། E-mail address, Fax
ཞལ་པར་ཨང་གྲངས་གང་ཡོད་ཁ་གསལ་བཀོད་དགོས།
གོང་གསལ་ཡིག་ཆའི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ། གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་དང་ལས་དམ་ངེས་པར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༧ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary,
Department of Health, CTA
Gangchen Kyishong
Dharamsala 176215
Distt. Kangra
H. P.
Tele: (01892) 223408
223486
Fax: (01892)222718
Email: health@tibet.net
menkhangsection@tibet.net
ཨ་འདུས་སྡེ་ཁག་གི་མི་མང་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་པ།
༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༩ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡ ཉིན་བོད་ཨ་མདོ་རྔ་པའི་རྔ་སྟོད་ཨ་འདུས་མཐའ་བ་དང་རྒྱ་སྡེ་ཚོ་གསུམ་སོགས་ཀྱི་བུད་མེད་ ༢༠༠ མ་ཟིན་ཙམ་གྱིས་དེ་སྔོན་ཨ་འདུས་སྡེ་བ་ཁག་གི་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ པ་རྣམས་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་འདོན་པར་རྔ་པ་རྫོང་སྲིད་དུ་སོང་ཡོད་ཀྱང་། ཨ་འདུས་སྡེ་བ་ནས་མར་སྤྱི་ལེ་བདུན་ཙམ་གྱི་སར་ཡོད་པའི་མཚམས་རིང་སྡེ་འདབ་ཏུ་དྲག་ཆས་ཉེན་རྟོག་པ་དང་། སྤྱི་བདེ་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་བྱས་ཏེ་འགྲོ་ཐུབ་མེད་ཀྱང་། སྐབས་དེར་དུས་ཡུན་རིང་པོར་ཨ་འདུས་སྡེ་བའི་བུད་མེད་ཚོ་དང་དྲག་ཆས་ཉེན་རྟོག་པ་སོགས་ ཀྱི་བར་དུ་འཁྲུག་རྩོད་ཆེན་པོ་བྱུང་ཞིང་མདུན་བསྐྱོད་ཉེན་རྟོག་པ་སོགས་ལ་རྔ་པ་རྫོང་ཐོག་ནས་རྒྱབ་དཔུང་དུ་དྲག་ཆས་ཉེན་རྟོག་པ་འབོར་ཆེན་འབྱོར་ཏེ་ཛ་དྲག་གི་གདོང་ཐུག་བྱུང་ཉེའི་སྐབས་ཨ་འདུས་དགོན་པའི་ལས་སྣེ་སོགས་ཕེབས་ཏེ་མི་མང་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་ནན་གྱིས་བཏོན་པ་ལྟར་མི་མང་གིས་ཕྱིར་འཐེན་བྱས་འདུག དེ་རྗེས་མི་མང་གིས་གྲོས་བྱས་ཏེ་དེང་སྐབས་བཀག་ཉར་འོག་ཡོད་པ་རྣམས་མི་སྒེར་བ་ཞིག་དང་ཁྱིམ་ཚང་གཅིག་གཉིས་ཤིག་གི་ཆེད་དུ་བཙོན་ཁང་དུ་སོང་བ་མ་ཡིན་པར་བོད་སྤྱི་པའི་ཆེད་ཡིན་པ་དང་། དེ་བཞིན་ཨ་འདུས་ཥེ་བ་སྡེ་བའི་རྒྱལ་གཅེས་དཔའ་བོ་འཇམ་དབྱངས་སོགས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་འདི་ལོའི་ས་ཞིང་འདེབས་ལས་མི་བྱེད་པ་དང་། དབྱར་རྩྭ་དགུན་འབུ་མི་བཀོག་རྒྱུ་བཅས་བསམ་པ་གཅིག་མཐུན་གྱིས་ཐག་གཅོད་བྱས་ཡོད་ཀྱང་། ཕྱི་ཟླ་ ༥ ཚེས་ ༥ ཉིན་དེ་སྔོན་འཛིན་བཟུང་བྱས་པའི་མི་བདུན་རྔ་པ་རྫོང་ཐོག་ནས་གློལ་བཀྲོལ་བྱས་ཏེ་ཤང་སྲིད་གཞུང་དུ་ཉིན་གསུམ་རིང་སློབ་གསོ་སྤེལ་དགོས་ཚུལ་གྱིས་བཀག་ཉར་རྗེས་གློད་བཀྲོལ་བཏང་འདུག་པ་དང་། དེ་མིན་ད་དུང་བཀག་ཉར་འོག་ཡོད་པ་རྣམས་ཀྱང་མི་འགྱང་པར་གློད་བཀྲོལ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པར་བརྟེན། དབྱར་རྩྭ་དགུན་འབུ་བཀོག་ཏུ་སོང་ཡོད་ཀྱང་ས་ཞིང་འདེབས་ལས་མ་བྱས་པར་མུ་མཐུད་ལྷག་ཡོད་འདུག ཡང་ཕྱོགས་གཅིག་ནས་ད་ལྟ་བཀག་ཉར་འོག་ཡོད་པ་རྣམས་ལ་ནག་ཉེས་ལྕི་མོ་ཡོད་ཚུལ་ཀྱང་བརྗོད་བཞིན་ཡོད་འདུག ཕྱི་ཟླ་ ༤ ཚེས་ ༢༦ ཙམ་ནས་རྔ་པའི་སྟོད་སྨད་བར་གསུམ་ཚང་མས་ས་ཞིང་འདེབས་ལས་བྱེད་པའི་འགོ་བཙུགས་ཡོད་ལ་ད་ཆ་ཚང་མས་ལས་ཀ་རྫོགས་ཚར་ཡོད་འདུག ཨ་འདུས་སྡེ་བ་ཁག་ནི་འཚོ་བའི་ཡོང་འབབ་གཙོ་བོ་ཞིང་ལས་ཁོ་ན་ཡིན་སྟབས། ས་ཞིང་འདེབས་ལས་མི་བྱེད་པ་ནི་ཞིང་པ་དེ་དག་ལ་མཚོན་ན་འཚོ་བའི་ཡོང་འབབ་གཙོ་བོ་དེ་མེད་པར་གྱུར་ཡོད། དེ་སྔོན་རྨས་སྐྱོན་ཕོག་པ་ཕལ་ཆེ་བ་སྨན་ཁང་ནས་ཐོན་ཏེ་སོ་སོའི་ནང་ལ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་ཀླད་ཁྲག་སྲེས་ཡོད་པའི་སློབ་དཔོན་སྐྱབས་ད་དུང་མུ་མཐུད་ སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག་པ་བཅས།
བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་མིག་མངས་རྩེད་མོའི་མཐུན་ཚོགས་དབར་གྲོས་ཆོད་བཞག་པ།
༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༨ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་མིག་མངས་(Chess)རྩེད་མོའི་མཐུན་ཚོགས་དབར་(World Chess Federation)གྲོས་ཆོད་བཞག་ཡོད།
གྲོས་ཆོད་དེ་ལྟར་འཇོག་དགོས་པའི་རྒྱུ་མཚན་གཙོ་བོ་ནི་མིག་མངས་ཀྱི་རྩེད་རིགས་དེ་བཞིན་སློབ་གྲྭའི་ནང་སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་ཞིག་ལ་ངོས་འཛིན་བྱ་རྒྱུ་དང།
གོང་འཁོད་སྒྲིག་འཛུགས་གཉིས་དབར་མཐུན་འབྲེལ་གྱི་ལམ་ནས་ཤེས་ཡོན་གྱི་
དམིགས་ཡུལ་རྣམས་བསྒྲུབ་ཐུབ་པ་བྱ་རྒྱུ་སོགས་ཡིན་འདུག དེ་ཡང་དེ་ཉིན་ཆུ་ཚོད་
༢ ཙམ་ལ་བཀའ་ཤག་ཚོམ་ཆེན་དུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་ཁེལ་མུཀ་གི་སྲིད་འཛིན་ཟུར་པ་རྒྱལ་སྤྱིའི་མིག་མངས་རྩེད་མོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀིར་སན་ཨིལ་ཡུམ་ཛི་ནོབ་(Kirsan IIyumzhinov)མཆོག་གཉིས་ཀྱིས་གྲོས་ཆོད་དེར་མཚན་རྟགས་བཀོད་ཡོད། གྲོས་ཆོད་ནང་འཁོད་པའི་དོན་ཚན་ཁག་གཤམ་གསལ།
༡༽སྒྲིག་འཛུགས་གཉིས་དབར་མཐུན་འབྲེལ་ལས་འཆར་གྱི་སྒྲོམ་གཞི་གཏན་འབེབས་བྱ་རྒྱུ།
༢༽ཕྱོགས་གཉིས་ཀའི་དམིགས་ཡུལ་རྣམས་དོན་འཁྱོལ་ཡོང་ཆེད་ལས་འཆར་གྱི་སྒྲོམ་གཞིའི་ཐོག་མཉམ་རུབ་བྱ་རྒྱུ།
༣༽ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ལས་གཞིའི་ཐོག་ཕྱོགས་གཉིས་ནས་ཧུར་སྐྱེད་ཀྱིས་འབད་བརྩོན་ཞུ་རྒྱུ།
༤༽བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལམ་ལུགས་ནང་མིག་མངས་ལག་རྩེད་འཇོགས་ཏེ་སློབ་ཕྲུག་ཚོའི་ཁྲོད་དོ་སྣང་རྒྱ་ཁྱབ་ཏུ་སྤེལ་ཐབས་བྱ་རྒྱུ།
༥༽སློབ་གྲྭ་དང་སློབ་ཕྲུག་ཕན་ཚུན་དབར་མིག་མངས་ལག་རྩེད་ཀྱི་རྩེད་འགྲན་གོ་སྒྲིག་བྱ་རྒྱུ།༼ས་གནས་དང་རྒྱལ་ཡོངས།༽
༦༽ད་ལྟའི་གྲོས་མཐུན་དེ་འབྱུང་འགྱུར་ཕྱོགས་གཉིས་ཀྱི་ལས་གཞི་དེ་བཞིན་གཞི་རྒྱ་ཆེ་རུ་གཏོང་ཆེད་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་ངོས་འཛིན་ཞུ་རྒྱུ།
༧༽སློབ་གྲྭའི་ནང་མིག་མངས་ལག་རྩེད། ཅེས་ཤེས་ཡོན་ཡར་རྒྱས་ལ་དམིགས་པའི་ལས་གཞི་དེ་དངོས་སུ་ལག་བསྟར་ཐུབ་ཆེད་ཕྱོགས་གཉིས་ཀྱིས་ཕན་ཚུན་མཐུན་འགྱུར་གང་ཡོང་ཞུ་རྒྱུ།
༨༽ལས་གཞི་འདིའི་ནང་ཕྱི་ལོ་ ༢༠༡༢ ལོའི་སློབ་དུས་གསར་པའི་སྐབས་མིག་མངས་ལག་རྩེད་ནང་མཉམ་ཞུགས་གནང་མཁན་གྱི་སློབ་ཕྲུག་ཚོའི་སློབ་གྲྭའི་ནང་མིག་མངས་ལག་རྩེད་ཀྱི་འཛིན་གྲྭ་འགོ་འཛུགས་བྱ་རྒྱུ། ཅེས་སོགས་འཁོད་ཡོད།
ཛམ་ཐང་ཁུལ་རྒྱལ་གཅེས་དཔའ་བོ་ཁག་གཅིག་གིས་རང་ལུས་མེར་སྲེག་བཏང་བའི་བརྙན་པར་ཕྱི་འབྱོར་བྱུང་བའི་ཐོག་གསར་འགོད་གསལ་བསྒྲགས་སྤེལ་བ།
༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༩ ཉིན་རྡ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་ལགས། སྣང་གྲོལ་ལགས་བཅས་ཀྱིས་རང་ལུས་མེར་སྲེག་བཏང་བའི་བརྙན་པར་དང་ཞལ་ཆེམས་ཕྱི་འབྱོར་བྱུང་བའི་ཐོག་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོུད་ ༡༡ ཐོག་ཕྱི་ནང་གི་གསར་འགོད་པ་ཉི་ཤུ་བརྒལ་བ་ལྷན་འཛོམས་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་འབྲེལ་མཐུད་པ་བློ་བཟང་ཆོས་གྲགས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་གྲུབ་མཚམས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ ཉིན་མགོ་ལོག་ཛམ་ཐང་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་། བསོད་ནམས་ལགས་གཉིས་ཀྱིས་ས་གནས་སུ་རང་ལུས་མེར་སྲེག་བཏང་བའི་བརྙན་པར་དང་། ཁོང་གཉིས་ཀྱིས་མཉམ་དུ་བཞག་པའི་སྒྲ་བཅུག་ཞལ་ཆེམས།
་བཞིན་ཁོང་གཉིས་ཀྱི་འདྲ་པར་དང་། ཕྱི་ཟླ་ ༢ ཚེས་ ༡༩ ཉིན་ཛམ་ཐང་དགོན་པའི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་མེས་ཚིག་ཟིན་པའི་འདྲ་པར་དང་མ་གྲོངས་གོང་གི་འདྲ་པར། ལག་བྲིས་ཞལ་ཆེམས་དངོས་དང་། ཕྱི་ཟླ་ ༡ ཚེས་ ༢༦ ཉིན་བར་མ་ཤང་དུ་བོད་མི་ཚོས་ཞི་བའི་ངོ་རྒོལ་སྐབས་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བའི་སློབ་མ་ཨོ་རྒྱན་བཅས་ཀྱི་འདྲ་པར་རྣམས་བརྙན་པར་བརྒྱུད་གསར་འགོད་པ་རྣམ་ལ་སྟོན་མུས་སྐབས་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་བརྙན་པར་དེ་དག་ལ་འགྲེལ་བརྗོད་གནང་ཡོད།
དེ་ནས་ཁོང་གིས་བརྙན་པར་རྣམས་གསར་འགོད་པ་ཚོས་རྒྱལ་སྤྱིའི་སྟེང་བེད་སྤྱོད་ལེགས་པོ་གཏོང་ཐབས་སྐོར་ལ་གསུང་དོན།
འདིར་བསྟན་པའི་བརྙན་པར་སོགས་བོད་ནས་བཏང་འབྱོར་བྱུང་བ་ཇི་མ་ཇི་བཞིན་ལས་བཅོས་སྒྲིག་གང་ཡང་བྱས་མེད། དེ་རིང་འདིར་གསར་འགོད་གསལ་བསྒྲགས་སྤེལ་དགོས་དོན་ནི། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་ཁྱབ་སྤེལ་ཤུགས་ཆེ་བཏང་བའི་ཐོག་ཁོང་རྣམ་པས་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་བློས་བཏང་གནང་བ་དེ་ང་ཚོས་བསམ་པ་རྣམ་དག་གི་སྒོ་ནས་བོད་དོན་ཐད་རྒྱབ་སྐྱོར་ནུས་པ་ལྡན་པ་ཞིག་ཡོང་ཆེད་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་གང་ཐུབ་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་ལགས་ཀྱི་ཞལ་ཆེམས།
༄༅། །བོད་མི་རིགས་འདི་གཞན་དང་མི་མཚུངས་བའི་ཆོས་དང་རིག་གནས། བྱམས་དང་སྙིང་རྗེ་ལྡན་པ། གཞན་ལ་ཕན་སེམས་ཆེ་བའི་མི་རིགས་ཤིག་ཡིན། ཡིན་ན་ཡང་། བོད་མི་རིགས་འདི་རྒྱ་ནག་གིས་བཙན་བཟུང་དང་དྲག་གནོན་མགོ་སྐོར་
བྱས་པས། ང་ཚོ་བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྡུག་བསྔལ་དང་། འཛམ་གླིང་ཞི་བདེ་ཡོང་ཆེད་དུ་ངས་རང་ལུས་མེར་བསྲེགས་པ་ཡིན། ང་ཚོ་བོད་མི་རིགས་ལ་རང་དབང་མེད་པའི་སྡུག་བསྔལ་འདི་ངས་རང་ལུས་མེར་བསྲེགས་པ་ལས་སྡུག་བསྔལ་ལྷག་ཏུ་ཆེ། འཇིག་རྟེན་འདི་ན་ཆེས་དྲིན་ཆེ་བའི་ཕ་མ་དང་ཁྱིམ་མི་བཟའ་ཚང་། ཕུ་ནུ་ཉེ་འབྲེལ་རྣམ་པ། ངེད་གཉིས་ཀྱི་ཁྱེད་ཅག་ལ་བསམ་བློ་མ་བཏང་བ་མིན། ངེད་གཉིས་ཁྱེད་ཅག་དང་ཁ་བྲལ་བ་ཡང་སྔ་ཕྱི་ཁོས་ནི་ཡང་མིན། རང་གི་ཚེ་སྲོག་ལ་གཅེས་སྐྱོང་མ་ཤེས་པ་ཡང་མིན། སེམས་དང་བསམ་པ་མཉམ་པའི་སྒོ་ནས། ངེད་གཉིས་ཀྱིས་སེམས་བསམ་པ་མཉམ་པའི་སྒོ་ནས། བོད་ལ་རང་དབང་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་ལ་བདེ་སྐྱིད་བསྐྲུན་ཐུབ་པ། འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ངེད་གཉིས་ཀྱི་རང་ལུས་མེར་བསྲེགས་པ་ཡིན། ཡིན་ན་ཁྱེད་ཅག་གིས་ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབས་དགོས། ངེད་གཉིས་རྒྱ་ལག་ཏུ་ཤོར་ཡང་ཁྱེད་ཅག་གིས་ཅི་ཡང་བྱེད་མི་དགོས། ངེད་གཉིས་ཀྱི་ཆེད་དུ་མི་གཅིག་ལ་གནོད་འཚེ་མེད་ན་ངེད་གཉིས་ཀྱི་བསམ་པ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཆེད་དུ་ཁྱེད་ཅག་གིས་སེམས་སྐྱོ་ན། མཁས་པ་དང་མཁན་སྤྲུལ་རྣམས་ཀྱི་ཁར་ཉན་ནས་རིག་གནས་སྦྱང་ན་རིག་གནས་སྦྱོང་བའི་ཁ་ཕྱོགས་མི་ནོར་བ་དང་། རང་རིགས་ལ་དུང་ཞེན་དང་། རང་གི་རིག་གནས་ལ་འབད་བརྩོན་བྱས་ནས་རང་ཚིགས་མ་ཤོར་བར་རྡོག་རྩ་ཆིག་སྒྲིལ་བྱས་ན་ངེད་གཉིས་ཀྱི་རེ་བ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་པར་སྙིང་ནས་རེ་བ་ཡིན།
རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱི་ཞལ་ཆེམས།
༄༅། །ལ་རྒྱའི་སྙིང་སྟོབས་མ་ཞན་མགོ་བོ་ཁྱོགས། མིང་སྣང་གྲོལ་ང་ཡི་ལ་རྒྱ། ངའི་དྲིན་ཅན་ཕ་ལོ་མ་ལོ། ངའི་འདང་ཅན་ཕུ་ནུ་ཉེ་འཁོར།
ང་མི་འདུག་འགྲོ་རན་བྱུང་ཐལ། ངས་དྲིན་ཅན་བོད་མིའི་དོན་ལ། ངའི་ཚེ་སྲོག་མེ་ལ་བསྐུར་ནས། བོད་མི་རིགས་ཕོ་མོ་རྣམ་པ། བུ་ང་ཡི་རེ་བ་ཡིན་ན།
ཁྱེད་ཚང་མར་མཐུན་སྒྲིལ་ཡོད་དགོས། བོད་ཡིན་ན་བོད་ལྭ་གྱོན་དགོས། དེའི་མི་ཚད་བོད་སྐད་བཤད་དགོས། བོད་ཡིན་ནོ་སེམས་ནས་མ་བརྗེད། བོད་ཡིན་ན་བྱམས་དང་སྙིང་རྗེ་དགོས། ཕ་མ་ལ་བརྩི་བཀུར་དགོས། མི་རིགས་ལ་མཐུན་སྒྲིལ་ཡོད་དགོས། དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས། སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས།
༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་གངས་ཅན་གྱི་བླ་སྤྲུལ་མཁན་པོ་སོགས་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ། སྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་འདིས་བོད་པ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་སྡོད་ཐབས་མེད། རྨ་མེད་པའི་གཅར་རྡུང་བཟོད་ཀྱི་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད། མཐའ་གཞུག་ལ་བོད་ཀྱི་ཚེ་སྲོག་བཅད། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག ཅེས་འཁོད་ཡོད་འདུག་པ་བཅས། །
ཕྱི་དྲིལ་བཀའ་བློན་མཆོག་གིས་ཁེ་ན་ཌ་ཁལ་གྷ་རིའི་བོད་མི་དང་ཐུག་འཕྲད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༦ ཉིན་བཏང་གནས་ནང་འཁོད་དོན། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་ཟླ་ ༥ ཚེས་ ༥ ཉིན་ཁེ་ན་ཌ་ཁལ་གྷ་རིའི་ཁུལ་དུ་ཕེབས་སྐབས་ས་གནས་བོད་མི་རྣམས་ཀྱིས་རིག་གཞུང་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་ཉིན་གུང་གསོལ་ཚིགས་སྐབས་བཀའ་བློན་མཆོག་གིས་ཁལ་གྷ་རེའི་བོད་མི་རྣམས་ལ་བཀའ་ཤག་གི་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་མ་ཟད། ས་གནས་བོད་མི་ཚོས་རྒྱ་གར་བྱང་ཤར་ནས་ཁུལ་དེར་བོད་མི་ཆིག་སྟོང་གནས་སྤོ་བྱ་རྒྱུའི་ལས་གཞི་དེར་ཕྱར་གྲུ་མཉམ་འདེགས་གནང་རྒྱུའི་འབོད་སྐུལ་ཡང་གནང་ཡོད། ཕྱོགས་མཚུངས་སྐབས་དེར་བཀའ་བློན་མཆོག་གིས་ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལྟ་གྲུབ་ཆིག་སྒྲིལ་ཐོག་ནས་བོད་མི་གཞོན་སྐྱེས་ཚོས་ས་གནས་བོད་མིའི་ཚོགས་པ་དཔེར་ན། ཁེ་ན་ཌ་བོད་རིགས་མཐུན་ཚོགས་ལྟ་བུར་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་གསུངས་པ་དང་ཆབས་ཅིག བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ལ་དོ་སྣང་བྱས་ཏེ་ཕྱི་དྲིལ་སྒྲ་བརྙན་ཚན་པ་དང་ཕྱི་དྲིལ་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་གཙོ་བོར་གྱུར་བའི་སྐ་ཡིག་འདྲ་མིན་ནང་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་དོ་སྣང་སྤྲོད་དགོས་པའི་དྲན་སྐུལ་ཡང་གནང་ཡོད། དེ་ཉིན་སྔ་དྲོ་བཀའ་བློན་མཆོག་གིས་ཁུལ་དེར་བོད་མི་ ༡༠༠༠ གནས་སྤོ་བྱ་རྒྱུའི་ལས་གཞི་དང་འབྲེལ་བའི་ཚོགས་ཆུང་གི་Tibetan Association of Alberta and Project Tibet Society ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་ཚོགས་འདུ་ལྷུག་པོ་ཚོགས་ཡོད་པ་བཅས།།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་དོན་སྐོར་ངོ་སྤྲོད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཨ་རིའི་ཊུ་ནི་སི་མངའ་སྡེའི་མེམ་ཕི་སི (Memphis) གྲོང་ཁྱེར་གྱི་ཕི་ཛར་ས་ཁུལ་དུ་རྟེན་གཞི་བྱས་པའི་པདྨ་དཀར་པོ་སྒོམ་སྒྲུབ་སློབ་སྦྱོང་བསྟི་གནས་ཁང་ནས་མགྲོན་འབོད་ལྟར། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ནང་ཆོས་ངོ་སྤྲོད་དང་འབྲེལ་ད་ལྟའི་ཆར་བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་མེད་པ་དང་མ་ཟད། རྒྱ་ནག་གཞུང་ནས་བོད་མིར་དྲག་གནོན་བྱས་དང་བྱེད་མུས་ཡིན་སྐོར་བསྟི་གནས་ཁང་དེའི་སློབ་ཕྲུག་ཚོར་ངོ་སྤྲོད་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། སྤྱི་འཐུས་ཚོགས་གཞོན་མཆོག་གིས་སློབ་ཕྲུག་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་དོན། དེང་སྐབས་བོད་ནང་གི་བོད་མི་རྣམས་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་འོག་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་དུ་ཡོད་པའི་སྨྲ་བརྗོད་རང་དབང་དང་གསར་འགྱུར་རང་དབང་། དེ་བཞིན་ཆོས་བྱེད་རང་དབང་སོགས་གང་ཡང་མེད། ལྷག་པར་རྒྱ་ནག་གཞུང་ནས་བོད་མི་རྣམས་ལ་དྲག་པོའི་དམག་དཔུང་གིས་དབང་བསྒྱུར་བྱས་དང་བྱེད་མུས་ཡིན་མ་ཟད། བོད་མི་རིགས་རང་ཉིད་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་ལ་ཡང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཚད་མེད་བྱེད་བཞིན་ཡོད། གལ་ཏེ་བོད་མིས་རྒྱ་སྐད་མི་ཤེས་ན། སྤྱི་ཚོགས་ནང་ལས་ཀ་རག་ཐབས་དཀའ་བའི་གནས་སུ་གྱུར་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་སྟེ་བོད་རྒྱ་གཉིས་ཀར་ཕན་པའི་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད། བོད་རྒྱ་སྐུ་ཚབ་དབར་འབྲེལ་མོ་ཐེངས་དགུ་ཙམ་གནང་ཡོད་ཀྱང་དོན་ལྡན་གྱི་ནུས་པ་ཐོན་པ་བྱུང་ཞིག་མེད། ཅེས་སོགས་གསུངས་ཡོད། དེ་ནས་པདྨ་དཀར་པོ་སྒོམ་སྒྲུབ་སློབ་སྦྱོང་བསྟི་གནས་ཁང་གི་འགན་འཛིན་མཆོག་གིས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གསུངས་དོན་ལ་རྒྱབ་སྐྱོར་གནང་བ་དང་ཆབས་ཅིག་གསུང་དོན། ཕྱི་ལོ་ ༢༠༠༩ ལོའི་ནང་གྲོང་ཁྱེར་དེའི་ནང་ཨ་རིའི་སྤྱི་དམངས་ཐོབ་ཐང་དང་འབྲེལ་བའི་འགྲེམས་སྟོན་གྱི་དུས་སྐབས་ཤིག་གི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ལྟར་༸ཞབས་སོར་འཁོད་པ་ནས་བཟུང་ཁུལ་དེའི་མི་མང་ལ་བོད་དོན་གོ་རྟོགས་ཀྱི་གོམ་པ་ཐོག་མ་དེ་ཆགས་ཡོད། དེང་སྐབས་དུས་རབ་ཉེར་གཅིག་ནང་དྲ་གནས་ཀྱི་བརྒྱུད་ལམ་ཁག་ལ་བརྟེན་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་བྱ་སྤྱོད་དེ་དག་སྦས་གསང་བྱེད་ཐུབ་ཐབས་མེད་ཅེས་གསུངས་ཡོད་པ་བཅས། །
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཨུ་རུ་སུ་དང་ཕ་རན་སིའི་སྲིད་འཛིན་རྣམ་གཉིས་ལ་འཚམས་འདྲི་ཞུས་པ་།
༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕ་རན་སིའི་སྲིད་འཛིན་གསར་པ་སྐུ་ཞབས་ཕ་རན་ཁོ་ཡེ་སི་ཧོ་ལན་ཌེ་( Francoise Hollande)མཆོག་དང་ཨུ་རུ་སུའི་སྲིད་འཛིན་ཝི་ལ་ཌེ་མིར་པུ་ཏིན་(Vladimir Putin) རྣམ་གཉིས་ལ་སྲིད་འཛིན་གྱི་འོས་ཤོག་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འཕྲིན་ཞིག་ཕུལ་ཡོད། དེ་ཡང་ཨུ་རུ་སུའི་སྲིད་འཛིན་མཆོག་ལ་ཕུལ་བའི་འཚམས་འཕྲིན་ནང་འཁོད་དོན། བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་མང་གི་ཚབ་ཞུས་ཏེ་ངས་སྐུ་ཉིད་མཆོག་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་ཐེངས་གསུམ་པར་བསྐོ་བཞག་གནང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་པ་དེར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང། ང་ཚོས་སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་ཨུ་རུ་སུའི་མི་མང་ཚོར་ཧ་ཅང་ཕན་ཐོགས་ཡོང་རྒྱུའི་རེ་བ་ཞུ་རྒྱུ་དང་།
བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་སྐུ་ཉིད་ཀྱི་སྲིད་གཞུང་དང་ལྷན་སེམས་ཐག་ཉེ་པོའི་ཐོག་ནས་འབྲེལ་ལམ་ཞུ་རྒྱུའི་རེ་བ་འཆང་བཞིན་ཡོད། ཅེས་འཁོད་པ་མ་ཟད། ཕ་རན་སིའི་སྲིད་འཛིན་གསར་པ་མཆོག་ལ་ཕུལ་བའི་འཚམས་འཕྲིན་ནང་འཁོད་དོན། བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་མང་གི་ཚབ་ཞུས་ཏེ་ངས་སྐུ་ཉིད་མཆོག་ཕ་རན་སིའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་ཕ་རན་སིའི་མི་མང་ཚོར་ཕན་ཐོག་ཧ་ཅང་ཡོང་རྒྱུའི་རེ་བ་ཞུ་རྒྱུ་དང་། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་སྐུ་ཉིད་ཀྱི་སྲིད་གཞུང་དང་ལྷན་སེམས་ཐག་ཉེ་པོའི་ཐོག་ནས་འབྲེལ་ལམ་ཞུ་རྒྱུའི་རེ་བ་འཆང་བཞིན་ཡོད། ཅེས་འཁོད་ཡོད། འཚམས་འཕྲིན་ངོ་མ་དབྱིན་ཡིག་ནང་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།།
བཀའ་ཁྲི་མཆོག་གིས་བོན་གཞིས་ཐོབ་རྒྱལ་གསར་པའི་མང་ཚོགས་དང་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་།
༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༧ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སོ་ལན་དུ་རྟེན་གཞི་བྱས་པའི་བོན་པོའི་གཞིས་ཆགས་སུ་ཕེབས་སྐབས་ས་གནས་འགོ་འཛིན་ཕུར་བུ་དབང་ལྡན་ལགས་དང་སྨན་རི་དགོན་པའི་སྐུ་ཚབ། དེ་བཞིན་ས་གནས་འཐུས་ཚོགས་ཀྱི་ཚོགས་མི། རང་བཙན་ཚོགས་ཆུང་གི་ཚོགས་མི། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པའི་འཐུས་མི་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ཡང་ཐོག་མར་བཀའ་ཁྲི་མཆོག་གིས་སྨན་རི་དགོན་པའི་དབུ་བླ་སྨན་རི་ཁྲི་འཛིན་རིན་པོ་ཆེ་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། རིན་པོ་ཆེ་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་ཁྲི་མཆོག་་དགོན་པའི་ཟིམ་ཤག་ཏུ་ཕེབས་བསུ་ཞུས་ཏེ་གསུང་མོལ་ལྷུག་པོ་གནང་། སྐབས་དེར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་ཀྱང་ལྷན་བཅར་ཞུས་ཡོད།
ཕྱེད་ཡོལ་བཀའ་ཁྲི་མཆོག་དང་དྲུང་ཆེ་རྣམ་གཉིས་ལ་གསོལ་ཚིགས་ཤིག་ཀྱང་ཕུལ་ཡོད་པ་གྲུབ་བསྟུན། བཀའ་ཁྲི་མཆོག་གིས་ཁུལ་དེར་ནམ་མཁའི་ཤ་མོག ཅེས་པའི་ཤ་མོག་བཟོ་གྲྭ་གསར་འཛུགས་བྱས་པ་ (Sky Mushroom) ཞེས་པ་དེར་གཟིགས་སྐོར་གནང་སྟེ་བཟོ་གྲྭའི་འགན་འཛིན་དང་བཟོ་གྲྭའི་ལས་འཆར་སྐོར་གོ་བསྡུར་ལྷུག་པོ་གནང་ཡོད། དེ་ནས་བཀའ་ཁྲི་མཆོག་ཌོ་ལན་ཇི་གཏན་སློབ་ཏུ་ཕེབས་སྐབས་སློབ་ཕྲུག་ཕོ་མོ་རྣམས་ཀྱིས་སློབ་གྲྭའི་རོལ་དབྱངས་དང་བཅས་ཕེབས་བསུ་ཞུ་སྐབས་རྒྱལ་སྒོ་ནས་སློབ་སྤྱི་དང་དགེ་ལས་སློབ་ཕྲུག་ཡོངས་ནས་རུ་སྟར་གྱིས་ལག་ཏུ་མཇལ་དར་ཐོགས་ཏེ་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
བཞུགས་གྲལ་དུ་འཁོད་མཚམས་སློབ་སྤྱིས་སློབ་ཕྲུག་གི་ཤེས་ཡོན་དང་འབྲེལ་བའི་ལས་སྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་ཡོད། དེ་རྗེས་སློབ་ཕྲུག་ཚོས་འཕགས་བོད་ཀྱི་གཞད་སྣ་འཁྲབ་སྟོན་ཞུས་པ་མ་ཟད། སློབ་ཕྲུག་ཆུང་བ་ཚོས་ལུས་རྩལ་གྱི་རྣམ་འགྱུར་འདྲ་མིན་འཁྲབ་སྟོན་ཞུ་ཡོད་པར་མང་ཚོགས་དང་སྐུ་མགྲོན་ཚང་མས་ཧ་ཅང་དགའ་བསུ་ཐོབ་ཡོད།
དེ་རྗེས་བཀའ་ཁྲི་མཆོག་གིས་སློབ་ཕྲུག་རྣམས་ལ་ཤེས་ཡོན་ཐོག་འབད་བརྩོན་གང་ཐུབ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་འཛིན་རིམ་ ༡༢ ཐོན་ནས་མཐོ་སློབ་སོགས་ལ་འགྲོ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སློབ་ཕྲུག་རྣམས་ཀྱིས་དམིགས་བསལ་ལྷོད་གཡེང་དང་བག་མེད་ཀྱི་དབང་དུ་མ་སོང་བར་སློབ་སྦྱོང་ཐོག་སྔར་བས་ཤུགས་རྒྱག་དགོས་སྐོར་དང་། བཀའ་ཁྲི་མཆོག་རང་ཉིད་ཀྱང་དེ་སྔ་གཏན་སློབ་དང་མཐོ་སློབ་སོགས་ཀྱི་ནང་ཤེས་ཡོན་ཐོག་འབད་བརྩོན་ཇི་ཙམ་བྱས་ཡོད་སྐོར་སོགས་ཞིབ་ཕྲ་འགྲེལ་བརྗོད་གནང་། དེ་ནས་སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
དེ་རྗེས་བཀའ་ཁྲི་མཆོག་གིས་བོན་གཞིས་མང་ཚོགས་ཀྱི་སྤྱི་ཁང་དུ་ཕེབས་ཏེ་དེར་འདུས་བོན་གཞིས་མང་ཚོགས་རྣམས་ལ་འཚམས་འདྲི་དང་གསུང་བཤད་གནང་ཡོད། སྐབས་དེར་ཐོག་མར་ས་གནས་འགོ་འཛིན་ཕུར་བུ་དབང་ལྡན་ལགས་ཀྱིས་ལས་སྡོམ་སྒྲོགས་སྦྱང་གནང་། དེ་ནས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། ས་གནས་འགོ་འཛིན་གྱིས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་མི་མང་རྣམ་པ་ཚང་མ་འདིར་ཐེངས་གཉིས་པར་སླར་ཡང་ཐུག་རྒྱུའི་གོ་སྐབས་ཐོབ་པར་སྐབས་བཅུ་བཞི་པའི་བཀའ་ཤག་གི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་བཅོ་བརྒྱད་སྔོན་ལ་ང་རང་འདིར་བཅར་རྒྱུ་བྱུང། སྐབས་དེ་དང་བསྡུར་བ་ཡིན་ན་དགོན་པ་དང་ཚོགས་ཁང་། དེ་བཞིན་སློབ་གྲྭ་དེ་དག་ཡར་རྒྱས་ཕྱིན་འདུག ད་ལྟ་ས་གནས་འགོ་འཛིན་གྱིས་གསུངས་པ་བཞིན་ད་ལྟའི་ཆར་བོན་གཞིས་སུ་སྨན་རི་དགོན་པའི་དགེ་བཙུན་རྣམས་དང་། ས་གནས་མང་ཚོགས་ཀྱི་ཁྱིམ་ཚང་ ༨༠ དང་ནང་མི་ ༣༨༠ ཡོད་འདུག་པ་དང་སློབ་ཕྲུག་ ༤༩༧ བཅས་བོན་པོའི་གཞིས་ཆགས་སུ་ཁྱོན་མི་འབོར་བསྡོམས་ ༡༤༥༥ ཡོད་གསུངས་པ་མ་ཟད། སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་བཀྲིན་ལས་ད་བར་བོན་པོའི་གཞིས་ཆགས་ཀྱི་གནས་བབས་ཡག་ཐག་ཆོད་ཡོད་སྐོར་གསུངས་པ་དེ་དངོས་གནས་རེད། ཕྲན་ནས་ཀྱང་རིན་པོ་ཆེ་མཆོག་ཐེངས་ཁ་ཤས་མཇལ་མྱོང་། ནམ་མཇལ་སྐབས་དགའ་སྣང་གི་ཚོར་བ་བྱུང་། ཐེངས་འདིར་སླར་ཡང་མཇལ་རྒྱུ་བྱུང་བར་སྐལ་བ་བཟང་པོ་ཡིན་བསམ་དྲན་གྱི་འདུག ད་ལྟའི་འཆར་སླབ་གྲྭའི་གཙོས་ཡར་རྒྱས་གང་ཙམ་ཕྱིན་ཡོད་པ་མ་ཟད།
ཁུལ་འདིར་ནམ་མཁའི་ཤ་མོག་(Sky Mushroom)ཅེས་ཤ་མོག་བཟོ་གྲྭ་ཞིག་ཀྱང་གསར་འཛུགས་གནང་འདུག བཟོ་གྲྭའི་སྦྱིན་བདག་ལ་ཆ་མཚོན་ན་ཁོང་ཐོག་མ་བོན་གཞིས་ནང་འཚར་ལོངས་བྱུང་རྗེས་ཕྱི་རྒྱལ་དུ་ལོ་ཉི་ཤུ་རྩ་གྲངས་སོང་རྗེས་སླར་ཡང་ཕྱིར་ཕེབས་ཏེ་ལས་འཆར་འདི་རིགས་སྤེལ་ཐུབ་པ་ཧ་ཅང་ཡག་པོ་རེད་བསམ་བཞིན་འདུག ཅེས་གསུངས་རྗེས་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལྟ་གྲུབ་གསུམ་སྐོར་ཞིབ་ཕྲ་གསལ་བཤད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་མཛད་དེ་བོད་མིའི་མང་གཙོའི་སྒྲིག་འཛུགས་སྲ་བརྟན་ཐོག་བོད་མིའི་བདེན་པའི་འཐབ་རྩོད་རྒྱུན་གནས་ཐུབ་པ་ཞིག་བཟོས་གནང་མཛད་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་བ་དང་སྦྲགས།
ས་གནས་འགོ་འཛིན་གྱིས་བོན་པོའི་གཞིས་ཆགས་ལས་ཁུངས་དང་འབྲེལ་བའི་རླངས་འཁོར་དང་རྩིས་པ། དེ་བཞིན་དཀའ་ངལ་གཞན་ཁག་བཅས་དོན་ཚན་ལྔ་ཅན་ཞིག་ཡོད་པ་དེ་དག་ལ་བོད་མི་སྒྲིག་འཛུགས་ཀྱིས་དཀའ་ངལ་དེ་དག་གང་ཐུབ་གང་མགྱོགས་སེལ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་སྐོར་གསུངས། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་བཀའ་ཤག་ངོས་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཆེད་འབད་བརྩོན་གང་ཐུབ་ཞུས་དང་ཞུ་མུས་ཡིན་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་། ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་ཤེས་ཡོན་སྐོར་ལ་གསུང་དོན། ཤེས་ཡོན་འདི་གལ་ཆེ་ཤོས་སུ་བརྩིས་ཏེ་གཞིས་ཆགས་ཁག་ལ་ཡོད་པའི་བོད་པའི་སློབ་གྲྭ་རྣམས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཐོག་ནས་རྩིས་ལེན་བྱ་རྒྱུའི་ཐབས་ཤེས་བྱས་དང་བྱེད་མུས་ཡིན། དེ་འདྲ་ཞིག་བྱུང་བ་ཡིན་ན་འཛིན་སྐྱོང་དང་གང་ཅིའི་ཐོག་ནས་ཚགས་ཚུད་དུ་གཏོང་རྒྱུའི་རེ་བ་ཞུ་བཞིན་ཡོད། འོན་ཀྱང་བོད་པ་དགེ་རྒན་ཡོད་པ་ཙམ་གྱིས་ཚགས་ཚུད་དུ་འགྲོ་རྒྱུའི་ངེས་པ་གང་ཡང་མེད། གོ་ཐོས་བྱུང་བ་ཞིག་ན་ཉེ་ལམ་བོད་པའི་སློབ་དགེ་སྤྱི་ཡོངས་ཡག་པོ་ཡོད་ཀྱང་རེ་གཉིས་རྒྱ་གར་དགེ་རྒན་དང་བསྡུར་ན་རྒྱ་གར་སློབ་དགེ་ཧ་ཅང་ཡག་པོ་དེ་འདྲ་ཡོད་པ་གོ་ཐོས་བྱུང་།
བོན་གཞིས་མང་ཚོགས་རྣམས་ལ་གསུང་བཤད་གནང་སྐབས།
འོན་ཀྱང་བོད་མི་རང་གིས་འཛིན་སྐྱོང་ཐུབ་པ་བྱུང་ན་འཛིན་སྐྱོང་གི་འགན་འཁྱེར་རྒྱུས་མཚོན་ཕྱོགས་གང་ཅིའི་ཐད་ནས་དམིགས་བསལ་འགན་འཁྱེར་རྒྱུ་རེད་བསམ་པའི་ཡིད་ཆེས་ཐོག་ནས་གཞིས་ཆགས་ཁག་ཏུ་ཡོད་པའི་སློབ་གྲྭ་རྣམས་རིམ་པས་རྩིས་ལེན་རྒྱུའི་འབད་བརྩོན་བྱེ་བཞིན་ཡོད།
སྨན་རི་དཔེ་མཛོད་ཁང།
གནས་ཚུལ་དེ་དག་རིམ་བཞིན་གསལ་རྒྱུ་རེད། དེ་བཞིན་སྐྱབས་བཅོལ་ལག་དེབ་རྒྱུན་ལྡན་ལོ་རེ་དང་ཡང་ན་ཟླ་དྲུག་མཚམས་འཕར་འགྱང་ཞུ་དགོས་ཀྱི་ཡོད་ནའང་། ཕྲན་བཀའ་བློན་ཁྲི་པར་འོས་འདེམས་བྱུང་རྗེས་རྒྱ་གར་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་འབྲེལ་ཡོད་ལས་ཁུངས་ཆེ་ཁག་མང་པོ་ཞིག་བཅར་ཏེ་ལོ་ལྔ་རེའི་མཚམས་སུ་འཕར་འགྱང་ཆོག་པའི་བཀའ་ཁྲོལ་ཞུས་པ་ལྟར་རྒྱ་གར་དབུས་གཞུང་གིས་ཞལ་བཞེས་ཐོབ་བྱུང་། འོན་ཀྱང་གནང་ཕྱོགས་དེར་ཆ་རྐྱེན་བཞི་ཙམ་ཡོད་པའི་ཁོངས་བོད་མི་ཡིན་པ་དང་ཡ་རབས་སྤྱོད་བཟང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་སྐྱོར་ཡི་གེ་སོགས་དགོས་ཀྱི་ཡོད། ང་རང་བཀའ་ཁྲི་འོས་འདེམས་བྱུང་རྗེས་བོད་མིའི་གཞིས་ཆགས་ཁག་གཅིག་ལ་མ་གཏོགས་བཅར་ཐུབ་མེད། དེའི་ཁོངས་བོན་པོའི་གཞིས་ཆགས་ལ་དང་ཤོས་ཀྱི་གྲས་སུ་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད།
དེ་རྗེས་བཀའ་ཁྲི་མཆོག་དང་དྲུང་ཆེ་རྣམ་པ་སྨན་རི་དགོན་པའི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་སོགས་ལ་གཟིགས་སྐོར་ཕེབས་རྗེས་རྡ་སར་ཕེབས་ཐོན་གནང་ཡོད་པ་བཅས།།
ཐེ་ཝན་གྲོས་ཚོགས་ནང་བོད་དོན་གླེང་སློང་ཤུགས་ཆེ་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༨ རེས་གཟའ་མིག་དམར།
༄༅།    །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༧ ཉིན་སྐོང་ཚོགས་གནང་བའི་ཐེ་ཝན་གྲོས་ཚོགས་ཀྱི་སྐབས་བརྒྱད་པའི་ཚོགས་ཐེངས་དང་པོ་དང་ནང་སྲིད་ལྷན་ཚོགས་ཐེངས་ ༢༣ པའི་ནང་། ཕྱི་ལོ་ ༢༠༠༨ ལོ་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བའི་ཐད་ཐེ་ཝན་གཞུང་གི་ལངས་ཕྱོགས་དང་། རྒྱ་ནག་དང་ཐེ་ཝན་དབར་གྲོས་མོལ་བྱེད་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་ཆ་རྐྱེན་ཁོངས་ཚུད་ཐབས་ཞེས་པའི་བརྗོད་གཞིའི་ཐོག་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ལྕམ་སྐུ་ཐན་ཆིའུ་ཇིན་ལགས་ཀྱིས། གྲོས་ཚོགས་ནང་བོད་མིས་རང་ལུས་མེར་སྲེག་བཏང་བའི་པར་རིགས་ཁག་བརྙན་འཕྲིན་བརྒྱུད་སྟོན་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འགྲེལ་བཤད་དང་སྦྲགས་འབྲེལ་ཡོད་དཔོན་རིགས་ཁག་ལ་ད་བར་བོད་མིར་གདུང་སེམས་མཉམ་སྐྱེའི་ལས་དོན་གང་དང་གང་སྤེལ་ཡོད་སྐོར་གྱི་དྲི་བ་བཏང་ཡོད། དེ་བཞིན་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ལྕམ་སྐུ་ཤའོ་མེ་ཆིང་ལགས་ཀྱིས་ཀྱང་། རྒྱ་ནག་མི་སེར་རྒྱལ་ཁབ་(ཐེ་ཝན་)ཀྱི་རྩ་ཁྲིམས་ནང་བོད་དང་སོག་པོ་གཉིས་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པ་བཀོད་ཡོད་རུང་། སོག་པོ་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན། བོད་མིའི་སྒྲིག་འཛུགས་ནས་མང་གཙོ་བརྒྱུད་བཀའ་བློན་ཁྲི་པ་འོས་འདེམས་གནང་བ་དང་། དེའི་ཁྲི་འདོན་མཛད་སྒོའི་ཐོག་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཡང་ཆེད་བཅར་ཞུས་ཡོད། བོད་སོག་ལས་ཁུངས་དེ་བཞིན་ལོ་རྒྱུས་ཀྱི་ལྷག་རོ་ཡིན་པ་སོགས་སྐྱོན་བརྗོད་ཤུགས་ཆེ་གནང་། གཞན་ཡང་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཏོན་ཁང་དབྱི་དང་། གྲན་ཇི་མའེ། ཡའོ་ཝིན་ཀྲེ་སོགས་ནས་བོད་ཀྱི་རང་དབང་ཆེད་བོད་མིས་རང་ལུས་མེར་སྲེག་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་། ༧གོང་ས་མཆོག་ཐེ་ཝན་ནང་གདན་ཞུ་སྐོར་སོགས་ལ་ཐེ་ཝན་གཞུང་ནས་ག་རེ་བྱས་ཡོད་སོགས་འདྲི་བ་མང་པོ་གཏོང་སྐབས། འབྲེལ་ཡོད་བློན་ཆེན་ཁག་གིས་བོད་མིས་རང་ལུས་མེར་སྲེག་བཏང་བར་གདུང་སེམས་མཉམ་སྐྱེ་ཡོད་སྐོར་སོགས་ལན་འདེབས་གནང་ཡོད།
ཐེངས་འདིའི་གྲོས་ཚོགས་ནང་ཐེ་ཝན་གཞུང་གི་རྒྱ་ནག་སྐམ་ས་ལས་དོན་ལྷན་ཚོགས་སོགས་བློན་ཆེན་ལས་ཁུངས་གསུམ་གྱི་བློན་ཆེན་དང་། བདེ་སྲུང་ལས་ཁུངས་སོགས་ལས་ཁུངས་ཁག་དྲུག་གི་མཐོ་རིམ་དཔོན་རིགས་མཉམ་ཞུགས་གནང་ཡོད། གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་གྲོས་ཚོགས་ལས་ཁུངས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་ཐད་གཏོང་བྱས་ཡོད་པ་རེད། ཐེངས་འདིའི་གྲོས་ཚོགས་ནང་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་དང་། གཞུང་གི་མཐོ་རིམ་དཔོན་རིགས་ཁག་ནས་བོད་ཀྱི་ཛ་དྲག་གནས་སྟངས་ཤེས་རྟོགས་རྒྱ་ཆེ་བྱུང་ཡོད་པར་བརྟེན། ཐེ་ཝན་སྐུ་ཚབ་དོན་ཁང་ནས་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་མཁན་འཐུས་མི་རྣམས་ལ་ཡིག་ཐོག་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་ཤིག་ཀྱང་ཕུལ་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་བསྐྱང་གཏན་འཁེལ་བ།
༢༠༡༢ ཟླ་ ༥ ཚེས་ ༨ རེས་གཟའ་མིག་དམར།
༄༅།  །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ནས་ ༢༦ བར་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་གྱིས་མཛད་འཕྲིན་བསྐྱང་གཏན་འཁེལ་འདུག
དེ་ཡང་ཕྱི་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་སོ་ལཱ་ཝེ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་རི་བོར་རུ་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༡༨ ནས་ ༡༩ བར་ཨོ་སི་ཊོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་བསྟི་གནས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཡུལ་དེར་ཆིབས་སྒྱུར་བསྐྱང་སྟེ་ཀེ་ལ་ཇན་ཕོཊ་རུ་ཤེས་རབ་སྙིང་པོ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་མཛད་པའི་ལྟ་ཁྲིད་དྲན་པ་བཞི་ལྡན་བཅས་ཀྱི་བཀའ་ཁྲིད་དང་། སངས་རྒྱས་སྨན་ལྷའི་བཀའ་དབང་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་གྲོང་ཁྱེར་དེའི་ནང་མང་ཚོགས་ལ་དེ་སྐྱིད་ཀྱི་སྒྱུ་རྩལ་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཨོ་སི་ཊོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་བསྟི་གནས་ཁང་དང། སེལ་ཛ་སྦག་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གཞུང་མི་འདྲ་བའི་ཆོས་ལུགས་རིག་པ་དང་ཆོས་ལུགས་སློབ་གཉེར་ཁང་། ཨེལ་པ་ཡིན་ཞི་བདེ་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པའི་ཚོགས་འདུའི་གཙོ་མགྲོན་དུ་ཆིབས་སྒྱུར་གྱིས་འཛམ་གླིང་ཞི་བདེ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་སེམས་ཁུར་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༡ ཉིན་རྒྱབ་ཨོ་སི་ཊོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་བསྟི་གནས་ཁང་དང། སེལ་ཛ་སྦག་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གཞུང་མི་འདྲ་བའི་ཆོས་ལུགས་རིག་པ་དང་ཆོས་ལུགས་སློབ་གཉེར་ཁང་། ཨེལ་པ་ཡིན་ཞི་བདེ་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པའི་འཛམ་གླིང་ནང་གི་ཆོས་ལུགས་འདྲ་མིན་ཕན་ཚུན་འབྲེལ་བ་དང་མཐུན་གཤིབ་གནང་ཕྱོགས་ཞེས་པའི་ཚོགས་འདུར་ལྷན་ཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་བེལ་ཇམ་གྱི་གྲོང་བརྡལ་སྙིང་ཤོས་ཧུའི་ནང་ཡོད་པའི་ཡོན་ཏན་གླིང་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པ་བཞིན། ཁུལ་དེའི་མི་མང་ལ་སྤྱི་ཚོགས་བཟང་པོ་ཞིག་སྐྲུན་ཐབས་ཀྱི་འཆར་སྣང་དང་ལམ་སྟོན་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཟླ་ ༥ ཚེས་ ༢༥ ཉིན་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཝེ་ནར་བོད་ཀྱི་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པ་བཞིན། ཁུལ་དེའི་མི་མང་ལ་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བ་ད་ལྟའི་སྤྱི་ཚོགས་ལ་མཁོ་བའི་བཟང་སྤྱོད་དང་འགྲོ་བ་མིའི་རིན་ཐང་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཝེ་ནར་བོད་ཀྱི་བསྟི་གནས་ཁང་དང། ཝེ་ན་གཙུག་ལག་སློབ་གྲྭ་ཆེན་མོ་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་སེམས་དང་དངོས་པོ། དོན་དམ་གྱི་དཔེ་གསར་ཞེས་ནང་པའི་ཚན་རིག་དང། ཚན་རིག་སྐོར་གྱི་ཆེད་དོན་བགྲོ་གླེང་གི་གཙོ་མགྲོན་དུ་ལྷན་ཞུགས་མཛད་རྒྱུ་ཡིན་འདུག་པ་བཅས། །
བཀའ་ཁྲི་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༨ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་སིམ་ལ་ནས་བཏང་གནས་ ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༥ དང་ ༦ བཅས་ཉིན་གཉིས་རིང་བཀའ་ཁྲི་མཆོག་གིས་སིམ་ལ་གཏན་སློབ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དགའ་སྟོན་མཛད་སྒོར་མཉམ་ཞུགས་གནང་རྗེས་ཕྱི་ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༧ ཙམ་ལ་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་པེ་རེམ་ཀུ་མཱར་དུ་མལ་མཆོག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་མཇལ་འཕྲད་སྐར་མ་ ༤༥ ཙམ་གནང་རིང་བཀའ་ཁྲི་མཆོག་གིས་ཐོག་མར་བློན་ཆེན་མཆོག་ལ་ཧི་མཱ་ཅལ་མངའ་གཞུང་གིས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་མཚན་དེ་བཞིན་ཁྲིམས་འགལ་གྱི་ཉེས་འཛུགས་བྱས་པའི་ཐོ་གཞུང་ནས་ཕྱིར་འཐེན་གནང་བར་མངའ་སྡེའི་བློན་ཆེན་མཆོག་སྐུ་སྒེར་གྱིས་འབད་བརྩོན་གང་ཡོད་ཞུས་པ་དེར་བཀའ་ཤག་གིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་གཞིས་ཆགས་ཀྱི་ཁྱབ་ཁོངས་རང་བཙན་ཀེམ་དང་སངས་རྒྱས་ཆོས་གླིང། སིམ་ལ་རླངས་འཁོར་བབས་ཚུགས་སུ་ཡོད་པའི་བོད་མི་གནས་སྡོད་བྱེད་སའི་ཆ་ཁག་གཅིག་ལ་ད་ལྟ་འཕྲད་བཞིན་པའི་ས་ཁང་དང་ཚོང་ལས་དང་འབྲེལ་བའི་དཀའ་ངལ་གཙོ་བོར་གྱུར་བའི་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གི་ཁྱབ་ཁོངས་ཀུ་སུམ་ཊི་དང་སན་ཇོ་ལི།  སིམ་ལ་རླངས་འཁོར་བབས་ཚུགས། སོ་ལན་བཅས་ཚོ་ཁག་དགུ་ལ་གནས་པའི་བོད་མི་གྲངས་ ༡༦༥༠ ཙམ་ཡོད་པ་ཚོའི་བདེ་སྡུག་སྐོར་ཞུས་ཡོད་པ་མ་ཟད། བོད་མི་དེ་དག་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་ཆེད་རོགས་རམ་གང་མགྱོགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་མངའ་སྡེའི་བློན་ཆེན་མཆོག་ནས་ཀྱང་སྐབས་དེར་ཧི་མཱ་ཅལ་མངའ་གཞུང་གིས་དེ་སྔ་བོད་མི་ཚོར་རོགས་རམ་གང་ཞུས་པ་བཞིན་འབྱུང་འགྱུར་བོད་མི་ཚོའི་དཀའ་ངལ་རྣམས་སེལ་ཆེད་འབད་བརྩོན་གང་ཡོད་ཞུ་རྒྱུའི་ཁས་ལེན་གནང་ཡོད།
ཕྱི་ཚེས་ ༧ སྔ་དྲོ་ཐོག་མར་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་གཞིས་ཆགས་ཀྱི་རུམ་བཟོའི་ཚོགས་ཁང་དུ་བོད་མི་རྣམས་ལ་གསུང་བཤད་གནང་ཡོད། ཐོག་མར་ལས་དྲུང་མིག་དམར་བུ་ཁྲིད་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་རྗེས་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གཞིས་ཆགས་ཀྱི་ལོ་འཁོར་ལས་བསྡོམས་སྒྲོགས་སྦྱང་གནང་ཡོད། དེ་ནས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་མཛད་རྗེས་ངས་བཀའ་བློན་ཁྲིད་པའི་དམ་བཅའ་ཕུལ་ཡོད། འདི་ནི་མགོན་པོ་གང་ཉིད་མཆོག་གིས་མང་གཙོའི་ལམ་བཟང་ཐོག་ནས་བོད་མིའི་འཐབ་རྩོད་མུ་མཐུད་ཕུགས་བརྟན་ཞིག་ཡོང་རྒྱུ་ཡིན་པའི་དགོངས་བཞེས་མཛད་པ་ཞིག་ཡིན། བཀའ་ཤག་སྐབས་བཅུ་བཞི་པས་འབད་བརྩོན་བྱེད་བཞིན་པའི་ལས་དོན་གང་ཅིའི་ཐོག་མང་ཚོགས་ཀྱི་འགན་ཁུར་བླངས་པའི་ཐོག་ནས་མཐུན་འགྱུར་གནང་བར་བརྟེན། ད་བར་ང་ཚོས་ཕྱིར་མིག་ཅིག་བལྟས་ན་ལྷིང་འཇགས་པོ་ཞིག་བྱུང་ཡོད་པའི་ཚོར་སྣང་བྱུང། ཞེས་སོགས་གསུང་རྗེས་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་ཁག་གསུམ་སྟེ། གསར་གཏོད་རང་ཁ་རང་གསོ། ཆིག་སྒྲིལ་བཅས་ཀྱི་སྐོར་ཞིབ་ཕྲ་འགྲེལ་བཤད་གནང། དེ་རྗེས་བོད་ནང་གི་བོད་མི་སུམ་ཅུ་སོ་ལྔས་བོད་བསྟན་སྲིད་དོན་དུ་རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་ནས་བོད་མི་ ༢༦ འདས་གྲོངས་སུ་གྱུར་བ་དང། རྒྱལ་སྤྱིའི་ཐོག་བཀའ་ཤག་གིས་བོད་མི་དེ་དག་གི་བོད་ནང་རང་དབང་བསྐྱར་གསོ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་མངོན་འདོད་གང་གནང་ཡོད་པ་དེ་དག་གི་མགྲིན་ཚབ་པའི་ངོ་བོའི་ཐོག་ནས་གསལ་བཤད་དང་དྲིལ་བསྒྲགས། དེ་བཞིན་ཨ་རི་དང་ཉི་ཧོང་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་མི་སྣ། སྲིད་བློན་དང་སྲིད་འཛིན་ཟུར་པ་བཅས་དངོས་སུ་མཇལ་འཕྲད་ཞུས་ཏེ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་རོགས་རམ་གང་ཐུབ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་སྐོར་སོགས་ཀྱི་གསལ་བཤད་གནང་རྗེས་མང་ཚོགས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་བཅས།།
བོད་དོན་རྒྱབ་སྐྱོར་བ་གཞས་པ་གྲགས་ཅན་ཨ་ཌམ་ཡའོཀ་ལགས་དགོངས་རྫོགས་ཀྱི་ཡིད་སྐྱོའི་གནས་ཚུལ་ཐོན་པ།
༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༤ ཉིན་དགུང་གྲངས་ ༤༧ ལ་སོན་པའི་ཨ་མི་རི་ཀའི་རོག་ཅེས་པའི་གླུ་གཞས་གཏོང་མཁན་སྐད་གྲགས་ཆེ་ཤོས་སུ་གྱུར་བ་བོད་དོན་རྒྱབ་སྐྱོར་བ་(Adam Yauch) ཨ་ཌམ་ཡའོཀ་ལགས་རྒྱུན་རིང་ནས་ནད་མནར་དུ་གྱུར་རྐྱེན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་བཟའ་ཟླ་དང་ནང་མིར་སེམས་གསོའི་གསུང་འཕྲིན་སྩལ་བའི་གནས་ཚུལ་ཐོན་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱི་མཚན་ཐོག་ནས་དམ་པ་དེའི་སྐུ་ཟླ་བདེ་ཆེན་ལགས་སུ་གནང་བའི་སེམས་གསོའི་འཚམས་འཕྲིན་དེའི་ནང་འཁོད་དོན།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཉིད་ཀྱི་སྐུ་ཟླ་ཨ་ཌམ་ཡོཀ་ལགས་སྐྲན་ནད་ཀྱིས་མནར་ཏེ་འདས་གྲོངས་སུ་གྱུར་བར་ཁྱེད་དང་འདས་པོ་དེའི་ཕ་མ་རྣམས་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་པ་མ་ཟད། ༸གོང་ས་མཆོག་གིས་འདས་པོ་ཁོང་ནི་འགྱུར་མེད་བོད་མིའི་གྲོགས་པོ་ཞིག་ཡིན་པ་བཀའ་ལན་སྩལ་ཡོད་སྐོར་གྱི་གནས་ཚུལ་ཐོན་འདུག
དམ་པ་ཁོང་དང་གྲོགས་པོ་གཞན་གཉིས་བཅས་མི་གསུམ་གྱིས་བཙུགས་པའི་བི་སི་ཌི་བྷོ་ཡ་ཞེས་པའི་རོལ་དབྱངས་ཚོགས་པ་དེར་རྒྱལ་སྤྱིའི་སྟེང་གི་རོལ་དབྱངས་ཀྱི་བྱ་དགའ་ཆེ་ཤོས་གྷར་མི་ཨ་ཝར་ཌི་ཞེས་པ་དེ་ཐེངས་གསུམ་ཐོབ་མྱོང་ཡོད་པ་མ་ཟད། ཁོང་ཚོས་བཟོས་པའི་གླུ་གཞས་འཁོར་ཐག་འཛམ་གླིང་ཁྱོན་ཡོངས་སུ་ས་ཡ་བཞི་བཅུ་ཙམ་ཚོང་འགྲེམས་གནང་ཡོད། དམ་པ་ཁོང་གིས་འགན་ཁུར་གཙོ་བོ་གནང་བའི་ཐོག་ལོ་རབ་དགུ་བཅུ་པའི་ནང་བོད་རང་དབང་། ཞེས་པའི་རོལ་དབྱངས་འདུ་འཛོམས་ཆེ་ཁག་འགའ་ཞིག་གོ་སྒྲིག་གནང་ཡོད་པ་དེ་དག་གིས་བོད་དོན་དྲིལ་བསྒྲགས་ཧ་ཅང་ཆེན་པོ་བྱུང་འདུག་པ་བཅས།།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་ས་མཚམས་བརྒལ་ཏེ་བལ་ཡུལ་ནང་གི་བོད་མི་ཚོར་དྲག་རྡུང་གི་ལས་འགུལ་སྤེལ་འཆར་ཡོད་པ།
༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༧  ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན།  ཉེ་དུས་ཕྱི་ཟླ་ ༤ པའི་ནང་བོད་རང་སྐྱོང་ལྗོངས་སྤྱི་བདེའི་ཁྱབ་ཁོངས་ཀྱི་ནང་ཁུལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ལྷ་སར་དྲག་རྡུང་གཏོང་རྒྱུའི་ནང་ཁུལ་འཆར་གཞི་ཞིག་བཀོད་སྒྲིག་བྱེད་བཞིན་ཡོད་པ་དང་། འཆར་གཞིའི་ཁོངས་རྒྱ་རིགས་རྐྱང་པ་ལས་གྲུབ་པའི་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཁག་ཅིག་ལ་གཙོ་བོའི་ལས་འགན་སྤྲད་དེ་དྲག་རྡུང་གི་ལས་འགུལ་སྤེལ་འཆར་ཡོད་པ་མ་ཟད།  ལྷག་པར་བལ་ཡུལ་གཞུང་གི་ཉེན་རྟོག་པ་དང་འབྲེལ་བ་བྱས་ཏེ་བལ་ཡུལ་གྱི་ཉེན་རྟོག་པ་དང་མཉམ་འབྲེལ་ཐོག་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་ངན་བསྐུལ་གྱི་ལས་འགུལ་སྤེལ་མཁན་ལ་རྡུང་རྡེག་གཏོང་ཐུབ་པ་བྱས་ཏེ་རྒྱལ་སྤྱིའི་ཉེན་རྟོག་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་གཏོང་དགོས་པ།  དེ་བཞིན་བོད་མི་གནས་སྡོད་བྱ་ཡུལ་གྱི་ཞིང་ཆེན་ཚུད་པའི་ཉེན་རྟོག་པར་ཡང་འབྲེལ་བ་བྱས་ཏེ་རྡུང་རྡེག་གཏོང་རྒྱུའི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུའི་འཆར་གཞི་ཞིག་བཀོད་སྒྲིག་བྱས་ཡོད་འདུག
འཆར་གཞིའི་དེའི་ཁོངས་ལྷ་ས་གྲོང་ཁྱེར་ནང་དོ་དམ་དང་གཙང་བཤེར་བྱ་རྒྱུའི་ཚན་པ་མང་དག་ཅིག་གསར་འཛུགས་བྱས་ཏེ་དེ་དག་གི་གཙོ་བོའི་ལས་འགན་ཁག་སྤྱི་བདེ་ཐིང་ཅུས་ཀྲང་གི་གོ་གནས་ཡོད་པའི་རྒྱ་རིགས་དཔོན་རིགས་ཁག་གཅིག་དམིགས་བཙུགས་བྱས་ཡོད་པ་ལྟར། མི་སྣ་དེ་དག་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ གཞོན་པ་ལོ་ཞའོ་པིང་དང༌།   ཐེན་ཅན་ཧྲ།  མཱ་ཅོན།   ཀྲང་ཝུན་ཧྲན། ཁྲའོ་ཐའེ་ལིན་སོགས་ད་རེས་དྲག་རྡུང་གཏོང་རྒྱུའི་ལས་འཆར་གྱི་སྣེ་ཁྲིད་པའི་འགན་འཁུར་སྤྲད་ཡོད་པ་རེད།  ཁོང་ཚོས་ལྷ་སའི་ནང་སྤྱི་བདེའི་ཁྱབ་ཁོངས་ཀྱི་ཚན་པ་ཁག་གཙོ་བོར་གྱུར་བའི་ཐོག  དྲག་ཆས་ཉེན་རྟོག་པ་དང༌།  དམིགས་བསལ་ཉེན་རྟོག་པ།   རྒྱལ་སྲུང་ཡན་ལག་རུ་ཆེན་སོགས་ཚན་པ་ཁག་ཅིག་གི་སྣེ་འཁྲིད་དེ་ལྷ་ས་གྲོང་ཁྱེར་ཁོངས་དྲག་རྡུང་ཤུགས་ཆེ་ཞིག་གཏོང་འཆར་ཡོད་འདུག
ད་རེས་དྲག་རྡུང་ཁོངས་གཙོ་གནད་མི་སྣར་དོ་དམ་བྱ་རྒྱུ་སྟེ། དགོན་སྡེའི་མཐོ་རིམ་གྲྭ་བཙུན་དང༌།  དགོན་སྡེ་ནས་ཁ་བྲལ་ཟིན་པའི་གྲྭ་བཙུན།  ཕྱིར་འབུད་བྱས་པའི་གྲྭ་བཙུན།  སློབ་གསོ་བཏང་སྟེ་ཕྱིར་ཐོན་ཟིན་པའི་རིགས། དེ་ནི་༼ཆབ་བཙོན་ཟུར་པ་རྣམས་ལ་གོ་དགོས།༽ དོགས་ཡོད་མི་སྣའི་རིགས།  ས་ཁོངས་ཕྱི་རོལ་ནས་ལོག་ཡོང་བའི་མི་སྣ་སོགས་ལ་དམིགས་བསལ་ཞིབ་འཇུག་དང་དྲག་རྡུང་གཏོང་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ཐོན་འདུག་པ་བཅས།།
འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཁུར་ཞུས་པ།
༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅།  །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁངས་ཀྱི་དྲུང་ཆེའི་ལས་ཁུངས་སུ་བཀའ་ཤག་གི་བཀོད་ཁྱབ་ལྟར་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་ལས་འཁུར་བཞེས་པའི་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དྲུང་ཚབ་རྙིང་པ་ཟླ་བ་རྡོ་རྗེ་ལགས་ཀྱིས་དྲུང་ཆེ་གསར་པ་འཕྲིན་ལས་རྒྱ་མཚོ་ལགས་སུ་ཡིག་ཆ་ཁག་རྩིས་སྤྲོད་རྩིས་ལེན་སྔོན་དུ་ཟིན་པའི་ཐོག་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་གུས་ཕྱག་དང་མཇལ་དར་ཕུལ་གྲུབ་མཚམས་དྲུང་ཆེའི་ཞབས་སྟེགས་སུ་འཁོད་བསྟུན་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་དྲུང་ཚབ་ཟླ་བ་རྡོ་རྗེ་ལགས་དང་། ཟུང་དྲུང་ལྕོག་ཁང་དབང་འདུས་ཚེ་རིང་ལགས། ཟུང་དྲུང་དཔེ་ཟུར་དབང་འདུས་ཚེ་རིང་ལགས་བཅས་ཀྱིས་འཚམས་འདྲིའི་མཇལ་དར་སྒྲོན་རྗེས་སྤྲོད་དཔང་བདེ་སྲུང་དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས་ངོ་བཞུགས་ཐོག་ལས་ཐམ་གལ་ཆེ་ཁག་རྩིས་འབུལ་གྲུབ་མཚམས་དྲུང་ཚབ་ཟླ་བ་རྡོ་རྗེ་ལགས་ཀྱིས་དཔལ་འབྱོར་ལས་ཁུངས་སུ་ཕྱག་ལས་གནང་བཞིན་པའི་ལས་བྱེད་རྣམས་རེ་རེ་བཞིན་ངོ་སྤྲོད་ཀྱི་འཚམས་འདྲིའི་མཇལ་དར་ཕུལ་ཏེ་རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་གནང་བ་དང་འབྲེལ་ལས་བྱེད་ཡོངས་ཚང་འཛོམས་ཀྱི་དྲུང་ཆེ་གསར་པ་ངོ་སྤྲོད་དང་འབྲེལ་བའི་ལྷན་ཚོགས་ཤིག་ཀྱང་གནང་ཡོད་པ་བཅས།།
སིམ་ལ་གཏན་སློབ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དགྱེས་སྟོན་ལ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༦ ཉིན་སིམ་ལ་གཏན་སློབ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དགྱེས་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཉིན་གཉིས་པའི་སྐབས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་གཏན་སློབ་ཚོགས་གཙོ་སྐུ་ཞབས་ཨེ་ཨེ་སི་རཱ་བ་ཌ་(AS Rawat)མཆོག ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས། ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་ཡེ་ཤེས་ཕུན་ཚོགས་ལགས། དེ་བཞིན་དགེ་ལས་སློབ་ཟུར་རྣམ་པ། སློབ་གྲྭའི་སློབ་ཕྲུག་རྣམ་པ་བཅས་ཚང་འཛོམས་བྱུང་བའི་ཐོག་མར་བཀའ་ཁྲི་མཆོག་བཞུགས་གནས་མགྲོན་ཁང་ནས་སློབ་གྲྭའི་རྒྱ་སྒོའི་ནང་དུ་ཕེབས་སྐབས་སློབ་ཕྲུག་ཁག་གཅིག་གིས་བཀྲིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་ཞུས། དེ་རྗེས་བཀའ་ཁྲི་མཆོག་གིས་ཐོག་མར་རང་ཉིད་སིམ་ལའི་སློབ་ཟུར་ཞིག་ཡིན་པའི་ཆ་ནས་དགེ་རྒན་གྱི་བཀའ་དྲིན་བསམ་ཤེས་ཐོག་སིམ་ལ་གཏན་སློབ་ཀྱི་སློབ་དགེ་བགྲེས་སོང་ཟུར་པ་ཚོར་ཐུག་འཕྲད་ཀྱིས་གསུང་མོལ་གནང་རྗེས་བགྲེས་ཡོལ་དུ་ཕེབས་ཟིན་པའི་ཧིན་བོད་ལས་བྱེད་ཁག་གཅིག་དང་ཐུག་འཕྲད་གྲུབ་མཚམས་བཞུགས་གྲལ་དུ་འཁོད། དེ་རྗེས་མཛད་རིམ་གྱི་ཐོག་མར་བཀའ་ཁྲི་མཆོག་གིས་མཆོད་མེ་ཞལ་ཕྱེ་གནང་སྟེ་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་གྲུབ་བསྟུན་བོད་མི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་འདུད་དང་ངག་བཅད་སྐར་མ་གཅིག་གནང། དེ་ནས་ས་ག་ཟླ་བའི་ཚེས་ ༡༥ སྟོན་པའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་ནས་གཙུག་ལག་སློབ་དཔོན་སྐུ་ཞབས་ཝི་ཨེ་སི་ནེ་གི་ལགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་གནང་བ་དང་སྦྲགས། དེང་སྐབས་འཛམ་གླིང་ཤར་ནུབ་གང་སར་ནང་པ་སངས་རྒྱས་པའི་བསྟན་པ་དར་ཚུལ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད།     དེ་རྗེས་སློབ་གྲྭའི་སློབ་སྤྱི་པིར་ཊམ་སིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་རྗེས་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་འཁྲབ་སྟོན་ཞུས།  དེ་རྗེས་སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་བསྟུན། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་མཛད་སྒོ་དང་འབྲེ་བའི་གསུང་བཤད་སྐབས། བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་གལ་ཆེན་གཟིགས་བཞིན་ཡོད་པ་མ་ཟད། བཀའ་ཤག་གིས་སིམ་ལ་གཏན་སློབ་ཏུ་ཧིན་སྒོར་ཆིག་འབུམ་ཉིས་ཁྲི་རོགས་རམ་གནང་ཡོད་སྐོར། དེ་བཞིན་ཁོང་རང་ཉིད་སློབ་ཟུར་ཞིག་ཡིན་པའི་ཆ་ནས་ལྔ་བཅུའི་དུས་དྲན་སྐབས་བཅར་རྒྱུ་བྱུང་བར་ཧ་ཅང་སྐལ་བ་བཟང་པོ་བྱུང་ཚུལ། གཞན་ཡང་སློབ་ཕྲུག་ཚོས་ཤེས་ཡོན་གྱི་མཐུན་འགྱུར་དེ་དག་བེད་སྤྱོད་གང་ཡོད་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་ནས་བཀའ་ཁྲི་མཆོག་གིས་སིམ་ལ་གཏན་སློབ་ནང་ཤེས་ཡོན་དང་རྩེད་མོ་སོགས་ཀྱི་ཐོག་གཟེངས་སུ་ཐོན་པའི་སློབ་ཕྲུགཁག་གཅིག་ལ་ཕྱག་རྟགས་གནང་གྲུབ་བསྟུན། གཏན་སློབ་ཀྱི་ལས་བྱེད་ཁག་གཅིག་ལ་ཕྱག་རྟགས་གནང་། དེ་ནས་སློབ་དགེ་གཅིག་དང་སློབ་ཟུར་བློ་བཟང་ནོར་བུ་ཤསྟྲི་ལགས་གཉིས་ཀྱིས་དུས་དྲན་དང་འབྲེལ་བའི་མྱོང་ཚོར་ཇི་བྱུང་སྐོར་གསུང་བཤད་གནང།
དེ་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་སིམ་ལ་སློབ་གྲྭ་བོད་མིའི་གཏན་སློབ་ཀྱིས་རྩིས་བཞེས་གནང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དགྱེས་སྟོན་མཛད་སྒོར་བཅར་རྒྱུ་བྱུང་ཧ་ཅང་དགའ་པོ་བྱུང། གོང་དུ་གཙུག་ལག་སློབ་དཔོན་ནེ་གི་མཆོག་གིས་གསུང་པ་བཞིན་དེ་རིང་ས་ག་ཟླ་བའི་ཚེས་ ༡༥ ཡིན་པར་བརྟེན་སྟོན་པ་རྗེས་དྲན་ཞུ་རྒྱུ་གལ་ཆེན་པོ་ཆགས་ཡོད། གོང་དུ་སློབ་ཟུར་བློ་བཟང་ནོར་བུ་ཤསྟྲི་ནས་གསུངས་པ་བཞིན་ང་ཚོ་འཛམ་གླིང་འདིར་མང་ན་ཚེ་ཚད་ལོ་བརྒྱ་སྡོད་རྒྱུ་ལས་མཐར་འཆི་རྒྱུ་རེད། དེར་བརྟེན་རང་ཉིད་ནམ་འཚོའི་རིང་ལ་སྤྱི་པའི་ཞབས་ཞུ་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན་པ་བརྟེན་འབད་བརྩོན་བྱས་དང་བྱེད་མུས་ཡིན།  འདིར་ཕེབས་པའི་མ་མ་དང་མ་བྱན་ཟུར་པ་རྣམས་དང་སློབ་དགེ་ལས་བྱེད་ཟུར་པ་ཁག་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་སྟབས། ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སིམ་ལ་སློབ་གྲྭ་ནས་སློབ་ཟུར་ཧ་ཅང་མང་པོས་བོད་མིའི་འཛིན་སྐྱོང་གིས་གཙོས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཞབས་ཞུ་སྒྲུབ་བཞིན་ཡོད་པའི་གནས་ཚུལ་དེར་ང་ཚོ་སློབ་གྲྭའི་ངོས་ནས་སྤོབས་པ་བྱེད་དགོས་པ་ཞིག་རེད། བཀའ་ཤག་སྐབས་བཅུ་བཞི་པས་སིམ་ལ་སློབ་གྲྭར་ཆེ་མཐོང་ག་ཚོད་ཞུ་བཞིན་ཡོད་པ་ཕལ་ཆེར་གསལ་པོ་རེད། གང་ཡིན་བརྗོད་ན། བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་གལ་ཆེ་ཤོས་སུ་རྩི་བཞིན་ཡོད། ཤེས་རིག་དྲུང་ཆེ་སིམ་ལ་སློབ་ཟུར་ཞིག་བསྐོ་གཞག་བྱེད་སྐབས་སིམ་ལ་སློབ་གྲྭ་གལ་ཆེན་པོ་ཡིན་པ་གསལ་པོ་ཆགས་ཡོད། ཅེས་གསུང་བསྟུན་དབྱིན་སྐད་ཐོག་མུ་མཐུད་གསུང་དོན། སློབ་དགེ་དང་ལས་བྱེད་རྣམ་པས་དེ་སྔ་བཞིན་སློབ་ཕྲུག་ཚོའི་ཤེས་ཡོན་ཆེད་འབད་བརྩོན་མུ་མཐུད་གནང་རྒྱུར་ཕྲན་ལ་ཡིད་ཆེས་གཙང་མ་ཡོད། གང་ཡིན་བརྗོད་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་བོད་མི་བཙན་བྱོལ་བའི་བུ་ཕྲུག་ཚོའི་ཤེས་ཡོན་ཆེད་རྒྱ་གར་གྱི་སྲིད་བློན་དང་པོ་པཎ་ཌི་ཏ་ནེ་རུ་མཆོག་དང་ལྷན་མཇལ་འཕྲད་སྐབས་ཐུགས་ཀྱི་འཆར་སྣང་ཞིག་འཆང་གནང་མཛད་ཡོད། འཆར་སྣང་དེ་བོད་ཕྲུག་ཚོས་བོད་པ་རང་ཉིད་ཀྱི་རིག་གཞུང་རྒྱུན་འཛིན་ཐུབ་པའི་ཐོག་ནས་དེང་དུས་ཤེས་ཡོན་གྱི་གོ་སྐབས་བསྐྲུན་ཏེ་འདབ་ཤོག་གཉིས་ལྡན་གྱི་བོད་མི་ཞིག་བཟོ་ཐུབ་པ་བྱ་རྒྱུ་དེ་ཡིན། དེར་བརྟེན་བོད་ཕྲུག་ཚོ་རྒྱ་གར་གྱི་སློབ་གྲྭར་བཏང་བ་ལས་བོད་པའི་སློབ་གྲྭ་ཟུར་དུ་ཆེད་འཛུགས་མཛད་ཡོད་པའི་ནང་ནས་སིམ་ལ་གཏན་སློབ་འདི་གཅིག་ཆགས་ཡོད། ད་བར་སློབ་གྲྭ་དེ་དག་ནས་གཟེངས་སུ་ཐོན་པའི་བྱས་རྗེས་གང་ཙམ་འཇོག་ཐུབ་ཡོད། ཤེས་ཡོན་བསྟི་གནས་རྣམས་ལོ་རེ་ནས་ལོ་རེ་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད། ད་དུང་ང་ཚོར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་མང་པོ་ཞིག་ཡོད། དེར་བརྟེན་ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ནས་འབྱུང་འགྱུར་ད་དུང་ཡར་རྒྱས་གོང་འཕེལ་གཏོང་ཆེད་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།  གོ་སྐབས་འདི་བརྒྱུད་ངས་སླར་ཡང་སློབ་སྤྱི་དང་སློབ་དགེ དེ་བཞིན་ལས་བྱེད་ཟུར་པ་ཚང་མར་བཀའ་དྲིན་རྗེས་སུ་དྲན་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སློབ་ཕྲུག་གཞན་དང་མི་འདྲ་བར་བོད་པའི་སློབ་ཕྲུག་ཚོར་རི་བོ་ཧི་མཱ་ལ་ཡ་ལྟ་བུའི་ཧ་ཅང་འགན་ཆེན་པོ་ཞིག་ཡོད་པ་ནི་བོད་ནང་རང་དབང་བསྐྱར་གསོ་བྱ་རྒྱུ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་ཡིན། དམིགས་ཡུལ་དེ་དག་སྒྲུབ་ཆེད་སློབ་དགེ་དང་སློབ་ཕྲུག་གཉིས་ཆར་ཐོག་ལས་འགན་ད་དུང་ཆེ་བ་ཞིག་ཡོད་པ་ནི་ཤེས་ཡོན་ཐོག་སྔར་ལྷག་འབད་བརྩོན་བྱེད་དགོས། ཕྱོགས་མཚུངས་སློབ་སྤྱི་དང་རེག་ཊར་སོགས་ལའང་དེ་མཚུངས་འགན་ཞིག་ཡོད། བོད་པའི་ཕ་མ་ཚོས་ཀྱང་ཧུར་ཐག་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། འདས་པའི་སྐབས་སུ་ང་ཚོ་ཚང་མ་མཉམ་རུབ་ཐོག་ལས་འགན་གལ་ཆེན་མང་པོ་བསྒྲུབས་ཡོད། དེ་མཚུངས་འབྱུང་འགྱུར་ཡང་ང་ཚོ་ཚང་མ་མཉམ་རུབ་ཐོག་ལས་འགན་གལ་ཆེན་མང་པོ་ཞིག་བསྒྲུབ་ཐུབ་ངེས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །
སིམ་ལ་གཏན་སློབ་ལྔ་བཅུའི་གོ་སྒྲིག་ཚོགས་ཆུང་ནས་གསར་འགོད་གསལ་བསྒྲགས་སྤེལ་བ།
༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅།  །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་སིམ་ལ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༥ ཉིན་སིམ་ལ་གཏན་སློབ་དབུ་བརྙེས་ཏེ་ལོ་ལྔ་བཅུ་འཁོར་བའི་དགྱེས་སྟོན་གྲ་སྒྲིག་ཚོགས་ཆུང་ནས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་  ༡༩༥༩  ལོའི་དུས་ངན་གྱི་རྐྱེན་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མི་རིགས་བསྟན་སྲིད་སྲུང་སྐྱོབ་སླད་རྒྱ་གར་འཕགས་ཡུལ་དུ་སྐྱབས་བཅོལ་དུ་ཕེབས་འཕྲལ་མ་འོངས་སྔོན་གཟིགས་ཀྱིས་དང་ཐོག་སློབ་གྲྭ་ཁག་གསར་འཛུགས་བསྐྱངས་པའི་ནང་ནས་ཐེང་གཉིས་པར་སིམ་ལ་གཏན་སློབ་འདི་བཞིན་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་  ༡ ཉིན་གསར་དུ་སྒོ་འབྱེད་བཀའ་དྲིན་ཆེ་བ་དང། དེ་ནས་ཕྱི་ལོ་  ༡༩༦༢ ཟླ་ ༥ ཚེས་  ༥  ཉིན་ནས་རྒྱ་གར་དབུས་གཞུང་གིས་འཛིན་སྐྱོང་འོག་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་ཐུགས་འགན་བཞེས་པ་ནས་ཕྱི་ལོ་ ༢༠༡༢  ཟླ་ ༥ ཚེས་ ༥ བར་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དགྱེས་སྟོན་ཞིག་སློབ་ཟུར་མཐུན་ཚོགས་ཀྱི་འགན་འཁུར་འོག་ཚུགས་བཞིན་ཡོད།  སློབ་གྲྭ་འགོ་ཚུགས་པ་ནས་ད་བར་སློབ་མ་ངོ་གྲངས་  ༦༨༡༦  ལྷག་བསླབ་པ་ཐར་སོན་བྱུང་འདུག
ལྔ་བཅུའི་མཛད་སྒོ་འདི་ཚུགས་དགོས་པའི་རྒྱུ་མཚན་གཙོ་བོ།
སློབ་གྲྭ་འདི་ནས་ཐོན་དང་འཐོན་བཞིན་པའི་སློབ་མ་ཡོངས་ནས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང། རྒྱ་གར་གཞུང་མང་གི་བཀའ་དྲིན་རྗེས་དྲན། དེ་བཞིན་འདས་དང་ད་ལྟའི་དབུ་དགེ་ལས་བྱེད་རྣམ་པའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུའང་ཡིན་པ་དང། ལྷག་པར་སློབ་ཟུར་ནང་ཁུལ་འབྲེལ་ལམ་བཟང་པོ་ཞིག་བསྐྲུན་ཏེ་སློབ་གྲྭ་འདི་ཉམས་རྒུད་དུ་མ་སོང་བར་གོང་འཕེལ་གཏོང་ཐབས་ལ་ང་ཚོ་སློབ་ཟུར་ངོས་ནས་ཞབས་ཞུ་གང་དག་ཞུ་དགོས་མིན་གྱི་ཆེད་དུ་ཡང་དམིགས་པ་ཞིག་ཡིན་འདུག  མཛད་སྒོ་ཉིན་དང་པོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་གྲོང་གསེབ་ཡར་རྒྱས་དང་སྡེ་དཔོན་གྱི་བློན་ཆེན་ Mr. Jai Ram Thakur དང་ཆེས་བཀུར་འོས་སྐུ་མགྲོན་དུ་བཀའ་ཁྲི་ཟུར་པའམ་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་མཆོག་གིས་གཙོས་བོད་སློབ་འཛིན་ཚོགས་ཀྱི་ངེས་སྟོན་པའི་ལས་ཚབ་སྐུ་ཞབས་  A.S.Rawat  དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་སོགས་མགྲོན་འབོད་ཞུས་ཡོད།
མཛད་སྒོར་དམིགས་ཏེ་སློབ་ཟུར་གང་ན་སུ་བཞུགས་ཀྱིས་འབྲེལ་ལམ་འགོ་འཛུགས་སྐོར།
གུས་ཚོ་ས་གནས་སུ་ཡོད་བཞིན་པའི་སློབ་ཟུར་འགའ་ཤས་ཤིག་ནང་ཁུལ་སྐད་ཆ་བྱུང་བ་བཞིན་སློབ་གྲྭའི་སློབ་སྤྱི་དང་རེག་ཊར།  དེ་བཞིན་རྒན་ལགས་རྣམ་པར་ད་ལོ་ ༢༠༡༢ ལོའི་ནང་སློབ་གྲྭ་འདི་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བརྩི་སྲུང་གནང་གི་རེད་དམ།  ཞེས་བཀའ་དྲིས་ཞུས་པའི་ལན་དུ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བརྩི་སྲུང་ཞུ་འཆར་ཡོད། དུས་དྲན་བརྩི་སྲུང་བྱ་རྒྱུའི་ལས་འགན་དེ་སློབ་ཟུར་ཚོས་གནང་ན་གང་ལེགས་ཡོང་བ་ཞེས་རེ་འདུན་གནང་བ་བཞིན། ང་ཚོ་སློབ་ཟུར་འགའ་ཤས་ཤིག་གིས་ཀྱང་ནང་ཁུལ་གོ་བསྡུར་བྱས་ཏེ་བོད་རིགས་སློབ་སྤྱི་རེག་ཊར་ལ་སྙན་སེང་ཞུས།  རེག་ཊར་དང་རྒན་ལགས་ཚོའི་ལམ་སྟོན་གནང་བ་ལྟར་ཕྱི་ལོ་  ༢༠༡༡  ཕྱི་ཟླ་  ༧  ཚེས་  ༤  ཉིན་ས་གནས་འགོ་འཛིན་དང་རེག་ཊར་དབུ་བཞུགས་ཀྱིས་སློབ་གྲྭའི་དགེ་ལས་དང་།  ས་གནས་ཀྱི་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་མི་དང་། དེ་བཞིན་ས་གནས་སུ་ཡོད་པའི་སློབ་ཟུར་གང་མང་བཅས་ལྷན་འཛོམས་ཀྱིས་ད་ཡོད་ང་ཚོ་སློབ་ཟུར་མི་ལྔ་ལ་ལྔ་བཅུའི་གོ་སྒྲིག་ཚོགས་ཆུང་གི་འཐུས་མིར་འོས་ཤོག་གིས་ཐོག་ནས་འདེམས་ཐོན་བྱུང་བ་ལྟར་ང་ཚོ་ལྔས་ཀྱང་ཁས་ལེན་ཞུས་ཏེ་ག་ཚོད་འཇོན་པ་དང་ཐུབ་པའི་སྒོ་ནས་གོ་སྒྲིག་ཞུ་རྒྱུ་ཡིན། འོན་ཀྱང་ང་ཚོར་སློབ་སྟོན་གནང་མཁན་སློབ་གྲྭའི་དགེ་ལས་ཀྱང་དགོས་ཀྱི་འདུག་ཅེས་ཞུས་པ་ལྟར་མང་མོས་འོས་བསྡུའི་ཐོག་ནས་སློབ་དགེ་གཉིས་དང་དེའི་སྟེང་དུ་རེག་ཊར་དང་རྒྱ་གར་པའི་སློབ་སྤྱི། ས་གནས་འགོ་འཛིན། ལམ་སྟོན་པ་དང་བཅས་ལས་གོ་སྒྲིག་ཚོགས་ཆུང་འདི་གྲུབ་པ་ཞིག་རེད།
མཛད་སྒོར་དམིགས་ཏེ་དཔལ་འབྱོར་བསྡུ་རུབ་ཀྱི་སྐོར།
སློབ་གྲྭའི་ལྔ་བཅུའི་མཛད་སྒོའི་ཞལ་འདེབས་དང་ཤོས་དེ་ཨ་རིར་ཡོད་པའི་སློབ་ཟུར་སྐལ་བཟང་དོན་གྲུབ་སྤུན་མཆེད་གསུམ་ནས་རྟེན་འབྲེལ་དང་བཅས་ཏེ་སྒོར་འབུམ་གསུམ་གནང་བ་དེ་དག་མ་རྩར་བརྩིས་ནས་མཛད་སྒོའི་དགོས་མཁོ་བསྒྲུབས་པ་ཡིན། སིམ་ལའི་མི་མང་གྲོང་ཁྱིམ་ངོ་རེ་དང། སྤྱི་སྒེར་གྱི་ཚོགས་པ་སྐྱིད་སྡུག་བཅས་ཚང་མའི་ས་ནས་ཀྱང་མཛད་སྒོར་དམིགས་པའི་ཞལ་འདེབས་མི་ཉུང་བ་གནང་བསྡུས་བྱུང། ལྷག་པར་རྒྱལ་སྤྱིར་ཁྱབ་སྟེ་བཞུགས་བཞིན་པའི་སློབ་ཟུར་སོ་སོའི་ངོས་ནས་གང་ཐུབ་ཀྱིས་ཞལ་འདེབས་མུ་མཐུད་དེ་འབྱོར་བཞིན་འདུག་པས་ཞལ་འདེབས་ཀྱི་རྩིས་ཁྲ་ཁ་གསལ་རྗེས་སུ་གསར་ཤོག་གམ་དྲ་རྒྱའི་ཐོག་གསལ་བསྒྲགས་ཞུས་ཆོག་པ་དགོངས་འཇགས་ཞུ།
ད་བར་གྱི་ལྔ་བཅུའི་གོ་སྒྲིགས་ཚོགས་ཆུང་ནས་བྱ་བྱེད་རྣམ་གཞག་ཁག་སྙིང་བསྡུས་སྐོར།
ཕྱི་ལོ་  ༢༠༡༡  ཕྱི་ཟླ་  ༧  ཚེས་  ༤ ནས་ད་ལྟའི་བར་གྱི་དུས་ཡུན་ཐུང་ངུ་དེའི་ནང་མཛད་སྒོར་དམིགས་པའི་ལས་དོན་ཚར་ཡོད་པ་རྣམས་གཤམ་གསལ།
༡) སློབ་གྲྭར་སྡིངས་ཆ་འདི་གསར་བསྐྲུན་ཞུས་ཡོད།  ༢) ད་ལྟའི་མཛད་སྒོར་དམིགས་པ་དང་རྗེས་སུ་སློབ་གྲྭའི་མཛད་སྒོ་ཅི་རིགས་ལ་སྨན་པའི་ཆེད་རྒྱང་བསྒྲགས་ཡོ་ཆས་ཆ་ཚང་གསར་ཉོ་ཞུས་ཡོད།
༣) ཕ་མ་ཉམ་ཐག་ཅན་གྱི་སློབ་ཕྲུག་ཕོ་མོ་གྲངས་ ༡༩ ལ་སྦྱིན་བདག་བཙལ་ཏེ་སློབ་ཕྲུག་སོ་སོར་སྤྲད་ཟིན་པ་བཅས། །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིམ་ལ་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་ལ་གསུང་འཕྲིན་སྩལ་བ།
༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅།  །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་སིམ་ལ་ནས་བཏང་གནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིམ་ལ་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་ལ་གསུང་འཕྲིན་སྩལ་བའི་ནང་འཁོད་དོན།  ངོས་ཀྱིས་སིམ་ལ་གཏན་སློབ་དགེ་ལས་སློབ་ཕྲུག་ཚོས་ལོ་ལྔ་བཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་འཚམས་འདྲི་ཞུ་རྒྱུ་ཡིན།  འདས་པའི་ལོ་ངོ་ལྔ་བཅུ་དེའི་རིང་སིམ་ལ་གཏན་སློབ་ཀྱིས་བཙན་བྱོལ་བོད་བའི་སྤྱི་ཚོགས་ཁྲོད་ཧ་ཅང་ཞབས་འདེགས་བསྒྲུབ་ཡོད། དེར་བརྟེན་ངོས་ཀྱིས་གོ་སྐབས་འདི་བཟུང་ནས་རྒྱ་གར་གཞུང་གིས་མུ་མཐུད་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད།  སློབ་གྲྭའི་དགེ་ལས་ཟུར་པ་ཚོ་དང་ད་ཡོད་རྣམས་ཀྱིས་འགན་ཁུར་ཆེན་པོའི་ཐོག་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་པ་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ང་ཚོ་བཙན་བྱོལ་དུ་འབྱོར་བའི་ཉིན་མོ་ནས་བཟུང་ངོས་ཀྱིས་ཤེས་ཡོན་དེ་ཧ་ཅང་གལ་ཆེན་པོ་བརྩིས་ཏེ་ཤེས་ཡོན་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གང་ཡོད་བྱས་ཡོད།  འདས་པའི་དུས་སྐབས་སུ་བོད་མི་ཚོས་དེང་དུས་ཤེས་ཡོན་ཚན་རིག་སོགས་ལ་དོ་སྣང་གང་ཡང་བྱས་མེད། འོན་ཀྱང་བཙན་བྱོལ་དུ་སླེབས་རྗེས་ང་ཚོས་བོད་ཕྲུག་ཚོར་དེང་དུས་ཀྱི་ཤེས་ཡོན་སྤྲོད་རྒྱུར་འབད་བརྩོན་གང་ཐུབ་བྱས་ཡོད། དེང་སྐབས་ང་ཚོས་བོད་ཕྲུག་ཚང་མར་གཞི་རྩའི་སློབ་སྦྱོང་གི་མཐུན་རྐྱེན་སྦྱར་ཐུབ་ཀྱི་ཡོད་ནའང། ཤེས་ཡོན་མཚན་ཉིད་ཚང་བ་ཞིག་དགོས་ན་འཛིན་གྲྭའི་ནང་ཤེས་ཡོན་དང་ལག་ཤེས་བསླབ་པ་ཙམ་མིན་པར། བྱམས་བརྩེའི་བསམ་བློ་གོང་འཕེལ་བཏང་སྟེ་མི་སེམས་པ་བཟང་པོ་ཞིག་ཡོང་ཐབས་བྱེད་དགོས།  ཤེས་ཡོན་ལྡན་པའི་མི་བཟང་པོ་ཞིག་བྱུང་ན་རང་ཉིད་གང་དུ་འཚོ་གནས་བྱེད་སའི་སྤྱི་ཚོགས་དེར་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ཙམ་མ་ཟད། མ་འོངས་པར་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལའང་ཕན་ངེས་རེད། ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་དེར་ངོས་ཀྱི་འཚམས་འདྲི་དང་སྨོན་ལམ་ཡོད།  ངོས་ཀྱིས་འབྱུང་འགྱུར་སློབ་ཕྲུག་མི་རབས་གསར་པ་མང་པོས་སློབ་གྲྭའི་མཐུན་རྐྱེན་གྱི་གོ་སྐབས་གང་ཡོད་པ་རྣམས་བླང་ཐུབ་པའི་རེ་བ་ཡོད། ཅེས་འཁོད་འདུག་པ་བཅས། །
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སིམ་ལ་གཏན་སློབ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་མཛད་སྒོར་གསུང་བཤད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་སིམ་ལ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༥ ཉིན་སིམ་ལ་གཏན་སློབ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དགྱེས་སྟོན་མཛད་སྒོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་ཡོད།
དེ་ཡང་མཛད་སྐོའི་སྐབས་སིམ་ལར་རྟེན་གཞི་བྱས་པའི་རྡོ་རྗེ་བྲག་དགོན་པ་དང་ཇོ་ནང་དགོན་པ། བོན་དགོན་སྨན་རི་དགོན་པའི་མཁན་ཚབ་སོགས་ཕེབས་ཡོད་པ་མ་ཟད།  ཧི་མཱ་ཅལ་མངའ་སྡེའི་གྲོང་གསེབ་ཡར་རྒྱས་ཀྱི་མངའ་སྡེའི་བློན་ཆེན་སྐུ་ཞབས་ཇེ་རམ་ཐཱ་ཀུར་(Jairam Thakur)མཆོག དེ་བཞིན་གཏན་སློབ་ཚོགས་གཙོ་སྐུ་ཞབས་ཨེ་ཨེ་སི་རཱ་བ་ཌ་མཆོག་(A.S Rawat) སིམ་ལ་གཏན་སློབ་ཀྱི་སློབ་སྤྱི་པིར་ཊམ་ལགས། བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་ཡེ་ཤེས་ཕུན་ཚོགས་ལགས། རེག་ཊར་ཟླ་བ་ཚེ་རིང་ལགས། སིམ་ལ་ས་གནས་འགོ་འཛིན་བཅས་ཕེབས་ཡོད།  གཞན་ཡང་ཕྱེད་ཡོལ་མུ་མཐུད་མཛད་སྒོ་འཚོགས་བཞིན་པའི་སྐབས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གཙོས་ཤེས་རིག་དྲུང་ཆེ་དང། ནང་སྲིད་དྲུང་ཆེ་ཡང་ཆེད་ཕེབས་གནང་ཡོད།  མཛད་སྒོའི་སྐབས་སིམ་ལའི་སློབ་ཟུར་རྣམ་པས་མཐུན་འགྱུར་ཞུས་ནས་ཧིན་སྒོར་འབུམ་དགུ་ལྷག་འགྲོ་སོང་བཏང་སྟེ་སློབ་གྲྭའི་སྡིངས་ཆ་གསར་སྐྲུན་གནང་ཡོད་པ་དེ་བཞིན་ཟམ་གདོང་རིན་པོ་ཆེ་མཆོག་དང་ཇེ་རམ་ཐཱ་ཀུར་མཆོག་གིས་དབུ་འབྱེད་གནང་ཡོད། སྐབས་དེར་སིམ་ལ་གཏན་སློབ་ཀྱི་སློབ་དགེ་དང་ལས་བྱེད་ཟུར་པ་མང་དག་ཕེབས་ཡོད་པའི་ཁོངས་ནས་ཀ་ཏར་སིང་ལགས་དང་ཤ་སིང་ལགས།  སུ་ཌི་ལགས་ཀྱང་ཕེབས་སྟབས། ཁོང་རྣམས་ལ་བཀའ་དྲིན་རྗེས་དྲན་ཆེད་ཕྱག་རྟགས་དེ་བཞིན་བཀའ་ཁྲི་ཟུར་པ་མཆོག་དང་སྐུ་ཞབས་ཇེ་རམ་རཱ་མེ་ཤི་གཉིས་རེ་མོས་ཀྱིས་གནང་ཡོད།
དེ་རྗེས་རྒྱ་གར་དང་བོད་ཀྱི་རིག་གཞུང་ཁག་གཅིག་འཁྲབ་སྟོན་གནང་ཡོད་པ་མ་ཟད། པར་རིགས་འགྲེམ་སྟོན་ཞིག་ཀྱང་གོ་སྒྲིག་ཞུས་ཡོད།   དེ་ཉིན་སྔ་དྲོའི་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་སིམ་ལ་གཏན་སློབ་ཀྱི་སློབ་ཟུར་རྣམས་ཀྱིས་སིམ་ལ་གཏན་སློབ་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཞིག་གོ་སྒྲིག་གནང་བ་དེར་བཅར་ཐུབ་པར་ཧ་ཅང་སྐལ་བ་བཟང་པོ་བྱུང། འདི་ངས་འདྲ་ཆགས་ཆགས་བྱས་ནས་ཞུ་གི་མེད། སྤྱིར་བཏང་དེ་ལྟར་ཤོད་རྒྱུའི་ལམ་ལུགས་ཤིག་ཡོད།  ང་རང་དངོས་གནས་ཧ་ཅང་དགའ་པོ་དང་འདོད་བློ་ཁེངས་པ་བྱུང། སིམ་ལའི་སློབ་ཟུར་ཁག་གཅིག་གིས་རྡ་སར་དངོས་སུ་ཕེབས་ཏེ་ངར་དགྱེས་སྟོན་སྐབས་ཡོང་རོགས་ཞེས་འབོད་སྐུལ་ཞུས་བྱུང།  དེ་རིང་འདིར་ང་ལ་གསུང་བཤད་གནང་རྒྱུའི་མཐའ་མའི་གོ་སྐབས་གནང་བར་དགེ་སྐྱོན་གཉིས་ཆ་ཡོད། དགེ་མཚན་གང་ཡོད་བརྗོད་ན། ཚོགས་བཅར་བ་ཚོས་དུས་ཚོད་གང་ཙམ་སོང་ཚར་བར་བརྟེན་དོ་སྣང་དེ་ཙམ་བྱེད་ཀྱི་མ་རེད། གྱོང་ནི་རང་གི་གྲ་སྒྲིག་ཡོད་པའི་གཏམ་བཤད་དེ་དག་སྔོན་དུ་གསུང་བཤད་གནང་མཁན་ཚོས་གསུང་གྲུབ་ཀྱི་རེད། དེར་བརྟེན་གསར་པ་དམིགས་བསལ་ཞུ་རྒྱུ་གང་ཡང་རག་གི་མ་རེད།  སློབ་ཟུར་རྣམ་པས་རང་ཉིད་གཞི་རིམ་གྱི་ཤེས་ཡོན་གང་དུ་ཐོབ་སའི་སློབ་གྲྭར་བཀའ་དྲིན་རྗེས་དྲན་ཞུ་ཆེད་འབད་བརྩོན་གནང་བ་དེ་ཕྱོགས་གཅིག་ནས་དགེ་བའི་ལས་ཤིག་དང་བསྔགས་པར་འོས་པའི་བྱ་བ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན། སློབ་གྲྭའི་ནང་དུ་ཤེས་ཡོན་གང་བྱུང་བ་དེས་རང་ཉིད་ལ་ཚེ་འདི་ཙམ་མ་ཟད། ཚེ་ཕྱི་མར་ཡང་ལམ་ཡང་དག་པ་ཞིག་སྟོན་རྒྱུར་ཏན་ཏན་ཕན་ཐོགས་ཡོང་ངེས་ཡིན།  དེར་བརྟེན་ངས་ལྔ་བཅུའི་དགྱེས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཚང་མར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྤྱིར་ལོ་ལྔ་བཅུ་འཁོར་མཚམས་སུ་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་ཞུ་གསོལ་ཡོད་པ་དེ་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་ཞིག་ཆགས་ཡོད། དེར་གསེར་གྱི་དུས་དྲན་ལ་སོགས་ཐ་སྙད་འདྲ་མིན་སྦྱར་ཏེ་ང་ཚོས་འཕྲོ་བརླག་བཏང་ཡོད། ཤར་ཕྱོགས་གྱི་ལམ་སྲོལ་དེ་གཞན་ནས་དཔེ་བཤུས་བྱས་པ་ཞིག་མིན་པར་རིན་ཐང་ལྡན་པའི་སྲོལ་རྒྱུན་ཞིག་ཆགས་ཡོད། ནུབ་ཕྱོགས་པ་ཚོས་ང་ཚོའི་སར་ནས་དཔེ་བཤུས་མང་པོ་བྱས་ཏེ་དེང་སྐབས་ང་ཚོས་ཁོང་ཚོའི་ས་ནས་དཔེ་བཤུས་བྱས་དང་བྱེད་བཞིན་ཡོད། དེར་བརྟེན་ངས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་ཐད་ཚིག་གཉིས་ཙམ་ཞུ་རྒྱུ་ཡིན། ང་ཚོ་འཚོ་བཞིན་པའི་དུས་སྐབས་འདི་ཚེ་ལོ་བརྒྱ་པའི་དུས་སྐབས་ཤིག་ཡིན།  དེའི་གོ་དོན་ནི་མི་རྣམས་ཀྱི་ཚེ་ཚད་ལོ་བརྒྱ་ཡིན། ལོ་བརྒྱའི་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཐུབ་ཆེད་རྒྱ་གར་གནའ་རབས་སྲོལ་རྒྱུན་ནང་མི་ཚེ་བསྐྱལ་སྟངས་ཀྱི་དུས་ཚོད་རིམ་པ་བཞི་ལ་བགོ་བཤའ་བརྒྱབ་ཡོད་པ་ནི། ཆོས། ནོར། འདོད་པ། ཐར་པ་བཅས་ཡིན།  གོ་རིམ་དེ་དག་གང་འདྲ་ཡིན་པ་བརྗོད་ན། ལོ་ཉི་ཤུ་རྩ་ལྔ་བར། ཆོས་བསྒྲུབ་དགོས། དེ་རྗེས་ཁྱིམ་འཛིན་ནས་ནོར་དང་འདོད་པ་དོན་དུ་གཉེར་ནས་ལོ་ལྔ་བཅུ་ཟིན་མཚམས་མི་རབས་གསར་པར་སློབ་སྦྱོང་སྤྲོད་རྒྱུ་དང་དེ་ནས་ཁྱིམ་གྱི་བྱ་བ་སྤངས་ཏེ་ཐར་པ་ལ་བརྩོན་རྒྱུ་རེད། རྒྱ་གར་གནའ་རབས་སྲོལ་རྒྱུན་ནང་ལོ་ལྔ་བཅུ་འཁོར་མཚམས་དེ་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད། མཚམས་དེར་རང་གི་མི་ཚེའི་ནང་ཕྱིར་མིག་བལྟ་རྒྱུའི་དུས་ཚོད་ཅིག་ཀྱང་རྩི་བཞིན་ཡོད།  སློབ་གྲྭ་ཞིག་ལ་ཆ་བཞག་ན། ལོ་ལྔ་བཅུ་དེ་རིང་པོ་གང་ཡང་མིན་ནའང་སློབ་གཉེར་ཐོག་བརྩོན་པ་བྱེད་མཁན་གྱི་དུས་ཚོད་ཀྱི་བརྒྱུད་རིམ་ནང་གལ་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན་ད་ལྟ་རྣམ་པ་ཚོས་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་འདིར་གསེར་(golden jublee)དང་དངུལ། རྡོ་སོགས་ཀྱི་རིན་ཐང་སྤྲད་ནས་གཟིགས་རྒྱུ་དང་ཐ་སྙད་དེ་ལྟར་འདོགས་རྒྱུ་དེ་ནུབ་ཕྱོགས་པའི་ལམ་སྲོལ་དོན་སྙིང་མེད་པ་ཞིག་ཡིན་པར་བརྟེན། ཐ་སྙད་དེ་དག་ལ་ང་ཚོས་བདག་སྤྲོད་མ་བྱས་ཀྱང་འགྲིག་གི་རེད། ད་ལྟའི་དུས་ཚིགས་འདིར་སེང་གེའི་ལྟ་སྟངས་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། སེང་གེ་ལྟ་སྟངས་ཀྱི་གོ་དོན་ནི་ང་ཚོས་འདས་པའི་དུས་དང་མ་འོངས་གཉིས་ཆར་ལྟ་རྒྱུ་དེ་ཡིན། འདས་པའི་དུས་ཚོད་ལ་བལྟས་ནས་ང་ཚོས་འཐུས་ཤོར་དང་ཆད་ལྷག་གང་བྱུང་ཡོད་མེད། དོ་ནན་ཐོག་རྟོག་ཞིབ་བྱས་ཏེ་མ་འོངས་པར་ཇི་འདྲ་བྱ་དགོས་མིན་བློ་སྐྱེད་ལེན་ཐུབ་པ་དགོས།  དེར་བརྟེན་དུས་ཚོད་དེ་རིང་ལྟ་བུའི་མཛད་སྒོ་ཚོགས་ཏེ་སྲུང་བརྩི་ཞུས་པའི་ལམ་ནས་འདས་པའི་ལོ་ལྔ་བཅུའི་རིང་གི་ཉམས་མྱོང་གང་བསགས་པ་དེར་ཕན་ཚུན་བགྲོ་གླེང་དང་གཏམ་བཤད་སོགས་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། སློབ་གྲྭ་འདི་ང་སྒེར་གྱི་མི་ཚེ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད།  ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
ལྷག་པར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་སྔ་སིམ་ལ་གཏན་སློབ་ཏུ་ཕྱི་ལོ་ ༡༩༦༢ ལོར་ཆོས་དགེ་དང་བོད་ཡིག་གི་སློབ་དགེ་གཅིག་ལྕོགས་ཀྱི་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། སྐབས་དེར་སློབ་གྲྭའི་འཛིན་སྐྱོང་གི་ལས་གཞི་དང་འབྲེལ་ནས་རྒྱ་གར་གྱི་སྲིད་བློན་དང་པོ་པཎ་ཌི་ཏ་ནེ་རུ་མཆོག་དང་འབྲེལ་བ་བྱུང་ཡོད་སྐོར་སོགས་མི་ཚེའི་ལོ་རྒྱུས་དང་སྦྱར་ནས་དྲན་གསོའི་གསུང་བཤད་གནང་ཡོད་པ་བཅས།།
སིམ་ལ་གཏན་སློབ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་མཛད་སྒོ་དབུ་འཛུགས་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅།  །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་སིམ་ལ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢  ཟླ་ ༥ ཚེས་ ༥ རེས་གཟའ་སྤེན་པའི་ཉིན་ཧི་མཱ་ཅལ་མངའ་སྡེའི་སིམ་ལར་རྟེན་གཞི་བྱས་པའི་སིམ་ལ་གཏན་སློབ་དབུ་བརྙེས་ནས་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ངང་སྐོང་ཚོགས་གནང་འདུག
ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་མདོ་རོང་གི་ཡུལ་དུ་བསྟན་པ་སྤེལ་ནས་མི་ལོ་དྲུག་བརྒྱ་ཧྲིལ་པོ་འཁོར་བའི་རྗེས་དྲན་མཛད་སྒོ་ཚོགས་པ།
༢༠༡༢ ཟླ་ ༥ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༥ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་མདོ་རོང་གི་ཡུལ་དུ་བསྟན་པ་སྤེལ་ནས་མི་ལོ་དྲུག་བརྒྱ་ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོ་རྒྱ་ཆེ་ཞིག་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གྱི་གཙོ་བོ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་དང་། ཀིརྟི་རིན་པོ་ཆེ་མཆོག་གིས་དབུས་མཁན་བླ་སྤྲུལ་དགེ་འདུན་རྣམ་པ། བོད་མི་མང་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། དྲུང་ཆེ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། མདོ་སྨད་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གི་སྣང་གསལ་ཞལ་ཕྱེ་གནང་རྗེས་འདུས་ཚོགས་ཡོངས་ཀྱིས་རྒྱུན་ཆགས་གསུམ་པ་དང་། དཀོན་མཆོག་རྗེས་དྲན། རྟོགས་བརྗོད་འདུན་ལེགས་མ་བཅས་གསུང་འདོན་གནང་མུར་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་རྒན་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་དུས་དྲན་སྲུང་བརྩིའི་ངོ་སྤྲོད་གསུང་བཤད་གྲུབ་མཚམས་ཀིརྟི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་འབྲིང་བ་དཀོན་མཆོག་འཇིགས་མེད་ལགས་ཀྱིས་ཀིརྟི་སྐུ་ཕྲེང་དང་པོ་རོང་ཆེན་དགེ་འདུན་རྒྱལ་མཚན་དཔལ་བཟང་པོ་ནས་བཟུང་སྐུ་ཕྲེང་རིམ་བྱོན་གྱིས་མདོ་རོང་ཡུལ་དུ་བསྟན་པ་སྤེལ་ཞིང་རྒྱས་པར་མཛད་དེ་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་བསྟུན་ཀིརྟི་རིན་པོ་ཆེ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་རྗེས་དྲན་མཛད་སྒོར་ཕེབས་པ་རྣམས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། དུས་དྲན་འདི་ཐོག་མར་ང་ཚོའི་ངོས་ནས་དུས་དྲན་ཞིག་ཞུ་རྩིས་མེད། འོན་ཀྱང་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་འདི་ཕ་ཡུལ་ཕྱོགས་ནས་བསམ་ཚུལ་བཏོན་ཏེ་ང་ཚོའི་དགེ་རྩ་ཚོགས་པའི་ངོས་ནས་གྲོས་ཆོད་བཞག་སྟེ་ལོ་གཅིག་གི་རིང་དུས་དྲན་སྲུང་བརྩི་ཞུ་རྒྱུ་གནང་བ་དེ་ཡང་ཁྲ་ཁྲ་ཟིང་ཟིང་མིན་པ་ཆོས་ཕྱོགས་ཐོག་ནས་རྗེས་དྲན་ཞུ་རྒྱུ་བྱས་པ་ཡིན། དུས་དྲན་འདིའི་ཐོག་མར་འབྱུང་ཁུངས་ནི་རོང་ཆེན་དགེ་འདུན་རྒྱལ་མཚན་མི་སྐྱ་ཡིན་པའི་སྐབས་ནས་ལོ་མང་པོའི་རིང་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས་ནས་ལྷ་ལྡན་སྨོན་ལམ་ཆེན་མོ་ཚུགས་པའི་སྐབས་ལ་གཙུག་ལག་ཁང་གི་སྐུ་གསུང་ཐུགས་རྟེན་ཉམས་གསོ་བྱེད་རྒྱུ་དང་དགའ་ལྡན་རྣམ་པར་རྒྱལ་བའི་དགོན་ཕྱག་བཏབ་དུས་ཨར་པོའི་འགོ་ལས་སོགས་གནང་སྟེ་དུས་ཚོད་ནམ་ཡོད་སྐབས་གསན་བཞེས་འཆད་ཉན་སྒོམ་སྒྲུབ་གནང་ཡོད། ཕྱིས་སུ་རྗེ་རིན་པོ་ཆེས་མདོ་རོང་ཡུལ་དུ་བསྟན་པ་སྤེལ་དགོས་པའི་བཀའ་མངགས་ལྟར་མདོ་སྨད་ཡུལ་དུ་ཀིརྟི་མ་དགོན་ཕྱག་བཏབ་ནས་སྐུ་ཕྲེང་རིམ་པས་ད་བར་ལོ་ ༦༠༠ རིང་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་བྱུང་བའི་ལོ་རྒྱུས་གནད་བསྡུས་དང་། ང་རང་ལ་ཆ་བཞག་ན་ཀིརྟི་ཚང་དུ་སྐྱེས་ཀྱང་སེམས་སྐྱོ་དགོས་པ་ཞིག་ལ་རང་ཡུལ་བཞག་ནས་བླ་སློབ་དབར་ཁ་གྱེས་ཏེ་ས་མཐར་འཁྱམས་དགོས་བྱུང་ཡོད་ཀྱང་། ལོ་ངོ་དྲུག་ཅུའི་རིང་༸སྐྱབས་མགོན་རྒྱལ་བའི་ཞབས་ལ་གཏུགས་ཏེ་ཆོས་དང་སྲིད་ཀྱི་བསླབ་བྱ་ཐོབ་ནས་ཆོས་སྲིད་གཉིས་ཀྱི་འགན་དབང་བཞེས་ཏེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཛད་པའི་སྐབས་བཀའ་ཡི་བློན་པོ་བྱེད་པའི་གོ་སྐབས་བྱུང་ཡོད། ཕ་ཡུལ་གྱི་དགེ་འདུན་པ་དང་བླ་སྤྲུལ་མཁན་པོ་ལས་སྣེ་སློབ་གཉེར་ཡོང་རྫོགས་ཀྱིས་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་ཐོག་ཤུགས་བསྐྱོན་ཏེ་དགེ་འདུན་པ་མིང་དོན་མཚུངས་པ་ཞིག་ཡོང་བའི་ཐབས་ཤེས་གནང་དགོས་ཞེས་ཞུ་རྒྱུ་ཡིན། དེ་བཞིན་ཕ་ཡུལ་ཕྱོགས་ལ་རྒྱ་དང་བོད་འབྲེལ་ནས་བསྡད་ཡོད་པས་མི་རིགས་གཉིས་དབར་མཐུན་ལམ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། བོད་རྒྱ་གཉིས་བདེ་སྐྱིད་དགོས། རྒྱ་མི་རིགས་དུང་ཕྱུར་མང་པོར་ང་ཚོའི་དགོན་པ་ཁག་གིས་ཆོས་ཕྱོགས་ཐོག་ནས་ཕན་ཐོགས་དང་རྒྱ་ནག་མི་མང་ལ་ཞི་བདེ་ཡོང་བ་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། བསྟན་པ་དར་ཞིང་རྒྱས་པ་ཡོང་རྐྱེན་གཙོ་བོ་ནི་ང་ཚོའི་བསོད་ནམས་དང་དད་པ་ཉམས་ལེན་ལ་རག་ལུས་ཡོད། ཆོས་ལ་རྨོངས་དད་ཙམ་གྱི་འཇུག་པ་མ་ཡིན་པར་མི་མང་གི་ཆོས་ཀྱི་ནང་དོན་ཡག་པོ་ཤེས་དགོས་པ་མ་ཟད། ཆོས་ཀྱི་ཕན་ཡོན་ཤེས་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་བློ་བཟང་མདོ་སྔགས་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་བསྟན་འབར་མ་དང་དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་གསུང་འདོན་གནང་ནས་དུས་དྲན་གྱི་མཛད་སྒོ་དངོས་གཞི་གྲོལ།
ཉིན་རྒྱབ་དུས་དྲན་སྲུང་བརྩི་དང་འབྲེལ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ཐེངས་དང་པོའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་གསར་ཚུགས་དབུ་འབྱེད་ཀྱི་དྲང་ངེས་དམ་བཅའ་ཆེན་མོ་ཚུགས་གནང་ཡོད། ཀིརྟི་སྐུ་ཕྲེང་དང་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོའི་དངོས་སློབ་མདོ་རོང་མཁས་པ་མི་བཞིའི་ཡ་གྱལ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན་རོང་ཆེན་དགེ་འདུན་དཔལ་བཟང་པོ་མཆོག་གིས་ཕྱི་ལོ་ ༡༤༢༡ ནང་ཀིརྟིའི་མ་དགོན་ཐོག་མ་ཀཱ་ལ་རིའི་དགོན་བཀྲ་ཤིས་ལྷུན་འགྲུབ་གླིང་ཕྱག་བཏབ་མཛད་པ་ནས་བཟུང་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་མདོ་རོང་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་པ་མ་ཟད། རྒྱ་གར་དུ་ཕེབས་ཏེ་༸གོང་ས་གི་བཀའ་དགོངས་འོག་ཆོས་རིག་བཀའ་བློན་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་སློབ་གཉེར་ཁང་གསར་འཛུགས། སྔ་མོའི་ཀིརྟིའི་བླ་བྲང་དེ་ཉིད་མང་གཙོའི་འགྲོ་ལུགས་ཀྱི་དགེ་རྩ་ཚོགས་པ་ཞིག་ཏུ་བསྒྱུར་གནང་བ་བཅས་ཀྱི་མི་ལོ་དྲུག་བརྒྱ་ཧྲིལ་པོ་འཁོར་བར་དུས་དྲན་ཞིག་ཡིན་འདུག་པ་བཅས།།
ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལ་རྒྱུས་སྟོན་ཐེངས་བརྒྱད་པ་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ཕྱི་ལོ་ ༢༠༡༢ ལོར་འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལ་མཐོ་སློབ་ཁག་ནང་སློབ་འཇུག་ཇི་ལྟར་བྱ་ཕྱོགས་ཐད་རྒྱུས་སྟོན་ཐེངས་བརྒྱད་པ་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༠ ཐོག་སློབ་ཕྲུག་རྣམས་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་ལྷན་འཛོམས་ཐོག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སློབ་མ་རྣམས་ཀྱིས་རང་ཉིད་ཕན་ཚུན་ངོ་སྤྲོད་གནང་། དེ་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་འགོ་འཛུགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་ཆུ་ཚོད་ ༡༠།༤༠ ཐོག་མཆོག་བསྟན་འཛིན་སྨོན་ལམ་ལགས་ཀྱིས་༼དེང་སྐབས་སྤྱི་ཚོགས་ནང་བོད་ཡིག་སྦྱང་ན་ཁེ་ཕན་དང་མདུན་ལམ་གང་ཞིག་ཡོད་མེད།༽ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་ཀྱིས་༼ཚན་རིག་སློབ་སྦྱོང་བྱས་ཏེ་མ་འོངས་པར་ཕན་འབྲས་ཇི་ཡོད།༽ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། ཟུང་དྲུང་ཚེ་རིང་རྟ་མགྲིན་ལགས་ཀྱིས་༼རྩིས་རིག་གི་སློབ་སྦྱོང་དང་དེའི་ཁེ་ཕན།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་༼སྤྱི་ཚོགས་རིག་གནས་ཀྱི་སློབ་སྦྱོང་དེ་འཛམ་གླིང་ནང་འབྲེལ་བ་ཞེས་པའི་༽བརྗོད་གཞིའི་ཐོག་གསུང་བཤད་གནང། དེ་བཞིན་ཆུ་ཚོད་ ༡༡།༣༠ ནས་ ༡༢།༣༠ བར་༼བོད་པའི་སྤྱི་ཚོགས་ནང་དགེ་རྒན་གལ་ཆེ་ཆུང་གང་ཞིག་ཆགས་ཡོད་མེད། གཞན་ཡང་གཞུང་ཞབས་དང་གསར་འགོད་པའི་སློབ་སྦྱོང། གློག་ཀླད་ཤེས་བྱ་དང་ཁྲིམས་ཀྱི་སློབ་སྦྱོང་༽སོགས་བརྗོད་གཞི་ཁག་དྲུག་ཐོག་བརྗོད་གཞི་དང་འབྲེལ་ཡོད་ཤེས་ལྡན་མི་སྣ་ཚོས་ངོ་སྤྲོད་གསུང་བཤད་གནང་ཡོད།
ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་ཤེས་ཡོན་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་སློབ་ཕྲུག་རྣམས་ནས་སློབ་ཡོན་ཞུ་ཕྱོགས་དང་མཐོ་སློབ་ཏུ་འཛུལ་ཞུགས་བྱེད་སྟངས་སྐོར་ལམ་སྟོན་གསུང་བཤད་གནང་རྗེས་མཐོ་སློབ་ཐོན་ཟིན་པའི་སློབ་ཕྲུག་དང་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་ཁག་གཅིག་གིས་དེར་འདུས་སློབ་ཕྲུག་རྣམས་ལ་རང་ཉིད་ཀྱི་ཉམས་མྱོང་རྣམས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
དེ་རྗེས་ཤེས་ཡོན་མདུན་ལམ་སློབ་སྟོན་པའི་ཕྱག་རོགས་བསོད་ནམས་པདྨོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་འདུག
མཐོ་སློབ་ཁག་ནང་སློབ་འཇུག་ཇི་ལྟར་བྱ་ཕྱོགས་ཐད་རྒྱུས་སྟོན་ཐེངས་བརྒྱད་པའི་ནང་བོད་ཁྱིམ་སོགས་སློབ་གྲྭ་ཁག་བཞི་ནས་ཁྱོན་སློབ་ཕྲུག་ ༡༣༠ མཉམ་ཞུགས་གནང་ཡོད་ཁོངས་ནས་བྱང་ཕྱོགས་གཞིས་གྲོང་ ༡༠ ནས་སློབ་ཕྲུག་ ༤༠ ལ་ཤེས་རིག་ལས་ཁུངས་ཀྱིས་ལམ་གྲོན་དང་ཉིན་རེའི་ཟས་དོད་གནང་འདུག་པ་བཅས། །
དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་འཐུས་མི་རྣམས་ལ་འབོད་སྐུལ་གྱི་གསུང་བཤད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༨ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་ ༦ ཐོག རྒྱ་ནག་གིས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་དང། རིང་མིན་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་བྱུང་རྗེས་ཀྱི་ལྟ་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སྐབས་དམིགས་བསལ་སྐུ་ཚབ་མཆོག་གིས་གསུང་བཤད་གནང་དོན།
བཀའ་ཁྲི་མཆོག་གིས་ལྷན་ཚོགས་སུ་བོད་ནང་གི་ད་ལྟའི་གནས་སྟངས་དང་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་སྐོར་གསལ་བཤད་གནང་བར་བརྟེན། ངས་བསྐྱར་ཟློས་ཞུ་འདོད་གང་ཡང་མེད། འོན་ཀྱང་ལྷན་ཚོགས་འདི་ལྟ་བུ་ནི་ང་ཚོ་ཁྱིམ་ཚང་གཅིག་གི་ནང་མི་ལྷན་དུ་འཛོམས་པ་ལྟ་བུ་རེད། རྣམ་པ་ཚོས་ང་ཚོའི་འཐབ་རྩོད་ཐོག་དུས་ཡུན་གང་ཙམ་རིང་ནས་རྒྱབ་སྐྱོར་གནང་བཞིན་ཡོད་པར་བརྟེན་ང་ཚོའི་བསམ་ཚུལ་དང་སྐད་ཆ་གང་ཡིན་ཡང་ཕན་ཚུན་ནང་ཁུལ་ཐོག་ནས་ཤོད་དགོས་ཀྱི་ཡོད། རྣམ་པ་ཚོས་མཁྱེན་དགོས་པ་ཞིག་ལ་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་དེ་ཆུད་ཟོས་སུ་ཕྱིན་མེད། བོད་རྒྱ་གྲོས་མོལ་ལྟ་བུར་མཚོན་ན། ང་དང་ངའི་ལས་རོགས་སྐལ་བཟང་རྒྱལ་མཚན་ལགས་གཉིས་ཀྱིས་འདས་པའི་ལོ་ ༡༠ རིང་དངོས་སུ་གཞུང་འབྲེལ་ངོ་བོ་རང་གི་ཐོག་ནས་འགོ་ཁྲིད་ནས་ལས་ཀ་བྱས་ཡོད་པ་མ་ཟད། གཞུང་འབྲེལ་ངོ་བོའི་ཐོག་ནས་ཐད་ཀར་འབྲེལ་བ་མེད་ཀྱང་ལས་དོན་དེའི་ཐོག་ལ་ལོ་མང་རིང་ལས་ཀ་བྱས་ཡོད། ཕྲན་རང་ཉིད་ལྟ་བུར་ཆ་མཚོན་ན་ཟླ་བ་འགའ་ཤས་ཤིག་མ་གཏོགས་ལས་དོན་དེའི་ཐོག་ཧ་ལམ་ལོ་སུམ་ཅུ་ལས་ཀ་བྱས་ཡོད། ཕྲན་རང་ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་ཏུ་ཐོག་མར་ཕྱིན་པ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་ལྷན་རྒྱས་ཀྱིས་རྒྱ་ནག་དང་ལྷན་གྲོས་མོལ་མཛད་རྒྱུའི་ཐུགས་ཐག་གཅོད་མཛད་སྐབས། ང་ཚོས་རྙོག་འཛིང་ཆེ་བའི་གནད་དོན་དེ་དུས་ཚོད་ཐུང་ཐུང་ཞིག་གི་ནང་དང་མདུན་ཅོག་སྟེང་ཐག་གཅོད་བྱེད་ཐུབ་རྒྱུ་རེད་བསམ་པའི་འཁྲུལ་སྣང་ནམ་ཡང་མེད། བོད་ཀྱི་དཀའ་རྙོག་ལྟ་བུ་ཧ་ཅང་ཚོར་སྐྱེན་དང་རྙོག་འཛིང་ཆེན་པོ་འདི་འདྲ་ཞིག་མདུན་ཅོག་སྟེང་སྐད་ཆ་བཤད་པ་ཙམ་གྱིས་ཐག་གཅོད་ཡོང་ཐུབ་རྒྱུ་ནམ་ཡང་མེད། ང་ཚོས་གྲོས་མོལ་བྱ་རྒྱུའི་དགོས་དམིགས་གཙོ་བོ་དེ་རྒྱ་ནག་འགོ་ཁྲིད་ཚོ་དང་ཐུག་འཕྲད་བྱ་རྒྱུ་ཙམ་གྱི་ཆེད་དུ་མིན། ང་ཚོས་དཀའ་ངལ་ཡོད་པ་རྟག་ཏུ་ཤེས་ཀྱི་ཡོད་ཀྱང་གྲོས་མོལ་དེར་ལྟ་ཕྱོགས་ཀྱི་རྣམ་པ་མི་འདྲ་བ་གཞན་ཞིག་ཡོད་པ་ནི། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ངོ་བོར་འགྱུར་ཐབས། ཞེས་རྒྱ་མིས་ང་ཚོར་སྐྱོན་བརྗོད་བྱེད་བཞིན་པ་དེ་ཡིན། ཕྲན་དང་སྐལ་བཟང་རྒྱལ་མཚན་གཉིས་རྒྱ་ནག་ཏུ་བསྐྱོད་སྐབས་རྒྱ་ནག་འགོ་ཁྲིད་ཚོས་མི་རུང་བའི་ལས་མང་པོ་ཞིག་ང་ཚོས་བྱས་ཡོད་སྐོར་སྐྱོན་བརྗོད་བྱེད་སྐབས། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ངོ་བོར་འགྱུར་ཐབས། ཞེས་པ་དེ་ང་ཚོས་འདོད་མོས་ཐོག་ནས་མིན་པར་མ་བྱེད་དཀའ་མེད་ཅིག་གི་ཐོག་ནས་བྱས་པ་ངོས་ལེན་གྱིས་གསལ་བཤད་ཞུ་རྒྱུ་བྱུང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་ཐོག་ཁྲིད་པའི་བཟང་སྤྱོད་ཀྱི་ཐུགས་འགན་ཞིག་ཡོད་པ་མ་ཟད། ཁོང་གི་༸ཞབས་འོག་ཏུ་ཞབས་ཞུ་སྒྲུབ་བཞིན་པ་རྣམས་དང་འདིར་ཕེབས་རྣམ་པ་ཚོར་ཡང་འགན་དེ་ཡོད། བོད་རྒྱ༌གྲོས་མོལ་དེས་ཕྱོགས་གཅིག་ནས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ངོ་བོར་འགྱུར་རྒྱུར་ཕན་ཐོགས་ཧ་ཅང་བྱུང་ཡོད་པ་ཙམ་མ་ཟད། སྲིད་གཞུང་དང་གྲོས་ཚོགས་མང་པོ་ཞིག་གིས་བོད་ཀྱི་གནད་དོན་ཐོགས་རྒྱབ་སྐྱོར་བྱ་རྒྱུའི་ལག་པ་འཇུ་ས་ཞིག་བཟོས་ཡོད། དེར་བརྟེན་ང་ཚོས་བོད་རྒྱ་གྲོས་མོལ་དེའི་ཕན་ཐོགས་ཇི་བྱུང་སྐོར་ཤོད་སྐབས་ཕྱོགས་ཚང་མ་ནས་རྟོག་ཞིབ་གནང་དགོས། ཕྲན་གྱིས་འདི་འདྲ་བརྗོད་དགོས་དོན་ནི་སྐལ་བཟང་རྒྱལ་མཚན་དང་ཕྲན་གཉིས་ཀྱི་ལས་དོན་དེར་ཐད་ཀར་འབྲེལ་བ་ཡོད་པའི་ཆ་ནས་ཤོད་ཀྱི་མེད། ཚང་མས་མཁྱེན་དགོས་པ་ཞིག་ལ་གྲོས་མོལ་གྱི་བརྒྱུད་རིམ་དེས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མདུན་བསྐྱོད་བྱ་རྒྱུར་ཧ་ཅང་ཕན་ཐོགས་བྱུང་ཡོད།
དེར་བརྟེན་དོན་དངོས་ཐོག་ཕྲན་གྱིས་བསམ་པར་བོད་རྒྱ་གྲོས་མོལ་གྱི་གནད་དོན་དེ་བཞིན་ཆབ་སྲིད་ཀྱི་ཁོར་ཡུག་ནང་གནད་དོན་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་མ་ཟད། དེ་མུར་ང་ཚོའི་མདུན་དུ་གནས་ཐུབ་པ་བྱེད་དགོས། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལམ་ལྷོང་ཇི་འདྲ་ཞིག་ཡོང་མིན་མཐའ་མའི་ཐག་གཅོད་དེ་བོད་ནང་གི་གཞིས་ལུས་བོད་མི་ཚོར་རག་ལུས་ཡོད། ང་ཚོར་རྣམ་པ་ཚོ་ལྟ་བུ་གྲོགས་པོ་བློས་ཐུབ་ཡོད་པ་དེ་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཡིན་ནའང་གལ་ཏེ་བོད་མི་རང་ངོས་ནས་སེམས་ཤུགས་ཆག་པ་ཡིན་ན། ཁྱེད་ཚོས་རོགས་པ་ཇི་འདྲ་ཞིག་གནང་ཡང་ཕན་རྒྱུ་གང་ཡང་མེད། བྱེས་སུ་འཁོད་པའི་བོད་མི་ཚོ་ཡང་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན་ང་ཚོར་གཞིས་ལུས་བོད་མི་ཚོའི་ཚབ་ཞུས་ཏེ་སྐད་ཆ་ཤོད་རྒྱུའི་གོ་སྐབས་མང་པོ་ཡོད། འོན་ཀྱང་གཙོ་བོ་གཞིས་བཞུགས་བོད་མི་ཚོ་ཆགས་ཡོད། རྒྱ་ནག་དང་ལྷན་གྲོས་མོལ་བྱས་པ་དེས་ལམ་སེང་མདུན་ཅོག་སྟེང་མིག་མཐོང་ལག་འཛིན་གྱི་གྲུབ་འབྲས་འདི་ཡིན་ཞེས་རྡོག་རྡོག་ཅིག་སྟོན་རྒྱུ་མེད་ནའང། བོད་ནང་གི་གཞིས་བཞུགས་བོད་མི་ཚོར་སེམས་ཤུགས་འཕར་རྒྱུར་ཧ་ཅང་ཕན་ཐོགས་བྱུང་ཡོད་པ་ཕྲན་གྱིས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།
ཁ་སང་བཀའ་ཁྲི་མཆོག་གིས་གང་གསུངས་པ་དེར་ཁ་སྣོན་གྱི་ཚུལ་དུ་བོད་རྒྱ་གྲོས་མོལ་གྱི་གནད་དོན་སྐོར་སྙིང་བསྡུས་ཤིག་གླེང་རྒྱུ་ཡིན། བཀའ་ཁྲི་མཆོག་གིས་བོད་རྒྱ་གྲོས་མོལ་ཐོག་ལམ་སེང་བཟང་ཕྱོགས་གི་གྲུབ་འབྲས་འཐོན་རྒྱུའི་རེ་བ་མེད་སྐོར་གསུངས་པ་དེར། ཕྲན་རང་གྲོས་མོལ་སྐབས་སྐད་ཆ་ཤོད་མཁན་གཙོ་བོ་དེ་ཡིན་པའི་ཆ་ནས་བོད་རྒྱ་གྲོས་མོལ་བྱས་ཏེ་ལམ་སེང་ཕན་ཐོགས་ཡོང་རྒྱུ་ཟེར་བ་ད་ལྟའི་ཆར་ཐེ་ཚོམ་ཙམ་མ་ཟད། ཧ་ཅང་ཁག་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
ཕྲན་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་བཀའ་ཁྲི་མཆོག་ལ་དེ་མཚུངས་ཞུ་རྒྱུ་བྱུང་། ཕྱོགས་མཚུངས་ཐེངས་འདིར་ཕྲན་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༣༠ །༣༡ ཉིན་གཉིས་རིང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ལྷན་ཚོགས་ཤིག་ཚུགས་རྒྱུའི་བསམ་ཚུལ་བཀའ་ཁྲི་མཆོག་ལ་ཞུས་པ་ལྟར་ཁས་ལེན་གནང་ཡོད།
སྐབས་དེར་ཕྲན་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་བོད་རྒྱ་གྲོས་མོལ་གྱི་གནས་སྟངས་ཐོག་གོ་བསྡུར་དང་དཔྱད་ཞིབ་ལྷུག་པོ་བྱ་རྒྱུའི་འདུན་པ་ཡོད་ནའང་། བོད་རྒྱ་གྲོས་མོལ་གྱི་ད་ལྟའི་གནས་བབས་ཐོག་ལམ་སེང་བཟང་ཕྱོགས་ཀྱི་གྲུབ་འབྲས་ཡོང་རྒྱུའི་སྐོར་ཞུ་རྒྱུ་གང་ཡང་མེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་དེ་བཞིན་དེ་སྔ་ནས་བཙུགས་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་དང་དངོས་སུ་གཞུང་འབྲེལ་བརྒྱུད་ལམ་ཐོག་ནས་གྲོས་མོལ་འགོ་འཛུགས་མ་བྱས་སྔོན་ནས་ཡོད། ཚོགས་ཆུང་འདིས་བཀའ་ཤག་ལ་བོད་རྒྱ་གྲོས་མོལ་ཐོག་ལམ་སྟོན་དང་བསམ་ཚུལ་འདོན་རྒྱུའི་མཐུན་འགྱུར་ཞུས་དང་ཞུ་མུས་ཡིན། བོད་རྒྱ་གྲོས་མོལ་གྱི་ད་ལྟའི་གནས་བབས་འདི་འདྲ་ཞིག་ལ་སླེབས་དགོས་པའི་རྒྱུ་རྐྱེན་མང་པོ་ཡོད། རྐྱེན་འགའ་ཤས་རྒྱ་ནག་ནང་དང་འགའ་ཤས་རྒྱ་ནག་གི་ཕྱི། དེ་བཞིན་རྐྱེན་འགའ་ཤས་ང་ཚོར་བྱ་ཐབས་བྲལ་བའི་རྙོག་འཛིང་ཅན་དེ་འདྲ་མང་པོ་ཡོད། དེ་ཚོར་རྒྱས་བཤད་བྱས་ཚེ་བརྗོད་གཞིའི་ངོ་བོ་འགྱུར་ཉེན་ཡོད།  ་དེར་བརྟེན་ངས་རྒྱས་བཤད་ཞུ་རྒྱུ་མིན།
དེའི་བར་ལ་ཁྱེད་ཚོས་རོགས་པ་བྱེད་ཐུབ་རྒྱུའི་གནད་དོན་འགའ་ཤས་མཐོང་བྱུང། ཁ་སང་ཀལ་གར་ཤི་མན་མཆོག་གིས་ཕྲན་ནས་ཉེ་ལམ་ཨ་རིའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་ཕུལ་བའི་ཞུ་སྙན་སྐོར་གསུངས་ཡོད། དེ་རིང་སླར་ཡང་གནད་དོན་དེ་ཚོའི་སྐོར་ཞུ་འདོད་བྱུང་། གང་ཡིན་བརྗོད་ན། གནད་དོན་དེ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ཕྲན་ལ་ཡིད་ཆེས་བརྟན་པོ་ཡོད། རྒྱུ་མཚན་དང་པོ་ནི། རྒྱ་ནག་ནང་དུ་འགོ་ཁྲིད་འཕོ་འགྱུར་འགྲོ་རྒྱུ་ཡིན། རྒྱ་ནག་ནང་གི་འགོ་ཁྲིད་འཕོ་འགྱུར་ཟེར་བ་དེ་མང་གཙོའི་རྒྱལ་ཁབ་ནང་བཞིན་ལས་སླ་པོ་ཞིག་དང་ལམ་སེང་ཡོང་ཐུབ་པ་དེ་འདྲ་མེད། དུས་ཚོད་ཧ་ཅང་འགོར་རྒྱུ་ཡིན། འཆར་གཞི་ལྟར་སོང་ཐུབ་པ་ཡིན་ན་ཕྱི་ཟླ་ ༡༠ ནང་ཕལ་ཆེར་ཞི་ཅིང་ཕིང་གུང་ཁྲན་ཚོགས་པའི་ཚོགས་གཙོ་ཆགས་རྒྱུ་ཡིན་པ་དང་། དེ་ནས་ལོ་རྗེས་མའི་ཕྱི་ཟླ་ ༣ ནང་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་རྒྱུ་དང་ལོ་འགའ་ཤས་རྗེས་ལ་གཞི་ནས་དམག་ཨུ་ཀྲའུ་ཞི་ཆགས་རྒྱུ་སོགས་དུས་ཚོད་ཧ་ཅང་འགོར་རྒྱུའི་བརྒྱུད་རིམ་ཞིག་ཡིན། གནད་དོན་དེ་དག་གལ་ཆེན་པོ་གཅིག་ཆགས་ཡོད།
འོན་ཀྱང་ཕྲན་གྱིས་ཉེན་ཁ་ཞིག་མཐོང་བཞིན་འདུག ཉེན་ཁ་དེས་བོད་རྒྱ་གྲོས་མོལ་གྱི་ལས་གཞི་ཡོངས་རྫོགས་བརྡལ་བཤིག་གཏོང་རྒྱུ་རེད། ཉེན་ཁ་དང་པོ། རྒྱ་ནག་གཞུང་གིས་ཧ་ཅང་ཐབས་མཁས་ཐོག་ནས་ཕྱི་རྒྱལ་སྲིད་གཞུང་སྤྱི་དང་ལྷག་པར་ཡུ་རོབ་དང་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་སྲིད་གཞུང་སུ་འདྲ་ཞིག་ནས་ཀྱང། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུས་པའམ། བོད་ཀྱི་གནད་དོན་གླེང་བ། དེ་བཞིན་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་མགྲོན་འབོད་སོགས་བྱས་ཚེ། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དང་རྩ་འགལ་འགྲོ་བཞིན་ཡོད་པའི་རྣམ་འགྱུར་བསྟན་དང་སྟོན་བཞིན་ཡོད། དེར་བརྟེན་ཕྲན་གྱི་ཞུ་སྙན་དེའི་ནང་གནད་དོན་དེའི་ཐོག་གསལ་བཤད་ཞིབ་ཕྲ་འགོད་ཐབས་བྱས་ཡོད། ཕྲན་གྱིས་རེ་བར་འདིར་ཕེབས་པའི་ཡུ་རོབ་དང་ཨེ་ཤི་ཡའི་སྐུ་ཚབ་རྣམ་པ་གཙོ་བོར་གྱུར་བའི་འཐུས་མི་ཚོས། རྒྱ་ནག་གཅིག་གི་སྲིད་བྱུས། ཟེར་བ་དེ་བོད་ཀྱི་གནད་དོན་དང་འབྲེལ་བ་གང་ཡང་མེད་པའི་འབྲེལ་ཡོད་སྲིད་གཞུང་ཚོར་གསལ་བཤད་གནང་རྒྱུའི་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་ཐུབ། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ། ཨ་རིའི་གཞུང་གིས་གུང་ཁྲན་ཏང་དང་གོ་མིང་ཏང་གི་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་སྟངས་དང་འབྲེལ་བའི་སྲིད་བྱུས་ཤིག་ཆགས་ཡོད། གང་ཡིན་བརྗོད་ན་བོད་མིའི་སྲིད་གཞུང་སུ་འདྲ་ཞིག་ནས་ཀྱང་ང་ཚོ་རྒྱ་ནག་མཚོན་གྱི་ཡོད་ཅེས་ངོས་འཛིན་ནམ་ཡང་བྱེད་མྱོང་མེད། ཐེ་ཝན་གོ་མིང་ཏང་དང་གུང་ཁྲན་ཏང་གིས་བྱས་ཡོད། དཀའ་རྙོག་དེ་ཚོགས་པ་དེ་གཉིས་དང་འབྲེལ་བ་ཆགས་ཡོད་པ་ཙམ་མ་ཟད། གནད་དོན་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དམིགས་བསལ་ཡོ་རོབ་ནས་གྲོས་ཚོགས་འཐུས་མི་མང་པོ་ཞིག་འདིར་ཕེབས་ཡོད། གལ་ཏེ་ལྷན་ཚོགས་འདིའི་བསྒྲགས་གཏམ་ནང་གནད་དོན་འདི་དང་འབྲེལ་ནས་ལུང་འདྲེན་བྱེད་ཐུབ་ཚེ་ཧ་ཅང་ཕན་ཐོགས་ཡོང་རྒྱུ་ཡིན་པ་ཕྲན་གྱིས་རེ་བ་ཞུ་བཞིན་ཡོད། གང་ཡིན་བརྗོད་ན་ང་ཚོ་ཚང་མ་ཚོགས་འདུ་གྲོལ་རྗེས་མི་རེ་ངོ་རེར་ལས་འགན་རེ་ཡོད། ལྷག་པར་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་གྱི་ལས་འགུལ་ཐོག་རྒྱབ་སྐྱོར་གྱིས་འབྱུང་འགྱུར་ལོ་འགའ་ཤས་ནང་བོད་རྒྱ་གྲོས་མོལ་མུ་མཐུད་གནས་ཐུབ་ཆེད་རོགས་རམ་བྱེད་འདོད་ན། ཕྱོགས་གཉིས་ཆར་སྐད་ཆ་ཤོད་དགོས། གལ་ཏེ་རྒྱ་ནག་གུང་ཁྲན་སྲིད་གཞུང་གཅིག་པུར་སྐད་ཆ་བཤད་དེ་བོད་མིའི་དབུ་ཁྲིད་ལ་གཡོལ་ཐབས་བྱས་ཚེ་རོགས་རམ་ཇི་འདྲ་བྱེད་ཐུབ།
གནད་དོན་གཞན་ཞིག་ནི་རྣམ་པ་ཚོས་མཁྱེན་གསལ་རེད། འདས་པའི་ལོ་ཤས་རིང་རྒྱ་རིགས་ཤེས་ཡོན་ཅན་གྱི་མི་སྣ་ཟེར་བ་འཐབ་ཕྱོགས་གཅིག་གྱུར་དང་ཧ་ཅང་འབྲེལ་བ་ཉེ་པོ་ཡོད་པ་ཁག་གཅིག་གིས་གྲངས་ཉུང་མི་རིགས་ལ་རང་སྐྱོང་གི་གནས་བབས་ཟེར་བའི་གནད་དོན་ཡོངས་རྫོགས་དོན་དངོས་ཐོག་གྲངས་ཉུང་མི་རིགས་ཀྱི་ཡར་རྒྱས་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་འགོག་རྐྱེན་དང་གནོད་གཞི་བཟོ་བཞིན་ཡོད་སྐོར་བརྗོད་དེ།
ཐོབ་ཐང་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནས་ཕྱིར་བསྡུ་བྱས་ཏེ་དབྱེད་འབྱེད་བྱ་རྒྱུ་མེད་པ་བཟོ་དགོས་པའི་བསམ་ཚུལ་བཏོན་ཡོད། སྐད་ཆ་དེ་ནི་ཧ་ཅང་སེམས་འཚབ་བྱེད་དགོས་པའི་ཉེན་བརྡ་ཞིག་ཆགས་ཡོད། དེ་གཅིག་བྱས་ན་ཉམས་ཚོད་ལེན་པའི་སྐད་ཆ་ལྟ་བུར་མཐོང་སྲིད། འོན་ཀྱང་འདི་ལོ་ཕྱི་ཟླ་ ༢ ནང་ཕྲན་དང་སྐལ་བཟང་རྒྱལ་མཚན་ལྷན་དུ་གྲོས་མོལ་བྱེད་མཁན་གཙོ་བོ་ཞིག་དང་ཏང་གི་འགོ་ཁྲིད་རྙིང་གྲས་ཤིག་གིས་རྒྱ་ནག་དབུས་གཞུང་ལ་གཞུང་འབྲེལ་ཡི་གེ་ཞིག་བཏང་སྟེ། འབྱུང་འགྱུར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གནད་དོན་དེའི་སྐོར་གླེང་དགོས་པའི་བསམ་ཚུལ་བཏོན་པ་དང་སྦྲགས། འཐབ་ཕྱོགས་གཅིག་གྱུར་གྱི་ལངས་ཕྱོགས་བཟུང་སྟེ་ཐོབ་ཐང་དེ་དག་གིས་གྲངས་ཉུང་མི་རིགས་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་བཞིན་ཡོད་སྐོར་དང་གནད་དོན་དེ་དག་རྩ་ཁྲིམས་ནས་འདོན་ཐུབ་ཚེ་བོད་རིགས་དང་ཧན་མི་རིགས། ཡུ་གུར་མི་རིགས་བཅས་མི་རིགས་སོ་སོའི་དབྱེ་བ་མེད་པར་ང་ཚོ་ཚང་མ་རྒྱ་མི་རིགས་མཚོན་ཐུབ་རྒྱུ་ཡིན་པ་སོགས་བཤད་ཡོད། ཚང་མས་མཁྱེན་དགོས་པ་ཞིག་ལ་གལ་ཏེ་གུང་ཁྲན་ཏང་དང་ཏང་གི་འགོ་ཁྲིད་མཁྲེགས་འཛིན་པ་ཚོས་རྩ་ཁྲིམས་ནས་ཐོབ་ཐང་དེ་ཕྱིར་བསྡུས་བྱས་ཏེ་ལོ་རྗེས་མ་ཙམ་ལ་ཁྲིམས་མཐུན་གཏན་འབེབས་བྱས་ཚེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གཞི་རྩ་མེད་པ་བཟོས་པ་རེད། གང་ཡིན་བརྗོད་ན་༸གོང་ས་མཆོག་གིས་ཐུགས་བློ་ཆེན་པོའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་གནང་མཛད་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དགོངས་པར་བཞེས་ཡོད། གང་ཡིན་བརྗོད་ན། རྩ་ཁྲིམས་དེའི་ནང་ཁྲིམས་མཐུན་གྱི་ཐོག་ནས་ཐོབ་ཐང་ཡོད་པ་གསལ་ཡོད། སྤྱིར་བཏང་ཚིག་ཙམ་ལས་དོན་དག་གང་ཡང་མེད། འོན་ཀྱང་རྩ་ཁྲིམས་ནང་གི་ཐོབ་ཐང་དེའི་ཐོག་ནས་རང་སྐྱོང་གི་གནས་བབས་སྤྲོད་རྒྱུའི་ཁས་ལེན་བྱ་རྒྱུ་ཡིན་པ་འཁོད་ཡོད། དེར་གཞི་བཞག་མཛད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་མཛད་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་རྒྱུན་དུ་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་ཀྱི་གནད་དོན་སེལ་ཐབས་མཛད་བཞིན་ཡོད་པ་ཕལ་ཆེར་ཚང་མས་མཁྱེན་གསལ་རེད། གང་ཡིན་བརྗོད་ན། ཐོབ་ཐང་དེ་རྩ་ཁྲིམས་ནང་འཁོད་ཡོད། གལ་ཏེ་རྩ་ཁྲིམས་ནང་ཐོབ་ཐང་དེ་ཕྱིར་བསྡུ་བྱས་ཚེ་ངས་བསམ་པར་དབུ་མའི་ལམ་གྱི་སྲིད་བྱུས་དེར་གཞི་རྩ་གང་ཡང་མེད་པའི་དོན་མེད་ཆགས་རྒྱུ་རེད། དེར་བརྟེན་གནད་དོན་དེར་ང་ཚོ་ཚང་མས་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཕྲན་གྱི་བསམ་ཚུལ་ལ་བོད་ལ་རང་སྐྱོང་གི་གནས་བབས་སྤྲོད་རྒྱུའི་ཐོབ་ཐང་དེ་རྒྱ་ནག་གུང་ཁྲན་ཏང་ཕྱོགས་གཅིག་རྐྱང་པས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ལ་བཀའ་བཏང་ནས་ཕྱིར་བསྡུ་བྱེད་ཆོག་ཆོག་ཡོད་པ་ཞིག་ལ་ངོས་འཛིན་ཞུ་གི་མེད། གང་ཡིན་བརྗོད་ན།
རྒྱ་གར་གཞུང་གིས་ནོར་འཁྲུལ་དང་འཐུས་ཤོར་ཇི་ཡིན་རུང་ཕྱི་ལོ་ ༡༩༥༠ ནང་གི་བྱུང་རབས་ངས་འདིར་བསྐྱར་ཟློས་བྱ་འདོད་གང་ཡང་མེད། ཚང་མས་མཁྱེན་གསལ་ལྟར། ཆ་རྐྱེན་ཞིག་གི་འོག་ནས་རྒྱ་གར་གྱི་སྲིད་གཞུང་སྔ་ཕྱི་རིམ་པས། བོད་དེ་རྒྱ་ནག་གི་ཞིང་ཆེན་ཞིག་མིན་པར་རྒྱ་ནག་གི་རང་སྐྱོང་གི་མངའ་ཁུལ་ཞིག་ཡིན་པ་ཁས་ལེན་བྱས་ཡོད། དེར་བརྟེན་བོད་ལ་རང་སྐྱོང་གི་གནས་བབས་དགོས་པའི་དགོས་འདུན་དེར་རྒྱལ་སྤྱིའི་མཐོང་ཕྱོགས་ཤིག་ཡོད་པ་དེ་ང་ཚོས་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། ང་ཚོས་གནད་དོན་དེ་དག་དྲན་བསྐུལ་ཐོག་སྐད་ཆ་ཤོད་དགོས། ཁ་སེང་བཀའ་ཁྲི་མཆོག་གིས་དབུ་མའི་ལམ་གྱི་ལངས་ཕྱོགས་དང་བོད་རྒྱ་གྲོས་མོལ་ཐོག་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད་སྐོར་གསུངས་པ་དེས་ང་རང་ཧ་ཅང་དགའ་པོ་བྱུང། གང་ཡིན་བརྗོད་ན། ལངས་ཕྱོགས་དེ་ཡང་དག་པ་ཞིག་ཆགས་ཡོད། གལ་ཏེ་ལོ་གཉིས་ཙམ་གྱི་ནང་ཐོབ་ཐང་དེ་དག་མེད་པ་ཡིན་ན། གྲོས་མོལ་བྱ་རྒྱུའི་གཞི་རྩ་མེད་པ་འགྱུར་བར་བརྟེན་ཧ་ཅང་དཀའ་ངལ་འཕྲད་ངེས་རེད།
གསུམ་པ། ལྷན་ཚོགས་འདི་དང་ཧ་ཅང་འབྲེལ་བ་ཡོད་པ་ནི་བོད་ནང་གི་གནས་སྟངས་ཡིན། དེའི་སྐོར་༸གོང་ས་མཆོག་དང་བཀའ་ཁྲི་མཆོག་རྣམ་གཉིས་ཀྱིས་བཀའ་སྩལ་གྲུབ་ཡོད། དེའི་སྐོར་བསྐྱར་ཟློས་བྱ་རྒྱུ་མིན། འོན་ཀྱང་བོད་ནང་གི་གནས་སྟངས་ལ་ཡར་རྒྱས་མ་བྱུང་ཚེ་ད་ཡོད་གནས་སྟངས་ལས་ཇེ་སྡུག་ཏུ་འགྲོ་སྲིད། དེ་ལྟར་བྱུང་ན་ང་ཚོས་གང་བྱེད་དགོས། དང་ཐོག་བྱེས་སུ་འཁོད་པའི་བོད་མིའི་དབུ་ཁྲིད་ཚོར་བཟང་སྤྱོད་ཀྱི་འགན་ཞིག་ཡོད། ཚང་མས་མཁྱེན་གསལ་ལྟར། འདས་པའི་ལོ་ ༡༠།༡༥ ཙམ་གྱི་ནང་ཆ་རྐྱེན་གསར་པ་ཞིག་བྱུང་ཡོད། དེ་ནི་ཨར་ཊུ་པི་(R2P) ཞེས་པ་འདི་རེད། གོ་དོན་ནི་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་། ཟེར་བ་དེ་རེད། ཆ་རྐྱེན་དེ་ཐོག་མར་འབྱུང་རྒྱུའི་རྒྱབ་ལྗོངས་ཀྱི་གནས་སྟངས་ཚང་མས་མཁྱེན་གསལ་ལྟར། བྷལ་ཀན་(Balkan)དང་ར་ཝན་ཌ་(Rwanda)སོགས་ཀྱི་ནང་དཀའ་ངལ་འཕྲད་པ་དེས་ཡིན། འོན་ཀྱང་དེང་སྐབས་ཆ་རྐྱེན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཞུང་འབྲེལ་གྱི་ལག་ཆ་ལྟ་བུ་ཆགས་ཡོད། དེ་ནི་ངས་ཧ་ཅང་ཡག་པོ་ཞིག་མཐོང་གི་འདུག གང་ཡིན་བརྗོད་ན། མངའ་དབང་ལྡན་པའི་རྒྱལ་ཁབ་གཅིག་ཡིན་ཕྱིན་རྒྱལ་ཁབ་དེའི་ནང་གི་སྲིད་དབང་འཛིན་མཁན་གྱི་སྒྲིག་འཛུགས་དེས་རང་གི་མི་སེར་གྱི་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་ཆོག་གི་མེད། གལ་ཏེ་དེ་འདྲ་བྱུང་བ་དང་ཡང་ན་ཧ་ཅང་ཚབས་ཆེན་པོ་འབྱུང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐེ་བྱུས་བྱ་རྒྱུའི་འགན་ཞིག་ཡོད། ཐེ་བྱུས་ནམ་ཡིན་ལ་དྲག་པོ་ཡིན་པའི་ཁྱབ་པ་གང་ཡང་མེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ད་བར་དྲག་པོའི་ལམ་ནས་ཐེ་བྱུས་བྱེད་དགོས་པ་མང་པོ་ཆགས་ཡོད། དེའི་སྐོར་ཤོད་ཀྱི་མེད། གང་ཡིན་བརྗོད་ན་བྱ་ཐབས་བྲལ་ནས་མཐར་འུ་ཐུག་སྐབས་གཞི་ནས་དྲག་པོའི་ཐེ་བྱུས་བྱེད་དགོས་པ་ཞིག་ལ་ངས་ངོས་འཛིན་ཞུ་བཞིན་ཡོད། དམག་མི་གཏོང་མི་དགོས་པའི་ཐོག་ནས་ཐེ་བྱུས་བྱ་རྒྱུའི་ཐབས་ལམ་མང་པོ་ཞིག་ཡོད་པ་མཐོང་གི་འདུག རྒྱ་ནག་དེ་ལི་བི་ཡ་(Libya)དང་ར་ཝན་ཌ་(Rwanda)ལྟར་མིན། རྒྱུ་མཚན་དེའི་ཆ་ནས་ངས་ཞུ་གི་མེད། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། སྟོབས་ཤུགས་དེ་ལས་ཆེ་བ་ཡོད་བསམ་པའི་འཁྲུལ་སྣང་ཞིག་ཀྱང་ཡོད།
ང་ཚོས་བཟང་སྤྱོད་ཀྱི་འགན་དེ་ལས་གཡོལ་ཐབས་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་བྱུས་བྱེད་སྐབས་རྒྱལ་ཁབ་སྟོབས་ཤུགས་ཆེ་ཆུང་དང་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་འབྲེལ་བ་ཡོད་མེད་སོགས་ཀྱི་ཆ་རྐྱེན་ལ་གཞི་བཞག་ཐོག་འདམ་ག་བྱས་ཏེ་ཐེ་བྱུས་བྱེད་མི་རུང། གནད་དོན་དེ་དག་ལྷན་ཚོགས་འདིའི་བསྒྲགས་གཏམ་ནང་འཇུག་རྒྱུར་དུས་ཚོད་རན་མིན་ཇི་ལྟར་ཡང་བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གནད་དོན་དེའི་སྐོར་ངེས་པར་གླེང་འགོ་འཛུགས་དགོས། གནད་དོན་དེ་དག་ལམ་སེང་སང་ཉིན་རང་ལག་ལེན་བསྟར་ཐུབ་པ་ཞིག་ཡིན་པ་ངས་བརྗོད་ཀྱི་མེད། འོན་ཀྱང་ང་ཚོས་ད་ལྟ་ནས་གནད་དོན་དེ་དག་སྐོར་ལ་གླེང་འགོ་འཛུགས་དགོས། འདི་ངའི་བསམ་ཚུལ་ཡིན། ང་དང་ངའི་ལས་རོགས་སྐལ་བཟང་རྒྱལ་མཚན། དེ་བཞིན་ཡུ་རོབ་བོད་དོན་རྒྱབ་སྐྱོར་བ་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་འཐུས་མི་ཚོས་ཡུ་རོབ་བོད་དོན་དམིས་བསལ་འབྲེལ་མཐུད་པ་ཞེས་ཨ་རིས་ཆེད་འཛུགས་གནང་བ་བཞིན། བོད་དོན་ཆེད་ཡུ་རོབ་སྐུ་ཚབ་འཐུས་མི་ཞིག་ཆེད་འཛུགས་གནང་དགོས་པའི་དགོས་འདུན་བཏོན་ཡོད། མིང་ཇི་འདྲ་ཞིག་འདོགས་མིན་ཁྱད་པར་གང་ཡང་མེད། ཁྱེད་ཚོས་རྒྱལ་ཁབ་མང་པོ་ཞིག་གི་གནད་དོན་ཐོག་འབྲེལ་བ་བྱེད་དགོས་པ་སོགས་ལ་བརྟེན་ནས་ལས་གཞི་འདི་ལག་བསྟར་ཡོང་རྒྱུ་ཧ་ཅང་དཀའ་བ་ཞིག་ཡིན་པ་ངས་ཤེས་ཀྱི་ཡོད་ནའང་། གལ་ཏེ་དེ་ལྟར་ལག་བསྟར་བྱེད་ཐུབ་ཚེ་ཕྱོགས་གཅིག་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་ཀྱི་གནད་དོན་ཐོག་དོ་སྣང་བྱས་པ་ཙམ་མིན་པར་དམིགས་བསལ་འབད་བརྩོན་བྱེད་བཞིན་ཡོད་པའི་བརྡ་ལན་བཟང་པོ་ཞིག་གཏོང་རྒྱུ་དང་།
གཉིས་ནས། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་དེ་གནས་ཚུལ་གཉིས་ལ་བརྟེན་ནས་ཞི་འཇམ་ཡོང་ཐུབ། དང་པོ་དེ། རྒྱ་ནག་ཆགས་ཡོད། འོན་ཀྱང་ཁོང་ཚོས་ང་ཚོས་གང་བྱེད་ཟེར་བ་དེ་བྱ་རྒྱུའི་ཚབ་ཏུ་ལྡོག་ཕྱོགས་བྱེད་བཞིན་ཡོད། གཉིས་པ་དེ། བོད་ནང་གི་གཞིས་བཞུགས་བོད་མི་ཚོར་བཟང་ཕྱོགས་ཀྱི་རེ་བ་ཡོད་པའི་བརྡ་ལན་བཟང་པོ་ཞིག་གཏོང་ཐུབ་པ་བྱ་རྒྱུ་དེ་ཡིན།
དེར་བརྟེན་གལ་ཏེ་ཡུ་རོབ་གྲོས་ཚོགས་ཀྱིས་དམིགས་བསལ་སྐུ་ཚབ་ཞིག་བསྐོ་གཞག་གནང་ཐུབ་ཚེ་རྒྱ་ནག་གིས་མི་དགའ་བ་བྱ་རྒྱུ་ཡིན་པར་ཐེ་ཚོམ་མེད་ཀྱང་བོད་ནང་གི་བོད་མི་ཚོར་བརྡ་ལན་ཧ་ཅང་ཤུགས་ཆེན་པོ་ཞིག་ཆགས་རྒྱུ་ཡིན། སུས་ཀྱང་དོན་མེད་ཀྱིས་རང་སྲོག་བློས་གཏོང་བྱེད་འདོད་མེད། གལ་ཏེ་ཁོང་ཚོས་རེ་བ་ཞིག་མཐོང་ཚེ་རེ་བ་དེར་བློ་གཏད་བྱས་ཏེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རེ་བསམས་ཏེ་མུ་མཐུད་འཚོ་གནས་བྱ་རྒྱུར་ཕན་ཐོགས་ཡོད། ཅེས་གསུང་བཤད་གནང་ཡོད། གསུང་བཤད་རྣམས་དབྱིན་སྐད་ཐོག་གནང་བ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་རྩ་བའི་ཚིག་དོན་རྣམས་དབྱིན་སྐད་ལ་རྩ་འཛིན་ཡོང་བ་ཞུ།།
ཕྱི་དྲིལ་ཁོར་ཡུག་ཚན་པས་རྒྱ་གར་བྱང་ཤར་ཁུལ་དུ་མཐོ་སྒང་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ།
༢༠༡༢ ཟླ་ ༥ ཚེས་ ༤ རེས་གཟའ་པ་སངས།
བསྟན་པ་རྒྱལ་མཚན་འཛམ་ལྷ་ལགས་ཀྱིས་མེའོ་སློབ་ཕྲུག་ཚོར་གོ་རྟོགས་སྤེལ་བཞིན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༠ ནས་ ༢༧ བར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་འཇིགས་མེད་ནོར་བུ་ལགས་དང་བསྟན་པ་རྒྱལ་མཚན་འཛམ་ལྷ་ལགས་གཉིས་ཀྱིས་རྒྱ་གར་བྱང་ཤར་གྱི་ས་ཁུལ་མེའོ་ཆོས་འཕེལ་གླིང་དང་བསྟན་འཛིན་སྒང་།
ཏི་ཛུ་དར་རྒྱས་གླིང་བཅས་ཀྱི་ནང་མཐོ་སྒང་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་སྤེལ་བའི་ལས་གཞི་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད། དེ་ཡང་འབྲེལ་ཡོད་ལས་བྱེད་གཉིས་ཀྱིས། ད་ལྟའི་བོད་ཀྱི་ཁོར་ཡུག་གནས་སྟངས། ཞེས་པའི་བརྗོད་གཞིའི་ཐོག་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་དེས་མཐོ་སྒང་བོད་ཀྱི་ཁོར་ཡུག་ཐོག་དོ་ཕོག་ཇི་འདྲ་འགྲོ་བཞིན་ཡོད་མེད།
བོད་ཀྱི་རྩ་ཐང་ནས་བོད་མི་འབྲོག་པ་རྣམས་གཞིས་ཆགས་སུ་གནས་སྤོ་བྱས་དང་བྱེད་མུས་ཡིན་པའི་རྒྱ་མིའི་སྲིད་བྱུས་དེས་བོད་ཀྱི་རྩྭ་ཐང་ལ་ཉམས་ཆག་ཇི་འདྲ་བཟོ་བཞིན་ཡོད་མེད་སོགས། བོད་ཀྱི་རང་བྱུང་གཏེར་དངོས་རྣམས་རྒྱ་མིས་གང་བྱུང་སྔོག་བཤེར་བྱེད་ཚུལ།
འཇིགས་མེད་ནོར་བུ་ལགས་ཀྱིས་བསྟན་འཛིན་སྒང་མང་ཚོགས་ལ་གོ་རྟོགས་སྤེལ་བཞིན་པ།
བོད་ཀྱི་རྒྱུག་ཆུ་དེ་དག་གླིང་ཆེན་ཨེ་ཤི་ཡའི་ཁུལ་དུ་གལ་གནད་ཆེ་ཆུང་ཇི་འདྲ་ཆགས་ཡོད་མེད་དང། བོད་ཀྱི་སྟོང་ལ་ཉེ་བའི་རི་དྭགས་བཅས་ཀྱི་སྐོར། གློག་ཀླད་འཕྲུལ་འཁོར་ལམ་ནས་བརྙན་པར་དང། པར་རིགས། གཏམ་བཤད་དང་བགྲོ་གླེང་སོགས་ཀྱི་ལས་འགུལ་སྤེལ་ཡོད།
སྤྱིར་བཏང་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པས་ལོ་ལྟར་མཐོ་སྒང་བོད་ཀྱི་ཁོར་ཡུག་ཐོག་རྒྱ་གར་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གོ་རྟོགས་སྤེལ་རྒྱུའི་ལས་གཞི་གནང་དང་གནང་མུས་ཡིན་ཁར།
ཕྱི་ལོ་ ༢༠༡༢ དང་ ༢༠༡༣ ལོའི་ནང་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ ཆོས་སྡེ།   གྲོང་ཁྱེར་དང་རྒྱལ་ས་འདྲ་མིན་བཅས་ཀྱི་ནང་གོང་འཁོད་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་འདུག
ཏི་ཛུའི་བོད་མི།
དེ་ནི་སྔ་ལོ་ཕྱི་ལོ་ ༢༠༡༡ ནས་ ༢༠༡༢ ནང་བོད་མིའི་སློབ་གྲྭ་ཁག་ནང་གོ་རྟོགས་ཀྱི་ལས་འགུལ་སྤེལ་བའི་མཇུག་སྐྱོང་གནང་བ་ཞིག་ཆགས་ཡོད་པ་བཅས།།
ཆོས་རིག་བཀའ་བློན་མཆོག་གིས་གཞུང་འབྲེལ་འཚམས་གཟིགས་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡ ནས་ ༤ བར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་རྡ་སའི་ཉེ་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པའི་བསླབ་པ་སློབ་གཉེར་དང་གནས་སྟངས་རྒྱུས་ལོན་སླད་འཚམས་གཟིགས་དབུ་འཛུགས་གནང་འདུག
དེ་ཡང་ཕྱི་ཚེས་ ༡ ཉིན་བཙུན་དགོན་དགེ་ལྡན་ཆོས་གླིང་དང་། གྲིབ་ཚེ་མཆོག་གླིང་། རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་། རིགས་ལམ་སློབ་གཉེར་ཁང་བཅས་ལ་འཚམས་གཟིགས་གནང་ཡོད།
ཕྱི་ཚེས་ ༢ ཉིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་དང་། བདེ་དོན་དང་ཕྱི་འབྲེལ་འགན་འཛིན་ཚེ་རིང་ཕུན་ཚོགས་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་ཐོག་ཆོས་རིག་བཀའ་བློན་མཆོག་གིས་ནོར་གླིང་འཛིན་སྐྱོང་ལས་ཁུངས་དང་། བཟོ་རྩལ་སྡེ་ཚན་ཁག ཚོང་ཁང་། མཐོ་སློབ་བཅས་ལ་འཚམས་གཟིགས་གནང་ཡོད། དེ་རྗེས་འཆི་མེད་དགའ་ཚལ་གླིང་གི་ཕྱག་མཛོད་ལས་སྣེ་ཡོངས་ཀྱིས་ཕེབས་བསུའི་ཐོག་དགོན་པའི་འདུ་ཁང་སོགས་ལ་འཚམས་གཟིགས་གནང་གྲུབ་མཚམས་བཙུན་དགོན་སྒྲོལ་མ་གླིང་དུ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་དབུས་དགོན་པའི་ལས་སྣེ་དང་དགེ་སློབ་ཡོངས་ཀྱིས་ཕེབས་བསུ་ཞུས་ཐོག་དེ་གའི་བཙུན་དགོན་གྱི་ལོ་འཁོར་སྦྱང་འབྲས་རྩེར་སོན་རིགས་ལ་བྱ་དགའ་དང་གསུང་བཤད་སོགས་གནང་འདུག དེ་ནས་རྒྱུད་སྟོད་དགོན་པའི་ལོ་གོན་སྤྲུལ་སྐུ་བསྟན་འཛིན་ཆོས་བཟང་རིན་པོ་ཆེ་མཆོག་དང་ཕྱག་མཛོད་བཅས་ཀྱིས་ཕེབས་བསུ་ཞུས་ཐོག་འདུ་ཁང་དང་དཔེ་མཛོད་ཁང་སོགས་ལ་གནས་གཟིགས་འཚམས་འདྲི་གནང། དེ་བཞིན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད།
ཕྱི་ཚེས་ ༣ ཉིན་བཙུན་དགོན་ཤུག་གསེབ་ཏུ་བཙུན་མའི་ལས་འཆར་གི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། བཙུན་མ་བློ་བཟང་བདེ་ཆེན་ལགས་ཀྱིས་དབུས་དགོན་པའི་ཕྱག་མཛོད་ཀྱིས་ཕེབས་བསུ་དང་སྦྲགས་འདུ་ཁང་དང་། གཟིམ་ཆུང་། སྤྱི་ཐབ་སོགས་ལ་གཟིགས་སྐོར་གནང་རྗེས་བཙུན་མ་རྣམས་ལ་བསླབ་པ་སློབ་གཉེར་ཡག་པོ་གནང་དགོས་པའི་གསུང་བཤད་གནང་། དེ་ནས་ཀརྨ་པ་སྒྲུབ་བརྒྱུད་དར་རྒྱས་གླིང་ལ་འཚམས་གཟིགས་གནང་འདུག
ཕྱི་ཚེས་ ༤ ཉིན་གནས་ཆུང་གྲྭ་ཚང་དང་། དགའ་གདོང་གྲྭ་ཚང་། བོད་ཀྱི་དཔེ་མཛོད་ཁང་། བོད་ཀྱི་ཟློས་གར་ཚོགས་པ་བཅས་ལ་འཚམས་གཟིགས་གནང། ཐེངས་འདིའི་འཚམས་གཟིགས་སྐབས་གྲྭ་བཙུན་རྣམས་ལ་བསྙེན་བཀུར་གསོལ་ཇ་གནང་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་འདུ་སྡོད་ཀྱི་དགོན་སྡེ་གྲྭ་ཚང་ཁྱོན་ཡོངས་ལ་གནས་སྟངས་མཁྱེན་རྟོགས་སླད་འཚམས་གཟིགས་རིམ་པས་གནང་འཆར་ཡོད་འདུག་པ་བཅས། །
རྒྱ་གར་རྒྱལ་ཡོངས་ཡི་ཤུ་ལྷན་ཚོགས་ཐོག་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ།
༢༠༡༢ ཟླ་ ༥ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༥ ནས་ ༢༨ བར་རྒྱ་གར་གྱི་གྲོང་ཁྱེར་བྷེང་ལོར་དུ་སྐོང་ཚོགས་གནང་བའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡི་ཤུ་ལྷན་ཚོགས་ཐེངས་ ༢༧ ཐོག་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུར་གྲོས་ཆོད་ཁག་གཅིག་སྣོན་འཇོག་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ལྷན་ཚོགས་དེའི་ཐོག་ནས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུའི་གྲོས་ཆོད་དོན་ཚན་གཉིས་བཞག་ཡོད་པའི་ནང་འཁོད་དོན།
༡༽བོད་རྒྱའི་དབར་གྱི་དཀའ་རྙོག་དེ་བཞིན་ཞི་བའི་ལམ་ནས་སེལ་དགོས་པ། ཞི་བའི་ལམ་ནས་སེལ་རྒྱུའི་ཐབས་ལམ་དེ་ཡང་རྒྱ་གར་དང་རྒྱ་ནག་གི་འགོ་ཁྲིད་དབར་བཀའ་མོལ་གནང་སྟེ་བོད་རྒྱའི་དཀའ་ངལ་སེལ་ཐབས་གནང་དགོས། གང་ལ་ཞེ་ན་དེས་ཨེ་ཤི་ཡའི་ནང་གི་ཞི་བདེ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཡི་ཤུ་ལྷན་ཚོགས་ནས་ཤུགས་སྐྱོན་རྒྱག་དགོས་པ།
༢༽རྒྱ་གར་རྒྱལ་ཡོངས་ཡི་ཤུ་ལྷན་ཚོགས་ངོས་ནས་བོད་ཀྱི་གནད་དོན་དེ་བཞིན་ཨེ་ཤི་ཡའི་ཡི་ཤུ་ལྷན་ཚོགས་དང་འཛམ་གླིང་ཡི་ཤུ་ལྷན་ཚོགས་བརྒྱུད་ནས་གཞི་རྒྱ་ཆེ་རུ་གཏོང་ཐབས་ཀྱི་རྒྱབ་སྐྱོར་བྱེད་དགོས་པ་སོགས་ཀྱི་གྲོས་ཆོད་བཞག་འདུག་པ་བཅས། །
༸གོང་ས་མཆོག་གིས་རྒྱ་རིགས་ཁག་གཅིག་ལ་བཞུགས་སྒར་ཕོ་བྲང་དུ་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ།
༢༠༡༢ ཟླ་ ༥ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་རིགས་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣ ཉིན་ནས་དབུ་འཛུགས་ཀྱི་ཉིན་གྲངས་གསུམ་རིང་རྒྱ་རིགས་ཁག་གཅིག་ལ་བཞུགས་སྒར་ཕོ་བྲང་དུ་བདེ་མཆོག་དྲིལ་བུ་ལྷ་ལྔ་གཙོ་བོར་གྱུར་བའི་བཀའ་དབང་ཁག་གསུམ་དང་། དེ་བཞིན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ཀྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་འདུག
དེའི་སྐོར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གནང་དོན། ཐེངས་འདིའི་ཆོས་འབྲེལ་ནི་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་ཁག་གཅིག་གིས་ལོ་མང་སྔོན་ནས་གསོལ་འདེབས་ཞུས་པ་ཞིག་རེད། ཐེངས་འདིའི་ཆོས་འབྲེལ་དེ་བཞིན་དམིགས་བསལ་ཞིག་ཆགས་ཡོད། གང་ལ་ཞེ་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཙོ་བོ་རྒྱ་ནག་ནང་གི་རྒྱ་རིགས་དད་ལྡན་པ་ཁག་གཅིག་གིས་ལོ་མང་གོང་ནས་བཀའ་དབང་དང་ཆོས་འབྲེལ་སྩལ་སྐྱོང་ཡོང་བའི་གསོལ་འདེབས་ཐེངས་མང་ཞུས་ཡོད་པར་བརྟེན་ནས་ད་རེས་གཏན་འཁེལ་མཛད་པ་ཞིག་རེད། དེ་བཞིན་གསུང་ཆོས་ལ་གསོལ་འདེབས་ཞུ་མཁན་རྒྱ་ནག་ནང་གི་རྒྱ་རིགས་ཚོགས་ཁག་ཁ་ཤས་ཤིག་ཡོད་པ་ཙམ་མ་ཟད། རྒྱ་རིགས་གཞན་ཁག་གཅིག་ཀྱང་ཡོད། བཀའ་ཆོས་གཙོ་བོ་དེ་བདེ་མཆོག་དྲིལ་བུ་ལྷ་ལྔའི་བཀའ་དབང་སོགས་དང་། ནང་ཆོས་ངོ་སྤྲོད་མཛད་རྒྱུ་ཡིན་འདུག དེ་བཞིན་༸གོང་ས་མཆོག་གིས་དུས་རྟག་ཏུ་ནང་པའི་ལྟ་གྲུབ་ནང་པ་ཚོས་ཤེས་རྒྱུ་གལ་ཆེར་གཟིགས་བཞིན་ཡོད་སྟབས། བྱང་ཆུབ་སེམས་འགྲེལ་གྱི་ཆོས་འགྲེལ་ཡང་སྩལ་རྒྱུ་ཡིན་འདུག་ཅེས་གསུངས་ཡོད་པ་བཅས། །
ཧི་མཱ་ལ་ཡི་ཁྱིམ་ཚང་གི་ལྷན་ཚོགས་སུ་ཀརྨ་པ་མཆོག་དང་ནང་སྲིད་བཀའ་བློན་མཆོག་གིས་གསུང་བཤད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༣ རེས་གཟའ་ཕུར་བུ།
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢ ཉིན་རྡ་ཤོད་གྲོང་སྡེའི་ཛི་ལ་པ་རི་ཤ་དི་ཞེས་པའི་ཚོགས་ཁང་དུ་པཱ་རི་ཝར་ཞེས་པའི་ཧི་མཱ་ཅལ་མངའ་སྡེའི་ནང་གི་ཡུལ་མི་དང་བོད་པ་ཐུན་མོང་གི་བཙུགས་པའི་ཚོགས་པས་གོ་སྒྲིག་འོག་འཛམ་གླིང་ཞི་བདེ་དང་ནང་པ་ཧི་མཱ་ལ་ཡའི་ཉེན་ཁ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་སྒྲུབ་རྒྱུད་བསྟན་པའི་གསལ་བྱེད་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཨིན་དེ་རི་ཤི་མཆོག ཧི་མཱ་ཅལ་མཐོ་སློབ་ཡོངས་ཀྱི་འགན་འཛིན་གཞོན་པ་སྐུ་ཞབས་ཨ་རུང་རྡི་བ་ཀར་ནཐ་ལགས། ཁུ་ནུ་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ནེ་གི་ལགས། རྒྱ་གར་ཡུལ་མིའི་དང་རྡ་སའི་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་སྐུ་མགྲོན་བཅས་ཁྱོན་མི་གྲངས་ ༢༠༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གི་སྣང་གསལ་ཞལ་ཕྱེ་གྲུབ་བསྟུན་སློབ་ཕྲུག་ཁག་གཅིག་གིས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་། དེ་ནས་སྐུ་མགྲོན་རྣམས་ལ་ཡུལ་སྲོལ་གྱི་ཞྭ་མོ་སོགས་ཕྱག་རྟགས་ཕུལ་རྗེས་སྐུ་མགྲོན་རྣམ་པས་རིམ་བཞིན་གསུང་བཤད་གནང་བའི་ནང་བོད་ནང་རྒྱ་གཞུང་གིས་མཁྲེགས་བཟུང་གི་སྲིད་བྱུས་ལ་བོད་མི་ཚོས་འུ་ཐུག་བཟོད་བྲལ་གྱི་རང་ལུས་མེར་སྲེག་བཏང་བར་གདུང་སེམས་མཉམ་སྐྱེའི་ཡོད་སྐོར་དང་། དེ་བཞིན་དམིགས་བསལ་སྐུ་མགྲོན་མཆོག་གིས་གསུང་བཤད་གནང་གསལ། བོད་ཀྱི་གནད་དོན་དེ་ཇི་སྲིད་མ་སེལ་བར་དུ་ཧི་མཱ་ལ་ཡའི་ཁོར་ཡུག་སོགས་ལ་དཀའ་ངལ་སེལ་རྒྱུ་ཁག་པོ་ཡིན་སྐོར་དང་།
དེ་བཞིན་ནང་པའི་ཆོས་ཀྱི་རིག་གཞུང་འདིས་འཛམ་གླིང་ཞི་བདེར་ཕན་ཐོགས་ཆེན་པོ་ཡོད་པ་བཅས་ཀྱི་སྐོར་ལ་གསུང་བཤད་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཧི་མ་ཅལ་པཱ་རིལ་ཝ་ལ་ཚོགས་འདུ་འདིའི་ཐོག་ཕེབས་པའི་སྐུ་མགྲོན་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ཧི་མཱ་ཡ་འདི་རྒྱ་གར་གྱི་ལོ་རྒྱུས་ནང་རིག་གནས་ཀྱི་འབྱུང་ཁུངས་ཤིག་ཆགས་ཡོད་པ་དང་། དེ་བཞིན་བོད་དེ་རི་བོ་ཧི་མཱ་ཡའི་རི་རྒྱུད་དུ་ཆགས་པ་ཞིག་རེད། རྒྱ་གར་གྱི་ཧི་མཱ་ལ་ཡ་དང་བོད་གཉིས་དབར་ཆས་གོས་དང་ལོ་རྒྱུས། རིག་གནས་སོགས་ཀྱི་འབྲེལ་བ་བཟང་པོ་ཞིག་ཡོད་པར་བརྟེན། ང་ཚོ་ཚང་མས་ལོ་རྒྱུས་དང་རིག་གནས་ཀྱི་རྒྱབ་ལྗོངས་ཐོག་ནས་བློ་སེམས་ཆིག་སྒྲིལ་དང་མཛའ་འབྲེལ་བཟོ་དགོས་རྒྱུ་དེ་ང་ཚོའི་མི་རབས་རྗེས་མ་དང་མ་འོངས་པའི་ཆེད་དུ་གལ་ཆེ་ཡིན། དེ་བཞིན་བོད་ནས་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་པ་དང་ལྷན་བོད་མི་མང་པོ་ཞིག་སྐྱབས་བཅོལ་དུ་འབྱོར་བ་དང་ཧི་མཱ་ཅལ་ནང་བཙན་བྱོལ་གྱི་སྒྲིག་འཛུགས་ཚུགས་པ་དང་༸གོང་ས་མཆོག་གིས་དབུས་བོད་མི་མང་པོར་འཚོ་གནས་དང་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་ཁོར་ཡུག་བསྐྲུན་པ་དེ་ང་ཚོས་དུས་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད། མ་འོངས་པ་ང་ཚོའི་དབར་གྱི་འབྲེལ་བ་དེ་ལོ་ངོ་ཁྲི་ཕྲག་མང་པོའི་བར་གནས་ཐུབ་རྒྱུའི་སྨོན་འདུན་དང་། འདིར་ཕེབས་ཡོད་པའི་ཁྱེད་རྣམ་ལ་ལོ་རྒྱུས་དང་རིག་གཞུང་འཚོ་བ་གང་གི་ཐོག་ནས་བཤད་ཀྱང་ཁྱིམ་མཚེས་དང་དགའ་ཉེ་བློ་དཀར་ཆགས་ཀྱི་ཡོད་པར་སོང་།
ཁྱིམ་ཚང་གཅིག་ནང་འཛོམས་པ་ལྟར་གྱི་གོ་སྐབས་བཟང་པོ་བྱུང་བར་སྙིང་ཐག་ནས་བཀྲ་ཤིས་དོན་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་རྗེས་ཡུལ་སྲོལ་གྱི་གཞས་སྣ་འཁྲབ་སྟོན་ཞིག་གཟིགས་འབུལ་ཞུས་རྗེས་མཛད་སྒོ་གྲོལ། ཧི་མཱ་ཅལ་པ་རི་ཝལ་ཞེས་པའི་ཚོགས་པ་འདི་ནི་ཕྱི་ལོ་ ༢༠༠༠ ལོར་གསར་དུ་བཙུགས་ཏེ་རྒྱ་གར་དང་བོད་རིགས་ཐུན་མོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་འདུག་པ་བཅས།།
བོད་རང་སྐྱོང་ལྗོངས་ལྟ་སྲུང་ཁང་དུ་བཙོན་པའི་ཐུག་འཕྲད་བཀག་འགོག་བྱེད་དགོས་པའི་བརྡ་ཐོ་བཏང་ཡོད་པ།
༢༠༡༢ ཟླ་ ༥ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢ ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན།  ཉེ་དུས་ཕྱི་ཟླ་ ༣ པའི་ནང་བོད་རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་སྤྱི་ཁྱབ་ཁང་ཞེས་པས་བཙོན་ཁང་ཁག་ལ་ནང་ཁུལ་བརྡ་ཐོ་ཞིག་བཏང་ཡོད་འདུག་པ་དང༌། བོད་རང་སྐྱོང་ལྗོངས་ལྟ་སྲུང་ཁང་དུ་བཏང་བའི་བརྡ་ཐོའི་ནང་ད་ལྟ་ལྗོངས་ལྟ་སྲུང་ཁང་དུ་བཙོན་འཇུག་བཀག་ཉར་བྱེད་བཞིན་པའི་བཙོན་པ་ཚོར་དོ་དམ་བྱ་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད།  དུས་ཚོད་ངེས་མེད་རིང་ནང་མི་ཐུག་འཕྲད་བྱ་རྒྱུ་བཀག་འགོག་བྱས་ཏེ་བཙོན་ཁང་དེར་བཀག་ཉར་བྱེད་བཞིན་པའི་བཙོན་པ་ཚོར་གནས་སྐབས་དོ་དམ་བྱ་ཤུགས་ཆེ་རུ་གཏོང་དགོས་པའི་བཀའ་བཏང་ཡོད་འདུག
བརྡ་ཐོའི་ནང་བཙོན་ཁང་དེར་བཙོན་པར་འདྲི་རྩད་བྱེད་མཁན་གྱི་འདྲི་གཅོད་ཐིང་ཟེར་བའི་མི་སྣ་སོགས་བཙོན་ཁང་དུ་ཡོང་སྟེ་ཐད་ཀར་བཙོན་པ་དང་ཐུག་འཕྲད་མི་ཆོག་པར་བཙོན་ཁང་གི་འགན་འཛིན་དང་ངོ་གཏུག་བྱེད་དགོས་པ་དང༌། བཙོན་སྲུང་བ་ཚོས་ཆུ་ཚོད་ ༢༤ རིང་སྡོད་བྱ་ལྷོད་གཡེང་མེད་པ་བྱ་རྒྱུ་དང་བཙོན་པ་དང་འབྲེལ་བའི་ཡིག་ཚགས་སོགས་གསང་བ་ཕྱི་ལ་མ་ཤོར་བ་བྱེད་དགོས་པ་སོགས་བཀོད་ཡོད་འདུག་ལ། བཙོན་ཁང་ནང་གསར་འཛུགས་བྱས་པའི་བརྙན་འཕྲིན་བསྡུ་ལེན་འཕྲུལ་ཆས་ལ་བརྟེན་ནས་བཙོན་པའི་འགུལ་ཕྱོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་ནན་ཏན་བྱས་ཏེ་བཙོན་སྲུང་བས་སྲུང་བྱའི་འཐུས་ཤོར་མི་འགྲོ་བར་ངེས་པར་བཙོན་ཁང་དེར་ཡོད་པའི་བཀག་ཉར་བྱེད་བཞིན་པའི་བཙོན་པ་ཚོར་དོ་དམ་ནན་པོ་བྱས་ཏེ་ལྷ་སའི་བདེ་འཇགས་དང་བརྟན་ལྷིང་ལ་གནོད་སྐྱོན་མི་ཕོག་པ་བཟོ་དགོས་པའི་ཛ་དྲག་གི་བརྡ་ཐོ་བཏང་ཡོད་པའི་གནས་ཚུལ་འདུག
བོད་རང་སྐྱོང་ལྗོངས་ལྟ་སྲུང་ཁང་ནི་ལྷ་སའི་བྱང་ཕྱོགས་གསང་ཡིབ་ཁུལ་དུ་ཡོད་ཅིང༌།  དེ་ནི་ཕྱི་ལོ་ ༡༩༨༣ གཡས་གཡོན་དུ་གསར་བཙུགས་ཀྱིས་བཙོན་པ་དོ་དམ་བྱ་རྒྱུ་འགོ་བཙུགས་ཡོད་པ་མ་ཟད། ལྗོངས་སྤྱི་བདེ་ཐིང་ཁྲུའུ་བཞི་པའི་ཁྱབ་ཁོངས་ཀྱི་ལྟ་སྲུང་ཁང་བཙན་ཤོས་གྲས་ཤིག་ཡིན་པ་རེད།  དེར་ཕྱི་ལོ་ ༡༩༨༣ ལོར་བོད་ནང་རྡུང་རྡེག་ཆེན་པོ་གཏོང་བའི་ཐོག་མའི་ལས་འགུལ་འགོ་འཛུགས་སྐབས་ཆབ་སྲིད་བཙོན་པ་ཁག་གཅིག་གསང་བའི་ཐོག་བཀག་ཉར་བྱས་ཡོད་པ་དང༌།  དེ་མཇུག་སྔ་རྗེས་སུ་བཙོན་ཁང་དེའི་ནང་གདན་ས་གསུམ་གཙོ་བོར་གྱུར་བའི་ཆབ་སྲིད་བཙོན་པ་གྲགས་ཅན་མང་དག་ཅིག་ཐོག་མར་འཛིན་བཟུང་བྱས་རྗེས་གསང་བའི་ཐོག་བཀག་ཉར་བྱེད་ཡུལ་གཙོ་བོའི་གྲས་ཤིག་ཡིན་འདུག་པ་བཅས། །
ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་གཅིག་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ།
༢༠༡༢ ཟླ་ ༥ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣༠ སྔ་དྲོ་ཆུ་ཚོད་༡༠།༣༠ ཐོག་ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་གཅིག་པའི་བསླབ་པ་མཐར་སོན་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་གདན་ཞུས་ཀྱིས་ཐོག་མར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ད་བར་ས་རཱ་མཐོ་སློབ་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་མ་གྲངས་ ༢༥༨ དང་གཞི་རིམ་བར་མ་དང་འོག་མའི་དགེ་རྒན་གྲངས་ ༢༤༠ དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགེ་འོས་ ༨༢ ཕྱི་རྒྱལ་སློབ་མ་གྲངས་ ༢༠༦ དང་། རྒྱ་གར་མཐོ་སློབ་ནང་བོད་རིགས་སློབ་མ་གྲངས་ ༣༨༨ ལ་དབྱར་དུས་ཟླ་བ་གཅིག་གི་བོད་ཡིག་སྦྱོང་བརྡར་དང་། ཟུར་སྦྱོང་སློབ་མ་ ༡༦༢ གསོ་སྐྱོང་གནང་བ་དང་། གཞན་ཡང་གཞི་རིམ་གོང་འོག་བར་གྱི་དགེ་རྒན་ཟབ་སྦྱོང་དང་གཞུང་ཞབས་འདེམས་ལྷན་གྱི་ལས་བྱེད་ཟབ་སྦྱོང་སོགས་སྣ་ཚོགས་པའི་སྒོ་ནས་བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་དང་འབྲེལ་བའི་སྐོར་ལས་འཆར་སྤེལ་བའི་ལས་བསྡོམས་སྙན་སྒྲོན་དང་སློབ་ཐོན་པ་རྣམས་ལ་ལམ་སྟོན་གནང།
དེའི་རྗེས་སུ་རིགས་སློབ་མ་ལག་དང་བཅས་པའི་འགན་འཛིན་གཞོན་པ་སྐལ་བཟང་དགྲ་འདུལ་ལགས་ཀྱིས་སློབ་ཐོན་སློབ་མ་རྣམས་དགེ་བཤེས་དམ་པའི་ཐུགས་རེ་ལྟར་ཤེས་ཡོན་ཐོག་སྦྱོང་བརྩོན་དགོས་པའི་ལམ་སྟོན་གསུང་བཤད་དང་མཐོ་སློབ་དུས་དེབ་ཆེད་རྩོམ་འགྲན་བསྡུར་གྱི་ཨང་རིམ་སོན་པའི་སློབ་མ་རྣམས་ལ་བྱ་དགའ་གནང།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་མཆོག་གིས་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་གཅིག་གི་མཐར་ཕྱིན་དཔེ་དེབ་༼ཕྱིར་དྲན་༽དང་མཐར་ཕྱིན་སློབ་མ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་དཔེ་དེབ་༼མིག་ཆུ་༽ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སྟེ། མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་གཅིག་པའི་བསླབ་པ་མཐར་སོན་པའི་སློབ་མ་རྣམས་ལ་མཇལ་དར་དང་ཕྱག་འཁྱེར་གནང་ནས་མཇུག་བསྡོམས་ལམ་སྟོན་གསུང་བཤད་གནང་གསལ། ས་རཱ་མཐོ་སློབ་སློབ་གཉེར་ཁང་ནས་བོད་པའི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་ཐོག་དགེ་བཤེས་དམ་པའི་ཐུགས་རེ་ལྟར་གནང་བར་བསྔགས་བརྗོད་དང་མཐོ་རིམ་རིག་གནས་སློབ་ཐོན་པ་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གནས་ཐོག་སློབ་སྦྱོང་མུ་མཐུད་གནང་སྟེ་༸གོང་ས་མཆོག་གི་དགོངས་བཞེད་དང་མཐུན་པའི་རིགས་གཅིག་རྐང་འཛིན་ཐོག་འགྲོ་ཐུབ་པ་གནང་རྒྱུ་དང་། སྤྱི་ཚོགས་གང་དུ་ཕྱག་ལས་གནང་ཡང་མིག་དཔེ་འོས་པ་ཞིག་བྱ་གལ་དང་སོ་སོའི་ཤེས་ཡོན་གོང་མཐོར་གཏོང་རྒྱུ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། གཞན་ཡང་ས་རཱ་མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་པ་རྣམས་ནས་ཕྱི་ནང་གི་མཐུན་རྐྱེན་ཆ་ཚང་འཛོམས་པའི་སློབ་ཁང་འདི་འདྲ་ཞིག་ནང་སློབ་སྦྱོང་གནང་རྒྱུའི་གོ་སྐབས་ཐོབ་པ་ནི་བསོད་ནམས་ཅན་ཞིག་ཡིན་པ་ངོས་འཛིན་ཐུབ་པའི་ཐོག་ནས་ཤེས་ཡོན་ཐོག་འབད་འབུངས་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་གནང། དེ་ནས་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ངག་དབང་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་ལེགས་གྲུབ་བྱུང་བ་བཅས། །
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ལྷན་ཚོགས་ཐེངས་དྲུག་པའི་ཐོག་བསྒྲགས་གཏམ་ཕུལ་བ།
༢༠༡༢ ཟླ་ ༥ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ Nancy Pelosi མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ལྷན་ཚོགས་ཐེངས་དྲུག་པའི་ཐོག་བསྒྲགས་གཏམ་ཞིག་ཕུལ་བའི་ནང་འཁོད་དོན། ལྷན་ཚོགས་དེར་ཕྲན་ལ་མགྲོན་འབོད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ལྷན་ཚོགས་འདི་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མགྲིན་དབྱངས་གཅིག་གྱུར་ཐོག་ནས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་འདོན་རྒྱུའི་ཐབས་ལམ་གལ་ཆེ་ཞིག་ཆགས་ཡོད་པར་བརྟེན། ངས་གོ་སྒྲིག་ཚོགས་ཆུང་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིར་ང་ཚོ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་མདུན་དུ་ལྷན་འཛོམས་བྱེད་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཡིན། ༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་གོ་ལ་ཁྱོན་ཡོངས་སུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་ཞུ་མཁན་ཕུལ་བྱུང་གི་མི་སྣའི་གྲས་ཤིག་ཡིན།
ང་ཚོ་ཚང་མས་འགྲོ་བ་མིའི་རིན་ཐང་ལ་ཡིད་ཆེས་བྱེད་བཞིན་ཡོད་པར་བརྟེན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ནང་རང་དབང་ཆེད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་མཛད་པ་དེར་རྒྱབ་སྐྱོར་ཞུ་རྒྱུ་འཛམ་གླིང་མི་མང་ཚོའི་བཟང་སྤྱོད་ཀྱི་འགན་ཞིག་ཆགས་ཡོད། ཞི་བའི་ཐོག་ནས་འདུ་འཛོམས་བྱ་རྒྱུའི་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་རྒྱུ། ཆོས་དད་རང་དབང། དེ་བཞིན་རང་ཡུལ་དུ་ཞི་བདེ་བག་ཕེབས་ངང་གནས་རྒྱུའི་རང་དབང་སོགས་ཀྱི་རིན་ཐང་དེ་དག་ནི་བོད་དོན་འཐབ་རྩོད་བཞིན་ས་མཚམས་ཀྱིས་རྒྱས་བཅད་བྱས་པ་ཞིག་མིན་པ་མ་ཟད། རྒྱལ་ཁབ་དང་གྲོས་ཚོགས་བྱེ་བྲག་པ་ཞིག་གི་གནད་དོན་ཞིག་ཀྱང་མིན། རིན་ཐང་དེ་དག་སྲུང་སྐྱོབ་ཆེད་ང་ཚོས་ཨ་རིའི་གྲོས་ཚོགས་ནང་ཆིག་སྒྲིལ་ཐོག་ནས་བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གྱི་ལངས་ཕྱོགས་བརྟན་པོ་འཛིན་བཞིན་ཡོད་པར་བརྟེན། ཕྱི་ལོ་ ༢༠༠༧ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་མི་སེར་གྱི་གསེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཨ་རིའི་སྲིད་འཛིན་མཆོག་གིས་འབུལ་ལམ་ཞུས་ཡོད། སྐབས་དེར་ངོས་རང་སྐབས་དེའི་སྲིད་འཛིན་སྐུ་ཞབ་བྷུ་ཤི་མཆོག་ President George Bush དང་ལྷན་མཉམ་ཞུགས་བྱེད་རྒྱུ་བྱུང་བར་དགའ་སྤོབས་ཧ་ཅང་ཐོབ་བྱུང་།
ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊོམ་ལན་ཊོ་སི་དམ་པ་དེས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རིའི་གྲོས་ཚོགས་སུ་གདན་འདྲེན་ཞུས་ཏེ་བོད་ཀྱི་གནད་དོན་སེལ་ཆེད་ཞི་བའི་དོན་མཚན་ལྔའི་གསལ་བསྒྲགས་མཛད་རྒྱུའི་གོ་སྐབས་ཕུལ་ཐུབ་པ་དེར་ང་ཚོས་ཧ་ཅང་དགའ་སྤོབས་ཞུ་བཞིན་ཡོད།
དུས་དེ་ནས་བཟུང་བོད་དོན་ཆེད་གྲོས་ཆོད་འཇོག་རྒྱུ་དང་བོད་མིའི་ཆོད་དད་རང་དབང་དང་ཆབ་སྲིད་རང་དབང་དགོས་པའི་དགོས་འདུན་ལ་ཉན་ཞིབ་བྱ་རྒྱུ་སོགས་ཨ་རིའི་གྲོས་ཚོགས་ཀྱི་དབུ་ཁྲིད་རྣམ་པས་མགྲིན་དབྱངས་གཅིག་རྒྱུར་ཐོག་ནས་རྒྱབ་སྐྱོར་ཞུས་ཡོད། ལོ་བཅུའི་གོང་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་སྲིད་བྱུས་Tibetan Policy Act ཞེས་པའི་གྲོས་ཆོད་ཅིག་གཏན་འབེབས་བྱས་ཏེ་བོད་ནང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དང་བཙན་བྱོལ་བོད་མི་ཚོར་རོགས་རམ་བྱ་རྒྱུ་མ་ཟད། གྲོས་ཆོད་དེ་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱིས་གཞུང་འབྲེལ་ཐོག་ནས་བོད་ཀྱི་གནད་དོན་དེ་ཨ་རིའི་རྒྱལ་ཁབ་ཀྱི་དམིགས་བསལ་གནད་དོན་ཞིག་ཏུ་ངོས་འཛིན་ཞུས་ཡོད། ང་ཚོས་འོས་ཤོག་གི་ཐོབ་ཐང་བེད་སྤྱོད་བཏང་སྟེ་ཡུལ་ཁྲིམས་ལྟར་བོད་དོན་ཆེད་རྒྱབ་སྐྱོར་ཞུས་ཡོད། རྒྱབ་སྐྱོར་དེ་གཞི་རྩར་བཟུང་སྟེ་ལོ་ལྟར་གྲོས་ཚོགས་ནང་གཞུང་འཛིན་གྱི་སྲིད་དོན་ཚོགས་པ་སུ་འདྲ་ཞིག་སླེབས་མིན་ལ་མ་ལྟོས་པར། བོད་མི་སྐྱབས་བཅོལ་བ་རྣམས་ས་མཚམས་ནས་སྟབས་བདེའི་ཐོག་སྐྱབས་བཅོལ་དུ་འབྱོར་ཐུབ་པ་བྱ་རྒྱུ་དང། བོད་མིའི་ཐུན་མིན་རིག་གཞུང་དང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབས། དེ་བཞིན་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་འབྲེལ་བའི་ལས་གཞི་འདྲ་མིན་ཐོག་མཐུན་འགྱུར་ཞུ་རྒྱུ་མ་ཟད། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་ནང་བོད་སྐད་ཀྱི་ལས་རིམ་གསར་འཛུགས་ཞུས་ཡོད།
འབྱུང་རྒྱུར་ཡང་ཨ་རིའི་གྲོས་ཚོགས་ཀྱིས་བོད་མི་ཚོར་སེམས་ཐག་ཉེ་པོའི་ཐོག་ནས་རྡོ་རྗེའི་བྲག་བཞིན་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་རེད། དེང་སྐབས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དེ་ཨ་རི་དང་རྒྱལ་སྤྱིའི་ནང་དེ་སྔ་ལས་གལ་ཆེ་བ་ཆགས་ཡོད། བོད་མི་ཚོས་དཔའ་ངར་ལྡན་པའི་ཐོག་ནས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་ནས་མི་ལོ་ ༥༠ ལྷག་ཕྱིན་ཡོད་ཀྱང་བོད་མིའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་པའི་ཁར། ཉེ་ལམ་ཟླ་བ་འགའ་ཤས་ནང་རྒྱ་ནག་གཞུང་གིས་བོད་ནང་དམག་ཤུགས་ཆེ་རུ་བཏང་བར་བརྟེན་གནས་སྟངས་དེ་བས་ཇེ་སྡུག་ཏུ་ཕྱིན་ཡོད། དེར་བརྟེན་བོད་མི་ཚོས་རང་ལུས་ལ་མེ་སྤར་ཏེ་རང་གི་དཀའ་ངལ་རྣམས་རྒྱལ་སྤྱིའི་ཐོག་འདོན་ཐབས་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་ཕྱིའི་སྲིད་གཞུང་ལ་གནོན་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་སྟེང་བོད་དོན་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད། ང་ཚོ་འདིར་འཁོད་པའི་གྲོས་ཚོགས་དབུ་ཁྲིད་རྣམ་པས་རྒྱ་ནག་གཞུང་གིས་ད་ལྟ་བོད་ནང་འཛིན་བཞིན་པའི་སྲིད་བྱུས་དེ་མུ་མཐུད་གནས་འཇུག་ཐབས་རྩ་བ་ནས་མེད་པ་མ་ཟད། དེར་ཡར་ལན་མ་སྤྲད་ཐབས་མེད་ཆགས་ཡོད། ཅེས་སོགས་འཁོད་ཡོད།།
བཀའ་ཁྲི་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་དྲུག་པའི་ཐོག་གསུང་བཤད་གནང་བ།
༢༠༡༢ ཟླ་ ༥ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་དྲུག་པའི་ཐོག་གསུང་བཤད་གནང་དོན། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་མི་ཚང་མའི་ངོ་ཚབ་མཚོན་པའི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད།
རྒྱ་ནག་གི་འགོ་ཁྲིད་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནམ་ཞིག་མེད་པའི་དུས་སྐབས་ཤར་ཚེ་བོད་ཀྱི་གནད་དོན་དེ་བཞིན་རང་བཞིན་གྱིས་རྩ་ཡལ་དུ་འགྲོ་རྒྱུའི་ངན་སེམས་འཆང་བཞིན་ཡོད་པ་དེ་ནམ་ཡང་ལམ་ལྷོང་ཡོང་མི་སྲིད། ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་བོད་མི་ཚོས་མང་གཙོའི་ལམ་ལུགས་དངོས་སུ་ལག་བསྟར་བྱེད་བཞིན་པའི་ཐོག་འཚེ་མེད་ཞི་བའི་ལངས་ཕྱོགས་བརྟན་པོ་བཟུང་སྟེ་འཐབ་རྩོད་བྱས་དང་བྱེད་བཞིན་པ་དེར་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་དབུ་ཁྲིད་དང། སྲིད་གཞུང་བཅས་ཀྱིས་རྒྱབ་སྐྱོར་མུ་མཐུད་གནང་རོགས། བོད་ནང་བོད་མི་ཚོར་རང་དབང་བསྐྱར་གསོ་བྱུང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་བྱ་རྒྱུ་བྱུང་ན་དུས་རབས་ ༢༡ པའི་ཕུལ་བྱུང་གི་ལོ་རྒྱུས་ཤིག་ཆགས་ངེས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། མཐོ་སྒང་བོད་ཀྱི་ཁོར་ཡུག་སྐོར་གསུང་དོན། ཚན་རིག་པ་ཚོས་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཕུད་པའི་མཐོ་སྒང་བོད་དེ་སྣེ་གསུམ་པ་ཆགས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། གང་ཡིན་བརྗོད་ན་མཐོ་སྒང་བོད་ཀྱི་འཁྱགས་རོམ་དེ་འཛམ་གླིང་ནང་ཆེ་ཤོས་གསུམ་པ་དེ་ཆགས་ཡོད། ལྷོ་ཕྱོགས་ཨེ་ཤི་ཡའི་ནང་རྒྱུག་བཞིན་པའི་རྒྱུག་ཆུ་ཆེ་ཁག་ ༡༠ ལྷག་ཡོད་པ་རྣམས་ཀྱི་འབྱུང་ཁུངས་མཐོ་སྒང་བོད་ཆགས་ཡོད་པར་བརྟེན་མཐོ་སྒང་བོད་ཀྱི་ཁོར་ཡུག་འབག་བཙོག་བྱུང་བ་ཡིན་ན། ཨེ་ཤི་ཡའི་མི་གྲངས་ས་ཡ་མང་པོའི་འཚོ་གནས་ལ་དོ་ཕོག་འགྲོ་རྒྱུ་ཡིན། དེ་ཙམ་མ་ཟད་གོ་ལ་སྤྱི་ཡོངས་ཀྱི་ཚ་དྲོད་ལའང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་ཞེས་པའི་གསུང་བཤད་གནང་ཡོད།
གཞན་ཡང་བཀའ་ཁྲི་མཆོག་གིས་དབུ་མའི་ལམ་གྱི་སྐོར་གསུངས་དོན། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མུ་མཐུད་ལངས་ཕྱོགས་བརྟན་པོ་འཛིན་བཞིན་ཡོད། གང་ཡིན་བརྗོད་ན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་ལ་བརྡལ་བཤིག་མ་བཏང་བའི་ཐོག་ནས་རྒྱ་ནག་གི་ཆིག་སྒྲིལ་ལ་བརྩི་བཀུར་ཞུ་བཞིན་ཡོད། ང་རང་བཀའ་ཁྲིར་འོས་འདེམས་བྱུང་རྗེས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་གྲོས་མོལ་ཡོང་ཐབས་བྱས་ཀྱང་ད་བར་ལམ་ལྷོང་་མ་བྱུང་བ་མ་ཟད། སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གུང་ཁྲན་འགོ་གཙོ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇར་མན་གཅིག་བསྡུས་དབང་འཛིན་པ་ན་ཛི་ལྟ་བུ་ཡིན་སྐོར་གྱི་མཚན་སྨད་མུ་མཐུད་ཞུ་བཞིན་ཡོད། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ལྟ་བུ་ནི་ཧ་ཅང་བློ་ཕམ་འོས་པ་ཞིག་དང་ཐ་ཤལ་ཞིག་རེད་ཅེས་གསུང་པ་དང་སྦྲགས། འབྱུང་འགྱུར་རྒྱ་ནག་གི་འགོ་ཁྲིད་རྣམས་འཕོ་འགྱུར་བྱུང་རྗེས་བོད་རྒྱ་གྲོས་མོལ་བསྐྱར་མཐུད་ཡོང་རྒྱུའི་རེ་བ་ཡོད་སྐོར་ཡང་གསུངས་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༣༥ ཙམ་གྱིས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་བོད་མི་ ༢༥ རྐྱེན་འདས་སུ་གྱུར་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་གཙོ་བོ་ནི། བོད་རྒྱ་གྲོས་མོལ་གྱི་ལས་རིམ་མཚམས་ཆད་པ་དང་གཞིས་ལུས་བོད་མི་ཚོར་དྲང་བདེན་མིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་རྣམ་པ་སྟོན་ཆེད་ཞི་རྒོལ་བྱས་ཡོད། དེ་ཡང་བོད་མི་ཚོར་ཆབ་སྲིད་ཀྱི་རང་དབང་གང་ཡང་མ་སྤྲད་པའི་ཁར་མིང་འདོགས་འདྲ་མིན་འོག་དམ་བསྒྲགས་དང་འཛིན་བཟུང་བཀག་ཉར་བྱས་པའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་སོགས་ལས་བྱུང་བ་ཞིག་ཡིན་སྐོར་གསལ་བཤད་གནང་ཡོད།
ལྷག་པར་བཀའ་ཁྲི་མཆོག་གིས་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་འདས་པའི་ལོ་ངོ་ ༦༠ ལྷག་ཙམ་རིང་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུའི་ཚབ་ཏུ་བཙན་འཛུལ་རིང་ལུགས་ཀྱི་སྲིད་བྱུས་ཁོ་ན་ལག་བསྟར་བྱས་པའི་དཔང་རྟགས་སུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཐམས་ཅད་རང་ལོ་ལོ་ངོ་ ༥༠ མན་ཆད་ཤ་སྟག་ཆགས་ཡོད། བོད་མི་དེ་དག་ནི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་སོགས་གང་གི་ཆ་ནས་རྒྱ་ནག་དམར་ཤོག་གི་ལམ་ལུགས་ཉག་གཅིག་འོག་འཚར་ལོངས་བྱུང་བ་ཤ་སྟག་ཆགས་ཡོད། རང་ལུས་མེར་སྲེག་གི་གནས་སྟངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་གཉིས་སུ་འཁོད་པའི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་དང་ཞུ་མུས་ཡིན། གང་ཡིན་བརྗོད་ན་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྡུག་བསྔལ་འདོད་ཀྱི་མེད། རང་ཉིད་ལ་སྡུག་བསྔལ་མི་འདོད་པ་བཞིན་མི་གཞན་སྡུག་བསྔལ་གྱིས་མནར་བ་མཐོང་འདོད་ཀྱི་མེད། དེར་བརྟེན་ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་སྨོན་ལམ་རྒྱག་རྒྱུ་དང། བོད་མི་རིགས་གཅིག་པ་ཡིན་པའི་ངོས་ནས་ཁོང་ཚོར་གདུང་སེམས་མཉམ་སྐྱེ་ཞུས་པ་དང་སྦྲགས། བོད་ནང་རང་དབང་བསྐྱར་གསོ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དགོས་ཞེས་པ་ནི་འདས་པོ་ཚོའི་མངོན་འདོད་ཡིན་པས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གསོན་པོར་གནས་ཐུབ་པ་བྱ་རྒྱུར་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ནི་ང་ཚོས་སྐབས་བབ་ཀྱི་ལས་འགན་རྩ་བ་ཆེན་པོ་ཞིག་ཆགས་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།
བོད་མིའི་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་ཚོགས་པ།
༢༠༡༢ ཟླ་ ༥ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༩ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་མཇུག་སྒྲིལ་གནང་བ་དང་ཚོགས་ཆེན་དེའི་ཐོག་བོད་མིའི་སྐུ་ཚབ་དོན་གཅོད་རྣམ་པ་ལྷན་འཛོམས་བྱུང་བ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་ཐོག་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་ཚོགས་འདུག
དེ་ཡང་གནད་དོན་དེའི་སྐོར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གནང་དོན། སྤྱིར་བཏང་འགྲོ་སྟངས་བྱས་ན་ཕྱི་དྲིལ་ལས་ཁུངས་ངོས་ནས་སྐུ་ཚབ་དོན་གཅོད་རྣམ་པ་ལོ་རེར་ཚོགས་འདུ་ཐེངས་གཅིག་སྐོང་ཚོགས་གནང་གི་ཡོད། ད་ཐེངས་ཀྱི་ཚོགས་འདུ་འདི་ཡང་ལོ་འཁོར་ཚོགས་འདུ་ཚོགས་ཀྱི་ཡོད་པ་ལྟར་རེད། ད་རེས་སྐུ་ཚབ་དོན་གཅོད་རྣམ་པ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་ཐོག་ཕེབས་ཡོད་པར་བརྟེན། ང་ཚོས་ལམ་གྲོན་སོགས་ཡང་བསྐྱར་གཏོང་མ་དགོས་པའི་ཆེད་ཚོགས་འདུ་འདི་གྲོལ་རྗེས་དོན་གཅོད་རྣམ་པའི་ཚོགས་འདུ་སྐོང་ཚོགས་གནང་ཡོད། ཐེངས་འདིའི་ཚོགས་འདུར་གྲོས་གཞི་དེ་འདྲ་དམིགས་བསལ་གང་ཡང་མེད་ཀྱང་གཙོ་བོ་དོན་གཅོད་རྣམ་པར་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་སོགས་ལ་འབྲེལ་བ་ཡོད་པའི་ལས་འགན་ཞིག་ཡོད་སྟབས། གནད་དོན་དེ་དག་དང་དེ་བཞིན་ཕན་ཚུན་འབྲེལ་བ་གནང་ཕྱོགས་ཐོག་སྔར་ལྷག་ཚགས་ཚུད་ཡོང་སླད་ང་ཚོ་ཕན་ཚུན་གོ་བསྡུར་བྱ་རྒྱུ་ཡིན་ཞེས་གསུངས་འདུག་པ་བཅས། །
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་ཐོག་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བ།
༢༠༡༢ ཟླ་ ༥ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ཉིན་འགོ་འཛུགས་གནང་བའི་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་ཉིན་མཐའ་མ་སྟེ་ཕྱི་ཚེས་ ༢༩ ཉིན་ཚོགས་ཆུང་ཆ་བགོས་ཀྱིས་གྲོས་བསྡུར་ཞིབ་ལྷུག་གནང་སྟེ་ལས་དོན་འཆར་གཞི་ཆེ་བ་ཁག་གཅིག་སྟེ་བོད་རྒྱ་འབྲེལ་མོལ་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག ཆོས་ཕྱོགས་ཀྱི་རིག་གཞུང་། ཤེས་ཡོན་བཅས་ཀྱི་འོག་ནས་ནང་གསེས་རིམ་པ་ཁག་ཏུ་དབྱེ་སྟེ་གྲོས་བསྡུར་ཐག་གཅོད་བྱུང་མཐར་གྲོས་ཚོགས་ཀྱི་འཐུས་མི་དྲུག་ཅུ་ཙམ་གྱིས་ཨོ་ཊ་ཝར་མཉམ་འབྲེལ་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་སྙིང་དོན་གཙོ་བོ་ནི། བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་ནི་ཁ་ཞེ་གཉིས་མེད་ཐོག་རྒྱ་ནག་གུང་ཁྲན་སྲིད་གཞུང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ལུགས་ནས་འོས་འདེམས་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དབར་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་དགོས་པ་མ་ཟད། གྲོས་མོལ་ཞུ་རྒྱུ་དེ་གནད་འགག་ཆེན་པོ་ག་ཚོད་ཆགས་ཡོད་མེད་རྒྱ་ནག་གཞུང་ལ་ནན་བརྗོད་བྱ་རྒྱུ་དང་། དེ་བཞིན་ད་ལྟའི་ཆར་བོད་ནང་རྒྱ་ནག་དབུས་གཞུང་ནས་སྲིད་བྱུས་འཛིན་བཞིན་པ་དེ་དག་ནི་བོད་མི་མང་གི་མངོན་འདོད་དང་མཚུངས་ཀྱི་མེད་པར་བརྟེན། དེ་ལྟ་བུའི་གནས་སྟངས་འོག་ནས་དཀའ་ངལ་སེལ་རྒྱུར་ཕན་ཐོགས་མེད། ཕྱོགས་མཚུངས་ཉེ་ཆར་ནས་བཟུང་རྒྱ་ནག་མི་མང་ཚོས་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་དང་འགྲོས་མུས་ཡིན་པ་ངོས་ལེན་ཞུས་ཡོད། རྒྱ་ནག་གཞུང་ཕྱོགས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཁུངས་མེད་བསྐྱོན་བརྗོད་དང་མཚན་སྨད་ཞུ་རྒྱུ་མཚམས་འཇོག་བྱས་ཏེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས།
དེ་བཞིན་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་ཞུས་འདུག རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་དགོས་པ་མ་ཟད། བོད་ཀྱི་ཁོར་ཡུག་སོགས་ལའང་སྲུང་སྐྱོབ་བྱེད་དགོས། ལྷག་པར་སྔ་ལོ་བཙན་བྱོལ་བོད་མི་ཚོས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྟོག་ཞིབ་འོག་བཀའ་བློན་ཁྲི་པའི་འོས་བསྡུ་དྲང་བདེན་གྱི་ལམ་ནས་གནང་བར་བསྔགས་བརྗོད་སོགས་ཀྱང་གནང་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཁེ་ན་ཌ་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེག་ས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།
༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣༠ སྔ་དྲོ་ཆུ་ཚོད་ ༡༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཁེ་ན་ཌ་ཁུལ་གྱི་མཛད༌འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་རྡ་སར་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་རྡ་སའི་ཉེ་འགྲམ་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བདེ་སྲུང་སྐུ་ཕྱྭའི་དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས། དེ་བཞིན་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་འཁོད་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ་གཞན་ངག་དབང་ཐུབ་བསྟན་མཆོག་གིས་གཙོས་དད་ལྡན་སེར་སྐྱ་བརྒྱ་ཕྲག་བརྒལ་བས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།
དགེ་འདུན་པ་བཞི་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་པ།
༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
དགྲ་ལྷ།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣༠ ཉིན་བྲག་མགོའི་ཛ་དྲག་ཚོགས་ཆུང་གི་སྐུ་ཞབས་དཔལ་ལྡན་ལགས་ཀྱིས་གནང་གནས་ནང་འཁོད་དོན།
ཕྱི་ལོ ༢༠༡༢ ཟླ ༤ ཚེས ༢༩ ནས་ཡར་བརྩིས་པའི་ཟླ་བ་གསུམ་གྱི་གོང་སྟེ་ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་མོར་བོད་མདོ་ཁམས་བྲག་མགོ་རྫོང་ཐོག་ཏུ་གཞི་རྒྱ་ཆེ་བའི་བོད་མིའི་ཞི་རྒོལ་གྱི་ལས་འགུལ་བྱུང་ཞིང།
ངོ་རྒོལ་དེ་བྱུང་བའི་ཉིན་གསུམ་བཞི་ཙམ་གྱི་རྗེས་སུ་རྒྱ་ནག་ཁྲིན་ཏུ་གྲོང་ཁྱེར་ནས། བྲག་མགོ་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རིན་པོ་ཆེ་དང། བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། དགོན་པའི་ཚོང་པ་འཕྲིན་ལས། དགོན་པའི་རྩིས་པ་དང་དྲུང་ཡིག་གཅིག་ལྕོགས་དགྲ་ལྷ་བཅས།
ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་བར་ཟླ་བ་གསུམ་ལྷག་སོང་ཡོད་ཀྱང། ཁོང་རྣམས་ཀྱི་ཤི་གསོན་ཅི་ཡིན་དང་། གར་ཡོད་གར་ཁྲིད་ཀྱི་གནས་ཚུལ་ཅི་ཡང་གོ་རྒྱུ་མེད་པར་གྱུར་ཡོད།
གནས་ཚུལ་མཁོ་སྤྲོད་པ་གཅིག་གིས་བརྗོད་དོན། ཁོང་ཚོའི་ཁྲོད་ནས་གཅིག་རྒྱ་དམར་གྱིས་དམར་གསོད་བཏང་ཟིན་པར་བཤད་ཡོད་ཀྱང།
སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས།
རྒྱ་དམར་གྱིས་ད་བར་ཁོང་རྣམས་ཤི་གསོན་ཅི་ཡིན་གནས་ཚུལ་གང་ཡང་ཁྱབ་བསྒྲགས་བྱས་མེད་ལ། གལ་ཏེ་ཁོང་རྣམ་པས་གུང་ཁྲན་ཏང་གི་མཁྲེགས་བཟུང་གི་སྲིད་བྱུས་ལས་འགལ་བའི་ནག་ཉེས་བསགས་ཡོད་ཚེ་ད་ནི་ཁྲིམས་ཐག་གཅོད་པའི་དུས་ལ་བབ་ཡོད་ཀྱང།
འཕྲིན་ལས།
ད་དུང་ཁྲིམས་ཐག་མ་བཅད་པ་འདིས་ཁོང་རྣམས་ཤི་གསོན་ཅི་ཡིན་དེ་བས་དོགས་གཞི་ཆེ་རུ་སོང་ཡོད།
དགུང་ལོ་ ༤༠ ལྷག་ལ་སོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཆོག་ནི་ཡབ་པད་མཁྱེན་དང་ཡུམ་མགོན་པོ་ལྷ་མོ་གཉིས་ཀྱི་སྲས་སུ་བྲག་མགོ་དཔེ་མེད་སྒང་གྲོང་ཚོ་རུ་འཁྲུངས་ཤིང་ནར་སོན་པ་དང་གསེར་རྟ་བླ་རུང་ཆོས་སྒར་དུ་ཞུགས། དེ་རྗེས་སྒོ་ཆེན་དགོན་པའི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་དགོན་དེར་བཤད་གྲྭ་དང་སྒྲུབ་གྲྭ་གསར་འཛུག་དང་དགོན་པའི་འདུ་ཁང་གསར་རྒྱག་བྱས་པ་སོགས་བསྟན་པའི་བྱ་བར་ལས་དོན་སྒྲུབ་མུས་སུ་མཆིས། ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོ་མི་མང་གིས་ཞི་བའི་ཡར་ལངས་བྱས་པའི་ཉིན་ཤས་རྗེས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར།
དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས།
དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནི། ཕྱི་ལོ ༡༩༧༠ ལོར་བྲག་མགོའི་ཆུ་དབར་གྲོང་དུ་ཕ་རྡོ་དགའ་དང་མ་ཚེ་འཛིན་ལྷ་མོ་གཉིས་སུ་འཁྲུངས་ཤིང་། ཆུང་དུས་སློབ་གྲྭ་འགྲིམས་ཏེ་རྒྱ་བོད་ཀྱི་ཡིག་རིགས་ལ་སྦྱང་བརྩོན་བྱས།
ཕྱི་ལོ་ ༡༩༨༧ ལོར་རྒྱ་གར་ལ་ཕེབས་ཏེ་འབྲས་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགོན་དེའི་སློབ་གྲྭ་སོགས་ནས་ནང་དོན་རིག་པ་དང་དབྱིན་བོད་ཧིན་གསུམ་ལ་སྦྱང་པ་གནང་། ཕྱི་ལོ་ ༡༩༩༤ ལོར་རྡ་སའི་རིགས་སློབ་ཏུ་ཕེབས་ཏེ་རིས་མེད་ཆོས་བརྒྱུད་ཆེན་པོའི་ལྟ་གྲུབ་ལ་སྦྱང་པ་མཐར་སོན་གནང་ཐོག་སློབ་གཉེར་ཁང་དེ་ནས་རིས་མེད་སློབ་དཔོན་ཀྱི་མཚན་རྟགས་བཞེས། འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག
ཕྱི་ལོ ༢༠༡༡ ལོར་ཕྱིར་རང་ཡུལ་ཕེབས་ཏེ་བྲག་མགོ་དགོན་པའི་སློབ་དགེའི་ཐུགས་འགན་བཞེས། ཕྱི་ལོ ༢༠༡༢ ཟླ ༡ ཚེས་༢༣ ཉིན་བྲག་མགོའི་མིང་མང་གིས་ཞི་རྒོལ་བྱས་པའི་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་ཡོད་ཆ་མེད་དུ་གྱུར།
རང་ལོ་ ༤༢ ལ་སོན་པའི་འཕྲིན་ལས་ལགས་ནི་ཕ་ཁམས་ཐར་དང་མ་ལྷ་སྐྱིད་གཉིས་སུ་བྲག་མགོ་རྦ་དག་གྲོང་དུ་སྐྱེས། ཆུང་དུས་སློབ་ཆུང་འགྲིམས་ཤིང་དེ་རྗེས་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས། ལོ་ཤས་སྔོན་དུ་བྲག་མགོ་དགོན་པའི་ཕྱག་མཛོད་ཀྱི་འགན་བཞེས་ཤིང།
སྐབས་དེར་དགོན་པའི་ཚོང་ལས་གཉེར་མུས་ལ། ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོ་མི་མང་གིས་ཞི་རྒོལ་བྱས་པའི་ཉིན་ཁ་ཤས་ཀྱི་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར།
རང་ལོ་ ༣༡ ཡིན་པའི་དགྲ་ལྷ་འམ་བཀྲ་ཤིས་སྟོབས་རྒྱལ་ལགས་ནི་ཕ་དཔལ་ལྡན་རྡོ་རྗེ་དང་མ་ཚུལ་ཁྲིམས་སྒྲོལ་མ་གཉིས་སུ་བྲག་མགོ་དགོན་སར་གྲོང་དུ་སྐྱེས། ཆུང་དུས་སུ་སློབ་ཆུང་དང་སློབ་འབྲིང་འགྲིམས།
ཕྱི་ལོ ༢༠༠༠ ལོར་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཤིང་དགོན་པའི་སློབ་གྲྭར་ལོ་ལྔ་ལྷག་འགྲིམས་ཏེ་དགོན་པའི་རྩིས་པ་དང་དྲུང་ཡིག་གི་ལས་དོན་སྒྲུབ་མུས་ཐོག ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོའི་མི་མང་གིས་ཞི་བའི་ཡར་ལངས་བྱས་པའི་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་འདུག་པ་བཅས། །
ཁམས་བྲག་མགོར་སླར་ཡང་རྒྱ་གཞུང་གིས་འཛིན་བཟུང་དམ་བསྒྲགས་དང་ཁྲིམས་ཐག་གཅོད་བཞིན་པ།
༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣༠ ཉིན་བྲག་མགོའི་ཛ་དྲག་ཚོགས་ཆུང་གི་སྐུ་ཞབས་དཔལ་ལྡན་ལགས་ཀྱིས་གནང་གནས་ནང་འཁོད་དོན། དེ་སྔོན་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ཁམས་བྲག་མགོའི་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། དུས་དེ་ནས་བཟུང་ད་ལྟའི་བར་དུ་བྲག་མགོ་རུ་རྒྱ་དམག་གིས་དམ་བསྒྲགས་ཤུགས་དྲག་བྱེད་བཞིན་པ་དང་། དེ་ཡང་བླ་སྤྲུལ་དང་སེར་སྐྱ་གང་མང་ཞིག་འཛིན་བཟུང་བྱས་ཟིན་པའི་ནང་ནས་སྒུག་སྟེང་གྲོང་ཕ་བསོད་དགྲ་འདུལ་དང་མ་སྐྱ་ལུ་གཉིས་ཀྱི་བུ་བསོད་ནམས་དར་རྒྱས་ལ་ལོ་ ༡༠ དང་། དགུ་ནང་གྲོང་ཕ་རྒྱས་པའི་བུ་པདྨ་འོད་གསལ་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། གཞན་མི་ལྔ་ལ་ལོ་ ༡༠ ནས་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། གཞན་ཡང་ཁ་སང་ཕྱི་ཚེས་ ༢༦ ཉིན་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བྲག་མགོ་རྫོང་ནས་སླར་ཡང་ཁྲིམས་ཐག་མི་བཅུ་དྲུག་ལ་བཅད་ཡོད་འདུག དེ་དག་གི་ནང་ནས་ཁག་གཅིག་ལ་ཁྲིམས་ཐག་གང་འདྲ་བཅད་ཡོད་པའི་གནས་ཚུལ་གསལ་པོ་ཤེས་གསལ་བྱུང་བ་ཁག་ནི། བྲག་མགོ་གེ་འཕེན་ལི་ཁོག་མ་ནས་ཡིན་པའི་རང་ལོ་༣༠ ཡིན་པའི་དབང་ཆེན་ཚེ་རིང་ལ་ལོ་ ༩ ཡི་ ཁྲིམས་ཐག་བཅད་ཡོད་པ་དང་། རང་ལོ་ ༢༥ ཡིན་པའི་ཆོས་རྣམ་ལ་ལོ་ ༣ གྱི་ཁྲིམས་ཐག་བཅད་འདུག རང་ལོ་ ༣༠ ནང་ལ་ཡོད་པའི་བསོད་ནམས་ལྷུན་གྲུབ་ལ་ཚེ་བཙོན་གྱི་ཁྲིམས་ཐག་དང་། རང་ལོ་ ༥༠ ནང་ལ་ཡོད་པའི་ཨ་འཛི་ཞོ་པོའི་ལ་ལོ་ ༣ གྱི་ཁྲིམས་ཐག་དང་། ཡང་གེ་འཕེན་ལི་ཁོག་མ་ནས་ཡིན་པ་ལོ་༣༠ ནང་ལ་ཡོད་པའི་ཇི་བེ་ལ་ལོ་ ༡༢ གི་ཁྲིམས་ཐག་བཅད་ཡོད་པ་དང། རང་ལོ་ ༢༠ ནང་ལ་ཡོད་པའི་ཀུན་ཐོ་ལ་ལོ་ ༡༣ གི་ཁྲིམས་ཐག་བཅད་ཡོད་པ་དང། རང་ལོ་ ༣༠ ནང་ལ་ཡོད་པའི་ཀུན་འགྲུབ་ལ་ལོ་ ༡༡ གི་ཁྲིམས་ཐག་དང་། རང་ལོ་ ༣༠ ནང་ཡོད་པའི་སྙན་གྲགས་ལ་ལོ་ ༡ དང་ཟླ་བ་ ༨ ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། རང་ལོ་ ༣༠ ནང་ལ་ཡོད་པའི་ཕུར་བ་ཚེ་རིང་ལ་ལོ་ ༢ དང་། རང་ལོ་ ༢༠ ནང་ཡོད་པའི་དབང་ཚེ་ལ་ལོ་ ༡ དང་ཟླ་བ་ ༩ གི་ཁྲིམས་ཐག་བཅད་ཡོད་འདུག་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད།
ཉེ་ཆར་སླར་ཡང་དེ་སྔོན་ནས་བྲག་མགོའི་ཞི་རྒོལ་བ་གཙོ་བོའི་གྲས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱེད་དགོས་ངེས་པའི་བཀའ་བཏང་ཟིན་པའི་བྲག་མགོ་དགོན་པའི་གྲྭ་བཀྲ་ཤིས་དར་རྒྱས་ལགས་བྲག་མགོའི་ཉི་ཁོག་ལུང་པ་ནས་ཉེན་རྟོག་པས་ལྐོག་སྒུག་བྱས་ཏེ་འཛིན་བཟུང་བྱས་འདུག་པ་དང་། དེ་དང་མཉམ་དུ་གྲྭ་རྣམ་རྒྱལ་ལགས་དང་། གཞན་མི་སྐྱ་གཅིག་བཅས་འཛིན་བཟུང་བྱས་འདུག
བཀྲ་ཤིས་དར་རྒྱས་ལགས་ད་ལྟ་དར་མདོའི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་ཅིང་། གཞན་གཉིས་གང་དུ་ཡོད་མེད་སོགས་ཤེས་རྟོགས་བྱུང་མེད། ལྷག་པར་དེང་སང་བྲག་མགོ་དགོན་པའི་ནང་དུ་རང་ལོ་བཅུ་བཞི་མན་གྱི་གྲྭ་པ་སྡོད་མི་ཆོག་པའི་བཙན་བཀའ་བཏང་སྟེ་གྲྭ་གཞོན་ ༣༠ ལྷག་ཅིག་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་འདུག དུས་རྒྱུན་སློབ་ཕྲུག་ ༡༤༠ ལྷག་ཡོད་པའི་བྲག་མགོ་དགོན་པའི་སློབ་གྲྭ་དེ་སྔོན་ནས་སྒོ་བརྒྱབ་ཡོད་ཅིང་། ཕྱི་ཟླ་ ༤ ཚེས་ ༢༥ ཉིན་སླར་ཡང་འཚོགས་ཐུབ་ཙམ་བྱུང་ཡོད་ཀྱང་རྒྱ་གཞུང་གིས་དམ་བསྒྲགས་སོགས་ཀྱི་རྐྱེན་པས་སློབ་ཕྲུག་ ༤༠ ཙམ་ལས་འདུས་ཐུབ་མེད་པ་སོགས་དཀའ་ངལ་འཕྲད་བཞིན་ཡོད་འདུག ཉེ་སྔོན་བྲག་མགོའི་ཡུལ་དུ་མི་མང་སློབ་གསོ་ཟེར་བའི་ཤང་སོ་སོར་བཅར་འདྲི་སྣ་ཚོགས་བྱེད་པའི་ལས་འགུལ་སྤེལ་སྐབས་མདའ་མདོ་ཤང་དུ་མི་མང་ཚོས་ཉེན་རྟོག་པ་དང་ལས་དོན་རུ་ཁག་གི་རླངས་འཁོར་བཅག་སྟེ་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་སྟབས། ཕྱིས་སུ་རྒྱ་གཞུང་གིས་མང་ཚོགས་ཁྲོད་ནས་ལས་འགུལ་དེ་བྱེད་མཁན་ཡིན་པའི་ཉེས་མིང་འོག་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་ཕ་བློ་ལྡན་ཤེས་རབ་དང་མ་ཁྲོ་མ་གཉིས་ཀྱི་བུ་བསོད་ནམས་རིན་ཆེན་འཛིན་བཟུང་བྱས་ཏེ་ད་ལྟ་གར་ཡོད་ཆ་མེད་གྱུར་འདུག སྤྱིར་བྲག་མགོ་རུ་དུད་འགྲོའི་ཚེ་སྲོག་ལ་སྲུང་སྐྱོབས་བྱེད་ཅི་ནུས་ཀྱིས་དགེ་སྦྱོང་ལ་བརྩོན་པའི་ལུགས་སྲོལ་བཟང་པོ་སྔར་མུས་སུ་གནས་ཡོད་ཀྱང་ད་ཆར་རྒྱ་གཞུང་གིས་དེའི་ཁ་གཏད་དུ་བྲག་མགོའི་ཡུལ་གྱི་གྲོང་མི་རྣམས་ལ་ཕག་པ་ཡག་པོ་གསོ་དགོས་པ་དང་། ཕྱིས་སུ་ཕག་བཤའ་སྐབས་ལྟ་སྐོར་ཡོང་ངེས་ཡིན་པས་གལ་སྲིད་ལས་དོན་ཡག་པོ་བསྒྲུབས་མེད་ན་ཉེས་ཆད་གཅོད་རྒྱུ་ཡིན་པའི་བཙན་བཀའ་ཡང་བཏང་ཡོད་འདུག
བཀྲིས་དར་རྒྱས་ལགས་ཀྱི་ལོ་རྒྱུས།
༄༅། །བཀྲིས་དར་རྒྱས་ལགས་ནི་ཕྱི་ལོ་ ༡༩༨༣ ལོར་ཁམས་བྲག་མགོའི་ཡོ་མེས་པུས་གྲོང་དུ་ཕ་ཨ་ལོ་དང་མ་ཚེ་ཁོ་གཉིས་སུ་སྐྱེས། ཆུང་དུས་སློབ་ཆུང་འགྲིམ་པ་དང་། ཕྱིས་སུ་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་ཆོས་སྤྱོད་དང་མཚན་ཉིད་རིགས་པ་སོགས་ལ་སྦྱོང་བརྩོན་གནང་། ད་ལོའི་ཕྱི་ཟླ་ ༡ ཚེས་་༢༣ ཉིན་བྲག་མགོ་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་རྗེས་སུ་རྒྱ་གཞུང་གིས་ཞི་རྒོལ་སློང་མཁན་གྱི་གཙོས་གྲས་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བྱེད་དགོས་ངེས་ཀྱི་བཀའ་བཏང་ཡོད་པ་དང་། ཉེ་ཆར་བྲག་མགོའི་རྙི་ཁོག་ལུང་པ་ནས་ཉེན་རྟོག་པས་ལྐོག་སྒུག་བྱས་ཏེ་འཛིན་བཟུང་བྱས་ཏེ། ད་ལྟ་དར་རྩེ་མདོའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག་པ་བཅས། །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་བོད་མི་ཚོར་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་(Canada Ottawa)ཁེ་ན་ཌའི་ས་ཁུལ་འདྲ་མིན་ནས་ཆེད་བཅར་ཞུས་པའི་བོད་མི་ཆིག་སྟོང་བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན། ང་ཚོའི་གནས་སྟངས་ཐབས་སྐྱོ་པོ་ཞིག་ཆགས་པའི་འོག་ནས་ཡུལ་ལུང་འདྲ་མིན་ནང་ང་ཚོ་བཙན་བྱོལ་བ་ཆགས་ནས་བསྡད་ཡོད། བྱེ་བྲག་འདི་ག་ཁེ་ན་ཌར་ཡོད་པའི་བོད་རིགས་ཁྱེད་རང་ཚོས་ཆེད་མངགས་རུག་རུག་བྱས་ཏེ་ངོས་རང་ཐུག་པར་ཡོང་བར་ཧ་ཅང་དགའ་པོ་བྱུང། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། ཐུགས་རྗེ་ཆེ་ཟེར་གྱི་ཡིན།
བར་སྐབས་ངོས་འདི་གར་མ་སླེབས་བར་ལ་བསྒྱུར་བ་གཅིག་ག་རེ་བྱུང་ཡོད་དམ་ཞེ་ན། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་༸རྒྱལ་བ་སྐུ་ཕྲེང་ན་རིམ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པའི་འགྲོ་སྟངས་ཤིག་ཆགས་ཡོད། དེ་འཛམ་གླིང་སྤྱིའི་འགྲོ་སྟངས་དང་བསྡུར་ན། དུས་ཚོད་ཡོལ་ཟིན་པའི་འགྲོ་སྟངས་ཤིག་ཆགས་ཡོད། གཞི་རྐང་ང་ཚོ་རྒྱ་གར་དུ་ཐོག་མར་སླེབས་སྐབས། མང་གཙོ་ཅན་དུ་བསྒྱུར་རྒྱུ་ང་ཚོས་འགོ་སྟོད་ནས་བྱས་པ་རེད། འདི་གར་གཞུང་ཞབས་བགྲེས་པ་ཁག་གཅིག་འདུག་ཁྱེད་རང་ཚོས་ཤེས་གསལ་རེད། ལྷག་པར་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་ངོས་ཀྱིས་བསྐོ་གཞག་བྱེད་མི་དགོས་པར་མི་མང་གིས་འོས་འདེམས་བྱས་ཏེ་བསྐོས་པ་རེད། དུས་དེ་ནས་བཟུང་ངོས་རང་ཕྱེད་རྒན་ཡོལ་གནས་སྟངས་ཐོག་བསྡད་ནས་ལོ་བཅུ་ཕྱིན་ཡོད། དེའི་རིང་འཐུས་ཤོར་གང་ཡང་ཕྱིན་མེད། གང་ལྟར་ལས་དོན་གནད་ཆེ་བ་དེ་དག་བཀའ་བློན་ཁྲི་པས་ཐག་གཅོད་བྱས་པ་མ་གཏོགས་ངོས་ཀྱིས་དེར་བསམ་འཆར་ཤོད་རྒྱུ་དང་གོ་བསྡུར་བྱེད་རྒྱུ་ཡོང་གི་རེད་མ་གཏོགས་རྩ་བའི་ཐག་གཅོད་ཆ་ཚང་བཀའ་བློན་ཁྲི་པས་གནང་ཡོད། དེ་ནས་ལོ་བཅུ་ཕྱིན་རྗེས་ལོ་བཅུ་ལས་ལྷག་བྱ་རྒྱུའི་འགྲོ་སྟངས་ཤིག་ཀྱང་མེད་པ་རེད། དེར་བརྟེན་འོས་བསྡུ་བྱེད་སྐབས་མི་མང་གིས་འོས་བསྡུ་བྱེད་རྒྱུར་ཚོར་སྣང་དང་དོ་སྣང་ཤུགས་ཆེན་པོ་ཡོད་པར་སོང། ད་ཆ་ཕལ་ཆེར་ངོས་ཀྱིས་རྒན་ཡོལ་ཆ་ཚང་ཞུས་ན་སྐབས་སུ་བབས་པ་ལྟ་བུ་ཧ་ཅང་ཡག་པོ་མཐོང་བྱུང་། གཙོ་བོའི་རྒྱུ་མཚན་དེ་རེད་མ་གཏོགས་ཕྱི་རྒྱལ་གྱི་མི་ཁག་གཅིག་གིས་ངོས་ལ་དྲིས་བྱུང་། ཨ་ཕི་རི་ཀའི་བྱང་ངོས་ནས་ཚུར་(Tunisia)ཊུ་ནེ་ཤི་ཡ་ནས་བྱས་ཏེ་ཧ་ཅང་རྙོག་གྲ་བྱུང་བར་བརྟེན།
༸རྒྱལ་བ་རིན་པོ་ཆེ་འདར་གསིག་ཤོར་ཏེ་བསྒྱུར་བཅོས་བཏང་བ་རེད་ཅེས་བརྗོད་མཁན་བྱུང་། དེ་ལྟར་མིན་པ་ངོས་རང་བོད་ལ་ཡོད་སྐབས་ནས་མང་གཙོ་ཞེས་པ་དེ་ལུགས་སྲོལ་འགྲོ་སྟངས་ཡག་ཤོས་ཡིན་པ་ལྟ་བུ་མཐོང་གི་ཡོད། དེ་ནས་རྒྱ་གར་དུ་སླེབས་རྗེས་གོང་དུ་ངོས་ཀྱིས་བརྗོད་པ་ལྟར་འགོ་སྟོད་ནས་བསམ་བློ་བཏང་བ་དེ་མུ་མཐུད་ནས་མཇུག་བསྐྱལ་བ་ཞིག་རེད་མ་གཏོགས་བར་སྐབས་ལོ་མང་དཔོན་པོ་བྱས་ནས་སྡོད་མཁན་དེ་དག་མི་མང་གིས་ངོ་རྒོལ་བྱས་ནས་ཕྱིར་ཕུད་སྐབས། ངོས་རང་ཡང་སྔ་ཕྱི་མ་གཏོགས་ཕྱིར་ཕུད་བྱེད་ཀྱི་རེད་བསམས་ཏེ་མིས་མ་ཕུད་གོང་ལ་ངོས་རང་གིས་དགོངས་པ་ཞུས་པ་དེ་འདྲ་རྩ་བ་མིན། སྐབས་དེའི་གྲོས་ཚོགས་ནས་ཀྱང་ངོས་ལ་མུ་མཐུད་ཆབ་སྲིད་ཀྱི་འགན་འཁུར་ལེན་རོགས་ཞེས་བརྗོད་བྱུང་། བཙན་བྱོལ་དུ་ཡོད་པའི་མི་མང་ཙམ་མ་ཟད། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་ཕལ་ཆེར་བས་ངོས་རང་གིས་མུ་མཐུད་འགན་འཁུར་རོགས་ཞེས་བརྗོད་ཀྱི་ཡོད། ངོས་ཀྱིས་འགན་ཁུར་བཞག་པ་རེད་ཅེས་བརྗོད་སྐབས། བོད་མི་གང་ཙམ་ཞིག་གིས་བློ་ཕམ་བྱེད་ཀྱི་འདུག དཔེར་ན། གནས་ཚུལ་ངན་འགྲོ་ཞིག་ལ་རྒྱ་མིའི་ལས་ཁུངས་ནང་གི་བོད་མི་ཕྲན་བུ་རྒན་པ་གང་ཙམ་ཞིག་གི་ཚོགས་ས་ལྟ་བུ་ཞིག་ལ་ཉིན་གཅིག་རྒྱ་མིའི་དཔོན་པོ་ཞིག་གིས་ཏཱ་ལའི་བླ་མ་དགོངས་པ་ཞུས་པ་རེད་ཅེས་བརྗོད་འདུག ཚོགས་འདུའི་དཀྱིལ་དུ་ནམ་རྒྱུན་ཡར་ཐོན་གྱི་གྲས་ཡིན་པའི་བོད་པ་འགོ་ཁྲིད་ཀྱི་གྲས་ཤིག་ཡིན་པ་དེས་སྙིང་རྗེ་དབུགས་རིང་བཏང་སོང་བརྗོད་ཀྱི་འདུག ཚོགས་འདུ་གྲོལ་རྗེས་བོད་པ་ཁེ་གཙང་སྡོད་སྐབས་ད་ཆ་ང་ཚོའི་རྒྱབ་བཅོལ་སའི་བྲག་ལྟ་བུ་དེ་མེད་པ་ཆགས་པ་རེད། ཅེས་ཧ་ཅང་བློ་ཕམ་བྱས་འདུག དེ་རྗེས་ངོས་ཀྱིས་ཆེད་མངགས་གནས་ཚུལ་བརྒྱུད་ལམ་ངོ་ཤེས་པ་དེ་འདྲ་བརྒྱུད་ནས་ངོས་རང་སེམས་ཤུགས་ཆག་ནས་དགོངས་པ་ཞུ་པ་མིན།
དེ་བཞིན་བོད་སྤྱི་པའི་དོན་དག་ཀྱང་རེ་བ་མེད་པ་བྱས་ནས་དགོངས་པ་ཞུས་པ་མིན། ངོས་རང་ད་ལྟ་བསྡད་ཡོད། གང་ལྟར་བོད་ཀྱི་སྤྱི་འབངས་ཤིག་ཡིན་ཕྱིན་ཆད་ལ་བོད་ཀྱི་གནད་དོན་ཐོག་ངོས་རང་མ་འཆི་བར་དུ་འབྲེལ་བ་ཡོད་བཞིན་རེད་མ་གཏོགས་འབྲེལ་བ་མེད་པ་མ་རེད། ག་དུས་ཡིན་ཡང་གང་ལྟར་བྱེད་ཐུབ་པ་ཞིག་དང་བྱེད་འོས་པ་དེ་འདྲ་བྱུང་ན་ངོས་རང་ཡོད་མུས་ཡིན། གང་ལྟར་ད་ལྟ་ང་ཚོའི་མི་རབས་གསར་པས་འགན་ཆ་ཚང་འཁྱེར་རྒྱུ་ཞིག་བྱས་ན་དེ་ནི་ཧ་ཅང་གཏན་པོ་ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༧༩ ལོ་དེ་འདྲ་ནས་ང་ཚོའི་སྐུ་ཚབ་ཚོགས་པ་ཐོག་མར་ཕྱིན་པའི་སྐབས་དེར་མདའ་དཔོན་དང་། བློ་བཟང་བསམ་གཏན། འཇུ་ཆེན་ཐུབ་བསྟན་སོགས་ཡོད། དེ་དུས་རྒྱ་མིའི་ལས་བྱེད་ཁག་གཅིག་གིས་ཁྱེད་རང་ཚོ་བོད་ཀྱི་གནད་དོན་དེ་མི་གཅིག་ལ་ཐུག་ཡོད། མི་གཅིག་པོ་དེ་རྒས་ཏེ་མེད་པ་ཆགས་ན། བོད་དོན་ཡལ་འགྲོ་གི་རེད་ཅེས་བརྗོད་མཁན་བྱུང་ཡོད། དེ་འདྲ་མིན། དཔེར་ན། བོད་ནང་ཆ་བཞག་ན། ཐོག་མར་ཕྱི་ལོ་ ༡༩༤༩།༥༠ དེ་དུས་མདོ་སྨད་ཁུལ་དུ་འཛིང་རེས་བཏང་ཡོད། སྐབས་དེའི་མི་རབས་དེ་དག་རྫོགས་ཟིན་པ་རེད། དེ་བཞིན་ཁམས་ཁུལ་ནས་ཡར་བྱས་པའི་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཀྱི་ས་ཆའི་ཐོག་ལ་ ༥༠ ནང་ཡར་ཡོང་བའི་སྐབས་སུའང་འཛིང་རེས་བཏང་བ་བྱུང་ཡོད། སྐབས་དེའི་མི་རབས་དེ་དག་རྫོགས་ཟིན་པ་རེད། དེ་ནས་ཕྱི་ལོ་ ༡༩༥༩།༦༠ ནང་གི་མི་རབས་དེ་དག་ཀྱང་གང་ཙམ་ཞིག་རྫོགས་འགྲོ་གི་ཡོད། དེ་རིང་ཁ་སང་བོད་ནང་མཁྲེགས་པོའི་ཐོག་སྡོད་མཁན་དེ་དག་མི་རབས་གསར་པ་རེད། མི་རིགས་གཅིག་གི་འཐབ་རྩོད་ཡིན་པར་བརྟེན། མི་རབས་ཤིག་རྫོགས་ཟིན་ཡང་མི་རབས་རྗེས་མ་དེ་དག་གིས་མུ་མཐུད་དེ་དཀའ་ལས་རྒྱག་གི་ཡོད། དེར་བརྟེན་བོད་ཀྱི་འཐབ་རྩོད་དེ་བོད་མི་རིགས་ཤིག་གི་ཐོབ་ཐང་རྩོད་ཀྱི་ཡོད། དེར་བརྟེན་ངོས་རང་མི་གཅིག་ལ་བསྟེན་པ་དང་ངོས་རང་མི་གཅིག་ཡོད་ན་བོད་པའི་འཐབ་རྩོད་ཡོད་པ་དང་མེད་ན་བོད་པའི་འཐབ་རྩོད་མེད་པ་དེ་འདྲ་རྩ་བ་ནས་མ་རེད། ད་ཆ་ང་ཚོས་དངོས་སུ་ལག་ལེན་ངོ་མའི་ཐོག་ངོས་ཀྱིས་ཆབ་སྲིད་འགན་ཁུར་བཞག་སྟེ་མང་གཙོའི་ཐོག་ནས་འོས་བསྡུ་བྱས་ཏེ་སླེབས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ཚོས་འགན་ཡོངས་སུ་རྫོགས་པ་འཁྱེར་ཏེ་འགྲོ་སྐབས་ཧ་ཅང་གསལ་པོ་ཆགས་ཡོད། ཁ་ནས་འགྲེལ་བཤད་བརྒྱབ་པ་ཙམ་མ་ཡིན་པར་ལག་ལེན་ངོ་མའི་ཐོག་ནས་ང་ཚོའི་འཐབ་རྩོད་ཀྱི་འགན་དེ་མི་མང་གིས་འཁྱེར་གྱི་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། དེར་བརྟེན་བར་སྐབས་འགྱུར་བ་ཕྱིན་པ་དེ་དག་བོད་བསྟན་སྲིད་སྤྱིའི་དོན་དང་བོད་ཀྱི་མཚན་མཐོང་ལ་རྒྱ་གང་ཅིའི་ཐོག་ལ་ཕན་ཐོགས་བྱུང་ཡོད། ངོས་ཀྱིས་སྔ་ལོ་ཐག་གཅོད་བྱས་རྗེས་ཨ་རིར་ཐེངས་གཅིག་སླེབས་ཡོད།
དེ་བཞིན་ངོས་རང་གི་ངོ་ཤེས་གྲོགས་པོ་མང་དག་ཅིག་ཐུག་ཡོད། ཁོང་ཚོ་མང་པོས་ཏཱ་ལའི་བླ་མས་ཐག་གཅོད་གནང་བ་དེ་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག དེར་བརྟེན་ང་ཚོ་བོད་པའི་མཚན་མཐོང་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་བྱུང་ཡོད། རྒྱ་མིས་རྟག་པར་ཤོད་བཞིན་པའི་བླ་མའི་གཞུང་དང་ལོག་སྤྱོད་པ་རེད་ཅེས་པ་དེ་ལྟར་ཤོད་རྒྱུ་མེད་པ་ཆགས་ཡོད། ཁོང་རང་ཚོ་མང་གཙོ་བྱེད་ཐུབ་ཀྱི་མེད། ང་ཚོ་བརྒྱ་ཆ་བརྒྱ་ཐམ་པ་མང་གཙོའི་ཐོག་འགྲོ་གི་ཡོད། དེ་ཙམ་གྱིས་ཐོག་ནས་ང་ཚོར་བདེན་པའི་ནུས་པ་ཤུགས་ཆེ་རུ་འགྲོ་རྒྱུ་ཞིག་ཆགས་ཡོད། ངོས་ཀྱིས་སྲིད་སྐྱོང་ཞེས་བརྗོད་ཀྱི་ཡོད། ང་ཚོའི་གྲོས་ཚོགས་ཐོག་ནས་ནམ་རྒྱུན་བཀའ་བློན་ཁྲི་པ་ཞེས་པའི་མུ་མཐུད་ནས་མིང་ཚིག་དེ་འབོད་རྒྱུ་ཞིག་ཡོད། གང་ལྟར་གང་ཡིན་རུང་མིན་རུང་བློ་བཟང་སེང་གེ་ལགས་ཀྱིས་འགན་འཁྱེར་ནས་ཟླ་ཤས་ཤིག་ཕྱིན་ཡོད། ཧ་ཅང་ཡག་པོ་འདུག
ལྷག་པར་ཕྱི་རྒྱལ་དེ་འདྲ་ལ་དབྱིན་སྐད་ཐོག་ནས་འབྲེལ་བ་བྱེད་ས་མང་པོ་ཞིག་ལ་བློ་བཟང་སེང་གེ་ལགས་ཨ་རིར་སློབ་སྦྱོང་ཡུན་རིང་བྱས་ཏེ་ཉམས་མྱོང་བསགས་ཡོད་སྟབས། རན་པོ་དང་ནུས་པ་ཐོན་པོ་ཧ་ཅང་ཡག་པོ་འདུག བློ་བཟང་སེང་གེ་སྲིད་སྐྱོང་དང་པོ་བྱེད་སྐབས་ནས་ངོས་ཀྱིས་རྩེད་མོ་བརྩེས་ནས་སྙད་བརྐོ་གི་ཡོད། སྔོན་མ་ནས་ང་ཚོ་ངོ་ཤེས་པ་རེད། རང་གི་བོད་སྐད་དེ་སློབ་གྲྭའི་ཕྲུ་གུའི་སྐད་འདྲ་པོ་ཕྲན་བུ་རྒྱག་གི་རེད། དེ་ཁྱད་པར་གང་ཡང་མེད། དོན་དག་རེད། དོན་དག་དེ་ཧ་ཅང་ཡག་པོ་འདུག བསམ་བློ་གཏོང་སྟངས་དེ་ཡང་ཟླ་བ་གཅིག་མཇུག་གཉིས་མཐུད་སོགས་ཀྱི་ཐོག་བསམ་བློའི་ནང་བང་སྒྲིག་པོ་དང་བསམ་བློ་འཁོར་པོ་ཧ་ཅང་ཡག་པོ་འདུག དེ་དག་གལ་ཆེ་གི་རེད། ངོས་ཀྱིས་སྒྲུང་ཞིག་ཤོད་ཀྱི་ཡིན། སྔོན་མ་རྒྱ་ལོ་དོན་གྲུབ་བཀའ་བློན་ཡིན་པའི་སྐབས་ཁོང་རང་བོད་ཡིག་ཀློག་རྒྱུ་ཕྲན་བུ་ཁག་པོ་ཡོད། རྩ་བའི་ལྷག་བསམ་ཧ་ཅང་ཡག་པོ་རེད། འ་རི་འུ་རི་ཕྲན་བུ་ཡོད། གསུམ་བཅུའི་དུས་དྲན་གྱི་སྐབས་ཤིག་ལ་རྒྱ་དོན་དོན་གྲུབ་བཀའ་བློན་ཁྲི་པ་འཁེལ་ཏེ་གསུམ་བཅུའི་དུས་དྲན་གྱི་བཀའ་ཤག་གི་གསུང་བཤད་ཀློག་སྐབས་བརྗོད་བྱ་དུམ་བུ་གཅིག་ཚར་རྗེས་ཟ་ཞེས་བརྗོད་ཀྱི་འདུག
ངོས་རང་རྒྱབ་ཕྱོགས་སུ་བསྡད་ཡོད་པས་ཕྲན་བུ་འཚེར་པོ་བྱུང་། སློབ་ཕྲུག་གིས་ཀློག་བརྡར་ཀློག་གི་ཡོད་པ་ལྟ་བུ་རེད། གོམས་བྱང་མེད་ན་དེ་འདྲ་ཡོང་གི་རེད།
ང་ཚོ་བོད་པའི་དཔེར། མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་སྐེད་པ་ཞེས་བཤད་སྲོལ་ཡོད། ཕལ་ཆེར་ང་ཚོ་བོད་ཀྱི་གནས་སྟངས་དེ་ལྟ་བུ་རེད། གནམ་གྱིས་ས་བརྡུངས་པ་ལྟ༌བུ་རྒྱ་མིས་ང་ཚོར་དྲག་གནོན་བྱས་ཏེ་ཤུལ་མེད་བཏང་བའི་སྐད་ཆ་རེད་ཀྱང་ང་ཚོ་བོད་པ་ཤི་མེད། འཛམ་གླིང་འདིའི་ཐོག་བོད་ཀྱི་གནས་ཚུལ་དེ་སྤྱིར་བཏང་འཛམ་གླིང་འདིའི་ཐོག་གི་གནས་ཚུལ་ཕལ་ཆེར་ཆུང་ཙག་ཆགས་ཀྱི་རེད། གཉིས་ནས་གང་ཙམ་རྙིང་པ་ཆགས་ཀྱི་ཡོད། འོན་ཀྱང་བོད་ཀྱི་ཐོག་ལ་དོ་སྣང་བྱེད་རྒྱུ་དེ་ད་དུང་ཡིན་ཡང་སོས་པ་ལྟ་བུ་ཧ་ཅང་ཡག་པོ་འདུག ང་ཚོ་བཙན་བྱོལ་དུ་ཡོད་མཁན་བོད་པ་ཚོར་ཆ་བཞག་ན། མི་རབས་གསར་པ་ཡར་སླེབས་ཡོང་གི་ཡོད། ཁྱེད་རང་ཚོ་གཞོན་སྐྱེས། དཔེར་ན། ཁེ་ན་ཌར་སྐྱེས་ཏེ་འཚར་ལོངས་བྱུང་བའི་ཕྲུ་གུའི་ནང་ལ་ཆ་བཞག་ན། བོད་སྤྱིའི་དོན་དག་ལ་སེམས་ཁུར་དང་ལྷག་བསམ་ཧ་ཅང་ཡག་པོ་ཡོད་པ་ལྟ་བུ་འདུག དེ་དེ་བཞིན་ས་ཁུལ་གང་དུ་ཡིན་ཡང་མི་རབས་གསར་པ་དེ་དག་གིས་བོད་བསྟན་སྲིད་དོན་དུ་ཚང་མར་བོད་མི་རིགས་ཀྱི་ཞེན་ཁོག་དང་སེམས་ཤུགས་ཧ་ཅང་ཆེན་པོ་འདུག་པས་ཡག་པོ་རེད། ལྷག་པར་བོད་ནང་དུ་ཆ་བཞག་ན། དངོས་གནས་མི་རབས་གསར་པ་དེ་དག་གིས་གུང་ཁྲན་ཏང་གི་འོག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་རེད། དེ་དག་གི་སྙིང་སྟོབས་དང་ལྷག་བསམ་ལ་ཆ་བཞག་ན་ཧ་ལས་པ་རེད་འདུག དཔེར་ན། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཟླ་བ་གཅིག་གཉིས་ཀྱི་སྔོན་ལ་རེད། ལྷ་སའི་ཧྲུའུ་ཅི་དེས་ཁ་བྲལ་བའི་ཐོག་(Prepare for war)དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་པའི་ཚིག་བེད་སྤྱོད་བྱས་འདུག གང་ལྟར་ནམ་རྒྱུན་ཁོང་རང་ཚོའི་ཁ་ནས་ཁ་བྲལ་བ་ཉུང་ཤས་ཤིག་རེད། རྒྱ་ཆེའི་མང་ཚོགས་ཧ་ཅང་ཡག་པོ་ཡོད་ཅེས་བཤད་དང་ཤོད་མུས་རེད། འོན་ཀྱང་ཁ་སེང་གློ་བུར་དུ་ང་ཚོས་ཁ་བྲལ་བའི་ཐོག་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་བརྗོད་སྐབས། སེམས་ནང་དེ་ལྟ་བུའི་དངངས་སྐྲག་དང་དེའི་འོག་ནས་ངར་ཤ་སླེབས་ནས་སྐད་ཆ་དེ་འདྲ་ཤོད་ཀྱི་ཡོད་པ་རེད། གང་ལྟར་སྤྱིར་བོད་རྒྱ་ཆེའི་མི་མང་དང་ཡང་སྒོས་མི་རབས་གསར་པ་དེ་དག་སེམས་ཤུགས་ཧ་ལས་པ་རེད་འདུག ངོས་ཀྱིས་རྒྱ་མི་དེ་འདྲ་ཐུག་སྐབས་བོད་མིའི་སེམས་ཤུགས་དེ་སངས་རྒྱས་པའི་ཆོས་དང་འབྲེལ་ཡོད་པ་ཞིག་ཡིན། སངས་རྒྱས་པའི་ཆོས་འཛམ་གླིང་འདིའི་ཐོག་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་ཕྱིན་པའི་ཆོས་བརྒྱུད་ཆགས་ཡོད།
དེ་རིང་ཁ་སང་འཛམ་གླིང་འདིའི་ཐོག་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག གུང་ཁྲན་ཏང་གི་རྩ་བའི་ལྟ་གྲུབ་དེ་མར་ཁེ་སི་རིང་ལུགས་ཡིན་པ་དེ་ངོ་ལོ་ཉིས་བརྒྱ་ལྷག་ལས་ཕྱིན་མེད། འཛམ་གླིང་འདིའི་ཐོག་དེ་རིང་ཁ་སང་དམར་པོའི་ལྟ་གྲུབ་རེད་ཅེས་བརྗོད་སྐབས་མཐོང་ཆུང་རུ་མ་གཏོགས་ཆེ་རུ་འགྲོ་གི་མི་འདུག དེར་བརྟེན་བོད་མི་མང་གི་སེམས་ཤུགས་དེ་སངས་རྒྱས་ཀྱི་ཆོས་ལ་བསྟེན་པ་ཡིན་སྟབས། མི་རབས་ནས་མི་རབས་བར་གནས་ཀྱི་རེད། དེའི་གོང་ལ་ཁྱེད་རང་ཚོ་མེད་པ་ཆགས་ཀྱི་རེད་ཅེས་བརྗོད་པ་ཡིན། དེ་རིང་ཁ་སང་དངོས་ཡོད་གནས་ཚུལ་ལ་ཆ་བཞག་ན། རྒྱ་མི་གུང་ཁྲན་གཅིག་སྡུད་རིང་ལུགས་ཀྱི་འགྲོ་སྟངས་དེ་ང་ཚོ་བོད་པའི་གཏམ་དཔེར། རལ་པ་ལྷན་པས་མ་ཁེབས་ཞེས་བརྗོད་ཀྱི་ཡོད་པ་ལྟར་རེད་འདུག གང་ས་གང་དུ་རྙོག་གྲའི་ཕུང་པོ་སྤུངས་ནས་བསྡད་འདུག དེ་དག་ཁ་ཐུག་ཁ་ཐུག་དྲག་གནོན་དང་གསར་འགྱུར་བཀག་སྡོམ་བྱས་ཏེ་ཉི་མ་གང་འཁྱོལ་བྱས་ནས་འགྲོ་གི་འདུག་མ་གཏོགས་དེ་དག་གཏིང་ཟབ་པོའི་འཆར་གཞི་དེ་འདྲ་ཧ་ལམ་མེད་པ་ལྟ་བུ་འདུག ཁོང་རང་ཚོའི་འཕྲལ་སེལ་དབང་ཆ་ཟིན་ཐུབ་རྒྱུའི་བསམ་བློ་མ་གཏོགས་ཕུགས་རྒྱང་རིང་པོོ་མི་འདུག ཕྱོགས་གཅིག་ནས་འཛམ་གླིང་འདིའི་ཐོག་གི་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་བརྗོད་སྐབས། མཐོང་དང་གུས་ཞབས་ཡོད་པ་ཞིག་དགོས་ཀྱི་ཡོད་སྟབས། རྫུན་དང་འདྲ་ཆགས་པོ་ཁོ་ན་ཤོད་ཀྱི་འདུག འདྲ་ཆགས་པོ་ཤོད་རྒྱུ་དེ་མཐོང་དང་ཆ་འཇོག་བྱུང་ན་བསམས་ཏེ་རྫུན་ཤོད་ཀྱི་ཡོད། སོ་སོ་རྫུན་མ་བཟོ་གི་མེད། འུ་ཐུག་ནས་རྫུན་མ་འཁྲབ་རྒྱུ་དེ་གང་ལྟར་མཐོང་ཆེ་བ་ཞིག་བྱུང་ན་བསམས་ཀྱི་ཡོད་ཀྱང་དེ་ལྟར་ཡོང་གི་མི་འདུག ཁོང་རང་ཚོོའི་སེམས་ནང་ཡག་པོ་ཞིག་བྱུང་ན་བསམ་པ་དྲན་གྱི་ཡོད་པ་རེད། འོན་ཀྱང་བྱེད་སྟངས་ལྡོག་ཕྱོགས་བྱེད་ཀྱི་ཡོད། བོད་ལ་ཆ་བཞག་ན། དཔེར་ན། ཧུའུ་ཅིན་ཐའོས་འཆམ་མཐུན་བརྗོད་ཀྱི་ཡོད་པ་དེར་ངོས་ཀྱིས་དགའ་བསུ་ཞུ་བཞིན་ཡོད། འཆམ་མཐུན་ཞེས་པ་ཧ་ཅང་ཡག་པོ་རེད། འོན་ཀྱང་འཆམ་མཐུན་ཡོང་རྒྱུའི་ཐབས་ལམ་དེ་དངོས་གནས་གཅིག་གིས་གཅིག་ལ་ཡིད་ཆེས་དང་བློ་གཏད་ཡོད་པ་ཞིག་དགོས། དེ་ལྟར་ཡོང་བར་འདྲ་མཉམ་དགོས་ཀྱི་ཡོད། དྲག་གནོན་དང་མཐོང་ཆུང་བྱས་ན་མཐུན་སྒྲིལ་དང་འཆམ་མཐུན་ཡོང་ཐབས་མེད། ཁོང་ཚོས་ཁ་ནས་འདྲ་ཆགས་པོ་བཤད་དེ་རྒྱ་ནག་ལ་མཐོང་དགོས་ཀྱི་ཡོད་ཀྱང་ལག་ལེན་ངོ་མའི་ཐོག་སོ་སོས་བྱབ་བསྐྱལ་བའི་ཐོག་ལ་སླེབས་འདུག དེར་བརྟེན་སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། བོད་པར་ཤ་ཚ་ནས་འགྱུར་བ་ཕྱིན་པ་གང་ཡང་མ་རེད། རྒྱ་ནག་རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་གྱི་ཆ་ནས་འགྱུར་བ་མ་བཏང་བར་ཐབས་མེད་པ་ཞིག་ཧ་ཅང་གསལ་པོ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ལོ་ལྔ་བཅུ་ང་གསུམ་ང་བཞི་བརྗོད་སྐབས་གང་ཙམ་རིང་པོ་རེད། བློ་བཟང་སེང་གེ་ལགས་དང་ཚོགས་གཙོ་སྤེན་པ་ཚེ་རིང་ལྟ་བུ་རྒྱ་གར་དུ་སྐྱེས་ནས་འཚར་ལོངས་བྱུང་སྟེ་ད་ཆ་འགན་འཁྱེར་མཁན་འགོ་ཁྲིད་ཐོག་སླེབས་ཡོད། ལོ་ལྔ་བཅུ་ང་གྲངས་ཞེས་མི་སྒེར་གཅིག་གི་མི་ཚེར་བརྩིས་ན་གང་ཙམ་རིང་པོ་ཡིན་ཡང་མི་རབས་ཤིག་གི་འཐབ་རྩོད་ཀྱི་ལོ་རྒྱུས་ནང་བརྩིས་ན་ལོ་ལྔ་བཅུ་ང་གྲངས་ཐུང་ཐུང་རེད། འདས་པའི་ལོ་ལྔ༌བཅུ་ང་གྲངས་དེའི་ནང་ང་ཚོ་ཕལ་ཆེར་དུས་ཚོད་དཀའ་ལས་ཁག་ཤོས་དང་སྡུག་ཤོས་ལ་བརྩི་ཆོག་གི་རེད། དེའི་རིང་ལ་ང་ཚོ་འཚོ་ཐུབ་ཡོད། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་བསྡད་ཡོད། ང་ཚོ་ཕྱི་ཕྱོགས་སུ་ཡོད་མཁན་ཚོ་ཡིན་ཡང་ལུང་པ་གང་དུ་བསྡད་ཡོད་ཀྱང་ས་གནས་དེར་རང་ཉིད་ཀྱི་ལྟ་གོས་འགྲིག་པའི་ཐོག་བོད་མི་རིགས་ཀྱི་འདུ་ཤེས་གཏན་པོ་འཁྱེར་ནས་བསྡད་ཡོད། དེར་བརྟེན་འབྱུང་འགྱུར་མ་འོངས་པར་ལོ་བཅུ་ཉི་ཤུ་སུམ་ཅུ་དེ་འདྲ་འགོར་བ་ཡིན་ནའང་མུ་མཐུད་ནས་སྡོད་རྒྱུ་རེད་མ་གཏོགས་འགྱུར་བ་རྩ་བ་ནས་འགྲོ་གི་མ་རེད། ལོ་བཅུ་ཉི་ཤུ་འགོར་གྱི་མ་རེད། ལོ་ལྔའམ་བཅུ་གྲངས་ནང་འགྱུར་བ་འགྲོ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། འོན་ཀྱང་ང་ཚོ་ཚང་མས་ལམ་སེང་ལོག་ཆོག་ཆོག་ཡོད་པ་དང་འགྲིག་གི་ཡོད་པའི་རེ་བ་རྒྱག་རྒྱུ་མེད། ང་ཚོ་སྔ་མོ་འགོ་སྟོད་ནས་རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་ཅེས་ནམ་རྒྱུན་ནས་ཤོད་ཀྱི་ཡོད། ང་ཚོས་གྲ་སྒྲིག་སྡུག་ས་ནས་བསམ་བློ་བཏང་སྟེ་བྱ་རྒྱུ་དེ་གལ་ཆེན་པོ་འདུག
སྤྱིར་བཏང་བཤད་ན། བོད་མི་རིགས་ཕལ་ཆེར་སྤོབས་པ་ཡོད་པའི་མི་རིགས་ཤིག་ཡིན་པ་ཏན་ཏན་རེད། སྤོབས་པ་བྱ་རྒྱུའི་རྒྱུ་མཚན་ཡོད། ང་ཚོ་སོ་སོའི་སྐད་ཡོད། ཡི་གེར་ཆ་བཞག་ན། བོད་ཡིག་འདི་འཛམ་གླིང་འདིའི་ཐོག་ཡི་གེ་སྔ་ཤོས་ཀྱི་གྲས་ལ་བརྩིས་ཀྱི་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཡིག་གཏན་འབེབས་ཡོད་པ་དུས་ད་ལྟ་བར་དུ་བེད་སྤྱོད་གཏོང་རྒྱུ་དེ་དང་ཡང་དེའི་གོང་ནས་ཞང་གཞུང་སྨར་ཡིག་ཅེས་བོན་གཞུང་ནས་ཤོད་ཀྱི་འདུག ཕལ་ཆེར་ཡོད་ས་རེད། ཐོན་མི་སམ་བྷོ་ཊའི་སྐབས་སུ་གཞི་ནས་ཡར་རྒྱས་བཏང་བ་ཕལ་ཆེར་མིན་ནམ། གང་ལྟར་ང་ཚོ་བོད་མི་རིགས་རང་ཉིད་ཀྱི་ཡི་གེ་ཟུར་དུ་ཡོད་མཁན་ཞིག་ཆགས་ཡོད། རིག་གཞུང་གང་དང་གང་ཞིག་ཡིན་རུང་ཡི་གེ་ཡོད་པ་དེ་ཕྲན་བུ་ཁུངས་བཙན་པོ་ཡོད་པའི་རྟགས་སྟོན་གྱི་ཡོད། འཛམ་གླིང་འདིའི་ཐོག་ཡི་གེ་མེད་པའི་མི་རིགས་མང་པོ་ཡོད། དམིགས་བསལ་ཡི་གེ་མེད་པར་ངག་རྒྱུན་ཐོག་ནས་ཟིན་རྒྱུ་མ་གཏོགས་ཡིག་ལམ་ཐོག་མེད། ང་ཚོ་བོད་པར་ཡི་གེ་ཡོད། ཡི་གེར་ཆ་བཞག་ན། རྒྱ་ཡིག་དང་བོད་ཡིག་བསྡུར་ན། བོད་ཡིག་འདི་དབྱངས་དང་གསལ་བྱེད། དེ་བཞིན་སུམ་རྟགས་འགྲོ་སྟངས་བྱས་ཏེ་ཕལ་ཆེར་བོད་ཡིག་འདི་རྒྱ་ཡིག་ལས་གནས་ཚད་མཐོ་བ་རེད།
སྔ་མོ་བོད་དུ་དུང་དཀར་རིན་པོ་ཆེས་ཡི་གེའི་འགྲོ་སྟངས་བྱས་ན་རྒྱ་ཡིག་ལས་བོད་ཡིག་ཡར་ཐོན་གནས་ཚད་ཆེ་བ་ཞིག་ཡིན་སྐོར་བཤད་འདུག གང་ལྟར་ང་རང་ཚོར་ཡི་གེ་ཟུར་དུ་ཡོད། རྒྱ་མི་ནས་དཔེ་བལྟས་པ་མ་རེད་རྒྱ་གར་ནས་ཕྲན་བུ་ཡིག་གཟུགས་དང་དབྱངས། གསལ་བྱེད་རྒྱ་གར་ཡི་གེར་དཔེ་བལྟས་ཡོད། རྒྱ་གར་ང་ཚོའི་དགེ་རྒན་ཆགས་ཡོད། རྩ་བའི་རྒྱ་དང་བོད་ཅེས་བརྗོད་ན་སྐད་དང་ཡི་གེས་ཤན་ཕྱེ་ནས་ཁག་ཁག་ཡིན་པ་ཧ་ཅང་གསལ་པོ་རེད། ཡི་གེ་དེའི་ནང་བརྗོད་བྱ་གང་འདྲ་ཞིག་ཡོད་དམ་ཞེ་ན། དུས་རབས་གསར་པའི་བརྗོད་བྱ་དེ་ཚོའི་གྲས་བོད་ཡིག་ནང་དེ་སྔ་སླེབས་མྱོང་དང་བེད་སྤྱོད་བྱེད་མྱོང་མེད། དེར་བརྟེན་བརྗོད་གཞི་གསར་པའི་ནང་བོད་ཡིག་གི་མིང་ཚིག་མ་འདང་བ་ཡོད་ལ་ཡར་རྒྱས་ཕྱིན་མེད། བོད་ཡིག་འདས་པའི་ལོ་སྟོང་ཕྲག་གཅིག་གི་རིང་ལ་བེད་སྤྱོད་བྱེད་ས་གཙོ་བོ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་གཙོ་བོ་ཆགས་ཡོད། བཀའ་འགྱུར་པུ་ཏི་བརྒྱ་དང་བསྟན་འགྱུར་པུ་ཏི་ཉིས་བརྒྱ་ལྷག་ཡོད་པ་དེ་དག་སངས་རྒྱས་ཀྱི་ཆོས་དང་ལྟ་གྲུབ་སྐོར་བཤད་ན། དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་སངས་རྒྱས་ཀྱི་ཆོས་ལ་ལྟ་སྒོམ་སྤྱོད་གསུམ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་རྣམ་གཞག་སྟོན་མཁན་གྱི་གཞུང་དེ་བོད་ཀྱི་སངས་རྒྱས་པའི་ཆོས་གཅིག་པུ་ཆགས་ཡོད། དེ་འདྲའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བ་ཞིག་འགྲེལ་བཤད་རྒྱག་རྒྱུའི་སྐད་དེ་བོད་པའི་སྐད་ཡག་ཤོས་རེད། བོད་ལ་ནང་ཆོས་མ་དར་སྔོན་ནས་རྒྱ་ནག་ལ་ནང་ཆོས་དར་ཡང་། བོད་ལ་ནང་ཆོས་དར་བ་བཞིན་རྒྱ་ནག་ནང་སློབ་གཉེར་གཏིང་ཟབ་པོ་བྱེད་རྒྱུ་ཕལ་ཆེར་མ་བྱུང་བ་ལྟ་བུ་འདུག ལྷག་པར་སློབ་དཔོན་ཕྱོགས་གླང་གི་མཛད་པའི་ཚད་མའི་གཞུང་རིགས་སྒོ་ཞེས་པ་དེ་རྒྱ་ཡིག་ནང་བསྒྱུར་ཡོད་པ་བརྗོད་ཀྱི་འདུག་མ་གཏོགས་གཞན་ཚད་མ་ཀུན་བཏུས་དང་དཔལ་ལྡན་ཆོས་གྲགས་ཀྱི་ཚད་མ་སྡེ་བདུན་སོགས་ཕལ་ཆེར་རྒྱ་ཡིག་ནང་བསྒྱུར་མེད་པ་འདྲ། ཕྱིས་སུ་རྒྱ་ཡི་མཁས་པ་འགའ་ཤས་ཀྱིས་བསྒྱུར་ཡོད་སྐོར་ཤོད་ཀྱི་འདུག་མ་གཏོགས་སྔ་མོ་བསྒྱུར་མི་འདུག
བོད་དུ་ནང་ཆོས་མ་དར་སྔོན་ནས་རྒྱ་ནག་ལ་ནང་ཆོས་དར་ཡང་དེ་ཙམ་གྱིས་རྒྱ་ཆེན་པོ་དང་གཏིང་ཟབ་མོ་ཞིག་བྱུང་མི་འདུག ང་ཚོ་བོད་སྐད་ནང་ཚད་མའི་གཞུང་ལ་དར་སོ་བྱས་ཏེ་ས་སྐྱ་པཎྜི་ཏས་ཚད་མ་རིགས་གཏེར་མཛད་ཡོད། ཆ་པ་ཆོས་སེང་སོགས་ཀྱིས་ཚད་མའི་གཏན་ཚིགས་རྟགས་དང་གསལ་བའི་འགྲོ་སྟངས་གྲས་དེ་ཧ་ཅང་ཡར་རྒྱས་བཏང་སྟེ་ང་ཚོ་བོད་པ་རང་གི་སྔར་རྒྱ་གར་ཚད་མ་པ་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་བོད་སྐད་དུ་བསྒྱུར་བ་ཙམ་དུ་མ་ཟད། བོད་པ་རང་ཉིད་ཀྱི་དེ་དག་མུ་མཐུད་ཡར་རྒྱས་བཏང་བའི་མཛད་རྗེས་ཆེན་པོ་འདུག གཞན་དག་ཕར་བཞག་ང་ཚོའི་སྐད་དུ། ཐལ། ཕྱིར། ཞེས་རྟགས་དང་གསལ་བ་འགོད་རྒྱུའི་འགྲོ་སྟངས་བོད་སྐད་ནང་ཡོད་པ་ནང་བཞིན་རྒྱ་ཡིག་ནང་ད་ལྟའང་ཡོང་གི་མི་འདུག་ལ་དབྱིན་ཇི་དང་ཧིན་རྡིའི་ནང་ཡོང་གི་མེད། གཏན་ཚིགས་རིག་པའི་ཐོག་ནས་དཔྱད་པ་བྱ་རྒྱུའི་ཚིག་དེ་བོད་སྐད་ནང་ལོ་བརྒྱ་ཕྲག་མང་པོའི་རིང་ནས་གོམས་བྱང་ཐེབས་ཏེ་བརྟན་པོ་ཆགས་ཡོད། སྐད་ཡིག་གཞན་དག་ནང་ལ་གཏན་ནས་མི་འདུག འབར་མ་དང་ཐེ་ལན་སོགས་ལ་རྩ་བ་དེ་འདྲའི་ཚད་མ་དང་དབུ་མའི་གཞུང་དེ་དག་ཕལ་ཆེར་མེད། དེར་བརྟེན་བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་འཛམ་གླིང་གི་གཅེས་ནོར་རེད་ཅེས་ངོས་ཀྱིས་བརྗོད་ཀྱི་ཡོད། དེ་ནི་རྒྱ་མི་གུང་ཁྲན་གྱི་འུར་ཤོབ་ལྟར་བཤད་པ་མ་རེད། ནང་པ་མང་པོ་ཞིག་ཐུག་སྟེ་ང་ཚོས་གོ་བསྡུར་དང་སྐད་ཆ་བཤད། ཡང་ངོས་ཀྱིས་ཁོང་ཚོར་མཐོང་ཆུང་དང་ང་རྒྱལ་དེ་འདྲ་རྩ་བ་ནས་བྱེད་ཀྱི་མེད། གང་དུ་སུ་དང་འགྲོགས་པའི་ཚེ། བདག་ནི་ཀུན་ལ་དམན་ལྟ་ཞིང། གཞན་ལ་བསམ་པ་ཐག་པ་ཡིས། མཆོག་ཏུ་གཅེས་པར་འཛིན་པར་ཤོག ཅེས་གསུང་པའི་བསམ་བློ་དེ་འཁྱེར་ནས་འབྲེལ་བ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོ་རང་བཞིན་གྱིས་ནང་ཚགས་ཆགས་ཏེ་ཕན་ཚུལ་བཀའ་མོལ་གནང་སྐབས། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཤེས་ཚད་ང་ཚོ་བོད་པ་ཕལ་ཆེར་འཛམ་གླིང་འདིའི་སྟེང་རྩེ་ཕུད་རེད་འདུག དེ་ཡང་ང་ཚོའི་མི་རིགས་ཀྱི་སྤོབས་པ་བྱེད་རྒྱུ་ཞིག་རེད། ང་ཚོའི་སྐད་དང་དེའི་ནང་ཡོད་པའི་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་སྐོར་དེ་དག་ལ་སྤོབས་པ་བྱེད་རྒྱུ་ཞིག་དང་།
དེང་སང་འཛམ་གླིང་འདིའི་སྟེང་ཚན་རིག་ཤོད་དུས་མི་རྣམ་དཔྱོད་ཅན་བློ་གཟུ་བོར་གནས་པ་དངོས་པོའི་བདེན་དོན་འཚོལ་མཁན་ཞིག་ཆགས་ཡོད། བདེན་དོན་འཚོལ་མཁན་དེས་བརྟག་དཔྱད་བྱས་ཏེ་གྲུབ་དོན་རྙེད་དོན་བརྗོད་པ་དེར་འཛམ་གླིང་གང་ས་གང་ལ་བློ་གཟུ་བོར་གནས་པ་ཚོས་ཆ་འཇོག་དང་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་ཚན་རིག་པ་ཚོའི་ནང་གཙོ་བོ་སེམས་ཀྱི་ཚན་རིག་དང་ཀླད་པའི་སྐོར། འཕྲོད་བསྟེན་སྐོར་སོགས་ལ་བརྟག་དཔྱད་བྱེད་མཁན་མང་པོ་ཞིག་གིས་སེམས་ཀྱི་འགྲོ་སྟངས་དེ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱས་ཏེ་སེམས་ཀྱི་སྐོར་འགྲེལ་བཤད་ཞིབ་ཕྲ་ཆོས་ལུགས་གཞན་དག་སུ་གཅིག་ལ་མི་འདུག རྒྱ་གར་གྱི་ཆོས་ལུགས་ནང་ཡོད་པ་དང་དེའི་ནང་ཚན་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ནང་སེམས་ཀྱི་འགྲོ་སྟངས་འགྲེལ་བཤད་དང་བཅས་པ་མང་པོ་ཡོད་སྟབས། ཚན་རིག་པ་ཚོས་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་ནང་ནས་སེམས་ཀྱི་འགྲོ་སྟངས་སྐོར་ལ་འགྲེལ་བཤད་ཡོད་པ་དེ་དག་བསླབ་ཆེད་ཧ་ཅང་དོ་སྣང་བྱེད་བཞིན་འདུག
སྔ་མ་རྒྱ་མི་གུང་ཁྲན་གྱིས་བོད་མི་མང་ཚོ་ཆོས་དད་ཆེན་པོ་ཡོད་པ་དེ་རྨོངས་དད་རེད། རིམ་པས་ཚན་རིག་གི་གནས་ཚད་ཡར་རྒྱས་ཕྱིན་ན། རྨོངས་དད་རང་བཞིན་གྱིས་ཡལ་འགྲོ་གི་རེད་ཅེས་ཡིག་ཆ་དེ་འདྲ་ཡོད། ཕྱི་ལོ་ ༡༩༦༠ ཙམ་ལ་ངོས་ཀྱིས་དྲན་གྱི་འདུག་ལ་མཐོང་ཡང་མྱོང་། ཚན་རིག་གི་ཤེས་ཚད་ཡར་རྒྱས་ཕྱིན་ན་ཆོས་དད་རང་བཞིན་གྱིས་མེད་པ་ཆགས་ཀྱི་རེད་ཤོད་ཀྱི་ཡོད། དངོས་ཡོད་གནས་ཚུལ་གོ་ལྡོག་འདུག ཚན་རིག་གི་ཤེས་ཚད་རྩེར་སོན་པ་དེ་ཚོའི་གྲས་ཀྱི་ད་ལྟ་ཡོད་བཞིན་པའི་ཚན་རིག་གི་མ་འདང་བའི་ས་ཆ་ཞིག་ལ་སླེབས་ཡོང་སྐབས་ནང་པའི་གཞུང་ལ་རེ་བ་རྒྱག་རྒྱུ་ཞིག་ཆགས་འདུག དེར་བརྟེན་ང་ཚོ་སྤོབས་པ་བྱེད་རྒྱུ་ཞིག་རེད་འདུག མི་རིགས་ཀྱི་སེམས་ཤུགས་ལ་ཆ་བཞག་ནའང་ང་ཚོ་བོད་མི་རིགས་ཧ་ལས་པའི་སེམས་ཤུགས་ཆེན་པོ་ཡིན་པས་སྤོབས་པ་སྐྱེ་རྒྱུ་ཞིག་རེད། ཡང་འདི་ཕྱོགས་ས་གནས་ཀྱི་གདོད་མའི་མི་རིགས་འདྲ་མིན་ཐུག་གི་ཡོད། ཉེ་ཆར་ཧ་ཝའི་ནང་ཉིན་འགའ་བསྡད་དེ་མི་མང་པོ་ཐུག་བགྲོ་གླེང་གོ་བསྡུར་བྱས་པ་ཡིན། སོ་སོའི་གནའ་རབས་ཀྱི་མི་རིགས་རིག་གཞུང་དང་དེ་ཚོའི་གྲས་དེ་ཞེན་ཁོག་བྱེད་དགོས་ཀྱི་རེད་ལ་ཞེ་དྲག་འདུག ཁོང་ཚོ་ཁ་ཤས་ལ་ང་ཚོ་བོད་པར་ཆ་བཞག་ན་ཆོས་དང་རིག་གཞུང་གཅེས་འཛིན་བྱེད་རྒྱུ་དེ་ང་ཚོའི་ལས་འགན་གཙོ་བོར་འཛིན་བཞིན་ཡོད། འོན་ཀྱང་གཅེས་འཛིན་བྱ་རྒྱུའི་ནང་རིག་གཞུང་དང་གོམས་གཤིས་དུས་ཚོད་ཡོལ་ཟིན་པ་དེ་འདྲ་ཡང་ཡོད་པ་དེ་དག་ང་ཚོས་ཨུ་ཚུགས་བརྒྱབ་སྟེ་རྒྱུན་འཛིན་བྱེད་ཀྱི་མེད། བྱེད་ཐུབ་རྒྱུ་ཡང་མེད། རྩེད་མོ་རྩེས་དེ་ང་ཚོ་བོད་ནས་ཡོང་པའི་ཨ་ཕོ་ཧོར་འབྲོག་པ་རྣམས་བོད་ལ་པགས་ཚག་གྱོན་ནས་སྡོད་ཀྱི་ཡོད། པགས་ཚག་གྱོན་རྒྱུ་དེ་ང་ཚོའི་གོམས་གཤིས་ཡིན་ཞེས་རྒྱ་གར་ཚ་བའི་ལུང་པའི་ནང་པགས་ཚག་གྱོན་ན་ལྐུག་པ་རེད། དངོས་ཡོད་གནས་ཚུལ་ལ་བལྟས་ནས་འགྲོ་རྒྱུ་རེད། ང་ཚོའི་དངོས་གནས་རིག་གཞུང་དང་གོམས་གཤིས་ངོ་མ་ཕན་ཐོགས་ཡོད་པ་གང་རེད་དམ་བརྗོད་ན། བསམ་བློ་གཏོང་སྟངས་ཐོག་ནས་ཡ་རབས་དང་སྡིག་པ་གསོག་རྒྱུ་མེད་པ་ཞིག་དགོས་ཀྱི་ཡོད།
ཡང་ངོས་ཀྱིས་སྒྲུང་ཞིག་བཤད་ཆོག་ལོ་གཅིག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཆགས་ཚར་བའི་རྗེས་ཚོགས་འདུ་ཞིག་གི་སར་ངོས་སླེབས་པ་རེད། ཚོགས་མཚམས་ཤིག་ཚར་ཏེ་ང་ཚོ་ཉིན་གུང་ཞལ་ལག་བཟས་ཏེ་བསྡད་ཡོད། དེ་འདྲ་ཞིག་ལ་ཚོགས་མི་སྐྱེ་དམན་འགའ་ཤས་ཤིག་དེར་ཁ་ལག་ཟ་བཞིན་སར་རྐུབ་སྟེགས་སྟོང་པ་ཞིག་འདུག་པ་དེར་ངོས་འདིར་སྡོད་ཅེས་བརྗོད་ཀྱི་འདུག ང་ཚོ་ཁ་ལག་ཟ་བཞིན་སྐབས་དེར་སྦྲང་བུ་མེ་ཏོག་སྟེང་འཁོར་མཁན་གྲས་སྙིང་རྗེ་པོ་ཞིག་སླེབས་ཏེ་ས་ལ་བབ་སོང། ཨ་ཅག་ལག་གྱོན་ཆས་འདྲ་ཆགས་གྱོན་པ་དེས་ལམ་སེང་རྡོག་བརྫིས་བཏང་སོང་། ཡང་སྒྲུང་སྙན་པ་ཞིག་ལ་ཕལ་ཆེར་ངོས་རྒྱ་གར་ཤར་ཕྱོགས་གོ་ཧ་ཌི་ལ་འགྲོ་རྒྱུ་བྱས་ཏེ་སྦག་ཌོ་རར་གནམ་ཐང་ལ་ཏོག་ཙམ་ངལ་གསོ་བརྒྱབ་སྟེ་བསྡད་པ་ཡིན། སྐབས་དེར་ཕྱི་རྒྱལ་མི་ཡུལ་སྐོར་སྤྲོ་འཆམ་འགྲོ་མཁན་གང་ཙམ་འདུག་པ་ནས་འགའ་ཤས་ཀྱིས་ངོས་ཀྱི་འཁྲིས་ལ་ཡོང་སྟེ་སྐད་ཆ་བཤད་ནས་བསྡད་པ་རེད། དེ་འདྲ་ཞིག་ལ་སྦྲང་བུ་ཞིག་སླེབས་སོང་བ་དེ་ཨ་ཅག་ལགས་དེས་ལམ་སེང་བསད་སོང་བར་ངོས་སྐད་ཤོར་ཏེ་ཨ་ཙི་དེ་འདྲ་བྱེད་རྒྱུ་མེད་ཅེས་བརྗོད་པས། ཁོང་གིས་རྗེས་སུ་སྦྲང་བུ་རྩ་བ་ནས་གསོད་ཀྱི་མིན་ཞེས་བརྗོད་བྱུང་། ང་ཚོ་བོད་པ་ཆུང་དུས་ནས་འུ་ཐུག་ན་འབུ་ཕྲྲན་བུ་གསོད་ཀྱི་རེད་མ་གཏོགས་གཞན་སྙིང་རྗེ་སྡིག་པ་ཡོད་ཅེས་བརྗོད་ཀྱི་རེད། ཆུང་དུས་ནས་སྲོག་ཆགས་ཕྲ་མོ་ཚུན་ཆད་ནས་གསོད་རྒྱུ་མེད་སྡིག་པ་ཡོད། དཔེར་ན། སྐམ་ལ་གནས་པའི་འབུ་ཞིག་ཆུས་འཁྱེར་འགྲོ་གི་ཡོད་ན། ཆུའི་ནང་ནས་བཏོན་ཏེ་སྐམ་སར་སྐྱེལ་གྱི་རེད། ཡང་ཆུ་མར་སྐམ་ཏེ་ཉ་ལུས་ཡོད་ན་དེ་དག་ཆུ་ཡོད་སར་སྐྱེལ་རྒྱུའི་གོམས་གཤིས་ཤིག་ང་ཚོར་ཡོད། དགེ་བ་དང་སྡིག་པ་རྒྱ་ཆེན་པོ་མ་ཤེས་ཀྱང་གང་ལྟར་གཞན་ལ་གནོད་འཚེ་བྱ་རྒྱུ་མེད་ཅེས་པའི་གོམས་གཤིས་ང་ཚོར་ཡོད། དེ་དག་དཔེ་མི་སྲིད་པའི་རྩ་ཆེན་པོ་རེད།
སྤྱིར་བཏང་ཧམ་པ་ཤོད་མཁན་རེ་ཟུང་ཡོང་གི་རེད་མ་གཏོགས་སྤྱི་ཡོངས་ནས་བོད་པའི་གོམས་གཤིས་ལ་དྲང་པོ་དང་སྐྱག་རྫུན་མ་ཤོད་པ་ཧ་ཅང་ཡག་པོ་རེད། དྲང་པོ་དང་སེམས་པ་བཟང་པོ། ཧམ་པ་མི་བྱེད་རྒྱུ་དེ་བཞིན་འགག་ལ་ཐུག་ན་གྱོང་པོ་བྱེད་ཐུབ་མཁན་དེ་ཡག་པོ་རེད། མི་འགའ་ཤས་ནམ་རྒྱུན་སྦོམ་མདོག་ཁ་པོ་དང་འུ་ཐུག་ན་བྲོས་འགྲོ་མཁན་དེ་ཞབས་འདྲེན་མ་རེད་དམ། ང་ཚོ་བོད་པའི་བྱེད་སྟངས་དེ་ཧ་ཅང་ཡག་པོ་རེད། བོད་པའི་གོམས་གཤིས་དེ་མི་ཚེ་དང་མིའི་སྤྱི་ཚོགས་ནང་ཕན་ཐོགས་ཡོད། དེར་བརྟེན་ང་ཚོ་བདག་པོ་རྒྱག་དགོས་ཀྱི་རེད་ལ་རྒྱག་ཐུབ་ཀྱི་རེད། དེ་ལྟ་བུའི་བསམ་བློ་བཏང་སྟེ་ཁོང་ཚོར་ཤོད་རྒྱུ་བྱུང་། ང་ཚོས་སོ་སོའི་གནའ་རབས་ཀྱི་གོམས་གཤིས་གཅེས་སྐྱོང་བྱེད་རྒྱུ་ཟེར་བར་ང་ཚོས་བསམ་བློ་གཏོང་དགོས། དེང་སང་འཕྲུལ་ཆས་དར་བའི་དུས་ཚོད་རེད། དེར་འགྲོ་རྒྱུ་རེད་མ་གཏོགས་སྔ་མོའི་འགྲོ་སྟངས་ཁོ་ནར་བསམ་བློ་གཏོང་རྒྱུ་མེད། དེ་འདྲའི་བསམ་བློ་གཏོང་སྐབས་ངོས་ལ་ཉེ་ཆར་རང་བསམ་བློ་ཞིག་འཁོར་བྱུང་། ང་ཚོའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞུ་བ་ཁོང་རྣམ་པ་བསམ་བློ་གུ་ཡངས་པོ་རེད་། སོ་སོའི་མི་རིགས་ཀྱི་ཞེན་ཁོག་བྱས་ཏེ་ང་ཚོའི་གདོད་མའི་རིག་གཞུང་དང་ཆོས་རྐྱང་པ་བསམ་བློ་བཏང་སྟེ་བསྡད་ན་རྒྱ་གར་ནས་ནང་པའི་ཆོས་ལེན་གྱི་མ་རེད། སོ་སོར་བོན་གཞུང་ཡོད་མུས་རེད། ཆོས་རྒྱལ་ཚོ་བློ་གཟུ་བོར་གནས་པ་བྱས་ཏེ་དངོས་གནས་ག་རེ་ཡག་པ་ཡོད་ཀྱང་ཡག་པ་དེ་དང་ལེན་གནང་རྒྱུ་དེ་ཧ་ཅང་གྲུང་པོ་རེད་འདུག གཞན་ཆོས་རྒྱལ་རྒྱལ་པོ་བྱས་ཏེ་རྒྱལ་པོ་ཁྲིའི་སྟེང་བཞུགས་སྔར་གྱི་ལུགས་སྲོལ་ཁོ་ན་བྱས་ཏེ་འགྲོ་རྒྱུའི་ཉེན་ཁ་ཡོད། དེ་ལྟར་མ་གནང་བར་གཡས་གཡོན་ལ་བལྟས་ནས་འབྲེལ་བ་བྱས་ཏེ་སངས་རྒྱས་པའི་ཆོས་རྒྱ་གར་ལ་ཡོད་པ་དེ་ཧ་ཅང་སྤུས་དག་པོ་ཡོད་པ་གཟིགས་ཏེ་ནང་ཁུལ་དུ་འགལ་ཟླ་ཡོད་ཀྱང་། འགལ་ཟླ་དེ་དག་ལ་གདོང་ལེན་བྱས་ཏེ་རྒྱ་གར་ནས་ཆོས་བཞེས་འདུག ངོས་ཀྱིས་ནམ་རྒྱུན་ཕྱེད་ཀ་རྩེད་མོ་དང་ཕྱེད་ཀ་བདེན་ཆ་ཏོག་ཙམ་ཡོད། ཁ་ལག་ཞིམ་ལོས་ལྟ་དུས་ང་ཚོའི་སྤགས་དང་ཐུག་པ། ཤ་མར་དེ་ཚོ་བཅུད་ཆེན་པོ་ཡོད་ཀྱང་། རྒྱ་ནག་གི་ཚལ་དེ་དག་ཡག་པོ་ཡོད་དུས་དཔེར་ན་ཚལ་ཞེས་པའི་མིང་ཚིག་དེ་རྒྱ་སྐད་རེད། ཁ་ལག་རིགས་དེ་དག་རྒྱ་ནག་ནས་ཏོག་ཙམ་བཞེས། གྱོན་ཆས་དེ་སོག་པོ་གནམ་གཤིས་ཧ་ཅང་གྲང་མོ་ཡོད་པ་དང་སོག་པོའི་གྱོན་ཆས་དྲོ་པོ་ཡོད་སྟབས་སོག་པོ་ནས་བཞེས། ཡང་སྟག་གཟིགས་ལུང་པའམ་པཱ་སིའི་ཡ་ཕྱོགས་ནས་བཞེས་ཏེ་ཧ་ཅང་གྱོང་པོ་རེད་བསམ་གྱི་འདུག
ང་རང་ཚོ་སོ་སོའི་གོམས་གཤིས་འདི་ཡིན་ཞེས་ལྐུགས་པ་ཨུ་ཚུགས་མ་བརྒྱབ་པར་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་ཕན་ཐོགས་ཡོད་པ་དེ་ག་པར་ཡོད་ཀྱང་དེ་ནས་ཚུར་བཞེས་འདུག མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ཏེ་སློབ་སྟོན་གནང་བ་རེད་བརྗོད་ཀྱི་འདུག ཁྱེད་རང་ཚོའི་སངས་རྒྱས་པའི་ཆོས་དེ་ཆ་ཚང་བོད་ཡིག་ནང་བསྒྱུར་ཏེ་བོད་སྐད་ནང་ནས་བཤད་སྦྱང་བྱེད་ཐུབ་པ་ཞིག་བྱེད་དགོས་པ་རེད། བོད་ཡིག་རང་ནང་འཆད་ཉན་བྱས་ཏེ་སློབ་སྦྱོང་བྱེད་ཐུབ་པ་ཞིག་དགོས་ཀྱི་རེད། རྒྱ་གར་སྐད་ལ་བསྟེན་དགོས་མ་རེད་ཅེས་དང་། མཁན་ཆེན་ཞི་བ་འཚོ་ཁོང་རང་ཉིད་ཀྱང་དགུང་ལོ་བགྲེས་པོ་དེ་འདྲ་ཞིག་ལ་ཕེབས་ཡོད་ཀྱང་བོད་སྐད་སློབ་སྦྱོང་གནང་རྒྱུར་ཨུ་ཚུགས་བསྐྱོན་ཡོད། ཅེས་ཤོད་མཁན་འདུག དེར་བརྟེན་ང་ཚོ་བོད་པས་སོ་སོའི་མི་རིགས་རང་མཚན་གྱི་ལྟ་གྲུབ་དེ་ཆ་ཚང་བཟོས། དེ་དང་ཆབས་ཅིག་ལེགས་ཆ་ཡོད་པ་དེ་དག་ལྐུགས་པའི་ཨུ་ཚུགས་བྱས་ཏེ་མ་བཞུགས་པར་གཡས་གཡོན་བླངས་ཏེ་ཧ་ཅང་གྲུང་པོ་རེད་བསམ་གྱི་འདུག
ང་ཚོ་བོད་པ་སྤོབས་པ་བྱ་རྒྱུའི་མི་རིགས་ཤིག་རེད་འདུག ཁྱེད་རང་ཚོ་ལོ་རྒྱུས་ཡོད་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྒྱུད་འཛིན་བྱེད་མཁན་ཞིག་ཆགསཡོད་པས་ཞབས་འདྲེན་མ་ཞུས་པར་ཧུར་ཐག་བྱས་ཏེ་གཟབ་གཟབ་བྱེད་ཤོག་ཨང་། སོ་སོའི་མི་རིགས་ཀྱི་ལྟ་བ་འཁྱེར་མི་རིགས་ཀྱི་ལྟ་བ་དང་འབྲེལ་བའི་ཐོག་ནས་དྲང་པོ་དྲང་གཞག་ཡ་རབས་བསམ་པ་བཟང་པོ་དེ་དག་མུ་མཐུད་བྱེད་དགོས། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་ཞིག་དང་ཆོས་ཡིན་ཡང་། ང་ཚོ་སངས་རྒྱས་པའི་ཆོས་ཞེས་མ་ཎི་བགྲང་རྒྱུ་དང་སྐྱབས་འགྲོ་འདོན་རྒྱུ་དེ་ལས་བརྒལ་བའི་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་འགྲོ་སྟངས་གང་འདྲ་ཡིན་པ་མ་ཤེས་པར་བྱས་ནས་བསྡད་ན་རྗེས་ལུས་རེད། ཡིན་གཅིག་མིན་གཅིག་སོ་སོའི་དད་པ་བྱེད་སའི་ཆོས་ཀྱི་འགྲོ་སྟངས་གང་འདྲ་ཡིན་པ་དེ་དག་ལ་སློབ་སྦྱོང་དང་དོ་སྣང་བྱས་ཏེ་ཤེས་པར་བྱེད་དགོས། ངོས་ཀྱིས་ནམ་རྒྱུན་ནས་བཀའ་འགྱུར་བསྟན་འགྱུར་པུ་ཏི་སུམ་བརྒྱ་ཙམ་ཡོད་པ་དེ་དག་ང་ཚོས་ཕྱག་མཆོད་འབུལ་བྱེད་ས་ཞིག་ཏུ་བརྩི་རྒྱུ་མེད། དེ་དག་ང་ཚོའི་སློབ་སྦྱོང་བྱ་རྒྱུའི་དཔེ་དེབ་གལ་ཆེ་ཞིག་རེད། ང་ཚོ་ཚང་མང་ཆེ་བས་སྤྱི་པའི་ལྷ་ཁང་དང་སྐུ་འདྲ་ཆེན་པོ་དེ་འདྲ་བཞེངས་ཀྱི་ཡོད་པ་ཡག་པོ་རེད། ངོས་ཀྱིས་རྒྱ་མི་དེ་འདྲ་ལ་ཤོད་ཀྱི་ཡོད། རྒྱ་མི་སྐུ་བཞེང་རྒྱུར་དགའ་པོ་འདུག སྐུ་བཞེང་རྒྱུ་ཡག་པོ་འདུག་ཀྱང་སྐུས་གསུང་བྱོན་གྱི་མ་རེད། ཁ་སེང་རང་ངོས་རང་མཚོ་པདྨར་ཕྱིན་པའི་སྐབས་ལ་སློབ་དཔོན་རིན་པོ་ཆེའི་སྐུ་ཆེན་པོ་ཧ་ལས་པ་ཞིག་བཞེངས་འདུག དེ་དུས་ཤོད་རྒྱུ་བྱུང་། ཁྱེད་ཚོས་སློབ་དཔོན་རིན་པོ་ཆེའི་སྐུ་ཆེན་པོ་བཞེངས་འདུག་པས་ཧ་ཅང་ཡག་པོ་རེད། འོན་ཀྱང་སྐུ་དེ་ལོ་སྟོང་ཕྲག་གཅིག་ཙམ་བཞུགས་མདོག་ཁ་པོ་རེད། དེའི་རྗེས་ལ་གསུང་བྱོན་གྱི་མ་རེད། ཉི་མ་ཚ་པོ་དང་གནམ་གཤིས་གྲང་མོ་སེར་བ་བཏང་ཡང་འགྱིང་ངེར་བཞུགས་ཀྱི་རེད། དེར་བརྟེན་ག་རེ་གལ་ཆེན་པོ་རེད་ཅེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་དེ་ང་ཚོས་སློབ་སྦྱོང་བྱས་ཏེ་སེམས་རྒྱུད་ལ་འཇགས་པ་བྱས་ཐོག་དངོས་ཡོད་གནས་ཚུལ་དང་འབྲེལ་ཏེ་བསམ་བློ་བཏང་ནས་འགྲོ་རྒྱུ་རེད་མ་གཏོགས་སྐུ་ཞིག་བཞག་ནས་སྐྱབས་སུ་མཆི་བརྗོད་པས་ཕན་ཐོགས་མེད་ཤེས་སོང་ངམ། ཕྱི་ལོ་ ༡༩༥༩ ལོར་བོད་མི་བཙོན་ཁང་ནང་ཚུད་ཡོད་པ་ཚོར་རྒྱ་མིས་ཁྱེད་རང་ཚོས་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་ལྟོ་ཆས་དཀོན་མཆོག་གི་གནང་གི་རེད། ཅེས་ལྟོ་ཆས་མ་སྤྲད་པར་བཞག་པ་དེ་འདྲ་བྱུང་ཡོད། བསྟན་བཤིས་ཚ་པོ་འདུག བླ་མ་ལ་སྐྱབས་སུ་མཆི། སངས་རྒྱས་ལ་སྐྱབས་སུ་མཆི་བརྗོད་པས་གྲོད་ཁོག་རྒྱག་གི་མེད་པར་ལྟོ་ཆས་ཟ་དགོས་ཀྱི་འདུག སངས་རྒྱས་པའི་ཆོས་ཀྱི་སེམས་ཀྱི་འགྲོ་སྟངས་དེ་ཤོད་ཀྱི་ཡོད་པ་དེ་དག་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་རེད། དེ་ནི་སློབ་སྦྱོང་བྱས་ཏེ་ཤེས་དགོས་པ་རེད་མ་གཏོགས་སློབ་སྦྱོང་མ་བྱས་པར་ཡོང་རྒྱུ་མེད། དེར་བརྟེན་ང་ཚོས་ཆོས་ལ་དད་པ་ཡོད་པ་ཙམ་གྱིས་ཆོག་ཤེས་མ་བྱས་པར་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཁྱེད་རང་ཚོ་འདིར་དགེ་འདུན་པ་གང་ཙམ་འདུག ཡིན་གཅིག་མིན་གཅིག་མང་ཚོགས་དང་མཉམ་དུ་གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ་གལ་ཆེན་པོ་རེད།
དེང་སང་རྡ་རམ་ས་ལར་ཁྱིམ་པ་ཕོ་མོ་ཚོའི་ནང་ལའང་དཔེ་ཆ་སློབ་གཉེར་གང་ཙམ་བྱས་ཏེ་རྟགས་གསལ་གཏོང་གི་ཡོད། ངོས་ཀྱིས་རྩེད་མོ་བརྩེས་ནས་ཉེ་ཆར་སྨོན་ལམ་ཚོགས་པའི་སྐབས། འདི་ལོ་སྔར་མེད་པའི་བཙུན་མས་རྟགས་གསལ་གཏོང་རྒྱུ་བྱས་པ་བཞིན་ཧ་ཅང་ཡག་པོ་གཏོང་གི་འདུག མི་མགོ་དཀར་པོ་ཀླད་པ་ལྗང་གུ་ཁ་ཤས་ཀྱིས་ད་ཡིན་ན་རྣམ་རྟོག་ཟ་བཙུན་མས་རྟགས་གསལ་གཏོང་གི་འདུག་བརྗོད་རྒྱུའི་ཉེན་ཁ་ཡོད། ཅེས་ཤོད་རྒྱུ་བྱུང་། སངས་རྒྱས་པའི་ཆོས་ཀྱི་ཤེས་ཚད་སྐད་གཞན་ལ་བརྟེན་དགོས་མེད། དབྱིན་ཇི་དང་ཧིན་རྡི་སྦྱང་དགོས་མ་རེད། རང་ཉིད་སྐྱེས་སྐབས་ཀྱི་སྐད་ཡིག་དེའི་ཐོག་སློབ་སྦྱོང་བྱས་ཏེ་འགྲོ་རྒྱུ་ཞིག་ཆགས་ཡོད། དེ་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཆགས་འདུག ཆོས་སློབ་སྦྱོང་ཟེར་བ་དེ་གྲྭ་པ་དང་མཚན་ཉིད་པ་ཙམ་མ་ཟད། ཆོས་དད་ཡོད་མཁན་གཅིག་པུའི་སྐད་ཆ་མ་རེད། ཆོས་དད་མེད་མཁན་ཚོས་ཀྱང་རིགས་ལམ་དང་ལྟ་གྲུབ་ཤེས་ན་ཕན་ཐོགས་ཡོད། དཔེར་ན། ཚན་རིག་པས་དེ་ཚོའི་གྲས་སྦྱང་གི་འདུག ཉེ་ཆར་ང་ཚོའི་ཚན་རིག་གི་ཚོགས་འདུ་ཞིག་སར་ཚན་རིག་ཐོག་སྐད་གྲགས་ཡོད་པ་ཞིག་འདུག ཁོང་རང་གིས། ཁྱེད་རང་ཚོས་བོད་པའི་ནང་ཆོས་སློབ་སྦྱོང་སྤྲོད་པའི་སྐབས་ལ་རྟགས་གསལ་བཏང་ནས་དཔྱད་པ་བྱ་རྒྱུ་ཞིག་འདུག་པ་དེ་འཛམ་གླིང་འདིའི་སློབ་ཚན་གཞན་དག་ནང་ལ་རྟགས་གསལ་གཏོང་རྒྱུའི་ཐབས་ལམ་འདིའི་ཐོག་ནས་སློབ་སྦྱོང་སྤྲོད་རྒྱུ་ཞིག་བྱེད་ཐུབ་ཀྱི་མ་རེད་དམ་ཞེས་བརྗོད་ཀྱི་འདུག སྐབས་དེར་ངོས་ཀྱིས་ཏན་ཏན་ཡོང་གི་རེད། ང་ཚོས་དེར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་ཤོད་རྒྱུ་བྱུང་། དེ་ཚོའི་གྲས་དེ་རྣམ་དཔྱོད་འཕེལ་རྒྱུར་ཕན་ཐོགས་ཡོད། དེ་ང་ཚོ་སོ་སོའི་གཅེས་ནོར་རེད་མ་གཏོགས་སོ་སོར་མེད་པ་མི་གཞན་ནས་སྦྱོང་རྒྱུ་ཞིག་མ་རེད། སོ་སོར་ཡོད་པ་དེ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་འདུག དེར་བརྟེན་ཁྱེད་རང་ཚོས་ནང་ཆོས་བགྲོ་གླེང་དང་གོ་བསྡུར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞོན་སྐྱེས་ཕྲུ་གུ་ཚོས་བོད་པའི་སྐད་ཆུང་དུས་ནས་ཤེས་པར་བྱ་རྒྱུ་དེ་གནད་འགག་འདུག
ང་ཕྱི་རྒྱལ་ལ་ཡོད་པའི་ཕྲུ་གུ་འགའ་ཤས་བོད་སྐད་མ་ཤེས་པའི་དཀའ་ངལ་ཞིག་ཡོང་གི་འདུག ག་ཚོད་ཐུབ་ཐུབ་ཀྱིས་ཟུར་དུ་བོད་སྐད་སློབ་རྒྱུའི་གོ་སྐབས་བྱུང་ན་ཡག་པོ་རེད། དེ་ལྟར་མ་བྱུང་ནའང་སོ་སོའི་ཁྱིམ་ཚང་ནང་བོད་སྐད་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ད་རེས་ཆི་ག་གོར་སློབ་གྲྭ་ཞིག་གི་ནང་སློབ་ཕྲུག་དྲག་འདེམས་བྱས་པའི་ནང་བོད་པའི་བུ་མོ་ཞིག་འདུག རྒྱ་གར་དུ་སྐྱེས་ནས་ཕ་མ་མཉམ་དུ་འདིར་ཚུར་སླེབས་ཏེ་སློབ་སྦྱོང་བྱས་པ་དེས་བོད་སྐད་ཡག་པོ་རྒྱག་གི་འདུག དབྱིན་ཇིའི་དེང་དུས་སློབ་སྦྱོང་ཚད་ལོང་པ་བྱས་ཏེ་སློབ་ཕྲུག་དྲག་གྲས་ཀྱི་ཁོངས་སུ་སླེབས་འདུག་པས་དེ་ལྟར་བྱས་ན་ཡག་པོ་འདུག བོད་སྐད་ཀྱང་ཤེས་པ་དང་བོད་པའི་དྲི་མ་ཆ་ཚང་ཡོད་པ་བྱས་ཐོག་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་དེ་འདྲ་བྱེད་དགོས་ཀྱི་འདུག་པས། ཁྱེད་རང་ཚོའི་སེམས་ལ་འཇོག་དགོས་བཀྲིས་བདེ་ལེགས།
དེ་བཞིན་ཞོར་དུ་གཅིག་བཤད་ན། ཁྱེད་རང་ཚོ་དགའ་པོ་ཡོང་མདོག་ཁ་པོ་རེད། ངོས་རང་འཆར་ཅན་ཕྱི་ཟླ་ ༤། ༥ ནང་ཨ་རིར་ཡོང་སྐབས་མེ་ཡོ་(Mayo Clinic)ཞེས་པའི་སྨན་ཁང་ཆེན་མོ་དེར་ངོས་སྔོན་མ་བརྟག་དཔྱད་བྱེད་རྒྱུ་འགོ་བཙུགས་ནས་ད་བར་ལོ་བདུན་ཙམ་ཕྱིན་པ་རེད། ད་རེས་འདིར་འཆར་ཅན་བརྟག་དཔྱད་ཞིབ་ཕྲ་བྱས་ཏེ་ལོ་བདུན་ནང་གཟུགས་པོར་འགྱུར་བ་གང་ཡང་ཕྱིན་མི་འདུག་པས་ཧ་ཅང་ཡག་པོ་འདུག ཅེས་བརྗོད་ཀྱི་འདུག ཁྱེད་རང་ཚོ་ཆང་མ་བློ་བདེ་པོ་དང་སེམས་སྐྱིད་པོ་བྱས་ནས་སྡོད་ཨང་། སེམས་གཏིང་ནས་རིག་པ་སྒྲིམ་ཏེ་ང་ཚོ་བོད་ལུང་པ་དེ་དཀའ་ངལ་ནང་ལྷུང་ཡོད་པ་དེ་མ་བརྗེད་པ་བྱས་ཏེ་རིག་པ་སྒྲིམ་དགོས། ཡང་རིག་པ་སྒྲིམ་སྟེ་སེམས་མ་སྐྱིད་པ་བྱེད་དགོས་མེད། སེམས་ལྷོད་ལྷོད་ངང་ནས་ཧུར་ཐག་བྱས་ཏེ་སྡོད་ཨང། ཞེས་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས།།
སྤྱི་ཟུར་ཉི་བཟང་ལགས་སྐུ་ཚེ་མ་ཟིན་པར་ནང་མི་སྤུན་མཆེད་རྣམས་ལ་སྤྱི་འཐུས་རྒྱུན་ལས་ནས་ཐུགས་གསོ་གནང་བ།
༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅།  །སྤྱི་ཟུར་ཉི་བཟང་ལགས་འདས་གྲོངས་སུ་གྱུར་བར་བོད་མི་སྤྱི་འཐུས་རྒྱུན་ལས་ཀྱིས་རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེའི་འཕྲིན་ཡིག་ཞིག་བཏང་བའི་ནང་འཁོད་དོན། མཚུངས་མེད་བོད་མི་མང་སྤྱི་ཟུར་འདས་པོ་ཉི་བཟང་མཆོག་གི་ནང་མི་ལྷན་རྒྱས་ལ།
ཆེད་འབུལ།
བོད་མི་མང་སྤྱི་འཐུས་ཟུར་པ་ཉི་བཟང་མཆོག་ཁ་ས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང། ཁྱེད་ནང་མི་ལྷན་རྒྱས་ཀྱང་དེ་བས་ཐུགས་ཡིད་གདུང་བ་ཆེན་པོའི་ངང་ཡོད་ངེས་ཀྱང། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་སྐྱེ་བའི་མཐའ་མར་འཆི་དགོས་པའི་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པ་གཞིར་བཅས་ཤིང། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་རྒྱ་ཆེའི་མང་ཚོགས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང། གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང། ཁྱེད་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཕེབས་འདུག་པ་དེ་དོན་དགོངས་མངའ་ཞུ།
ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༦ ལ་ ཕུལ།།
དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཨ་རི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གསུང་འཕྲིན་ཞིག་ཕུལ་བ།
༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༣ ཉིན་ཨ་རིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཝ་ཤིང་ཊོན་དུ་ཨ་རི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན།
རྣམ་པ་ཚོས་མཁྱེན་གསལ་ལྟར་འདས་པའི་ལོ་མང་རིང་ངས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བྱ་རྒྱུའི་སྐུ་ཚབ་ཚོགས་ཆུང་གི་འགོ་ཁྲིད་བྱས་ཡོད། འོན་ཀྱང་དེ་རིང་འདིར་ངས་གྲོས་མོལ་གྱི་བརྒྱུད་རིམ་ཐོག་ཡར་རྒྱས་ཇི་འདྲ་བྱུང་མིན་སྐོར་སྙན་གསེང་ཞུ་རྒྱུ་གང་ཡང་མེད། གང་ཡིན་བརྗོད་ན། གནད་དོན་དེའི་ཐོག་གསར་པ་ཞུ་རྒྱུ་གང་ཡང་མེད། རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་གྲོས་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ནང་པེ་ཅིང་དུ་བྱས་པ་རེད། ངའི་ངོས་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཇི་ཙམ་བྱས་ཀྱང་གྲོས་མོལ་བསྐྱར་མཐུད་བྱུང་ཐུབ་མེད། དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་བཞིན་པའི་སྐབས་འདིར་པེ་ཅིང་དང་རྡ་ས་གཉིས་ཀའི་ནང་འགོ་ཁྲིད་ལ་འཕོ་འགྱུར་འགྲོ་བཞིན་ཡོད། ང་རང་སྒེར་གྱི་མཐོང་ཚུལ་ཞུས་ན། རྒྱུ་མཚན་གཞན་ཞིག་གི་ཐོག་ནས་གྲོས་མོལ་བསྐྱར་གསོ་གང་མགྱོགས་ཡོང་རྒྱུའི་རེ་བ་མ་མཐོང་།
འོན་ཀྱང་ལས་དོན་དེའི་ཐོག་ངས་ལོ་ངོ་བཅུ་ཕྲག་རིང་འབད་བརྩོན་ཞུས་པར་བརྟེན། རྒྱ་བོད་མི་རིགས་གཉིས་ཀས་མོས་མཐུན་ཡོང་རྒྱུའི་གཉིས་སྨན་གྱི་ཐབས་ལམ་དེ་གྲོས་མོལ་གྱི་ཐབས་ལམ་འབའ་ཞིག་ཡིན་པ་དུས་ད་ལྟའང་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོས་མཁྲེགས་བཟུང་གི་བསམ་བློ་དོར་ཏེ་ཕུགས་རྒྱང་རིང་པོར་དམིགས་པའི་ཆབ་སྲིད་ཀྱི་ཆོད་སེམས་འཆང་རྒྱུར་ངར་རེ་བ་ཡོད། མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་དགོངས་བཞེས་དེ་ལ་ཆོད་སེམས་བརྟན་པོའི་ཐོག་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་སྐོར་ཡང་ཡང་གསུངས་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། འཐབ་རྩོད་ཚང་མར་མི་འདྲ་བའི་ཁྱད་ཆོས་རེ་ཡོད། བོད་མིའི་འཐབ་རྩོད་ཀྱི་ཁྱད་ཆོས་ནི་བོད་མི་རིགས་དང་བོད་བརྒྱུད་ནང་བསྟན། དེ་བཞིན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་དབར་བྱུང་རབས་ལོ་རྒྱུས་ཁྲོད་ཐུན་མིན་གྱི་འབྲེལ་བ་གཏིང་ཟབ་ཅིག་ཡོད་པ་ལས་བྱུང་བ་ཞིག་ཡིན།
ཕྱི་ལོ་ ༢༠༡༡ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཟིན་ནའང་། མགོན་པོ་གང་ཉིད་མཆོག་གི་སྐུའི་གསང་བ་གསུམ་གྱི་མཛད་འཕྲིན་གཞལ་བར་དཀའ་བའི་ཁྲོད་པཎྜི་ཏ་ནེ་རུ་མཆོག་དང་མའོ་ཙེ་ཏུང་ལ་སོགས་པའི་རྒྱལ་སྤྱིའི་མི་སྣ་གྲགས་ཅན་ཁག་དང་མཇལ་འཕྲད་མཛད་པ་དང། འཚེ་མེད་ཞི་བར་འགྱུར་བ་མེད་པའི་ཐུགས་སྐྱེད་དམ་བཅའ་བརྟན་པོ་འཆང་གནང་མཛད་བཞིན་པ། དེ་བཞིན་ཐ་མལ་པའི་སྣང་ངོར་སྐབས་རེ་བསམ་ཡུལ་ལས་འདས་པའི་མཛད་དཀའ་འཕྲད་པ་སོགས་སྐུའི་མྱོང་བ་ཁྱད་པར་བ་དུ་མ་ཞིག་ཡོད་པར་བརྟེན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་རྒྱའི་དབར་ལོ་ངོ་ ༦༠ ལྷག་གི་རིང་འཕྲད་བཞིན་པའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཆགས་ཡོད།
དེ་རིང་ངས་ཧ་ཅང་སེམ་འཚབ་བྱ་རྒྱུའི་བོད་རྒྱའི་དཀའ་རྙོག་དང་འབྲེལ་བའི་གནད་དོན་འགའ་ཤིག་སྐོར་གླེང་རྒྱུ་ཡིན། གནད་དོན་དེ་དག་ཐོག་བསམ་ཞིབ་མ་བྱས་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཆེད་གྲོས་མོལ་བྱ་རྒྱུའི་གཞི་རྩ་དེ་བཞིན་རྩ་རླག་ཏུ་འགྲོ་སྲིད། ང་རང་གཞོན་པའི་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་སྐྱབས་འོག་ཏུ་ཞབས་ཞུ་སྒྲུབ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་བ་མ་ཟད། ཉེ་ལམ་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་བོད་རྒྱ་གྲོས་མོལ་སྐབས་ཕྲན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མགྲིན་ཚབ་པའི་གཙོ་འགན་གྱི་ཚབ་ཞུས་ཏེ་འགན་ཁུར་དང་ལེན་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་།
ཕྲན་རང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་ཞིག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་གཅིག་ཡིན་པར་བརྟེན། འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་དང་གཞུང་གི་ལས་བྱེད་མཐོ་དམའ་འདྲ་མིན་དང་ལྷན་སེམས་ཐག་ཉེ་པོའི་ཐོག་ནས་འབྲེལ་བ་བྱུང་བ་མ་ཟད། རང་དབང་དང་མང་གཙོའི་ཁོར་ཡུག་ལྡན་པའི་རྒྱ་གར་ནང་འཚར་ལོངས་བྱུང་བ་དེས་ངའི་བསམ་བློར་བློ་སྐྱེས་དང་ཤུགས་རྐྱེན་གཏིང་ཟབ་ཅིག་ཐེབས་བྱུང་། ལྷག་པར་རྒྱ་གར་གྱི་ཆབ་སྲིད་པ་དང་ཤེས་ཡོན་མི་སྣ་གྲགས་གྲས་ཧ་ཅང་མང་པོ་ཞིག་ངོ་ཤེས་ཐོག་གྲོགས་འདྲིས་ཙམ་མིན་པར་དངོས་སུ་ལས་དོན་མང་པོའི་ཐོག་མཉམ་ལས་བྱ་རྒྱུའི་གོ་སྐབས་ཀྱང་ཐོབ་བྱུང།
འདི་ག་ཨ་རིའི་ནང་དུ་མཚོན་ན། ཕྲན་ནས་འགན་ཁུར་ཆེན་པོའི་ཐོག་ནས་ཧ་ལམ་ལོ་ ༢༥ རིང་བོད་དོན་འཐབ་རྩོད་བྱེད་བཞིན་པའི་སྐབས་སུའང་། མཁས་དབང་དང་གཞུང་འཛིན་མི་སྣ་ཙམ་མ་ཟད། ཨེ་ཤི་ཡ་དང་ལྷག་པར་རྒྱ་ནག་གི་ཆབ་སྲིད་དང་ཐད་ཀར་འབྲེལ་ཡོད་ཀྱི་ཨ་རིའི་གལ་ཆེའི་མི་སྣ་མང་པོ་ཞིག་དང་ངོ་ཤེས་ཆགས་ཡོད། དེའི་ཁྲོད་ཨ་རིའི་གཞུང་ཚབ་ཟུར་པ་སྐུ་ཞབས་རི་ཆཱཌ་ཧལ་བྷུ་རུག་(Richard Holbrooke)མཆོག་གིས་གཙོས་མང་པོ་ཞིག་གིས་ཕྲན་ལ་ཧ་ཅང་སེམས་ཐག་ཉེ་བོས་གྲོགས་སྒྲིག་ཐོག་ལམ་སྟོན་ཡང་གནང་བྱུང་བ་དེས་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང། ཕྲན་ནས་ལོ་ངོ་ ༣༠ རིང་གུང་ཁྲན་ཆབ་སྲིད་ཅུས་ཀྱི་ཚོགས་མི་གཙོ་བོར་གྱུར་བའི་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་འབྲེལ་སྒྲིག་བྱས་པ་དེས་ཀྱང་ཁོང་ཚོས་བསམ་ཚུལ་དང་རེ་དོགས་ཇི་འདྲ་ཡོད་མེད་དངོས་ར་འཕྲོད་ཐུབ་པ་བྱུང། ཉམས་མྱོང་དེ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀྲིན་ལས་བྱུང་བ་ཞིག་ཡིན་པ་དང། ཉམས་མྱོང་དེ་དག་ལ་བརྟེན། ཕྲན་ནས་༸གོང་ས་མཆོག་དང་བོད་མིའི་འཐབ་རྩོད་ཐོག་ཞབས་ཞུ་བསྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་བར་ངོས་འཛིན་ཞུ་འདོད་བྱུང། ཕྲན་གྱིས་རེ་བར་དེ་རིང་ངས་གང་བརྗོད་པའི་བསམ་ཚུལ་དེ་དག་ནང་ཚགས་ཀྱི་ཐོགས་ནས་གོ་བ་ལེན་རྒྱུ་དང། ཕྲན་རང་བོད་མི་ལས་བྱེད་རྒན་གྲས་ཤིག་ཡིན་པའི་ངོས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་དངོས་སུ་ཉམས་མྱོང་བྱུང་བར་བརྟེན། གཅིག་བྱས་ན་ད་ལྟའི་བོད་མིའི་ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་མཁན་ཚོ་ལས་བོད་མིའི་སྒྲིག་འཛུགས་སྐོར་མཐོང་ཐོས་ཀྱི་ཉམས་མྱོང་ཕྲན་བུ་མང་བ་ཡོད།
རྒྱ་བོད་མི་རིགས་གཉིས་དབར་གྱི་བྱུང་རབས་ལོ་རྒྱུས་ཀྱི་འབྲེལ་བ་དེ་དག་ཧ་ཅང་རྙོག་འཛིན་ཅན་ཞིག་ཡིན། དེར་བརྟེན་འབྲེལ་བ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྲིད་གཞུང་གསར་པ་དང་སྦྱར་ནས་ཕྱོགས་བསྡོམས་རྒྱག་ཐབས་མེད། གལ་ཏེ་དེ་ལྟར་བྱས་ཚེ་དོན་དངོས་ཇི་འདྲ་ཡིན་མིན་ལ་མ་ལྟོས་པར་མཐོང་ཕྱོགས་ལ་བྱུང་རབས་ལོ་རྒྱུས་སྐོར་སློབ་སྦྱོང་འདང་ངེས་ཤིག་བྱས་མེད་པའི་རྣམ་འགྱུར་དུ་འགྲོ་སྲིད། པེ་ཅིང་དུ་ཡོད་པའི་ང་ཚོའི་ཆོས་གྲོགས་ཚོས་དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་འགོ་ཁྲིད་ཚོར་བོད་དེ་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་བྱ་རྒྱུའི་ཆ་རྐྱེན་དུ་བོད་ཀྱི་འཐབ་རྩོད་དེར་རྒྱབ་སྐྱོར་བྱས་ཚེ། རྒྱ་ནག་གཅིག་གི་སྲིད་བྱུས་དང་འགལ་གྱི་ཡོད་པའི་ལམ་སྟོན་ནོར་བ་དེ་འདོན་བཞིན་ཡོད། སྲིད་བྱུས་དེ་བོད་ཐོག་སྦྱར་བ་དེ་ནོར་འཁྲུལ་རེད། ད་ལྟའི་རྒྱ་བོད་ཀྱི་འབྲེལ་བའི་རྐང་ཐུག་ས་དེ་ཕྱི་ལོ་ ༡༩༤༩།༡༩༥༠ ནང་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པ་དང་ཕྱི་ལོ་ ༡༩༥༡ ལོར་བོད་ཞི་བའི་བཅིངས་བཀྲོལ་གཏོང་ཆེད་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བོད་མིའི་ཐོག་བཙན་དབང་གིས་བཞག་རྗེས་བྱུང་བ་ཞིག་ཡིན།   སྐབས་འདིར་ཨེ་ཤི་ཡ་དང་ཡུ་རོབ། ཨ་རི། དེ་བཞིན་བཙན་བྱོལ་བོད་མིའི་འགོ་ཁྲིད་སོགས་ཀྱིས་གཙོས་རྒྱལ་ཁབ་མང་པོའི་སྲིད་གཞུང་ལ་བོད་དང་འབྲེལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇི་འདྲ་བཟུང་རྒྱུའི་འདམ་ཁ་རྒྱག་རྒྱུར་ཕན་གནོད་ཆེན་པོ་འབྲེལ་བའི་གནད་དོན་འགའ་ཞིག་ཞུ་འདོད་བྱུང་།   ངས་ཞུ་རྒྱུའི་གནད་དོན་ཧ་ཅང་གལ་ཆེན་པོ་གསུམ་ཡོད་པ་རྣམས་ནི།
༡༽ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་རྣམ་འགྱུར་སྟོན་ཕྱོགས།
༢༽ རྒྱ་ནག་གཞུང་གིས་བོད་མིའི་རང་སྐྱོང་གི་གནས་བབས་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས།
༣༽ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས། བཅས་ཡིན།
ཐོག་མར་ཕྲན་ནས་གོང་དུ་བརྗོད་ཟིན་པ་ལྟར་རྒྱལ་ཁབ་འགའ་རེར་འཕྲུལ་སྣང་དབང་གིས་བོད་ཐོག་གུ་ཡངས་དང་ཚད་ལྡན་གྱི་སྲིད་བྱུས་འཛིན་རྒྱུར་དཀའ་ངལ་འཕྲད་དེ་ཅི་བྱ་གཏོལ་མེད་དུ་གྱུར་བཞིན་ཡོད། འཕྲུལ་སྣང་དེ་ངས་གསལ་བཤད་ཞུ་རྒྱུ་དང། འཕྲུལ་སྣང་དེ་སྤྱིར་སྟངས་ཡོངས་གྲགས་ཤིག་ཆགས་ཡོད་ཀྱང་དེར་གོ་བ་ལོག་བསྒྲུབ་བྱེད་བཞིན་ཡོད་པ་ནི། རྒྱ་ནག་གཅིག ཅེས་པའི་སྲིད་བྱུས་དེ་ཡིན། རྒྱ་ནག་གཞུང་གིས་སྲིད་བྱུས་དེ་ཡོངས་གྲགས་བྱས་པ་ནི་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲིམས་མཐུན་གྱིས་རྟོགས་ཞིབ་དང་ཐེ་བྱུས་བྱ་རྒྱུ་སོགས་ལ་འགོག་རྐྱེན་བཟོ་ཆེད་ཡིན།
ཁྱེད་ཚོས་མཁྱེན་དགོས་པ་ཞིག་ལ་རྒྱ་ནག་གཅིག ཅེས་པའི་སྲིད་བྱུས་དེ་ཕྱི་ལོ་ ༡༩༧༠ འགོ་སྟོད་སྐབས་བཟོས་པ་ཞིག་རེད། སྲིད་བྱུས་དེ་ཨ་རིའི་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་འགོ་འཛུགས་བྱ་རྒྱུ་ཙམ་མ་ཟད། རྒྱ་ནག་དང་འབྲེལ་བའི་ཐེ་ཝན་གྱི་གནད་དོན་ཐོག་ཨ་རིའི་ལངས་ཕྱོགས་ཇི་ཡིན་གྱི་རྣམ་པ་གསལ་སྟོན་ཆེད་བེད་སྤྱོད་བྱས་ཡོད། རྒྱ་ནག་དམར་པོའི་འགོ་ཁྲིད་ཚོས་ཨ་རིའི་སྲིད་གཞུང་ལ་ཐེ་ཝན་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་བཟོ་དགོས་པའི་དགོས་འདུན་བཏོན་པར། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་རི་ཆ་ཌ་ནིག་སོན་མཆོག་དང་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལས་རོགས་སྐུ་ཞབས་ཧན་རི་ཀི་སིང་གར་རྣམ་གཉིས་ཀྱིས་རྒྱ་ནག་གི་སྲིད་བློན་ཊའུ་ཨན་ལའི་དང་དམར་པོའི་གཙོ་འཛིན་མའོ་ཙེ་ཏུང་གཉིས་དང་ཐུག་འཕྲད་ཀྱིས་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གཉིས་ཀྱི་ལངས་ཕྱོགས་འཛིན་གྱི་མེད་སྐོར་གསལ་བཤད་གནང་ཡོད།  ཕྱི་ལོ་ ༡༩༧༢ ལོར་ཤང་ཧེ་གསལ་བསྒྲགས་ནང་དུ་ཨ་རིས་ཐབས་མཁས་ཐོག་ནས་ཐེ་ཝན་མཚོ་གླིང་གི་ཕྱོགས་གཉིས་སུ་གནས་པའི་རྒྱ་རིགས་ཚང་མས་རྒྱ་ནག་གཅིག་ལས་མེད་པ་དང་ཐེ་ཝན་དེ་བཞིན་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་པའི་ལངས་ཕྱོགས་དེར་ཨ་རིས་དགག་བྱ་གང་ཡང་ཞུ་རྒྱུ་མིན། ཞེས་འཁོད་ཡོད། རྒྱ་ནག་གཅིག ཅེས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་པར་བརྟེན་ཕྱི་ལོ་ ༡༩༧༩ ཕྱི་ཟླ་ ༡ ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རིའི་དབར་ཟུང་འབྲེལ་གསལ་བསྒྲགས་ཐོག་ནས་གཞུང་འབྲེལ་གྱི་འབྲེལ་ལམ་འཛུགས་ཐུབ་པ་མ་ཟད། ལོ་དེར་ཨ་རིའི་གྲོས་ཚོགས་སུ་ཐེ་ཝན་དང་འབྲེལ་ལམ་བྱ་རྒྱུའི་གྲོས་ཆོད་ཀྱང་བཞག་ཐུབ་པ་བྱུང་ཡོད།  ཕྱི་ལོ་ ༡༩༧༩ ལོའི་གྲོས་མཐུན་ནང་ཨ་རིས་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ཁོ་ན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པར་ངོས་འཛིན་བྱས་ཡོད། རྒྱ་ནག་གཅིག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་འགལ་བའི་ཐོག་ནས་ཐེ་ཝན་དང་འབྲེལ་ལམ་བྱ་རྒྱུའི་གྲོས་ཆོད་བཞག་པ་བརྒྱུད། ཐེ་ཝན་གྱི་ད་ལྟའི་གནས་བབས་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་འཁོད་ཡོད། ཨ་རིའི་སྲིད་གཞུང་རིམ་པས་རྒྱ་ནག་གཅིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་བཞིན་ཡོད་པ་བསྐྱར་ནན་ལན་མང་བྱས་ཡོད་པ་མ་ཟད།
སྐབས་རེ་གོང་བརྗོད་ཨར་རྒྱའི་ཟུང་འབྲེལ་གསལ་བསྒྲགས་དེ་ལུང་འདྲེན་བྱས་པ་དང། ཡང་ན་ཐེ་ཝན་གྱི་གནས་བབ་ཐོག་འགྱུར་བ་མེད་པའི་ལངས་ཕྱོགས་སོགས་ཀྱང་ལུང་འདྲེན་བྱས་ཡོད། རྒྱ་ནག་གཅིག ཅེས་པའི་ཆབ་སྲིད་དེ་བཞིན་ཨར་རྒྱ་དང་། ཨ་རི་དང་ཐེ་ཝན་དབར་གྱི་འབྲེལ་ལམ་ལ་དམིགས་ཏེ་གཏན་འབེབས་བྱས་པ་ཞིག་ཡིན་ནའང་། པེ་ཅིང་སྲིད་གཞུང་གིས་རྒྱལ་ཁབ་སུ་འདྲ་ཞིག་དང་གཞུང་འབྲེལ་གསར་འཛུགས་བྱས་པའམ། ཡང་ན་འབྲེལ་ལམ་རྒྱུན་སྲིང་བྱེད་སྐབས་རྒྱ་ནག་གཅིག་གི་སྲིད་བྱུས་དེར་ངོས་ལེན་བྱེད་དགོས་པའི་དགོས་འདུན་ཤུགས་ཆེ་འདོན་བཞིན་ཡོད། གླེང་སློང་འདི་བོད་དང་འབྲེ་བ་གང་ཡོད། རྒྱ་བོད་འབྲེལ་ལམ་གྱི་གཞི་རྩ་འཛིན་ས་གཟིགས་དགོས་ན།  གོང་བརྗོད་གྲོས་མཐུན་དོན་ཚན་བཅུ་བདུན་ལས་ཕྱི་ལོ་ ༡༩༧༢ ལོར་བཞག་པའི་ཤང་ཧེའི་ཨར་རྒྱའི་ཟུང་འབྲེལ་གསལ་བསྒྲགས་དེ་མིན། ངས་རྒྱ་ནག་གཅིག་གི་ཆབ་སྲིད་ལངས་ཕྱོགས་དེ་བོད་དང་འབྲེལ་བ་ཆགས་ཀྱི་མེད་པའི་སྐོར་ཞུ་འདོད་བྱུང། ང་ཚོས་རྒྱ་ནག་གི་སྲིད་གཞུང་མཚོན་གྱི་ཡོད། ཅེས་བོད་མིའི་སྲིད་གཞུང་སུས་ཀྱང་ནམ་ཡང་བརྗོད་མྱོང་མེད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བསྟོན་པའི་རྒྱ་ནག་གཅིག་གི་ཆབ་སྲིད་ལངས་ཕྱོགས་དང། ཐེ་ཝན་དེ་བཞིན་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་སྐོར་དེ་བོད་དང་འབྲེལ་བ་གང་ཡང་ཆགས་ཀྱི་མེད། རང་བཙན་གྱི་ལོ་རྒྱུས་ཡོད་པའི་བོད་ཀྱི་བྱུང་རབས་ཐོག་ང་ཚོ་དང་རྒྱ་ནག་དབུ་ཁྲིད་དབར་བསམ་ཚུལ་མི་མཐུན་པ་ཡོད་ཀྱང། ཁྱེད་རྣམ་པས་གསལ་པོར་མཁྱེན་གསལ་ལྟར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐུགས་ཀྱི་འཆར་སྣང་དང་བཀའ་སློབ་བཅས་ཚང་མའི་ནང་བོད་ཀྱི་གནད་དོན་སེལ་ཆེད་ད་ཡོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་རྒྱ་ནག་གོང་བུ་ཆིག་སྒྲིལ་ལ་རྩིས་སྲུང་བྱེད་དགོས་པ་གསལ་ཡོད། ཐབས་ལམ་དེ་ལག་བསྟར་ཡོང་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་སྤྲོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད་ཅེས་སོགས་འཁོད་ཡོད།
གསུང་འཕྲིན་ངོ་མ་དབྱིན་ཡིག་ནང་ཡོད་པ་ནས་ཕབ་བསྒྱུར་ཞུས་པས་དེར་རྩ་འཛིན་ཡོང་བ་ཞུ།།
༸གོང་ས་མཆོག་གིས་ཁེ་ན་ཌའི་སྲིད་བློན་མཆོག་དང་མཇལ་འཕྲད་མཛད་པ།
༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝ་སི་ཝིག་སན་ཊར་ Ottawa Civic Center ཞེས་པའི་ཚོགས་ཁང་ནང་དུ་བོད་མི་རྣམས་ལ་བླང་དོར་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་གིས་ཁེ་ཎ་ཌ་རྒྱལ་ཡོངས་གསར་ཤོག་དུས་དེབ་མེཀ་ལིན་ Macleans ཞེས་པའི་གསར་འགོད་པ་པོལ་ཝེལ་སི་ Paul Wells.ཞེས་པའི་དྲི་བར་བཀའ་ལན་སྩལ། ཉིན་གུང་ལྗགས་སྨིན་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་འཇིག་རྟེན་ཡོངས་ལ་སྨན་པའི་བཟང་སྤྱོད་“ Ethics for the Whole World,”ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་གྲངས་ ༧༠༠༠ བརྒལ་བར་བཀའ་སློབ་སྩལ་ཡོད། སྐབས་དེར་ཐོག་མར་༸གོང་ས་མཆོག་ཚོགས་ཁང་དུ་༸ཞབས་སོར་འཁོད་བསྟུན། ཁེ་ན་ཌ་བོད་ཀྱི་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་ཉི་མ་རྡོ་རྗེ་ལགས་ཀྱིས་ལོ་ལྔ་ཚན་གཅིག་གི་ནང་རྒྱ་གར་གྱི་ས་ཁུལ་ཨ་རུ་ན་ཅལ་ཁོངས་ནས་ཁེ་ན་ཌར་བོད་མི་ ༡༠༠༠ གནས་སྤོ་བྱ་རྒྱུའི་ལས་གཞིའི་སྐོར་སྙན་སྒྲོན་ཞུས་པ་མ་ཟད། ཐེངས་འདིའི་༸གོང་ས་མཆོག་གིས་ཁེ་ཎ་ཌའི་ཁུལ་གྱི་མཛད་འཕྲིན་སྐབས་དངུལ་གང་བྱུང་བ་རྣམས་ནས་ཆ་ཤས་ཤིག་ལས་གཞི་དེར་འགྲོ་གྲོན་དུ་གསོལ་རས་སྩལ་རྒྱུའི་ཞལ་བཞེས་ཐོབ་སྐོར་སོགས་མི་མང་ལ་ངོ་སྤྲོད་ཞུས། དེ་རྗེས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆ་ཌ་གེར་ (Richard Gere) མཆོག་གིས་མང་ཚོགས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དུས་རབས་ ༢༠ དེ་བཞིན་འཚེ་བའི་དུས་རབས་ལྟ་བུ་ཆགས་ཟིན། ལོ་རྒྱུས་སྨྲ་བ་འགའ་ཤས་ཀྱིས་བརྗོད་པར་གཞིགས་ན་དུས་རབས་ ༢༠ ནང་མི་གྲངས་ས་ཡ་ ༢༠༠ དམར་གསོད་བཏང་ཡོད་སྐོར་བརྗོད་བཞིན་ཡོད། དམག་འཁྲུག་སྐབས་དཀའ་ངལ་ཚད་མེད་བྱུང་བའི་ཉམས་མྱོང་ལ་རྟེན་རིམ་བཞིན་མི་མང་ཚོས་དམག་འཁྲུག་ཐོག་ནས་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དཀའ་ངལ་འཕར་མ་བཟོ་བཞིན་ཡོད་པར་བརྟེན། ཨ་རིས་ཨི་རག་ལ་དམག་འཁྲུག་གི་གྲ་སྒྲིག་བྱེད་སྐབས་འཛམ་གླིང་ཡོངས་ཀྱི་མང་ཚོགས་རྣམས་ཀྱིས་ངོ་རྒོལ་ཤུགས་ཆེན་པོ་བྱས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་གིས་མང་ཚོགས་ཀྱི་དྲི་བ་ཁག་གཅིག་ལ་བཀའ་ལན་ཡང་སྩལ་ཡོད། དེ་ནས་༸གོང་ས་མཆོག་གིས་ཁུལ་དེར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པར་ཕེབས་པའི་སྐུ་མགྲོན་རྣམ་པར་ཉིན་གུང་གསོལ་ཚིགས་ཤིག་གསོལ་རས་སྩལ། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་གསར་འགོད་ལྷན་ཚོགས་སུ་བཀའ་སློབ་སྩལ་རྗེས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ།
སྐབས་དེར་གསར་འགོད་པ་གཅིག་གིས་ཕྱི་ཚེས་ ༢༧ ཉིན་༸གོང་ས་མཆོག་གིས་ཁེ་ན་ཌའི་སྲིད་བློན་སི་ཊེ་ཕན་ཧར་པར་ Stephen Harper མཆོག་དང་མཇལ་འཕྲད་སྐབས་བཀའ་མོལ་ཇི་བྱུང་སྐོར་གྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་ཀྱིས་སྲིད་བློན་མཆོག་ལ་ཁ་ན་ཌའི་ཁུལ་དུ་དེ་སྔ་གཞི་ཆགས་ཟིན་པའི་ཁར་བོད་མི་གྲངས་ ༡༠༠༠ ཞིག་ཁེ་ན་ཌར་གནས་སྤོ་བྱ་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བྱུང། དངོས་འབྲེལ་བྱས་ན་བོད་མི་དེ་དག་བལ་ཡུལ་ཁུལ་ནས་གནས་སྤོ་བྱ་རྒྱུའི་འཆར་གཞི་ཡོད་ནའང་བལ་ཡུལ་གཞུང་ཕྱོགས་ནས་མཛད་དཀའ་གཟིགས་ཏེ་དེ་ལྟར་མ་བྱུང་བར་བརྟེན། བོད་མི་དེ་དག་རྒྱ་གར་ནས་ལེན་རྒྱུ་བྱས་པ་རེད། ཅེས་བཀའ་སྩལ་བ་མ་ཟད། དྲི་བ་དེར་མུ་མཐུད་བཀའ་ལན་སྩལ་དོན། སྲིད་བློན་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་དཔལ་འབྱོར་གྱི་འབྲེལ་ལམ་ཧ་ཅང་ཉེ་པོ་ཡོད་པར་བརྟེན། མཛད་དཀའ་ཧ་ཅང་ཡོད་མིན་ལ་མ་ལྟོས་པར་ད་རེས་མཇལ་འཕྲད་གནང་ཐུབ་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་ཡིན། གང་ཡིན་བརྗོད་ན་དེ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། དཔལ་འབྱོར་དང་ཚོང་གི་གནས་ཚུལ་དེ་གཞན་ཞིག་རེད། མང་གཙོའི་རིན་ཐང་དེ་གནས་ཚུལ་གཞན་ཞིག་ཡིན། དེར་བརྟེན་སྲིད་བློན་མཆོག་གིས་རྒྱ་ནག་དང་འབྲེལ་ལམ་ཉེ་པོ་བྱེད་བཞིན་པའི་ཁར་སྲིད་བློན་རང་ཉིད་ཀྱིས་མང་གཙོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ལངས་ཕྱོགས་དེར་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་བྱས་པ་ཞིག་ཆགས་ཡོད། ཅེས་བཀའ་ལན་སྩལ་བ་མ་ཟད། ཞལ་ཤོབ་དང་སྦྲགས་སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་སྲིད་བློན་མཆོག་ལ་ངའི་སྲིད་བློན་ཞེས་ཞུས་ཡོད་སྐོར་བཀའ་ལན་སྩལ། ༸གོང་ས་མཆོག་ས་ཕྱོགས་གང་དུ་ཆིབས་སྒྱུར་བསྐྱངས་ནའང་ཁུལ་དེའི་མི་མང་གིས་གུས་བསྐུར་དང་ཡི་རང་ཞུ་བ་མ་ཟད། ཡུལ་ལུང་དེ་དག་གི་དབུ་འཛིན་ཚོས་མཇལ་འཕྲད་ཞུ་བཞིན་ཡོད་པ་ལྟར་ཐེངས་འདིར་ཡང་རྒྱ་ནག་གཞུང་ཕྱོགས་ཀྱིས་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་ཁེ་ན་ཌའི་བློན་ཆེན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གསུང་མོལ་མཛད་ཡོད། མཇལ་འཕྲད་གྲུབ་བསྟུན་༸གོང་ས་མཆོག་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་གར་དུ་ཆིབས་༸ཞལ་རྒྱུར་ཡོད་པ་བཅས།།
ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་གསར་འདེམས་གསལ་བསྒྲགས།
༄༅། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ཆེད་དུ་ཁྲིམས་དྲུང་གསར་འདེམས་དགོས་གལ་ལ་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༥༣ པ་དང༌། ༥༤ པ། ༥༦ པ་བཅས་ཀྱི་ཆ་རྐྱེན་འོག་ཐད་བསྐོ་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ས་གནས་ཁྲིམས་དྲུང་གི་ཞབས་ཞུ་གནང་འདོད་ཡོད་རིགས་ནས་དུས་ཐོག་འཚང་སྙན་འབུལ་གནང་དགོས་རྒྱུ།
༡༽ ས་མིག ས་གནས་ཁྲིམས་དྲུང་གི་ས་མིག་ཐོག་དྲུང་ལས་གནས་རིམ་ཅན་གྲངས་ ༢ ཡོད།
༢༽ དགོས་ངེས་ཀྱི་ཆ་རྐྱེན།
༡)	མ་མཐར་མཐོ་རིམ་སློབ་གྲྭ་ཞིག་ནས་ LLB, BA  ཐོན་པའམ། དེ་དག་དང་གནས་ཚད་མཉམ་པའི་ཤེས་ཚད་ལག་ཁྱེར་དགོས་པ་ཡིན།
༢)	རང་ལོ། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣༡ བར་རང་ལོ་ ༢༥ ལས་མི་ཉུང་ཞིང༌། ༤༥ ལས་མ་བརྒལ་བ་དགོས་རྒྱུ།
༣༽ མཐུན་རྐྱེན།
༡)	བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་རིགས་འདེམས་སྒྲུག་ནང་ཚུད་པ་ཡིན་ན་འདས་པའི་ཞབས་ལོ་རྩིས་འགྲོ་གཏོང་རྒྱུ་ཡིན།
༢)	ས་གནས་ཁྲིམས་དྲུང་གི་ས་མིག་གཞིར་བཟུང་ཕོགས་དང༌། ཐོབ་ཐང་གཞན་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་གཞོན་ལས་ཚབ་སྤྱི་མཚུངས་ཐོབ་རྒྱུ།
༣)	LLB ཐོན་པའི་ལག་ཁྱེར་ཡོད་པར། དོ་བདག་སོ་སོའི་རྒྱུགས་འཕྲོད་གྲུབ་འབྲས་སྟེང་ཨང་ཀི་ ༥ དང༌། ཁྲིམས་ཞིབ་ཁང་ངམ། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ནང་ལས་ཀའི་ཉམས་མྱོང་ལོ་ ༢ ཧྲིལ་པོ་ཡན་ལོན་པ་དང༌།  བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་དང་ཉམས་མྱོང་ཡོད་རིགས་བཅས་ལ་དོ་བདག་སོ་སོའི་རྒྱུགས་འཕྲོད་གྲུབ་འབྲས་སྟེང་ཨང་ཀི་ ༥ རེ་དམིགས་བསལ་འཕར་སྣོན་གནང་རྒྱུ།
༣༽ འདེམས་རྒྱུགས།
ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༥༤ དགོངས་དོན་འདེམས་རྒྱུགས་ཚོགས་ཆུང་ཟུར་འཛུགས་ཀྱིས་བོད་དབྱིན་གཉིས་ཀྱི་འབྲི་རྒྱུགས་དང༌། ངག་རྒྱུགས་ཀྱི་ལམ་ནས་ལེན་རྒྱུ།
༤༽ འཚང་སྙན་མཉམ་དུ་ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་གང་རུང་གིས་དག་མཆན་འཁོད་པའི་ཡིག་ཆ་འབུལ་དགོས་པ་གཤམ་གསལ།
ཀ)	རང་ཉིད་ཀྱི་ད་ལྟའི་ཕྱེད་པར་གཉིས་རེ་དང༌།
ཁ)	ཤེས་ཚད་ཨང་ཤོག་དང་ལག་ཁྱེར་གྱི་ངོ་བཤུས།
ག)	དཔྱ་ཁྲལ་འབུལ་འབབ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
ང)	གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གྱི་ངོ་བཤུས།
ཅ)	བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ངམ། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར།
ཆ)	སྐྱེས་ཚེས་ལག་ཁྱེར་ཡོད་ན་དང༌། དེ་མིན་འཛིན་རིམ་བཅུ་པའི་ལག་ཁྱེར་གྱི་ངོ་བཤུས།
ཇ)	རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར།
ཉ)	བོད་མིའི་སྒྲིག་འཛུགས་སམ། སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་བྱེད་པ་ཡིན་མུས་ཤིག་ཡིན་ཚེ་འབྲེལ་ཡོད་འགན་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་བཅས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་སམ། འབྲེལ་བ་གནང་བདེའི་ཁ་བྱང་དང༌།  ཁ་པར་ཨང་གྲངས། དྲ་འཕྲིན་ (E-mail) ཁ་བྱང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་སྤྱི་ཁྱབ་ཁྲིམས་དྲུང་གི་མིང་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་འབྱོར་རིགས་ལ་བདག་སྤྲོད་གནང་རྒྱུ་མིན།
འཚང་སྙན་དང་རྒྱབ་རྟེན་ཡིག་ཆ་ཆ་ཚང་གོང་གསལ་དུས་བཀག་ནང་ཕུལ་འབྱོར་བྱུང་རིགས་ལ་འདི་ལས་ནས་ཞིབ་འཇུག་དང་འབྲེལ་ཆ་རྐྱེན་ཚང་རིགས་རྣམས་ལ་ཟུར་དུ་འཚང་རྒྱུགས་ཆེད་འབོད་འགུགས་བྱ་རྒྱུ་དང༌། འཚང་རྒྱུགས་སུ་ངོ་བཅར་སྐབས་དགོས་མཁོའི་ཡིག་ཆ་ངོ་མ་མཉམ་འཁྱེར་དང་འབྲེལ་འབྱོར་ཐོ་འགོད་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣༠ ལ།།
Secretary General
Tibetan Supreme Justice Commission
Gangchen Kyishong
Dharmshala 176215 Distt. Kangra (H.P.)
Tel: 01892- 224964  Fax: 01892- 225099
E-mail:  ctatsjc@gmail.com
ས་གནས་ཁྲིམས་ཞིབ་པ་གསར་འདེམས་གསལ་བསྒྲགས།
༄༅། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ཆེད་དུ་ས་གནས་ཁྲིམས་ཞིབ་པ་གསར་འདེམས་དགོས་གལ་ལ་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༢༧ པའི་ཆ་རྐྱེན་འོག་ཐད་བསྐོ་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ས་གནས་ཁྲིམས་ཞིབ་པའི་ཞབས་ཞུ་གནང་འདོད་ཡོད་རིགས་ནས་དུས་ཐོག་འཚང་སྙན་འབུལ་གནང་དགོས་རྒྱུ།
༡༽ ས་མིག ས་གནས་ཁྲིམས་ཞིབ་པའི་ས་མིག་ཐོག་ཟུང་འབྲེལ་དྲུང་ཆེའི་གནས་རིམ་ཅན་གྲངས་ ༢ ཡོད།
༢༽ དགོས་ངེས་ཀྱི་ཆ་རྐྱེན།
མ་མཐར་མཐོ་རིམ་སློབ་གྲྭ་ཞིག་ནས་ LLB, BA ཐོན་པའམ། དེ་དག་དང་གནས་ཚད་མཉམ་པའི་ཤེས་ཚད་ལག་ཁྱེར་དགོས་པ་ཡིན།
རང་ལོ། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣༡ བར་རང་ལོ་ ༣༠ ཧྲིལ་པོ་ལོན་པ་ཞིག་ཡིན་དགོས།
༣༽ མཐུན་རྐྱེན།
བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་རིགས་འདེམས་སྒྲུག་ནང་ཚུད་པ་ཡིན་ན་འདས་པའི་ཞབས་ལོ་རྩིས་འགྲོ་གཏོང་རྒྱུ་ཡིན།
ས་གནས་ཁྲིམས་ཞིབ་པའི་ས་མིག་གཞིར་བཟུང་ཕོགས་དང༌། ཐོབ་ཐང་གཞན་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ལས་འཕར་སྤྱི་མཚུངས་ཐོབ་རྒྱུ།
LLB ཐོན་པའི་ལག་ཁྱེར་ཡོད་པར། དོ་བདག་སོ་སོའི་རྒྱུགས་འཕྲོད་གྲུབ་འབྲས་སྟེང་ཨང་ཀི་ ༥ དང༌། ཁྲིམས་ཞིབ་ཁང་ངམ། གཅིག་ལྕོགས་ས་གནས་ཁྲིམས་ཁང་ནང་ལས་ཀའི་ཉམས་མྱོང་ལོ་ ༢ ཧྲིལ་པོ་ཡན་ལོན་པ་དང༌། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་དང་ཉམས་མྱོང་ཡོད་རིགས་བཅས་ལ་དོ་བདག་སོ་སོའི་རྒྱུགས་འཕྲོད་གྲུབ་འབྲས་སྟེང་ཨང་ཀི་ ༥ རེ་དམིགས་བསལ་འཕར་སྣོན་གནང་རྒྱུ།
༣༽ འདེམས་རྒྱུགས།
ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༥༤ དགོངས་དོན་འདེམས་རྒྱུགས་ཚོགས་ཆུང་ཟུར་འཛུགས་ཀྱིས་བོད་དབྱིན་གཉིས་ཀྱི་འབྲི་རྒྱུགས་དང༌། ངག་རྒྱུགས་ལེན་རྒྱུ།
༤༽ འཚང་སྙན་མཉམ་དུ་ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་གང་རུང་གིས་དག་མཆན་འཁོད་པའི་ཡིག་ཆ་འབུལ་དགོས་པ་གཤམ་གསལ།
ཀ) རང་ཉིད་ཀྱི་ད་ལྟའི་ཕྱེད་པར་གཉིས་རེ་དང༌།
ཁ) ཤེས་ཚད་ཨང་ཤོག་དང་ལག་ཁྱེར་གྱི་ངོ་བཤུས།
ག) དཔྱ་ཁྲལ་འབུལ་འབབ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
ང) གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གྱི་ངོ་བཤུས།
ཅ) བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ངམ། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར།
ཆ) སྐྱེས་ཚེས་ལག་ཁྱེར་ཡོད་ན་དང༌། དེ་མིན་འཛིན་རིམ་བཅུ་པའི་ལག་ཁྱེར་གྱི་ངོ་བཤུས།
ཇ) རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར།
ཉ) བོད་མིའི་སྒྲིག་འཛུགས་སམ། སྡེ་ཚན་གང་རུང་ནང་ལས་བྱེད་པ་ཡིན་མུས་ཤིག་ཡིན་ཚེ་འབྲེལ་ཡོད་འགན་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས་པ་ཡིན།
གོང་གསལ་ཡིག་ཆ་ཁག་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ འགྱངས་མེད་ཁྱིམ་གཞིས་སམ། འབྲེལ་བ་གནང་བདེའི་ཁ་བྱང་དང༌། ཁ་པར་ཨང་གྲངས། དྲ་འཕྲིན་ (E-mail) ཁ་བྱང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་སྤྱི་ཁྱབ་ཁྲིམས་དྲུང་གི་མིང་བྱང་ཐོག་ཕུལ་འབྱོར་ཐུབ་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་ལ་བདག་སྤྲོད་གནང་རྒྱུ་མིན།
འཚང་སྙན་དང་རྒྱབ་རྟེན་ཡིག་ཆ་ཆ་ཚང་གོང་གསལ་དུས་བཀག་ནང་ཕུལ་འབྱོར་བྱུང་རིགས་ལ་འདི་ལས་ནས་ཞིབ་འཇུག་དང་འབྲེལ་ཆ་རྐྱེན་ཚང་རིགས་རྣམས་ལ་ཟུར་དུ་འཚང་རྒྱུགས་ཆེད་འབོད་འགུགས་བྱ་རྒྱུ་དང༌། འཚང་རྒྱུགས་སུ་ངོ་བཅར་སྐབས་དགོས་མཁོའི་ཡིག་ཆ་ངོ་མ་མཉམ་འཁྱེར་དང་འབྲེལ་འབྱོར་ཐོ་འགོད་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣༠ ལ།།
Secretary General
Tibetan Supreme Justice Commission
Gangchen Kyishong
Dharmshala 176215 Distt. Kangra (H.P.)
Tel: 01892- 224964 Fax: 01892- 225099
E-mail: ctatsjc@gmail.com
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ལྷན་ཚོགས་གནང་བ།
༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ཉིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ལས་ཁང་དང་། ཁེ་ན་ཌ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཐུན་མོང་ནས་གོ་སྒྲིག་ཐོག་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་ཁེ་ན་ཌའི་གཞུང་གི་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་ཡུལ་གྲུ་ཁག་ ༣༠ ནས་གྲོས་ཚོགས་འཐུས་མི་ཁག་ ༥༠ ཙམ་དང་ཕྱག་རོགས། དེ་བཞིན་བཀའ་བློན་ཁྲི་པ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གཙོས་སྤྱི་འཐུས་རྣམ་པ་དང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་ཡུ་རོབ་སྐུ་ཚབ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དང་སྐུ་ཚབ་དོན་གཅོད་རྣམ་པ། གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་ཉིན་གསུམ་རིང་གི་ཚོགས་ཆེན་ཐོག་བོད་དོན་གླེང་སློང་གསུང་བཤད་གནང་མཁན། མི་རིགས་དང་ཚོགས་པ་འདྲ་མིན་གྱི་མཁས་དབང་བཅས་ཁྱོན་མི་གྲངས་ ༡༢༠ བརྒལ་བ་འདུ་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་ཆེན་དེར་དབུ་བཞུགས་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་དབུ་འཛུགས་གནང་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་མར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌི་ནི་ནོ་ (Di Nino) མཆོག་གིས་ཚོགས་ཆེན་དུ་བཅར་བའི་སྐུ་ཚབ་རྣམས་ལ་འཚམས་འདྲི་དང་ཕེབས་བསུའི་གསུང་བཤད་གནང་ཡོད།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་འདི་ནི་དེ་སྔོན་དང་མི་འདྲ་བར་དམིགས་བསལ་གལ་འགངས་ཆེན་པོ་ཞིག་ཆགས་བཞིན་ཡོད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་རྫོགས་པ་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་པའི་རྗེས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་འདྲ་ཞིག་ཆགས་བཞིན་པའི་སྐབས་འདིར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌི་ནི་ནོ་ (Di Nino) མཆོག་གི་གཙོས་གྲོས་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག་ཚོགས་འདུ་འདི་སྐོང་ཚོགས་གནང་ཐུབ་ཡོད། ཁེ་ན་ཌ་ནི་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་ཁེ་ན་ཌའི་མི་སེར་དང་ཕྱི་མི་ཞིབ་བཤེར་བློན་ཆེན་ཇི་སོན་ཀེན་ནི་ (Jason Kenney) མཆོག་གིས་འཚམས་འདྲི་དང་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་ཁབ་འདིའི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་ཕུལ་བའི་སྐྱེས་ཆེན་ཞིག་ཡིན་པས་ད་རེས་སླར་ཡང་འདི་ཕྱོགས་ཆིབས་སྒྱུར་བསྐྱངས་པར་དགའ་བསུ་ཞུ་བཞིན་ཡོད། ཅེས་ཕེབས་བསུའི་གསུང་བཤད་དང་དེ་བཞིན་ཁོང་གིས་དེ་སྔ་ངས་ཁེ་ན་ཌའི་གཞུང་ཕྱོགས་ནས་བོད་དོན་ཆབ་སྲིད་ཐོག་དོ་སྣང་དང་ཐུགས་ཁུར་གནང་སྟེ་བོད་རྒྱ་གཉིས་བར་རྒྱ་ཕྱོགས་ནས་འབྲེལ་མོལ་གནང་དགོས་སྐོར་དང་།
དེ་བཞིན་བོད་མི་མང་པོ་ཞིག་ཁེན་ཌར་འབྱོར་ཡོད་པ་རྣམས་ལ་རོགས་ཕན་དང་ད་དུང་མུ་མཐུད་གནང་རྒྱུའི་ལས་འཆར་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ནན་སི་པི་ལོ་སི་མཆོག་གི་སྐུ་ཚབ་ཆེད་གཏོང་གནང་སྟེ་བརྡ་ལན་ཞིག་བསྐུར་ཡོད་པའི་ནང་འཁོད་དོན། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་རྩ་དོན་དང་འཕྲལ་གྱི་དཀའ་ངལ་སོགས་ལ་རྒྱབ་སྐྱོར་དང་དཀའ་ངལ་དེ་དག་སེལ་ཐབས་གནང་ཡོད་པ་དང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་ནང་གི་བོད་མིའི་ཆོས་དད་དང་ཆབ་སྲིད་ཀྱི་རང་དབང་ལ་རྒྱ་ནག་གཞུང་ཕྱོགས་ནས་གུས་བཀུར་དགོས་སྐོར་གྲོས་ཆོད་གཏན་འབེབས་གནང་ཡོད་སྐོར་ཀྱི་འགྲེལ་བརྗོད་གནང་ཡོད། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ། ཁྱེད་རྣམ་པ་ད་རེས་འདིར་བདེན་པར་རྒྱབ་སྐྱོར་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། མཛད་སྒོའི་མཇུག་ཏུ་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཟུང་འབྲེལ་ཚོགས་གཙོ་ (Matteo Mecacci) མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གནང་མཁན་གྱི་རྒྱལ་ཁབ་རྣམས་ལ་གོ་རྒྱུ་བཏང་སྟེ་མཉམ་ལས་བྱེད་རྒྱུ་མེད་པའི་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ཡང་ཁོང་གིས་གལ་ཏེ་ཁྱེད་རྣམ་པས་གཅིག་བསྡུས་རིང་ལུགས་པར་རོགས་རམ་གནང་ཚེ་རང་ཉིད་ཀྱི་ལུང་པའི་ནང་མང་གཙོ་མེད་པ་བཟོས་པ་ལྟ་བུ་རེད། དེ་འདྲ་ཡིན་དུས་ད་ཆ་མི་དེ་ཚོས་ཤེས་རྟོགས་ཡོང་བཞིན་འདུག དེ་ལས་ལྷག་པ་ཞིག་ཞུ་རྒྱུ་མེད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་ཐོབ་པའི་སྨོན་འདུན་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འགྲེལ་བརྗོད་གནང་བའི་ནང་གསལ། ཐེངས་འདིའི་ཚོགས་ཆེན་འདི་ནི་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་དང་རྒྱ་ནག་ནང་ཆབ་སྲིད་འགོ་ཁྲིད་གསར་པ་འདེམས་ཐོན་བྱུང་རྗེས་གནད་འགག་ཅན་ཞིག་ཏུ་འགྱུར་ཡོད་སྐོར་གསུངས་ཡོད། དེ་ཡང་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་ཚོགས་ཆེན་འདི་ནི་བོད་དོན་རྒྱབ་སྐྱོར་དང་འབྲེལ་ཡོད་ལས་དོན་གལ་ཆེ་ཞིག་ཆགས་ཡོད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། གཉིས་པ་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ནི་ཡའི་རྒྱལ་ས་ཝིལ་ནུས། གསུམ་པ་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། བཞི་པ་ཕྱི་ལོ་ ༢༠༠༥ ལོར་སོ་ཀོ་ཊ་ལན་ཌིའི་རྒྱལ་ས་ཨི་ཌན་སྦ་ར། ལྔ་པ་ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལིའི་རྒྱལ་ས་རོམ་བཅས་སུ་ཚོགས་ཡོད། ད་རེས་དྲུག་པ་འདི་ལོ་ཕྱི་ལོ་ ༢༠༡༢ ལོར་ཀེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཚོགས་ཡོད།
ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ཁག་ནི།
དང་པོ། བོད་མཐོ་སྒང་ནི་འཛམ་གླིང་སའི་གོ་ལའི་སྣེ་གསུམ་པ་དང་། བོད་ཀྱི་ཁོར་ཡུག་གནས་སྟངས་དང་དེའི་ཤུགས་རྐྱེན།
གཉིས་པ། ད་ལྟའི་གནས་སྐབས་འདིར་བོད་མིར་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱ་ཕྱོགས།
གསུམ་པ། བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་བྱུས་དང་། རྒྱ་ནག་གི་མ་འོངས་འགོ་ཁྲིད་བརྗེ་བསྒྱུར་དང་བོད་ཀྱི་གནས་བབས།
བཞི་པ། རིག་གཞུང་དང་ཆོས་དད་རང་དབང། སྤྱི་ཚོགས་བརྟན་ལྷིང་དབར་ཕན་ཚུན་གཅིག་ལ་གཅིག་བརྟེན།
ལྔ་པ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ལས་ཁང་གི་ལས་དོན་སྙན་གསན་དང་ཚོགས་ཆུང་ཆ་བགོས་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་ནུས་ཤུགས་ཆེ་རུ་གཏོང་ཐབས།
དྲུག་པ། ཚོགས་ཆུང་ཆ་བགོས་ཐོག་མ་འོངས་ལས་འཆར་སྤེལ་ཕྱོགས་བཅས་ཀྱི་སྐོར་ལ་ཕྱི་ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་ཚོགས་ཡོད།
ཕྱི་ཚེས་ ༢༩ ཉིན་གོང་གསལ་དོན་ཚན་ཁག་ལ་གོ་བསྡུར་སྦྱང་བཤད་མཐིལ་ཕྱིན་གྲུབ་སྟེ་ཚོགས་ཆེན་ཐེངས་དྲུག་པའི་མཐའ་མའི་ཡོངས་ཁྱབ་གསལ་བསྒྲགས་དང་། མ་འོངས་ལས་འཆར་ཇི་སྤེལ་གྱི་ཡིག་ཆ་ཁག་གཏན་འབེབས་དང་འབྲེལ་ཚོགས་ཆེན་དྲུག་པ་རྒྱལ་ཁའི་ངང་ནས་གྲུབ་ཡོད་པ་བཅས། །
༸གོང་ས་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོར་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝའི་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོའི་ཐོག་བཀའ་སློབ་སྩལ་ཡོད། དེ་ཉིན་མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་གྱི་ཐོག་མར་ཁེ་ན་ཌའི་གློག་བརྙན་ CTV Ottawa ཞེས་པའི་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་གྷར་ཧམ་རི་ཆཌ་སན་Graham Richardson ལགས་ཀྱི་ཆེད་དོན་དྲི་བར་བཀའ་ལན་སྩལ།  དེ་རྗེས་༸གོང་ས་མཆོག་གིས་ཨོ་ཊ་ཝ་གཙུག་ལག་སློབ་Otawa Universityཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་ཚོར་ནང་ཤེས་རྒྱུད་དང་འབྲེལ་བའི་སློབ་སྦྱོང། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྗེས་སློབ་ཕྲུག་ཁག་གཅིག་གི་དྲི་བར་བཀའ་ལན་མཛད།       ཉིན་གུང་ལྗགས་སྨིན་གྲུབ་བསྟུན་མགོན་པོ་གང་ཉིད་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་མཇལ་འཕྲད་མཛད་དེ་མགོན་པོ་གང་ཉིད་མཆོག་སྤྱིར་བཏང་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་ལས་འགན་ནས་རྒན་ཡོལ་ཞུས་ཟིན་ནའང་།  གོ་སྐབས་དེ་བཟུང་གནང་མཛད་དེ་ཁོང་རྣམ་པས་བོད་དོན་ཆེད་ལྷག་བསམ་ཆེ་བསྐྱེད་ཐོག་རྒྱབ་སྐྱོར་གནང་བར་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་མཛད། དེ་རྗེས་༸གོང་ས་མཆོག་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་ཚུགས་ཡུལ་གྱི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས།     མགོན་པོ་གང་ཉིད་མཆོག་ཚོགས་ཁང་དུ་༸ཞབས་སོར་བདེ་བར་འཁོད་མཚམས་ཐོག་མར་ཁེ་ན་ཌ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌི་ནི་ནོ་Consiglio Di Nino མཆོག་གིས་ཚོགས་འདུར་ཆིབས་སྒྱུར་བསྐྱངས་པའི་སྐུ་མགྲོན་རྣམ་ལ་འཚམས་འདྲི་ཞུས། དེ་རྗེས་ཁེ་ན་ཌའི་མི་སེར་དང་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་ Mr Jason T. Kenneyམཆོག་གིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་པ་མ་ཟད། ཁེ་ན་ཌའི་མི་སེར་ཡིན་པའི་བོད་རིགས་ཚོས་ཁེ་ན་ཌའི་སྤྱི་ཚོགས་ལ་ཞབས་འདེགས་གྲུབ་པར་ཁེ་ན་ཌའི་སྲིད་གཞུང་ལ་བློ་སྤོབས་ཡོད་སྐོར་སྙན་སྒྲོན་ཞུས་པ་མ་ཟད།  ཆོས་ལུགས་རང་དབང་སྲུང་སྐྱོབས་ཆེད་ཁེ་ན་ཌའི་གཞུང་འབྲེལ་ལས་ཁུངས་གསར་པ་ཞིག་འགོ་འཛུགས་བྱ་རྒྱུ་ཡིན་སྐོར་དང་བོད་ཀྱི་གནད་དོན་སེལ་ཆེད་ཁེ་ན་ཌ་སྲིད་གཞུང་གིས་བོད་རྒྱ་གྲོས་མོལ་ཡོང་རྒྱུར་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་སྐོར་སོགས་སྙན་སྒྲོན་ཞུས། གཞན་ཡང་སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་Nancy Pelosi མཆོག་ཕེབས་འཆར་ཡོད་ཀྱང་འོས་བསྡུའི་ལས་གཞི་དང་འབྲེལ་བའི་དུས་ཚོད་སྟབས་འཁེལ་སྟབས། སྐུ་ཚབ་ཆེད་གཏོང་གནང་སྟེ་ལྕམ་སྐུ་མཆོག་གི་ཚོགས་ཆེན་ཐོག་གཏམ་བཤད་དེ་བཞིན་ཚབ་ Jonathan Stivers ལགས་ཀྱིས་སྒྲོགས་སྦྱང་ཞུས། དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་སྐབས། ཕྱི་ཚེས་ ༢༤ ཉིན་འདས་གྲོངས་སུ་གྱུར་བའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་བྷི་རི་ཆི་བྷུ་ཤན་ཏི་ཝ་རི་མཆོག་ལ་རྗེས་དྲན་གུས་འདུད་ཞུས་པ་དང་སྦྲགས། ཁེ་ན་ཌའི་ནང་མི་རིགས་དང་རིག་གཞུང་འདྲ་མིན་འཆམ་མཐུན་ཐོག་གནས་པ་ཙམ་མ་ཟད། རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་ཞི་བདེ་བརྟན་ལྷིང་ཐོག་འཆམ་མཐུན་གྱི་སྤྱི་ཚོགས་ངོ་མ་ཞིག་ཡིན་པས་རྒྱ་ནག་གཞུང་གིས་དེར་དཔེ་ལེན་དགོས་པ་སོགས་ཀྱི་གཏམ་བཤད་གྲུབ་བསྟུན།  ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་གཙོ་ལས་རོགས་སྐུ་ཞབས་ཐོ་མ་སི་མན་Mr. Thomas Mann མཆོག་གིས་༸གོང་ས་མཆོག་ངོ་སྤྲོད་ཞུས་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་པའི་མཛད་རྗེས་ལ་དེང་སྐབས་འཛམ་གླིང་མི་མང་ཚོས་བསྔགས་བརྗོད་ཞུ་བཞིན་ཡོད། བོད་མིའི་འཚེ་མེད་ཞི་བའི་ཐབས་ལམ་ཐོགས་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་སྟེ་བོད་ཀྱི་གནད་སེལ་ཆེད་དྲང་བདེན་གྱི་འཐབ་རྩོད་དེར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ InPatཚོགས་མི་ ༡༥༠ ཡོད་པ་ཚང་མས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།      དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ལྷན་ཚོགས་འདིར་ཕེབས་མཁན་ཚོས་བདེན་པར་གུས་བརྩི་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་ངོས་ཀྱིས་ངོས་འཛིན་ཞུ་རྒྱུ་ཡིན།  དེ་རིང་འདིར་ངོས་ཀྱི་གདོང་པ་དེ་བཞིན་ལྷན་ཚོགས་གོང་མའི་སྐབས་དང་གཅིག་མཚུངས་ཤིག་ཡིན་ནའང་སྐབས་འདིར་ངོས་ལ་བོད་མིའི་ཆབ་སྲིད་ཀྱི་འགན་དབང་གང་ཡང་མེད། ༸གོང་ས་ལྔ་པ་ཆེན་པོས་དབུ་འཛུགས་མཛད་པའི་དགའ་ལྡན་ཕོ་བྲང་གི་གཞུང་དེ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པས་ཕྱིར་བསྡུ་བྱས་པ་རེད།  འཛམ་གླིང་འདི་འཛམ་གླིང་མི་མང་ཚོར་བདག་ཡོད། ཁེ་ན་ཌ་དེ་བཞིན་ཁེ་ན་ཌའི་མི་མང་ཚོར་བདག་པ་ལས་ཆབ་སྲིད་ཚོགས་པ་བྱེ་བྲག་པ་གཅིག་ལ་བདག་མེད། དེ་བཞིན་བོད་དེ་ཡང་བོད་མི་ས་ཡ་དྲུག་ལ་བདག་པ་ལས་ཏཱ་ལའི་བླ་མ་མི་གཅིག་ལ་བདག་མེད། ཅེས་བཀའ་སློབ་སྩལ་རྗེས་ཕྱི་ལོ་ ༢༠༠༡ ལོ་ནས་མགོན་པོ་གང་ཉིད་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་དེ་བཞིན་རིམ་བཞིན་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མང་གཙོའི་འགོ་ཁྲིད་ལ་རྩིས་སྤྲོད མཛད་དེ་ཕྱེད་བགྲེས་ཡོལ་གྱི་གནས་སྟངས་ཐོག་བཞུགས་སྐོར་དང། དེ་རྗེས་ཕྱི་ལོ་ ༢༠༡༡ ལོར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་ཚུལ་རྒྱབ་ལྗོངས་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་མཛད་དེ་ད་ཆ་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་མཛད་ཁུར་གཙོ་བོ་གཉིས་ཀྱི་ཐོག་དུས་ཚོད་གཏོང་གནང་མཛད་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ།  ཡང་༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་སྐོར་བཀའ་སློབ་ཕེབས་དོན། དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ངང་གནས་ཡོད། རྒྱ་མིས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ཇི་ཙམ་བཟུང་བ་དེ་ཙམ་གྱི་བོད་མི་ཚོས་མི་འདོད་པའི་རྣམ་འགྱུར་དེ་ཙམ་གྱི་ཤུགས་ཆེ་རུ་འགྲོ་བའི་གནས་སྟངས་ཐོག དྲག་ཆས་ཉེན་རྟོག་པ་དང་དམག་མི་ཇེ་མང་དུ་བཏང་ནས་བདེ་སྲུང་དོ་དམ་ཡིན་ཁུལ་གྱི་ཉེ་རྡུང་དྲག་པོ་བཏང་བ་སོགས་བྱས་ཏེ་གནས་སྟངས་ཧ་ཅང་ཛ་དྲག་སྟེང་གནས་ཡོད། བོད་མི་ཚོས་སོ་སོའི་བསམ་ཚུལ་འདོན་རྒྱུར་ཡང་ཞེད་སྣང་དང་དངངས་སྐྲག་ངང་གནས་དགོས་པར་སོང་ང་ཚོ་ཕྱི་ཕྱོགས་ཡོད་མཁན་ཚོས་ཁོང་ཚོའི་མགྲིན་ཚབ་པ་བྱེད་དགོས་ཀྱི་ཡོད། ཅེས་སོགས་བཀའ་སློབ་སྩལ་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་ཚོགས་ཆེན་དང་འབྲེལ་བའི་གནད་དོན་གཙོ་བོ་གཉིས་ཀྱི་ཐོགས་བཀའ་སློབ་སྩོལ་སྐབས་བོད་ཀྱི་ཁོར་ཡུག་ཐོག་བཀའ་སློབ་སྩལ་དོན། བོད་ཀྱི་ཁོར་ཡུག་གནད་དོན་དེ་བཞིན་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ལས་ཛ་དྲག་པ་ཆགས་ཡོད། ཆབ་སྲིད་ཀྱི་གནད་དོན་དེ་བཞིན་ཆབ་སྲིད་འགོ་ཁྲིད་ཚོས་མོས་མཐུན་བྱུང་མཚམས་སེལ་ཐུབ་རྒྱུ་ཞིག་ཡིན་ནའང་ཁོར་ཡུག་ལ་གོད་ཆག་ཕོག་པ་རྣམས་ཉམས་གསོ་མི་ཐུབ་ཅེས་སོགས་བཀའ་སློབ་སྩལ་བ་མ་ཟད། གནད་དོན་གཉིས་པའི་ཐོག་བཀའ་སློབ་སྩལ་དོན། ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་བོད་མིའི་ཐུན་མིན་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། བོད་ཀྱི་སངས་རྒྱས་པའི་ཆོས་དེ་བོད་མི་ཙམ་མ་ཟད། འཛམ་གླིང་མི་མང་སྤྱི་ལ་ཕན་ཐོགས་ཡོད་པ་གཅིག་དང། ནང་པ་མིན་པ་ཞིག་ལའང་ཕན་ཐོགས་ཡོད། ཕྱོགས་མཚུངས་ཚན་རིག་དང་ནང་ཆོས་ལྷན་ཚོགས་སྐབས་ཤིག་ལ་ཚན་རིག་པ་ཞིག་གིས་བོད་ཀྱི་གྲྭ་བཙུན་ཚོས་དགོན་པའི་ནང་རྟགས་གསལ་གྱི་ལམ་ལུགས་དེ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་འཇོག་ཐུབ་ཚེ་ཕན་ཐོགས་ཡོད་སྐོར་གྱི་བསམ་ཚུལ་བརྗོད་པ་ཐུགས་དྲན་གསོ་མཛད་དེ་བཀའ་སློབ་སྩལ་ཡོད་པ་བཅས།།
ནང་སྲིད་བཀའ་བློན་མཆོག་གིས་ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་མཆོག་མཇལ་འཕྲད་གནང་བ།
༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༣ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས། དེ་བཞིན་བྷེང་ལོར་ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས་བཅས་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་དུ་ཕེབས་ཏེ་མངའ་སྡེའི་བློན་ཆེན་སྐུ་ཞབས་ས་ད་ནན་ད་གའོ་ཌ་(D.V.Sadananda Gowda)མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཡཌྜི་ཡུ་རབ་པ་(B.S. Yeddyurappa)མཆོག་དང་ཀར་ཎ་ཊ་ཀ་མངའ་སྡེའི་གློག་ལས་ལས་ཁུངས་ཀྱི་འགན་འཛིན་མཆོག་དང་ཡང་མཇལ་འཕྲད་གནང་ཡོད། དེ་ཉིན་སྔ་དྲོར་མངའ་སྡེའི་བློན་ཆེན་མཆོག་གིས་བློན་ཆེན་གྱི་ལས་ཁུངས་ཤིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་གིས་གཙོས་ཕྱག་རོགས་རྣམ་གཉིས་བཅས་ལ་ཞོགས་ཟས་གོ་སྒྲིག་གནང་ཡོད། སྐབས་དེར་ཁོང་རྣམ་པས་ཆུ་ཚོད་གཅིག་ཙམ་རིང་ཕན་ཚུན་གྲོས་མོལ་གནང་སྐབས་ནང་སྲིད་བཀའ་བློན་མཆོག་གིས་མངའ་སྡེའི་གཞུང་ནས་ཉེ་ལམ་བོད་མིའི་གཞིས་ཆགས་ཁག་གི་ཆུ་དང་གློག དེ་བཞིན་གཞུང་ལམ་ཡར་རྒྱས་གཏོང་ཆེད་རོགས་དངུལ་ཧིན་སྒོར་འབུམ་ ༢༢༥ ཙམ་གནང་བར་མངའ་སྡེའི་བློན་ཆེན་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ལས་འཆར་གྱི་འགྲོ་གྲོན་ཆེད་ད་ཡོད་རོགས་དངུལ་གྱི་འདང་རྒྱུ་དཀའ་བར་བརྟེན། རོགས་དངུལ་ལྷག་མ་རྣམས་ཀྱང་གང་མགྱོགས་མངའ་གཞུང་གིས་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།
གཞན་ཡང་སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་བོད་མི་ཚོའི་ཞིང་ལས་ཐོན་སྐྱེད་ཡར་རྒྱས་གཏོང་ཆེད་མངའ་གཞུང་གིས་དགོངས་བཞེས་གནང་རྒྱུ་དང་། བོད་མིའི་མཉམ་འབྲེལ་དང། སྐྱབས་བཅོལ་ལག་དེབ། ཟའ་འབྲུའི་ལག་དེབ་(Ration Card)སོགས་ཀྱི་གནད་དོན་ཐོག་ཀར་ཎ་ཊ་ཀ་མངའ་གཞུང་གིས་རོགས་རམ་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད། སྐབས་དེར་མངའ་སྡེའི་བློན་ཆེན་མཆོག་གིས་ནང་སྲིད་བཀའ་བློན་མཆོག་གི་རེ་འདུན་བཏོན་པ་དེ་དག་ལ་མངའ་གཞུང་གིས་གང་ཐུབ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་བ་མ་ཟད། ལྷག་པར་འོ་མའི་ཐོན་སྐྱེད་ཀྱི་བཟོ་གྲྭ་milk processing unit གསར་འཛུགས་ཆེད་རོགས་རམ་ཞུ་རྒྱུའི་འདུན་པ་ཡོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད། ཞོགས་ཟས་སྐབས་མངའ་སྡེའི་བློན་ཆེན་མ་ཕེབས་ཙམ་གྱི་གོང་ལ་ཀར་ཎ་ཊ་ཀ་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཨེ་སི་ཨེམ་ཇམ་དར་Dr. S. M. Jaamdarལགས་དང་ལྷན་ནང་སྲིད་བཀའ་བློན་མཆོག་གྲོས་མོལ་ཧ་ཅང་ལྷུག་པོ་བྱུང་ཡོད།
ཕྱེད་ཡོལ་ནང་སྲིད་བཀའ་བློན་མཆོག་དང་ཕྱག་རོགས་རྣམ་གཉིས་བཅས་ཀྱིས་ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཡཌྜི་ཡུ་རབ་པ་མཆོག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་དེ་སྔ་བློན་ཆེན་ཟུར་པ་མཆོག་དང་ཕྱི་ལོ་ ༢༠༠༩ ལོར་མཇལ་འཕྲད་གནང་ཡོད་སྐོར་དྲན་གསོ་ཞུས་པ་དང་སྦྲགས། བློན་ཆེན་ཟུར་པ་མཆོག་གིས་གཞུང་འཛིན་སྐབས་བོད་མི་ཚོར་རོགས་རམ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་མ་ཟད། མངའ་སྡེའི་བློན་ཆེན་ལས་ཐོགས་མཆོག་ལ་བོད་མི་ཚོར་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུས་ཀྱང་དོན་འབྲས་གང་མགྱོགས་སོན་ཆེད་བློན་ཆེན་ཟུར་པ་མཆོག་གིས་གང་ཐུབ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།སྐབས་དེར་བློན་ཆེན་ཟུར་པ་མཆོག་ནས་གང་ཐུབ་ཀྱིས་འབད་བརྩོན་ཞུ་རྒྱུའི་ཁས་ལེན་ཡང་གནང་ཡོད།
དེ་བཞིན་ཕྱི་ཚེས་༢༤ཉིན་གྱི་སྔ་དྲོ་ནང་སྲིད་བཀའ་བློན་ལྷན་རྒྱས་ཀར་ཎ་ཊ་ཀ་མངའ་སྡེའི་གློག་ལས་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ཤི་རི་ནི་ཝ་ས་མུར་ཐི་ Mr.Sreenivasa Murthyམཆོག་དང་མཇལ་འཕྲད་གནང་སྟེ།
ནང་སྲིད་བཀའ་བློན་མཆོག་གིས་ཁོང་ལ་ཉེ་ལམ་མངའ་གཞུང་གིས་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་གློག་ཡར་རྒྱས་གཏོང་ཆེད་ཧིན་སྒོར་འབུམ་ ༥༤།༨ གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། སྦེལ་ཀོབ་དང་ཀོ་ལེ་གྷལ། གུར་པུ་རའམ་ཧུན་སུར་གཞིས་ཆགས་བཅས་ཀྱི་ནང་དེ་མཚུངས་རོགས་དངུལ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ཎ་ཌར་༸ཞབས་སོར་བདེ་བར་འཁོད་པ།
༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་ཝར་༸ཞབས་སོར་བདེ་བར་འཁོད་སྐབས་གནམ་ཐང་དུ་ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌི་ནི་ནོ་Di Nino མཆོག་དང་། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཐོ་མ་སི་མན་མཆོགThomas Mann ཨི་ཊཱ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མེ་ཏིའོ་མེ་ཁ་ཅི་Matteo Mecacci མཆོག ཁེ་ཎ་ཌའི་རྒྱ་གར་གཞུང་ཚབ་པ་མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན་མཆོག ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག དེ་བཞིན་སྤྱི་འཐུས་ཁག་གཅིག བྱང་ཨ་རི་དང་ཁེ་ཎ་ཌའི་སྐུ་ཚབ་བཅས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ ༦ ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།
དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་བལ་ཡུལ་གནམ་ཐང་ནས་བཀག་འགོག་བྱས་པའི་གནས་ཚུལ་ཐོན་པ་དྲང་བདེན་རྩ་བ་ནས་མིན།
༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༦ ཉིན་བལ་ཡུལ་ཉིན་རེའི་གསར་ཤོག་ཀ་ཐ་མན་ཌུ་པོ་སི་ཊ་(Kathmandu Post)ཞེས་པའི་ནང་གནས་ཚུལ་བཀོད་དོན་ལྟར་ན། བལ་ཡུལ་ནང་སྲིད་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་གཙོས་བོད་མི་གྲངས་ ༡༡ ལ་བལ་ཡུལ་ལ་ཕྱོགས་ཕེབས་སྐབས་བལ་ཡུལ་ཏྲི་བྷུ་ཝན་གནམ་ཐང་(Tribhuvan International Airport)ནས་བལ་ཡུལ་ནང་དུ་འཛུལ་ཞུགས་བྱེད་མ་བཅུག་པར་བཀག་འགོག་བྱས་པའི་གནས་ཚུལ་ཐོན་པ་དེ་ནི་དྲང་བདེན་རྩ་བ་ནས་མིན། གང་ཡིན་བརྗོད་ན་སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་རྡ་སར་བཞུགས་ཡོད་སྐོར་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་གསལ་བཤད་གནང་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་རྗེས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཆི་ཁ་གོར་རྟེན་གཞི་བྱས་པའི་ལོ་ཡོ་ལ་(LoyolaUniversity)གཙུག་ལག་སློབ་གྲྭས་གོ་སྒྲིག་འོག་མང་ཚོགས་ལ་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་ཡོད། མཛད་སྒོའི་ཐོག་མར་སྡིངས་ཆའི་སྟེང་ཡི་ཤུ་དང་ཁ་ཆེ། ནང་པ། ཇིའུ་སོགས་མཚོན་པའི་སློབ་ཕྲུག་ཁག་གཅིག་གིས་སྨོན་ལམ་བཏོན་རྗེས་གཙུག་ལག་སློབ་གྲྭའི་སྒྱུ་རྩལ་དང་ཚན་རིག་ཚན་པའི་འགན་འཛིན་སྐུ་ཞབས་ཕེ་རེངྐ་ཕེ་ནལ་Dean Frank Fennell ལགས་དང་ཡི་ཤུའི་བླ་མ་གྷ་རན་ཛི་ནི་ Father Garanzini ལགས་ཟུང་འབྲེལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བ་གོང་འཕེལ་གཏོང་ཐབས་ཀྱི་མཛད་རྗེས་ལ་ངོས་འཛིན་ཞུས་ཆེད་༸གོང་ས་མཆོག་ལ་ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད། དེ་ལྟར་ཕྱག་འཁྱེར་འབུལ་བཞེས་མཛད་རྗེས་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་གཙུག་ལག་སློབ་གྲྭར་ཐུགས་རྗེ་ཆེ་ཞུ་གནང་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། ངོས་ཀྱིས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འབད་བརྩོན་ཕྲན་བུ་བྱས་པ་དེར་ངོས་འཛིན་ཐོབ་པ་ཞིག་ཡིན་བསམ་བཞིན་ཡོད། ཆོས་ལུགས་ཁས་ལེན་མིན་ལ་མ་ལྟོས་པར་ང་ཚོར་བཟང་སྤྱོད་གལ་ཆེན་པོ་ཆགས་ཡོད། ཆོས་ལུགས་སོ་སོའི་ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་ཡོད་ཀྱང་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ལག་ལེན་དགོས་པའི་བསླབ་བྱ་གཅིག་མཚུངས་སུ་ཡོད། དེར་བརྟེན་སོ་སོའི་ཆོས་ལུགས་ཉམས་ལེན་བྱེད་བཞིན་དུ་ཆོས་ལུགས་གཞན་ལའང་གུས་བརྩི་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་སློབ་གཉེར་བ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཡོད། མཛད་སྒོ་གྲུབ་བསྟུན་༸གོང་ས་མཆོག་སྟོན་འཁོར་དང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་བཅས་ཁེ་ཎ་ཌར་མཁའ་ལམ་བརྒྱུད་ཆིབས་སྒྱུར་བསྐྱངས་ཏེ་ཉིན་དེའི་ཕྱེད་ཡོལ་དུ་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་ཝར་(Otawa)་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས།།
དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གཞུང་དོན་ཕྱོགས་བསྐྱོད།
༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ཉིན་བཏང་གནས་ནང་འཁོད་དོན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་། ཕྱག་རོགས་ཁྲིམས་ལུགས་རིག་པ་བ་ཀུན་བཟང་སྟོབས་ལྡན་ལགས་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཚེས་ ༢༥ བར་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨ་རུ་ན་ཅལ་དང་། མེ་གྷ་ལ་ཡ། ན་གྷ་ལནཌ་བཅས་ཀྱི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་དང་། ཁ་འཐོར་འདུས་སྡོད་ཁག་གི་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ་རྒྱུ་དང་། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ལས་དོན་བྱེད་ཕྱོགས་ལ་ཐུགས་ཞིབ་གནང་རྒྱུ་བཅས་ཀྱི་ལས་རིམ་དང་འབྲེལ་བའི་གསར་གནས་སྙིང་བསྡུས་སུ།
༸གོང་ས་མཆོག་གིས་ལོ་ཡོ་ལ་གཙུག་ལག་སློབ་ཁང་དུ་འཚེ་མེད་ཞི་བའི་སྐོར་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ ༢༠༡༢ ཟླ་ ༤ ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆི་ཁ་གོར་རྟེན་གཞི་བྱས་པའི་ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་ཡི་ཤུའི་མཆོད་ཁང་དུ་ཆི་ཁ་གོ་དང་མེ་ཌི་སོན། བྷུ་ལུ་མིན་ཊོན། མིན་ནེ་པོ་ལི་སི་སོགས་ནས་ཁྱོན་བོད་མི་གྲངས་ ༥༠༠ ཙམ་འདུ་འཛོམས་བྱུང་བའི་ཐོག་ཆིབས་སྒྱུར་བསྐྱངས་ཏེ་ལམ་སྟོན་བཀའ་སློབ་སྩལ་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་ཁུལ་དེར་༸ཞབས་སོར་འཁོད་མཚམས་གཙུག་ལག་སློབ་གྲྭའི་འབྲེལ་ཡོད་ལས་བྱེད་རྣམས་དང་བོད་ཀྱི་ཐེབས་རྩའི་འགན་འཛིན། དེ་བཞིན་ཆི་ཁ་གོ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱིས་མཇལ་དར་སྒྲོན་འབུལ་དང་ལྷན་མཇལ་ཁ་ཞུས་ཡོད་པ་མ་ཟད། བོད་ཕྲུག་ཕོ་མོ་གཉིས་ཀྱིས་༸གོང་ས་མཆོག་ལ་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་པ་དང་སྦྲགས། བོད་ཕྲུག་ན་གཞོན་ཕོ་མོ་ཁག་གཅིག་གིས་གླུ་དབྱངས་ལམ་ནས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་བོད་མིའི་ཐུན་མིན་རིག་གཞུང་གལ་གནད་ཆེ་ཚུལ་སྐོར་བཀའ་སློབ་སྩལ་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གཙུག་ལག་སློབ་གྲྭའི་ཇན་ཊལ་Gentile Arena ཞེས་པའི་ས་གནས་སུ་ཆིབས་སྒྱུར་བསྐྱངས་ཏེ་བོད་ཀྱི་ཐེབས་རྩས་གོ་སྒྲིག་འོག་ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་ཡོད། ཐོག་མར་ཨི་ལེ་ནོ་ཡེ་སིའི་མངའ་ཁུལ་གྱི་སློབ་གྲྭ་ཁག་གསུམ་ནས། འཚེ་བ་མེད་པའི་ལམ་ནས་ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་སྤྱིའི་ནང་འཚེ་བ་ཇི་ལྟར་འགོག་ནུས། ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་གི་བྱ་དགའ་ཐོབ་པའི་སློབ་ཕྲུག་གསུམ་གྱིས་རེ་རེ་བཞིན་རྩོམ་ཡིག་སྙན་སྒྲོན་ཞུས། དེ་རྗེས་གློག་བརྙན་འཁྲབ་སྟོན་པ་དང་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་ཤིན་པན་ལགས་ཀྱིས་མང་ཚོགས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། སློབ་ཕྲུག་ཚོའི་རྩོམ་ཡིག་ཧ་ཅང་ཡག་པོ་བྱུང་འདུག ཁྱེད་རང་ཚོ་དུས་རབས་ ༢༡ མི་ཆགས་ཡོད། མ་འོངས་པ་ཇི་འདྲ་ཞིག་ཡོང་མིན་སུས་ཀྱང་བརྗོད་མི་ཐུབ། འོན་ཀྱང་མ་འོངས་པ་གང་འདྲ་ཞིག་བྱུང་མིན་ད་ལྟའི་བྱེད་ཕྱོགས་ལ་རག་ལུས་ཡོད། དེར་བརྟེན་གཞོན་སྐྱེས་ཚོས་མ་འོངས་པའི་འཆར་སྣང་དང་དམིགས་ཡུལ་རྣམས་བསྒྲུབ་རྒྱུར་གྲ་སྒྲིག་དགོས། ང་ཚོས་དངོས་ཡོད་གནས་ཚུལ་ཤེས་ཆེད་ཕྱོགས་ཡོངས་ནས་ལྟ་ཐུབ་པ་དགོས། འཚེ་བ་མེད་པ་བརྗོད་སྐབས་འཚེ་བའི་བྱེད་ལས་མེད་པ་ཙམ་གྱིས་གོ་དོན་མིན་པར་དེ་ནི་ཀུན་སློང་ལ་རག་ལུས་ཡོད། གཞན་ལ་ཕན་སེམས་གྱི་ཀུན་ནས་བླངས་པའི་བྱམས་བརྩེའི་བྱེད་ལས་དེ་ཡང་འཚེ་བ་མེད་པའི་བྱེད་ལས་ཤིག་ཡིན།
ཆོས་ལུགས་བྱེ་བྲག་པ་གཅིག་གི་ལངས་ཕྱོགས་བཟུང་སྟེ་ནང་གི་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་བྱས་ཚེ་ཚང་མས་ཡིད་ཆེས་བྱ་རྒྱུའི་ཐུན་མོང་གི་ཆོས་ལུགས་ཤིག་མེད་པར་བརྟེན། ཐབས་ལམ་དེ་ཀུན་ལ་ཁྱབ་ཐུབ་ཐབས་མེད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་མ་ཟད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་ཆོས་ལུགས་ཀྱི་ས་མཚམས་ལས་འདས་པའི་འཇིག་རྟེན་ཀུན་ལ་སྨན་པའི་བཟང་སྤྱོད། ཅེས་པ་ལུང་འདྲེན་མཛད་དེ་ཆོས་ལུགས་ལ་མ་རྟེན་པའི་ཐབས་ལམ་ཐོག་ནས་ནང་གི་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་སྩལ་བ་མ་ཟད། གནད་དོན་དེའི་ཐོག་རྒྱ་གར་དང་ཨ་རི་སོགས་ཀྱི་གཙུག་ལག་སློབ་གྲྭ་ཁག་གཅིག་གི་ནང་དེང་སྐབས་ཐབས་ལམ་དེའི་སྐོར་ཉམས་ཞིབ་བྱེད་བཞིན་ཡོད་སྐོར་བཀའ་སྩལ།
དེ་རྗེས་ཆིབས་སྒྱུར་དང་འབྲེལ་བའི་རྩིས་ཁྲ་སྙན་སྒྲོན་ཞུས་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད།
ཉིན་གུང་ལྗགས་སྨིན་གྲུབ་མཚམས་ཕྱེད་ཡོལ་གཙུག་ལག་སློབ་གྲྭས་གོ་སྒྲིག་འོག་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆི་ཁ་གོའི་ས་གནས་བོད་མི་ཚོར་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༤ ཚེས་༢༧ རེས་གཟའ་པ་སངས།
༄༅། །ཨ་རིའི་གྲོང་ཁྱེར་ཆི་ཁ་གོར་(Chicago)རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་ཁང་ཟུང་འབྲེལ་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༦ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཆི་ཁ་གོར་ཡོད་པའི་(Loyola University)ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་བོད་མི་ལྔ་བརྒྱ་ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
དེ་ཡང་ཐོག་མར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་ཡོད། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་གནས་བོད་མིར་བཀའ་སློབ་སྩལ་དོན། དེ་རིང་འདི་གར་སླེབས་པའི་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། འདི་གར་ཡོད་པའི་ངོས་ཀྱི་འདྲ་པར་ཐོག་ངོས་རང་གི་མིང་བསྟན་འཛིན་རྒྱ་མཚོའམ་ལྷ་མོ་དོན་གྲུབ་ཅེས་བྲིས་ཡོད། ངོས་རང་ཆུང་དུས་ཀྱི་མིང་ལ་ལྷ་མོ་དོན་གྲུབ་བརྗོད་ཀྱི་ཡོད། ༸རྒྱལ་དབང་སྐུ་གོང་མ་དགུང་ལོ་ཕལ་ཆེར་བརྒྱད་ཅུ་གྱ་གྲངས་བཞུགས་རྒྱུ་ལྟ་བུ་འདུག་ཀྱང་མཐའ་མ་དགུང་ལོ་ལྔ་བཅུ་བརྒལ་བ་མ་གཏོགས་བཞུགས་མེད། ལུང་བསྟན་ནང་ཡང་སྲིད་མདོ་སྨད་དམ་མོན་ནས་ཡོང་གི་རེད་ཅེས་ཡོད། ཕལ་ཆེར་མཁར་རྡོ་བཟོད་པ་རྒྱ་མཚོ་ཡིན་ནའང་ངོས་རང་ཆུང་དུས་དེ་འདྲ་ཞིག་གོ་མྱོང་ཡོད། ཨ་ཀ་མ་ཞེས་པའི་མ་འདི་ངོས་ཀྱི་མིང་ནང་དམིགས་བསལ་ལྷ་མོ་ཞེས་པ་དེའི་མིང་གཞི་མ་དེ་མིན་ནམ་སྙམ་པ་དྲན་གྱི་འདུག ངོས་ཀྱིས་ངོས་རང་༸རྒྱལ་བ་རིན་པོ་ཆེ་ཡིན་ཞེས་བརྗོད་ཀྱི་མེད། དེ་རིང་འདི་གར་དམིགས་བསལ་དང་དཔེ་གསར་ལྟ་བུ་བྱུང་བས་ཐུགས་རྗེ་ཆེ་ཟེར་གྱི་ཡིན། བོད་པ་ས་གནས་གང་དང་གང་དུ་ཡོད་ཀྱང་སོ་སོའི་མི་རིགས་ཀྱི་རྣམ་པ་བཟུང་རྒྱུ་དང་། དེ་བཞིན་བོད་མི་རིགས་ཀྱི་ཞེན་ཁོག་འཁྱེར་རྒྱུ་དེ་རེ་ཟུང་གནས་ཚུལ་ཐ་དད་རེད་མ་གཏོགས་སྤྱི་ཡོངས་ཀྱི་ང་ཚོ་བོད་པ་ཚང་མས་བོད་མི་རིགས་ཀྱི་ཚབ་བྱེད་ཐུབ་མཁན་བྱས་ནས་བསྡད་པ་རེད། སྤྱིར་བཏང་ང་ཚོའི་བོད་གྲ་སྒྲིག་པོ་ཡོད་པའི་སྐབས་ལ་ཡིན་ན། བོད་པ་བཙན་བྱོལ་དུ་ཡོད་མཁན་ཚོས་བོད་མི་རིགས་ཀྱི་རྣམ་པ་འཛིན་སྐྱོང་ཐུབ་ན་ཡག་པོ་རེད་ཀྱང་དེ་ལྟར་མ་ཐུབ་ནའང་དེ་ཙམ་གྱི་ཁྱད་པར་མེད། ང་ཚོ་བོད་པར་ཆ་བཞག་ན། ལོ་རྒྱུས་དང་སྐད་ཡིག རིག་གཞུང་། ཆོས་གང་ཅིའི་ཐོག་ནས་ཕྱུག་པོ་ཡོད། སོ་སོའི་སྐད་དང་རིག་གཞུང་འབུར་ཐོན་ཡོད་པའི་མི་རིགས་ཤིག་དེ་རིང་ཁ་སང་ཆག་འཇིག་གི་མཚམས་སུ་སླེབས་སྐབས། ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་བོད་སྤྱི་པའི་དོན་དུ་སེམས་ཁུར་བླང་སྟེ་ས་གནས་གང་དུ་གནས་ཀྱང་རང་ཉིད་བོད་པ་ཡིན་བསམས་པའི་འདུ་ཤེས་དང་བོད་སྤྱི་པའི་དོན་དག་མ་བརྗེད་པར་སྡོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཁྱེད་རང་ཚང་མས་རང་ཉིད་བོད་པ་ཡིན་བསམས་པ་དང་བོད་པའི་ལ་རྒྱ་བཟུང་ནས་བསྡད་འདུག་པས་ཧ་ཅང་ཡག་པོ་རེད། དེ་བཞིན་གཞོན་སྐྱེས་ཚོས་བོད་སྐད་ཤེས་པ་བྱ་རྒྱུ་གལ་འགངས་ཆེན་པོ་རེད། ཁྱིམ་ཚང་ཁག་གཅིག་གིས་སྟབས་བདེ་བའི་ཆེད་ཁྱིམ་ཚང་ནང་དབྱིན་སྐད་རྒྱག་མཁན་དེ་འདྲ་ཡོད་འདུག འཕྲལ་སེལ་གྱི་སྟབས་བདེ་བའི་ཆེད་དབྱིན་སྐད་བརྒྱབ་ན་ཕྲུ་གུར་ཡང་ཞར་དང་ཞོར་དུ་དབྱིན་སྐད་ལ་སྦྱོང་བརྡར་ཐེབས་ཏེ་དགེ་མཚན་ཡོད། འོན་ཀྱང་ཕུགས་རྒྱང་རིང་པོའི་ཆ་ནས་བརྩིས་ན། སོ་སོའི་ཕ་སྐད་ལ་ཆུང་ཆུང་སྐབས་ནས་གོམས་འདྲིས་མ་བྱུང་བར་བརྟེན། ཕྱིས་སུ་ལོ་ན་གང་ཙམ་སོན་སྐབས་སློབ་དགོས་བྱུང་ཡང་དཀའ་ངལ་ཡིན་པས་ཁྱིམ་ཚང་ནང་བོད་སྐད་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་སང་ང་ཚོས་ནོ་བེལ་ཞི་བདེའི་གཟེངས་རྟགགས་བཞེས་མཁན་གྱི་མཛད་སྒོ་ཚོགས་པ་རེད། མཛད་སྒོ་ཡག་པོ་བྱུང་སོང་ལ་བསམ་བློ་གཏོང་སྐབས་ཕྲན་བུ་སེམས་པ་སྐྱོ་པོ་ལྟ་བུ་བྱུང་། ངོས་ཀྱིས་ངོ་སྤྲོད་བྱེད་སྐབས་ངོས་རང་ལོ་བཅུ་དྲུག་ལ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་འགན་དབང་རྩིས་ལེན་ཞུས་པ་ཡིན། ད་ཆ་ངོས་རང་ལོོ་བདུན་ཅུ་དོན་དྲུག་གི་མཚམས་སུ་སླེབས་ཡོད། ལོ་དྲུག་ཅུ་ཕྱིན་པའི་རྗེས་ལ་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་དེ་དོན་དམ་གྱི་མང་གཙོའི་འོས་བསྡུའི་ཐོག་ནས་སླེབས་པའི་སྲིད་སྐྱོང་བློ་བཟང་སེང་གེར་རྩིས་སྤྲོད་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་པ་ཡིན། སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་བླ་མ་རེད། ༸རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་བཀའ་ཤག་གསར་པ་བཙུགས་གནང་བ་རེད། དེ་དུས་ཀྱི་བཀའ་ཤག་གི་བཀའ་ཐམ་བདེ་སྐྱིད་མ་ཞེས་པའི་ཐམ་ག་དེ་བཀའ་ཁྲི་ནས་འཁྱུར་འགྲོ་མཁན་ཟམ་གདོང་རིན་པོ་ཆེས་བློ་བཟང་སེང་གེར་རྩིས་སྤྲོད་གནང་ཡོད། བློ་བཟང་སེང་གེ་ནི་བླ་མ་དང་དགེ་འདུན་པ་གང་ཡང་མིན། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་ཞིག་རེད། གང་ལྟར་རྒྱལ་རབས་ལ་འགྱུར་བ་འགྲོ་རྒྱུ་ཞིག་ཆགས་ཀྱི་ཡོད། རྒྱལ་རབས་ལ་འགྱུར་བ་དེ་ཡང་བཀྲ་མི་ཤིས་པའི་ཐོག་ནས་བྱུང་བ་ཞིག་མིན། དངོས་གནས་ང་ཚོ་ཚང་མ་དམ་ཚིག་གཙང་མ་དང་བློ་མཐུན་པའི་ཐོག་དགའ་ཞིང་སྤྲོ་ཞིང་དང་བས་ཀུན་ནས་བླངས་ཏེ་སྤོབས་པའི་ངང་ནས་མཚམས་འཇོག་བྱ་རྒྱུ་དེ་ཧ་ཅང་ཡག་པོ་འདུག ལོ་རྒྱུས་ཐོག་བསམ་བློ་གཏོང་སྐབས་ཕྲན་བུ་སྐྱོ་པོ་ལྟ་བུ་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་སྐབས་སྤོབས་པ་སྐྱེ་རྒྱུ་ཞིག་ཡོང་གི་འདུག ཅེས་བཀའ་སློབ་སྩལ་ཡོད། དེ་ནས་ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་གི་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་ཏེ་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝར་(Canada Ottawa) ཆིབས་ཞལ་བསྒྱུར་ཡོད་པ་བཅས། །
ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱིས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ།
༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །བཀའ་ཁྲི་མཆོག་གིས་ཨ་རིའི་གྲོང་ཁྱེར་ཆི་ཁ་གོའི་ནང་དུ་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ཌི་ཀ་ལག་མཆོག་དང་ཨ་རི་བ་ལྕམ་སྐུ་ཇུ་ཌི་ཝིལ་ཡེམ་སི་མཆོག ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་བཅས་དང་མཇལ་འཕྲད་གནང་སྟེ་ཞི་བདེའི་དབུ་ཁྲིད་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད། ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱིས་ས་རྟགས་བཀོད་པའི་འབོད་སྐུལ་གྱི་ཞུ་སྙན་ཞིག་རྒྱ་ནག་གི་འགོ་ཁྲིད་ཚོར་སྤྲད་ཡོད། ཞུ་སྙན་དེའི་ནང་བོད་ཀྱི་གནད་དོན་སེལ་ཆེད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་བྱེད་དགོས་པའི་དགོས་འདུན་བཏོན་འདུག།
སྐབས་དེར་བཀའ་ཁྲི་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ནང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་ཁྲིར་རྩིས་སྤྲོད་མཛད་པ་སོགས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ལ་འཕོ་འགྱུར་ཇི་འདྲ་བྱུང་ཡོད་མེད་སྐོར་གསལ་བཤད་གནང་ཡོད། ཞི་བདེའི་དབུ་ཁྲིད་རྣམ་པས་སྐབས་དེར་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ལ་བཅོས་བསྒྱུར་མཛད་པའི་མཛད་བཟང་དེར་ཧ་ཅང་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུས་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་ཆོས་སྲིད་ཀྱི་དབུ་ཁྲིད་ཐ་དད་དུ་དབྱེ་གནང་མཛད་པའི་མཛད་རྗེས་ནི་ཆེས་གཟིད་བརྗིད་ལྡན་པ་ཞིག་ཡིན་པ་མ་ཟད། ཕུགས་ལ་བོད་མི་ཚོར་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད་སྐོར་གསུངས་ཡོད། གཞན་ཡང་སྐབས་དེར་བཀའ་ཁྲི་མཆོག་གིས་ཞི་བདེའི་དབུ་ཁྲིད་ཚོར་ད་ལྟའི་བོད་ནང་དུ་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ངོ་རྒོལ་མཚོན་ཆེད། རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ཞིབ་ཕྲ་གསལ་བཤད་གནང་བར། ཞི་བདེའི་དབུ་ཁྲིད་རྣམ་པས་བོད་ནང་གི་བོད་མི་ཚོའི་དཀའ་ངལ་དེར་ཧ་ཅང་བློ་ཕམ་གྱི་རྣམ་པ་བསྟན་པ་དང་སྦྲགས། བཀའ་ཁྲི་མཆོག་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་ཇི་བྱུང་ཁོང་ཚོར་བརྡ་ལན་མུ་མཐུད་ནས་གནང་དགོས་པའི་འབོད་སྐུལ་ཞུས་དོན། ང་ཚོས་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་ཐོག་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ལམ་ནས་སེལ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་དམ་བཅའ་ཞུས་ཡོད་པ་བཅས།།
༸གོང་ས་མཆོག་གི་དྲང་བདེན་ཐབས་ལམ་གྱི་མཛད་འཕྲིན་སྐོར་བྲིས་པའི་དཔེ་དེབ་ཨུ་རུ་སུའི་སྐད་ཡིག་ཐོག་ཕབ་བསྒྱུར་གྱིས་དབུ་འབྱེད་གནང་བ།
༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༤ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ནང་༸གོང་ས་མཆོག་གི་དྲང་བདེན་ཐབས་ལམ་གྱི་མཛད་འཕྲིན་སྐོར་ལ་དཔེ་དེབ་དེ་སྔ་དབྱིན་སྐད་ཐོག་ཡོད་པ་(WHY THE DALAI LAMA MATTERS: HIS ACT OF TRUTH AS THE SOLUTION FOR CHINA, TIBET AND THE WORLD)ཞེས་པ་ཨུ་རུ་སུའི་སྐད་ཡིག་ཐོག་ཕབ་བསྒྱུར་དང་པར་སྐྲུན་ཞུས་པ་དེ་ཨ་རི་བ་ནང་ཆོས་མཁས་དབང་དང་ལོ་ཙཱ་བ། དེ་བཞིན་རྩོམ་པ་པོ་གཅིག་ལྕོགས་ཡིན་པ་གཙུག་ལག་སློབ་དཔོན་སྐུ་ཞབས་རོ་བྷ་ཌ་ཐུར་མན་Prof. Robert Thurman ལགས་ཀྱིས་རེ་ཌི་སན་མགྲོན་ཁང་དུ་Radisson Hotelདབུ་འབྱེད་གནང་ཡོད། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་དེ་བཞིན་རྒྱལ་ས་མོ་སི་ཀོའི་ནང་རྟེན་གཞི་བྱས་པའི་བོད་སྐྱོབས་ཐེབས་རྩ་དང། ཨུ་རུ་སུའི་སྐུ་ཚབ་དོན་ཁང་ཟུང་འབྲེལ་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག སྐབས་དེར་སྐུ་ཞབས་རོ་བྷ་ཌ་ཐུར་མན་ལགས་ཀྱིས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་ཞི་བདེའི་དོན་མཚན་ལྔ་རེ་རེ་བཞིན་བཀླགས་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་དགོངས་ཏེ་སྐུ་ངལ་འཛེམས་མེད་ཐོག་ཐུགས་བརྩོན་མཛད་བཞིན་ཡོད་སྐོར་གསལ་བཤད་ཀྱང་གནང་ཡོད། ཕྱོགས་མཚུངས་སྐབས་དེར་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་སྐུ་ཞབས་རོ་བྷ་ཌ་ཐུར་མན་ངོ་སྤྲོད་གནང་ཡོད། གཞན་ཡང་སྐབས་དེར་ཁལ་མུཀ་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་དཔེ་དེབ་དེ་བཞིན་དུས་རབས་ ༢༡ ནང་གལ་ཆེ་ཆུང་ཇི་འདྲ་ཆགས་ཡོད་སྐོར་དང་སྐུ་ཞབས་རོ་བྷ་ཌ་ཐུར་མན་ལགས་ཀྱིས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ཆེད་ཞབས་འདེགས་ཇི་འདྲ་ཞུས་ཡོད་པ་སོགས་ངོ་སྤྲོད་གནང་ཡོད། དཔེ་དེབ་དེ་ཨུ་རུ་སུའི་སྐད་ཡིག་ནང་ཕབ་བསྒྱུར་གནང་མཁན་ལྕམ་སྐུ་ན་ཏ་ཤ་ཨི་ནོ་ཛེམ་ཏེ་སེ་ཝ་Ms. Natasha Inozemtseva ལགས་ཡིན་པ་དང། དཔེ་དེབ་འགྲེམས་སྤེལ་གནང་མཁན་བོད་སྐྱོབས་ཐེབས་རྩ་ཡིན་འདུག་པ་བཅས།།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་བྱེད་གནས་སྤོས་གསལ་བསྒྲགས།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ཉིན་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འཛིན་སྐྱོང་བཀའ་ཤག་ལ་གོ་བསྡུར་གྱིས་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ལས་ཚབ་དྲུང་ལས་ཉི་མ་དགྲ་འདུལ་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ཉིན་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ལས་ཚབ་ཏུ་གནས་སྤོས་བཀོད་སྒྲིག་བྱས་པ་དང་དུས་མཚུངས་སུ། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ཐད་བསྐོས་དྲུང་གཞོན་བསྟན་འཛིན་མཁྱེན་རབ་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ཉིན་ནས་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དུ་གནས་སྤོས་བཀོད་སྒྲིག་བྱས་པ་བཅས་ཀྱི་གསར་གནས་སྙིང་བསྡུས་སུ།
རྫུན་ཁུང་རང་རྡིབ་ཀྱི་དྲི་བ་བདུན་ལ་དགག་གཞག་ཀེ་ཏ་ཀ།
ཐུབ་བསྟན་ལུང་རིགས།
༄༅། །ཆོས་མེད་རིང་ལུགས་ཙམ་དུ་མ་ཟད། ཆོས་ལ་དུག་དུ་ལྟ་བ་དང་རབ་ཏུ་བྱུང་བ་རྣམས་རྐུན་མ་དམར་པོ་དང་། བླ་མ་སྤྲུལ་སྐུར་ཇག་པ་སེར་པོའི་མིང་འདོགས་མཁན་གྱི་རྒྱའི་དབང་འཛིན་པས་ཆོས་བཤད་བྱས་པ་ནི་འུག་པ་ཆོས་བཤད་ཀྱི་དཔེ་ལྟར་ལ། ལན་འདེབས་བྱ་བ་དོན་ཡོད་པར་མ་མཐོང་ཡང་། ༧རྒྱལ་དབང་ལྔ་པ་ཆེན་པོས། བྱང་བསྟན་ཕུག་པར་རྟ་ལྗང་ཅན་གྱི་ཟེར། །མི་འཇུག་དངོས་པོའི་གཤིས་ལ་བཅོས་མེད་ཀྱང། །ཕྱོགས་གཞན་བུག་པར་ཤར་བའི་སྣང་བ་ཡིས། འཐིབ་པའི་སྨག་རུམ་སེལ་བ་འགའ་བྱུང་སྙམ། །ཞེས་གསུངས་པ་བཞིན་ཞི་བའི་མི་མང་མགོ་བོ་མི་རྨོངས་ཆེད་དགག་གཞག་ཀེ་ཏ་ཀ་འདིས་དྭངས་བར་བྱེད་ལ་སྤྲོ་བ་ཡིན། དེ་ཡང་མི་སྒེར་དང་ཁྱིམ་ཚང། རྒྱལ་ཁབ་བཅས་སུ་ཡ་རབས་བཟང་སྤྱོད་རྒྱུན་འཁྱོངས་ཁྱབ་བརྡལ་གཏོང་རྒྱུ་ནི་བོད་ཀྱི་ནང་ཆོས་ཚུད་པའི་འཛམ་གླིང་ཆོས་ལུགས་ཁག་ཚང་མའི་གཞི་རྩའི་དམིགས་འབེན་ཡིན་ལ། བོད་མི་རིགས་ནི་དམིགས་འབེན་འདི་ཉིད་དོན་དངོས་ལག་ལེན་གྱི་ཡང་རྩེར་སོན་པའི་མི་རིགས་ཤིག་ཆགས་ཡོད། ཕྱི་ལོ་ ༢༠༠༩ ལོ་ནས་བོད་མི་ཚོས་རང་ལུས་མེར་སྲེག་གིས་བོད་ཀྱི་བདེན་དོན་འཐབ་རྩོད་དང། བོད་མིའི་བསྒྲུབ་བྱའི་རང་དབང་གི་སྙིང་པོར་གྱུར་པའི་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་བཅས་ནི་བོད་མི་རིགས་འདི་འགྲོ་བ་མིའི་གྲལ་དུ་ཡུན་གནས་རྟག་བརྟན་དང། དེའི་ཚེ་སྲོག་གི་གཞི་རྩར་ངོས་འཛིན་གནང་བ་ནི་བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ནང་དེ་སྔ་བྱུང་མྱོང་མེད་པའི་རླབས་ཆེན་གྱི་ལེའུ་གསར་པ་ཞིག་ཏུ་གྱུར་ཡོད།  མི་སུ་ཞིག་ཡིན་ནའང་གཞན་གྱིས་བཙན་གནོན་དང། རྡུང་རྡེག་བཅས་ཀྱི་མནར་གཅོད་ཚད་ལས་བརྒལ་བ་བཏང་ན། དེ་ལ་སུ་རྒྱལ་སུ་ཕམ་གྱི་གནས་སྟངས་ཐག་གིས་གཅོད་པ་ཆོས་ཉིད་ཡིན་ནའང། ༧གོང་ས་མཆོག་གི་ལྟ་དགོངས་སྤྱོད་གསུམ་རྩ་བར་འཐིམས་པའི་བོད་ཀྱི་རིག་གནས་དང་། དེས་བཞེངས་པའི་བོད་མི་ཚོས་དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་གསོད་གཏུབ་དང་བཙོན་འཇུག སྙིང་ཕྱུངས་བ། རྒྱུ་མ་འདོན་པ། མིག་འབྲུ་བ། བཙན་གཡེམ་བྱེད་པ། སྦྲུམ་མ་དམར་གཤག་བྱེད་པ། གསོན་སྦས་བྱེད་པ། ཕ་མ་གསོན་སྦས་སྟེང་བུ་ལ་གར་འཁྲབ་དུ་བཅུག་པ། ལྕེ་དང་ཕོ་མཚན་གཅོད་པ་སོགས་འགྲོ་བ་མིའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཀླ་ཀློ་དང་འདྲེ་སྲིན་དངོས་ཀྱི་བྱ་སྤྱོད་ལག་ལེན་བསྟར་ཡང། དེ་ལ་སེན་འབྲད་ཙམ་གྱིས་འཚེ་བ་མ་བྱས་པར། ཁོང་ཚོས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་ཀླ་ཀློའི་སྤྱོད་པ་དེ་དག་མཚམས་འཇོག་ཡོང་བའི་སྐུལ་མ་གནང་བ་ནི་ཅི་འདྲའི་རིན་ཐང་བྲལ་བ་ཞིག་མ་རེད་དམ།  ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་ལེན་བདག་གཞན་མཉམ་བརྗེ་སྟེ། གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་རང་གི་དགེ་བ་གཞན་ལ་གཏོང་བ། རང་ལ་གསོད་རྡུང་གཏུབ་གསུམ་བྱས་ཀྱང་གསོད་མཁན་ལ་མ་བཞིན་ལྟ་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ་དེ་དག་གི་སྤྱོད་པ་དང་རྦད་དེ་གཅིག་མཚུངས་མ་རེད་དམ། བོད་མི་ཚོས་དེ་ལྟ་བུའི་ཚེ་སྲོག་བློས་གཏོང་གི་ཚ་རླབས་དེས་འཛམ་གླིང་སྤྱི་དང་ཡང་སྒོས་པེ་ཅིང་ཀྲུང་ནན་ཧའེ་བཅས་འདུག་བཟོད་ཁྱོན་ནས་མ་བདེ་བ་བཟོས་འཕྲལ། རྒྱ་ནག་གཞུང་གིས་བརྒྱུད་སྐུལ་བྱས་པའི་༧ཏཱ་ལའི་བླ་མར་བཏོན་པའི་དྲི་བ་བདུན་གྲགས་པ་འདི་ངོ་ཚ་ཞིང་ཡ་ང་བའི་ངང་འདོན་དགོས་བྱུང་འདུག
དྲི་བ་དང་པོའི་ལན།  བོད་མི་ཚོས་རང་སྲེག་མི་གཏོང་མཐུ་མེད་བྱུང་བ་ནི་རྒྱ་ནག་གཞུང་གི་བྱེད་བབ་ཉག་ཅིག་ཡིན།
སྐད་ཆ་འགོ་བཙུགས་མ་ཐག་རྫུན་གཏམ་ཁུང་བརྡོལ་བ་ནི་”༢༠༡༢ལོའི་ཟླ་༢ཚེས་༢༢ཉིན། ཏཱ་ལའི་ཡིས་རྒྱ་གར་གྱི་རྡ་རམ་ས་ལ་ནས་ཞོགས་པའི་སྨོན་ལམ་འཚོགས་ཤིང་། བོད་མི་རྣམས་ལ་རང་སྲོག་གཏོང་མཁན་རྣམས་ལ་བསྔོ་བ་སྨོན་ལམ་ཞུ་དགོས་པ་ལས་ལོ་གསར་མི་གཏོང་བའི་འབོད་སྐུལ་བྱས།”ཟེར་བ་འདི་རེད། ༢༠༡༢ ། ༢ །༢༢ ། ཉིན་སྟེ་ཆུ་འབྲུག་ལོ་གསར་ཚེས་གཅིག་ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱུན་གྱི་ཆོས་ཕྱོགས་ཀྱི་མཛད་སྒོ་ཚུགས་ཏེ། ཚོགས་ལངས་གྲུབ་མཚམས་༧གོང་ས་མཆོག་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་པ་ཀུན་གྱིས་དངོས་དང་བརྒྱུད་པས་མཇལ་ཡོད། ཉིན་དེར་བོད་མི་ཙམ་མ་ཟད་ཨིན་ཇི་བ་སོགས་སེར་སྐྱ་མི་མང་ ༢༠༠༠ ལྷག་གིས་ཀྱང་༧གོང་ས་མཆོག་གིས་ཉིན་དེར་ལོ་གསར་མི་གཏོང་རྒྱུར་བཀའ་སློབ་ཚིག་གཅིག་གསན་རྒྱུ་ཕར་ཞོག སྐབས་དེའི་ལོ་གསར་གྱི་ཆོས་ཕྱོགས་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ཆོས་སྲིད་གང་ཐད་ཀྱི་བཀའ་སློབ་གཅིག་ཀྱང་སྩལ་མེད་བཞིན། རྒྱ་གཞུང་གིས་རྫུན་གཏམ་འདི་ལྟར་སྨྲ་རྒྱུའི་ཧམ་པ་དང་སྨྱོ་བཤད་འདི་ཅི་ཞིག་ཡིན་ནམ། སྩལ་ཡོད་ན་དེ་ལྟར་སྩལ་བའི་ཁུངས་གང་དུ་ཡོད་དམ། འདིར་མི་འདྲེན་པའི་རྒྱུ་མཚན་ཅི་ཞིག་ཡིན། བོད་མི་རང་གི་གོམས་སྲོལ་ལ་ནང་མི་གཉེན་ཉེ་འདས་གྲོངས་སུ་ཕྱིན་ན་ལོ་དེར་མྱ་ངན་མི་བྱེད་པར་ལོ་གསར་གཏོང་བའི་སྲོལ་རྒྱུན་ཡོད་པ་རྒྱ་ནག་གཞུང་གིས་གང་དུ་མཐོང་སོང་ངམ།  དེ་འདྲའི་གནས་ཚུལ་ཐབས་རྡུག་འབྱུང་བཞིན་དུ་སྲོལ་ལུགས་ལ་ཁ་གཡར་ཏེ་དགའ་དགའ་སྤྲོ་སྤྲོ་བྱེད་པ་བྱུང་ན། དངོས་འབྲེལ་ཁྱེད་ཚོས་ཟེར་བ་བཞིན་མཆིལ་མ་དོར་དགོས་པ་ཞིག་ཡིན།  འདི་ལོ་ལོ་གསར་དགྱེས་སྟོན་ཚབ་ལ་མྱ་ངན་བྱས་པ་ནི་བོད་མི་ཚོས་རང་གི་མི་རིགས་དང་རིག་གཞུང་གི་ཆེད་དུ་རང་ལུས་མེར་སྲེག་བཏང་སྟེ་བདེན་དོན་རྩོད་པས་རེད། བོད་མི་ཚོས་སྐུ་ལུས་མེ་ལ་སྦར་བཞིན་ཞལ་ནས་ཅི་ཞིག་འབོད་ཀྱི་འདུག་གམ། མེ་ཕུང་དམར་པོའི་ཀློང་དུ་སྨོན་པ་ཅི་ཞིག་འདོན་གྱི་འདུག་གམ། དེ་དག་རྒྱ་ནག་གཞུང་གིས་མཁྱེན་ཨེ་ཡོད། ཁོང་ཚོས་༧གོང་ས་མཆོག་གི་དགོངས་གཞིའི་སྙིང་པོ་འཇིག་རྟེན་ཞི་བདེ་དང་ཡུན་རིང་ཐུགས་སྨོན་གནང་པའི་རྒྱ་བོད་འཆམ་མཐུན་གྱི་གཞི་རྩ་དམ་དུ་བཟུང་སྟེ། བོད་མིའི་ཁྱད་ནོར་ ༧གོང་ས་མཆོག་རྒྱང་འབོད་བྱེད་པ་དང་། ༧གོང་ས་མཆོག་རང་གི་ཕ་ཡུལ་དུ་གདན་འདྲེན་ཞུ་དགོས་པའི་རེ་འདུན་དམར་ལྷབ་ལྷབ་ཞུ་བཞིན་པ་དག་ལ་ཤུལ་ལུས་བོད་མི་ཡོད་དོ་ཅོག་གིས་ཅིས་ཀྱང་མྱ་ངན་ཞུ་འོས་པ་ཞིག་ལོས་ཡིན།  མཚམས་འདིར་ཚོར་བ་ཆེན་པོའི་ཐོག་དྲི་བ་གཏོང་འདོད་པ་ནི་བོད་མི་དཔའ་བོ་དཔའ་མོ་འདི་དག་གིས་བཏོན་པའི་རེ་འདུན་རྡོག་པོ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གང་ལ་འགལ་འདུག་གམ་ཞེས་པ་འདི་ཡིན།  བོད་མི་ཚོ་ཅིའི་ཕྱིར་གཞི་རྩ་མེད་པ་དང་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་ཀླ་ཀློའི་སྲིད་བྱུས་འོག་དུས་རབས་ཕྱེད་ཀ་ལྷག་གནས་དགོས་བྱུང་བ་རེད།
བོད་མི་ཚོ་ཅིའི་ཕྱིར་མི་རུ་མ་བརྩིས་པ་རེད་འདི་ལྟར་བསམ་ཞིབ་བྱས་འོང་དུས། རྒྱ་ནག་གཞུང་གིས་བོད་མི་རྣམས་མི་གྲལ་དུ་མ་བཞག་པས་བོད་མིས་རང་སྲེག་བཏང་བ་རེད་ཅེས་སྐད་གསེང་མཐོན་པོས་བཤད་ཆོག  སྔོན་ཁྱེད་ཚོའི་ལེའུ་ཧུའུ་ལན་དང་ཏུང་ཚོན་རུས་སོགས་ཀྱིས་རང་སྲོག་བློས་བཏང་རྗེས་དཔའ་བོ་དཔའ་མོ་ཞེས་མིང་བཏགས། འདྲ་འབག་རྡོ་རིང་བཞེངས། སྦྱར་པར་བཀྲམས། སློབ་མའི་སློབ་དེབ་ཚུན་ཆད་དུ་བཀོད་དེ་མི་རིགས་ཆེན་པོའི་རིང་ལུགས་ཀྱིས་རྒྱ་ནག་གི་གནམ་སའང་ཁ་སྦྱར་གྲབས་བྱས་པ་དེ་ལས། བོད་མི་ཚོས་བོད་རྒྱ་གཉིས་ཕན། འཇིག་རྟེན་ཞི་བདེ་བཅས་ལ་འགན་འཁུར་བའི་ཐོག་ནས་རང་སྲོག་བློས་བཏང་གནང་བ་དག་ལ་མྱ་ངན་རྗེས་དྲན་བྱེད་མི་ཆོག་པ་ཅི་ཞིག་ཡིན་ནམ། མི་རིགས་དང་བདེན་དོན་གྱི་ཆེད་དུ་གཅེས་སྲོག་བཏང་བ་འདྲ་མཉམ་ཡིན་ན་ང་ཚོས་ཅིའི་ཕྱིར་མྱ་ངན་ཙམ་ཡང་ཞུ་མ་ཆོག་པ་རེད། རེབ་འདིར་ལོ་གསར་མི་གཏོང་བ་ནི་དྲིན་དྲན་པ་དང་གསབ་པ། བྱས་པར་ཡི་རང་བྱེད་པ་སོགས་བོད་ཀྱི་རྒྱུ་འབྲས་རིག་གནས་ཀྱིས་བསྐྱེད་པའི་རྒྱུན་ལྡན་གྱི་བསམ་སྤྱོད་བསྒྱུར་ཏུ་མེད་པ་ཞིག་ཡིན་པ་རྒྱ་ནག་གཞུང་གིས་ཤེས་རྟོག་མེད་པ་ག་ལ་སྲིད།  དོན་སྙིང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གལ་ཏེ་རང་སྲོག་གཏོང་རྒྱུའི་བཀའ་ཟུར་ཙམ་ཞིག་ཕེབས་པའི་དབང་དུ་བཏང་ན། རི་ལུག་པ་ཐག་པས་མི་འདུམ་པའི་དཔེ་ལྟར་ཆགས་རྒྱུ་ལས། ད་ལྟ་བཞིན་རྒྱལ་གཅེས་པའི་ཕུང་པོ་ཁྱེད་ཚོས་སྦས་སྐུང་དང་བཙན་གཉེར་བྱེད་པ་སྤྲོས་བྲལ་ཡིན།
དྲིས་ལན་གཉིས་པ། ༧གོང་ས་མཆོག་གིས་རང་སྲེག་བྱུང་རྐྱེན་ངོས་འཛིན་གནང་བ་ནི་རྦད་དེ་དངོས་བྱུང་ཇི་བཞིན་གསུངས་པ་རང་རེད།
༢༠༡༡ ལོའི་ཟླ ༡༡ ཚེས ༧ ཉིན༧གོང་ས་མཆོག་གིས་ཉི་ཧོང་དུ་1″ངོས་སྒེར་གྱི་བསམ་ཚུལ་ལྟར་ན་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བ་དེའི་ཆབ་སྲིད་དང་ཆོས་ཕྱོགས། དེ་བཞིན་ལྟ་གྲུབ་ཀྱི་རྒྱབ་ལྗོངས་བཅས་ལ་བསམ་ཞིབ་ནན་པོའི་ཐོག་ནས་ལྟ་དགོས་པ་ཡིན།  རྒྱ་ནག་གཞུང་གིས་བོད་ལ་ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་དབང་བསྒྱུར་བྱས་པའི་དོན་དངོས་གནས་སྟངས་གང་འདྲ་ཡིན་མིན་དོན་རྐྱེན་དེ་དག་ནས་གསལ་པོར་རྟོགས་ཐུབ། འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་དེ་ལ་བརྟེན་ནས་བོད་མི་ཚོས་རང་དབང་དང་དྲང་བདེན་རྩོད་བཞིན་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་དོན་རྐྱེན་དེ་དག་ཛ་དྲག་ལ་བརྩིས་ཏེ་བོད་མི་ཚོའི་དཀའ་ངལ་སེལ་ཐབས་བྱེད་དགོས་པ་དང། བོད་ཀྱི་དངོས་ཡོད་གནས་སྟངས་ཁས་ལེན་བྱེད་དགོས་པ་རེད”ཅེས་དངོས་བྱུང་གང་ཡིན་པ་གསུངས་ཡོད་ཀྱང་། ད་བར་བོད་ནང་གི་དངོས་ཡོད་གནས་སྟངས་དང་མངོན་འདོད་བཅས་པར་རྒྱ་ནག་གཞུང་རང་ངོས་ནས་ཞིབ་འཇུག་བྱེད་རྒྱུ་ཕར་ཞོག རང་དབང་ཅན་གྱི་ཚོགས་སྡེ་གཞན་ལའང་ཞིབ་འཇུག་བྱེད་དུ་མི་འཇུག་པའི་རྒྱུ་མཚན་ཅི་ཞིག་ཡོད།  གཞན་དུ་སྐབས་འདིར་ཁོང་ཚོས་རང་ནོངས་ཐོད་དུ་བླངས་ནས་སྨྲས་པ་ལྟར་བོད་ཀྱི་རིག་གནས་རྨེག་མེད་གཏོང་མཁན་ནི་རྒྱ་ནག་གཞུང་རང་ལས་གཞན་དུ་འཇོག་རྒྱུ་མེད། རྒྱ་ནག་གཞུང་གིས་བོད་བཙན་ཟོས་བྱས་པ་ནས་གཡོ་ཧམ་དྲག་སྤྱོད་ལ་བརྟེན་ཏེ་བོད་མིའི་རིགས་རུས་དང་སྐད་ཡིག དད་མོས་སེམས་ཁམས་སོགས་བོད་ཀྱི་ངོ་བོ་རྩ་མེད་གཏོང་བའི་གཡོ་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་མོད་ད་དུང་སུ་ཞིག་གིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་འདུག་ཅེས་ལྡོག་འདྲི་འདི་འདྲ་བྱེད་རྒྱུར་རྒྱ་ནག་གཞུང་གི་ཁོག་ལ་དྲན་ཡང་ཁ་ནས་ཅི་ལྟར་ཤོར་སོང་ངམ།  བོད་བརྒྱུད་ནང་བསྟན་གྱི་གཞི་རྟེན་དུ་གྱུར་པའི་བོད་ཀྱི་རིག་གནས་ནི་གོ་ལ་ཆེན་པོའི་སྣོད་བཅུད་ཀྱི་ཞི་བདེར་མེད་དུ་མི་རུང་བ་ཞིག་ཡིན་པ་དེར་རྒྱ་གཞུང་གིས་བསམ་བཞིན་འཁྱོག་བརྗོད་ཅི་ལྟར་བྱས་ཀྱང། འཇིག་རྟེན་ཁམས་ཀྱི་གཟུར་གནས་ཆོས་ལུགས་དབུ་འཁྲིད་དང༌། ཆབ་སྲིད་པ། ཚན་རིག་པ་དང་མཁས་པ་དག་གིས་བོད་ཀྱི་རིག་གནས་འདི་བཞིན་ཆེས་མཆོག་ཏུ་གྱུར་པ་ཞིག་ལ་གདེང་འཇོག་གནང་གི་ཡོད་པ། དཔེར་ན། ༧གོང་ས་མཆོག་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་དུ་ཆིབས་སྒྱུར་བསྐྱངས་ཀྱང་མི་ཚོགས་ས་ཆེན་གཡོ་བ་ལྟར་འདུ་འཛོམས་འབྱུང་གི་ཡོད་པ་ནི། ཁོང་གི་ཞལ་ཞེ་གཉིས་མེད་ཀྱི་སྤྱིར་འཇིག་རྟེན་ཡོངས་དང་བྱེ་བྲག་བོད་རྒྱ་གཉིས་སྨན་གྱི་དགོངས་གཞི་བོད་ཀྱི་ཆོས་དང་རིག་གནས་ཀྱི་འགུག་ཤུགས་ལ་བརྟེན་ཏེ་བྱུང་བ་ཡིན་པ། ༧གོང་ས་མཆོག་རང་གི་ཞལ་སྔ་ནས་ཀྱང་”རིམ་པས་ནང་ཆོས་སློབ་གཉེར་བྱས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐའ་མེད་པའི་སྙིང་རྗེ་བཅས་ཀྱི་ལྟ་གྲུབ་ལ་གོ་རྟོགས་འཕེལ་བའི་དབང་གིས་ཀུན་ཁྱབ་ཀྱི་སེམས་ཁུར་དང༌། འཚེ་བ་མེད་པ། ཆོས་ལུགས་མཐུན་ལམ་བཅས་ཀྱི་གལ་འགངས་ཤེས་རྟོགས་བྱུང༌། ལྟ་གྲུབ་གྱི་རྒྱུ་མཚན་འདི་དག་ལ་བརྟེན་ནས་ངས་མིའི་གཞི་རིམ་གྱི་བཟང་སྤྱོད་སྤེལ་རྒྱུའི་འབད་བརྩོན་མུ་མཐུད་བྱེད་ཀྱི་ཡོད། ཐབས་ཚུལ་འདིས་དཀའ་ངལ་ཧ་ཅང་ཆེ་བའི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱང་འཚེ་མེད་ཞི་བའི་ལམ་ནས་བྱེད་ཐུབ་པའི་ལམ་སྟོན་ཐོབ་བྱུང༌།” ཞེས་བཀའ་སྩལ་ཡོད།
དྲི་བ་གསུམ་པའི་ལན། བོད་རྒྱ་གཉིས་ལོ་རྒྱུས་སྟེང་མཆོད་ཡོན་གྱི་འབྲེལ་བ་མིན་ན་གང་ཡིན།
ལོ་རྒྱུས་ཀྱི་དངོས་བྱུང་ཇི་བཞིན་སྨྲ་རྒྱུ་ནི་༧གོང་ས་མཆོག་གིས་འཇིག་རྟེན་ཁྱོན་ཡོངས་ལ་བཅངས་པའི་དྲང་བདེན་གྱི་ཆ་ཤས་ཤིག་ཡིན་པས། མན་ཇུ་དང་བོད་བར་ལབ་ནའང་འདྲ། གསེར་བུམ་དཀྲུག་འདོན་གྱི་བྱུང་ཚུལ་ནས་བཤད་ནའང་འདྲ། གང་ལྟར་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་པས། དེར་བསྒྱུར་བཅོས་གཏོང་མི་ཐུབ་པ་དང་། ད་བར་ཡང་ནས་བསྐྱར་དུ་རྒྱུ་མཚན་ཁུངས་ལུང་ཏན་ཏིག་དང་བཅས་རྒྱ་གཞུང་གི་ཞལ་དུ་ཅི་ལྟར་བསྟབས་ཀྱང། རྫུན་མ་སྟོང་བཟློས་ཀྱིས་སུན་སྣང་ཡེ་ནས་མེད་ཚོད་ལ་ལྟོས་ན་སྐབས་འདིར་བྱུང་བ་ངོ་སྤྲོད་བྱ་རྒྱུ་ལས་དྲི་བ་འགའ་བཏང་བར་འདོད་དེ། མན་ཇུ་དང་བོད་ཀྱི་མཆོད་ཡོན་སྐོར་ཅུང་ཙམ་སྤྲོ་བ་ལ།  ཆིང་ངམ་མན་ཇུ་དང་བོད་གཉིས་མཆོད་ཡོན་གྱི་འབྲེལ་བ་མིན་ན་མན་ཇུའི་གོང་མ་ལྷ་སྐྱོང་ངམ་གོང་མ་ཆན་ལུང་སྲིད་དབང་དར་རྒྱས་རྩེ་མོར་སོན་སྐབས་༧རྒྱལ་མཆོག་སྐུ་ཕྲེང་བརྒྱད་པར་ཕུལ་བའི་གཡང་ཊིའི་འཇའ་སའི་ནང་། ༧གོང་ས་མཆོག་གི་མཛད་པར་ཆེ་བརྗོད་དང་བསྟོད་བསྔགས་ཚད་མེད་ཞུས་འདུག་པ་མ་ཟད། ” སྐུ་གོང་མ་ཏཱ་ལའི་བླ་མའི་ལུགས་སྲོལ་བཞིན་ཐུགས་བསྐྱེད་རྒྱ་གང་ཆེ་དང་། སྨོན་འདུན་བཟང་པོས་ཁྱད་འཕགས་ཀྱི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་། འགྲོ་བ་ཀུན་ལ་ལེགས་ཚོགས་སྩལ་ཏེ་”ཞེས་མན་ཇུས་བདག་སྐྱོང་བྱས་ཡོད་ན། ༧གོང་ས་༸སྐྱབས་མགོན་ཆེན་པོར་ཆབ་སྲིད་སྐྱོང་རྒྱུ་ཞིག་གང་ནས་ཡོང་ངམ།  མན་ཇུའི་ཆན་ལུང་གི་རྗེས་སུའང་ ཕྱི་ལོ་ ༡༨༤༤ ལོར་བོད་རྗེ་སྲིད་སྐྱོང་ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་ཁྲི་བཤོལ་ཚབ། གནས་སྐབས་རིང་པཎ་ཆེན་བསྟན་པའི་ཉི་མས་ཆབ་སྲིད་བསྐྱངས་པ་དང་། ཕྱི་ལོ་ ༡༨༦༢ ལོར་བོད་རྗེ་རྭ་སྒྲེང་དང་དགའ་འབྲས་འགལ་ཟླ་བྱུང་རྗེས། བཤད་སྒྲ་དབང་ཕྱུག་རྒྱལ་པོ་བོད་ཀྱི་སྡེ་སྲིད་དུ་བསྐོས་པ། སྲིད་སྐྱོང་དེ་མོ་ཧོ་ཐོག་ཐུ་ལས་ཁུར་དགོངས་པ་ཞུས་མཚམས། གཞུང་འབངས་སེར་སྐྱ་སྤྱི་མགྲིན་ནས་གསོལ་བ་བཏབ་པ་ལྟར་ཕྱི་ལོ་ ༡༨༩༥ ལོར་༧གོང་ས་བཀའ་དྲིན་ཟླ་མེད་བཅུ་གསུམ་པ་ཆེན་པོས་གངས་ལྗོངས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་སོགས་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་གལ་ཆེའི་རིགས་འཕོ་འགྱུར་སྐབས་བོད་གཞུང་མང་གིས་རང་ཐག་བཅད་པ་ལས་མན་ཇུས་ཐེ་བྱུས་སྤུ་ཙམ་བྱས་མེད་པ་ལས་ཀྱང་རྟོགས་ཐུབ་བོ།
དེ་བཞིན་སྐབས་དེའི་བོད་ཀྱི་ཕྱི་སྲིད་ཐད་ནས་ཀྱང་ཕྱི་ལོ་ ༡༨༥༨ མན་ཇུ་དང་ཨིན་ཇིའི་བར་བཞག་པའི་ཆིངས་ཡིག་ནང་དུའང་། ཨིན་ཇི་བོད་ནང་འགྲུལ་བསྐྱོད་ཆོག་པའི་ཐོབ་ཐང་སྤྲད་དོན་ལྟར། ཕྱི་ལོ་ ༡༨༨༥ ལོར་ཨིན་ཇིའི་མི་སྣ་གམ་པ་རྫོང་དུ་འབྱོར་སྐབས་བོད་གཞུང་གིས་མན་ཨིན་ཆིངས་དོན་ཁས་མ་བླངས་པར་ཨིན་ཇི་གམ་པ་རྗོང་ནས་བོད་དུ་ཡོང་མ་བཅུག་པ། ཕྱི་ལོ་ ༡༨༩༠ ལོར་འབྲས་ལྗོངས་དང་རྒྱ་གར་ཨིན་གཞུང་གཉིས་ཀྱིས་ས་མཚམས་སྐོར་ཆིངས་ཡིག་ཅིག་བཞག་པ་དང་། ཕྱི་ལོ་ ༡༨༩༣ ལོར་དེའི་མཇུག་སྐྱོང་མན་ཨིན་གཉིས་ཀྱིས་རྡོར་གླིང་དུ་གྲོས་མཐུན་བཞག་པའི་ནང་གྲོ་མོར་ཚོང་རྭ་བཙུགས་ཏེ་ཨིན་ཇིའི་མི་ཁོངས་ཚོང་ལས་བྱེད་ཆོག་པ་དང་། ཨིན་གཞུང་གི་ལས་བྱེད་གྲོ་མོར་བསྡད་ཆོག་པ་འཁོད་ཀྱང། ཅི་ལྟར་བྱས་ཏེ་དེ་དོན་ལག་ལེན་དོན་འཁེལ་མ་བྱུང་བ་རེད་དམ་ཞེ་ན། དེའང་བོད་གཞུང་གིས་ཞལ་བཞེས་མ་གནང་བ་ལས་བྱུང་གཞན། གོར་ཁས་ཕྱི་ལོ་ ༡༧༩༣ ལོའི་ཆིངས་དོན་བརྩིས་མེད་ཀྱིས་ཕྱི་ལོ་ ༡༨༥༥ ལོར་བོད་སར་བཙན་འཛུལ་བྱེད་སྐབས་མན་ཇུའི་ཐེ་བྱུས་གང་ཡང་མེད་པ་དང་། ལྷག་པར་ཕྱི་ལོ་ ༡༩༠༤ ལོར་ཨིན་དམག་བོད་དུ་འཛུལ་སྐབས་མན་ཇུའི་རོགས་རམ་ཕར་ཞོག ལྷ་སྡོད་ཨམ་བན་ནས་ཨིན་ཇིར་ཟུར་གསོས་ཕུལ་སྟེ་སྣེ་ལེན་ཞུས་པ་རྣམས་ནག་བསུབ་བཏང་བ་ཡིན་ནམ།  སྨྱུག་འཛིན་པས་མཚམས་འདིར་ནན་གྱིས་བཤད་འདོད་པ་ཞིག་ནི། རྒྱ་བོད་འབྲེལ་འདྲིས་ཀྱི་དུས་ཡུན་རིང་ཤོས་དང་། རྒྱ་ནག་གིས་སོ་འཇོག་སུན་གཙེར་གནང་བྱེད་དུ་བཞག་པའི་ལྷ་སྡོད་ཨམ་བན་ཟེར་བ་དག་གི་ལྐོག་གཡོ་ངན་ཇུས་ཀྱི་བྱས་ཤུལ་ཐར་ཐོར་རེར་མགོ་རྨོངས་ཨ་འཐས་བྱེད་པ་ལས། ༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མན་ཇུ་གོང་མའི་བར་འདྲ་མཉམ་གྱི་གནས་བབས་བྱུང་བ་རྣམས་ཡང་དག་ངོས་འཛིན་ཐུབ་ན། དེ་ནི་རྒྱ་བོད་མི་རིགས་གཉིས་ཀྱི་བར་ལ་མཛའ་མཐུན་འབྱུང་གཞི་མ་རེད་དམ་ཞེས་ཞུ་ཡི་ཡོད།
དྲིས་ལན་བཞི་པ། དོན་དམ་མི་རིགས་བར་འགལ་ཟླ་བཟོ་མཁན་ངོ་མ་སུ་རེད་དམ།
མགོ་བསྐོར་བསླུ་བྲིད་དང་རྫུན་ནག་དྲག་སྤྱོད་ཀྱི་ཐབས་ལམ་ཁོ་ནར་བརྟེན་ནས། མངའ་འབངས་འཛིན་སྐྱོང་གི་སྲིད་གཞུང་ཞིག་ལ་མཚོན་ན། ཆེས་ཞེད་སྣང་དགོས་ས་དེ་རྒྱལ་ཁོངས་མི་མང་གིས་སྲིད་གཞུང་མངོན་སུམ་དུ་མཐོང་བའི་དུས་ཚོད་དེ་ཡིན་ལ། སྐབས་དེ་ནི་ཁོང་ཚོར་འཇིགས་རུང་གི་ཉམས་སུ་མགོ་རྟིང་ལོག་འགྲོ་བས་མཐའ་མའི་དུས་ཚོད་དེ་ཡིན་པའི་རྐྱེན་གྱིས་སོ།  ཁོང་ཚོའི་དྲི་བ་བཞི་པ་ཟེར་བའི་ཐོག་མར། ཕྱི་ལོ ༢༠༡༡ ལོའི་ཟླ ༧ པར་༧གོང་ས་མཆོག་གིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིར་བཀའ་ལན་བསྐྱོན་སྐབས། “པེར་ལན་གྱི་རྩིག་གྱང་ལོག་རྗེས་ང་ཚོས་རྒྱལ་ཁབ་གང་ཡིན་ཡང་མི་མང་ལ་གཏོགས་པ་ལས། སྲིད་ཏང་གང་ཞིག་གམ། རྒྱལ་པོ་གང་ཞིག་ཡང་ན་བསམ་བློའི་འགོ་ཁྲིད་སུ་ཞིག་ཡིན་ཡང་དབང་མི་སྲིད་པ་མཐོང་བྱུང་། “ཞེས་གསུངས་བ་དེ་ལུང་དུ་དྲངས་ནས། བཀའ་སློབ་དེས་མི་རིགས་ཕན་ཚུན་བར་ལ་འགལ་བ་སླངས་པ་རེད་ཅེས་འུར་བརྗོད་ཆེན་པོ་ཞིག་བྱས་འདུག  ༧གོང་ས་མཆོག་གི་བཀའ་སློབ་དེའི་མཐའ་མའི་བསྟན་དོན་སྙིང་པོ་ནི་ཚོགས་སྒེར་གང་ཡང་རུང་བའི་སྒེར་སྤྱོད་སྲིད་གཞུང་ཞིག་གི་འོག་ནས་རང་དབང་ཟེར་བ་དེ་གླེང་ཐབས་མེད་ལ། རང་དབང་མེད་པའི་བདེ་སྐྱིད་ཟེར་བ་ཞིག་དེ་བས་མེད་ན། མི་རྣམས་ངེས་པར་མང་གཙོར་བསྐྱོད་དེ། རྒྱལ་ཁབ་དམངས་ལ་དབང་བ་ཞིག་བྱེད་ཐུབ་པ་དགོས་ཞེས་གསུངས་ཡོད་པ་ལས། དེར་མི་རིགས་ཕན་ཚུན་འགལ་འབྲེལ་ལ་ཤུགས་རྐྱེན་ཐེབས་པའི་བཀའ་སློབ་ཅིག་བཀའ་སྩལ་མེད་པ་འདི་རེད། ཡིན་ནའང། དམངས་ལ་དབང་བའི་རྒྱལ་ཁབ་ཟེར་དུས། སྒེར་སྤྱོད་དབང་བསྒྱུར་མཁན་ཚོའི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་སྐྱེ་ཡོད་ཕྱིན། དམངས་ལ་དབང་བའི་རྒྱལ་ཁབ་བམ། ཐམས་ཅད་དམངས་ཀྱིས་ཐག་གཅོད་དགོས་པའི་ལམ་ལུགས་ཐད་ལ་སྐུལ་སློང་བྱས་ཡོང་དུས། སྒེར་སྤྱོད་དབང་བསྒྱུར་མཁན་ཚོར་ཞེད་སྣང་དངངས་འཚབ་དང་བཅས་ཏེ་གཞན་དུ་ཁ་བསྒྱུར་གྱི་བྱེད་སྟངས་གསར་པ་ཞིག་འགོ་བརྩམས་ཡོང་བ་ནི་ཁོང་ཚོའི་རྩ་བའི་ལངས་ཕྱོགས་ཡིན།  དོན་ངོ་མའི་མི་རིགས་ཕན་ཚུན་བར་ལ་འགལ་བ་སློང་མཁན་རྒྱ་ནག་གཞུང་ལས་གཞན་པ་གང་ན་ཡོད། དཔེར་ན། ཕྱི་ལོ ༢༠༠༨ ལོའི་ཞི་རྒོལ་དོན་རྐྱེན་སྐབས་སུ་ལྷ་སར་གནས་སྡོད་རྒྱ་རིགས་ཚོང་པ་ཁ་ཤས་འདས་གྲོངས་སུ་ཕྱིན་པ། བོད་མིས་ཆེད་མངགས་དམར་གསོད་བཏང་བ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཚད་མེད་འུར་སྒྲོག་བྱས་ཏེ་འགལ་བ་ག་ཚོད་བཟོས་ཡོད། དེ་བཞིན་༧གོང་ས་མཆོག་གིས་ལོ་དེའི་ཨའོ་རྩེད་འགྲན་ཚོགས་རྒྱ་ནག་ཏུ་ཚོགས་རྒྱུར་སྔ་ཕྱིར་འཛམ་གླིང་ཡོངས་གྲགས་ཀྱིས་རྒྱབ་སྐྱོར་ག་ཚོད་མཛད་ཡོད་པ་དངོས་བདེན་ཤེས་བཞིན་དུ། དེ་ལས་ལྡོག་སྟེ་ཨའོ་རྩེད་རྒྱ་ནག་ཏུ་ཚོགས་རྒྱུར་༧གོང་ས་མཆོག་གིས་བར་ཆད་བཏང་རབས་རྒྱ་ནག་གཞུང་གིས་རྫུན་གཏམ་བསྟུན་མར་སྤེལ་ཏེ་བོད་རྒྱ་མི་རིགས་བར་ལ་ཆེད་མངགས་ཞེ་འཁོན་ག་ཚོད་སླངས་པ་འཇིག་རྟེན་ཀུན་གསལ་ཡིན།  ཡང་དེར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་”མངོན་སུམ་འཛེམ་མེད་ངང་བོད་རིགས་ཕུད་མི་རིགས་གཞན་རྣམས་བོད་ནས་ཕྱིར་འབུད་བྱེད་རྒྱུ་བསྒྲགས།”ཞེས་པ་ཞིག་ཡིག་ཆ་དེའི་མགོ་མཇུག་བར་གསུམ་གང་དུའང་མེད་པ་ཡོད་པར་སྨྲ་བའི་མངོན་སུམ་ལ་བསྙོན་པའི་འཁྱོག་བརྗོད་ཀྱིས་རྒྱ་བོད་མི་རིགས་བར་འགལ་ཟླའི་འབར་ལན་( པེར་ལན་)རྩིག་གྱང་ཞིག་བསྐྲུན་དགོས་དོན་ཡང་གང་ཡིན་ནམ།   བཙན་བྱོལ་བོད་གཞུང་གིས་སྐབས་དེར་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་4″བོད་ནང་གཏན་དུ་གཞིས་ཆགས་པ་དང་། དུས་ཡུན་རིང་པོ་ནས་གནས་སྡོད་འཚར་ལོངས་བྱས་པ་རྣམས་ཕྱིར་འབུད་བྱེད་རྒྱུ་ང་ཚོའི་ཀུན་སློང་མིན། ང་ཚོའི་སེམས་འཚབ་བྱེད་གཞི་རྒྱ་རིགས་གཙོས་པའི་མི་རིགས་གཞན་འབོར་ཆེན་སྤོ་ཤུགས་བྱེད་རྒྱུའི་སྐུལ་སློང་བྱེད་པའི་དབང་གིས་ད་ཡོད་སྤྱི་ཚོགས་ལ་འཕོ་འགྱུར་དང། བོད་མི་རྣམས་གྲངས་ཉུང་ཆགས་པ། ཧ་ཅང་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་བཟོས་ཀྱི་ཡོད་པ་དེ་དག་ཡིན་”ཞེས་གསལ་པོར་འཁོད་ཡོད་པ་མ་མཐོང་བ་ག་ལ་ཡིན།
དྲིས་ལན་ལྔ་པ། ༧གོང་ས་མཆོག་ལས་ལྷག་པའི་བོད་མིའི་ཚབ་མཚོན་ཞིག་གང་ན་འདུག
ད་ལྟའི་བར་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་ལྟ་སྟངས་གཅིག་ཡོད་པ་ནི་བོད་མི་རྣམས་ནི་ཆོས་དད་པས་ཁོང་ཚོའི་འཇིག་རྟེན་གྱི་ཐོབ་དབང་ལ་གྱོང་གུད་དང་ཚོད་འཛིན། དབང་བསྒྱུར་ཐེབས་ཀྱིན་ཡོད་པར་འདོད་ཀྱི་ཡོད་ལ་སྒྲོག་བཞིན་པའང་རེད། ལྟ་སྟངས་འདིས་བོད་མི་རྣམས་ལ་”རྨོངས་དད་ཡོད་པ་དང། བླ་མས་དབང་སྒྱུར་གྱིན་ཡོད་པ། རྗེས་ལུས་ཀྱི་བསམ་བློ་ཡོད་པར་”ཧམ་བཤད་བྱ་རྒྱུ་ནི་རྒྱ་ནག་མི་མང་གིས་བོད་མི་མང་ལ་ལྟ་ཚུལ་འགྱུར་བ་ཐེབས་གཞི་གཙོ་བོ་ཞིག་ཆགས་པར་རེ་བ་ནི་ཧ་ཅང་གསལ་བོ་རེད། ཡིན་ནའང་གུང་བྲན་ཏང་གི་བྱ་འཕུར་བ་ལྟ་བུའི་སྤྱི་ཚོགས་ཡར་རྒྱས་འགྲིམས་ཤིང་ལྷ་ཡུལ་ལྟ་བུའི་བདེ་སྐྱིད་མྱོང་བཞིན་པར་བསྙད་པའི་”རྨོངས་དད་མེད་པ་དང་བོད་མིའི་རྗེས་ལུས་ཀྱི་བསམ་བློ”མེད་པའི་བོད་མི་གུང་བྲན་ཏང་མི་རྣམས་ལ་ཉིན་བརྒྱ་དུས་གཅིག་ཏུ་རང་དབང་ཐོག་བོད་ཀྱི་ཚབ་མཚོན་པ་སུ་ཡིན་མིན་འོས་ཤོག་འཕེན་བཅུག་པ་ཡིན་ན། ཉིན་མོ་དེར་གུང་བྲན་སྲིད་གཞུང་ལ་བློ་བསྐྱེད་གསར་པ་ཞིག་འབྱུང་ངེས་ལ། སྔར་འགྱོད་ཕྱིས་སྡོམ་གྱི་མདུན་ལམ་གསར་པ་ཞིག་ཀྱང་འབྱུང་ངེས་པ་ནི་ཐེ་ཚོམ་མེད་པ་ཞིག་རེད།  ཕྱི་ལོ་ ༢༠༠༢ ནས་ཚུགས་པའི་རྒྱ་བོད་འབྲེལ་མོལ་གྱི་བརྒྱུད་རིམ་ཁྲོད་དམིགས་བསལ་སྐུ་ཚབ་མཆོག་གིས་ཀྱང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་བོད་མིའི་ཚབ་མཚོན་སུ་ཡིན་ལྟ་འདོད་ཡོད་ན་འོས་འཕེན་དུ་བཅུག་དང་ཞེས་གོ་བརྡ་གསལ་པོར་སྤྲད་པ་བཞིན། ཅི་སྟེ། ཁྱེད་ཚོར་བློ་རྒྱ་ཡོད་ན། ༧གོང་ས་མཆོག་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་མིན་བོད་མི་ཚོར་བསམ་ཚུལ་འདྲི་རྒྱུའམ། ཡང་ན་རྒྱ་ནག་གཞུང་དང་༧གོང་ས་མཆོག་གཉིས་ལས་སུ་ཞིག་བོད་མིའི་མགྲིན་ཚབ་པ་ཡིན་མིན་རང་དབང་གི་འོས་ཤོག་འཕེན་དུ་བཅུག་དང་དེ་དུས་བོད་མི་རིགས་ཀྱིས་ས་ས་མལ་དང་རྡོ་རྡོ་མལ་གྱི་དཔེ་རུ་བསྐྱལ་སྟེ་ཁྱེད་ཚོའི་ཁ་ལྕེར་རྡོ་རྗེ་རྒྱ་གྲམ་གྱིས་གཏན་དུ་གཡོ་བ་མེད་པའི་གནས་སུ་འགོད་ངེས་པ་ཡིན་པས། ཕར་ཚུར་རྩོད་རྙོག་གི་གཞི་མ་ཅི་གང་ལྷག་མི་སྲིད་པ་ཡིན་ནོ་ཞེས་བཤད་རྒྱུ་ཡིན།
དྲིས་ལན་དྲུག་པ། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བར་དེ་འདྲ་ཞེད་དོན་ཅི།
དངོས་གནས་གོང་དུ་ཞུས་པ་བཞིན། བོད་མི་ཚོས་ཤི་གསོན་གྱི་མཐའ་མའི་ཐག་གཅོད་ཀྱང་༧གོང་ས་མཆོག་དང་༧གོང་ས་མཆོག་གི་ལྟ་དགོངས་སྤྱོད་གསུམ་བོད་དུ་གདན་འདྲེན་ཞུ་རྒྱུ། བོད་ཀྱི་རང་དབང་གི་ཆེད་གནང་གི་ཡོད་ན། བོད་མི་ཚོ་ཚེ་སྲོག་ལས་ལྷག་པའི་གལ་ཆེན་ཞིག་ཡོད་པ་དེ་༧གོང་ས་མཆོག་དང་། ཡང་ན་༧གོང་ས་མཆོག་གིས་སྙིང་པོ་བྱས་པའི་རང་དབང་ཁོ་ན་མ་རེད་དམ། གནད་དོན་འདི་གཅིག་པུས་༧གོང་ས་མཆོག་གིས་བོད་ཀྱི་དཀྱིལ་སྙིང་མཚོན་ཐུབ་མིན་དངོས་ར་གསལ་སྤྲོད་བྱས་འདུག་པས་ད་དུང་དྲི་བ་གཏོང་དགོས་ཅི་ལ་ཐུག  ཕྱི་ལོ་ ༢༠༠༩ ནས་བོད་ཕྱི་ནང་གཉིས་སུ་བོད་མི་ ༣༥ རང་ལུས་མེར་སྲེག་བཏང་བས་བོད་མིའི་བློས་གཏོང་དང་སེམས་ཐག་ཆོད་པོར་འཛམ་གླིང་མི་མང་ཡིད་སྨོན་སྐྱེ་བཞིན་ཡོད། ཁོང་ཚོས་ཚེ་འདིའི་ལུས་སྲོག་བློས་གཏོང་གིས་བོད་ཀྱི་བདེན་དོན་རྩོད་བཞིན་པས། བོད་མི་རིགས་ཀྱི་བླ་ན་མེད་པའི་རྒྱུ་འབྲས་རིག་གནས་ཀྱི་ངོས་ནས་བཤད་ན། ཁོང་རྣམ་པ་ཚོར་ཕྱི་མའི་རྟེན་བཟང་ཐོབ་རྒྱུར་སྨོན་ལམ་རྒྱག་པ་ལ་དྲི་བ་གཏོང་དགོས་པ་ཞིག་རེད་དམ། བོད་མི ༣༥ རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་ལ་གོ་ཤེས་ཉན་འཇོག་ཁྱོན་ནས་མེད་པར། ད་དུང་བོད་མི་ཚོས་བསྔོ་བ་སྨོན་ལམ་བྱས་ན་ནོར་འཁྲུལ་ཡོད་ཚུལ་དང་ལོག་བཤད་བྱ་རྒྱུར་འཇིག་རྟེན་འདིར་ངོ་ཚ་ཁ་སྐྱེངས་ཅུང་ཙམ་མེད་པ་འདི་ནི་ཟེར་རྒྱུས་ཕོངས་པ་མིན་ན་ཅི་ཞིག་ཡིན་ནམ།  རང་སྲེག་བཏང་བའི་བོད་མི་ཚོར་ཚེ་སྲོག་ཀྱང་བཏང་ཆོག་ཆོགགི་སྙིང་སྟོབས་ཡོད་ན། ཁོང་ཚོར་འཇིག་རྟེན་འདིར་འཇིགས་སྣང་བྱེད་ས་ཅི་ཞིག་ཡོད་དམ། ཁོང་རྣམ་པས་ཅིའི་ཕྱིར་རང་གི་ཚེ་སྲོག་གིས་རྒྱ་བོད་ཞི་འགྲིག་གཞི་རྩ་འབོད་བཞིན་པ་རེད་དམ། མི་རིགས་འདྲ་མཉམ་གྱི་དར་ཆ་འཕྱར་བ་རེད་དམ། སྐད་ཡིག་རང་དབང་གི་སྲོག་ཤིང་བསླངས་བ་རེད་དམ། འདི་འདྲའི་རླབས་ཆེན་གྱི་རང་སྲོག་བློས་གཏོང་ལ་༧གོང་ས་མཆོག་གིས་ཐུགས་སྨོན་མཚམས་སྦྱོར་གནང་མི་ཆོག་པ་ག་རེ་ཡོད་དམ།  ཕྱི་ལོ་ ༢༠༠༨ ཟླ ༥ ཚེས་ ༡༢ ཉིན་ཟི་ཁྲོན་དུ་གོད་ཆག་བྱུང་སྐབས་ཟླ་དེའི་ཚེས ༡༥ ཉིན་འཇར་མན་དུ་༧གོང་ས་མཆོག་གིས་” གནས་ཚུལ་དེ་གསན་པ་དང་འདྲ་པར་སོགས་གཟིགས་མ་ཐག་ངོས་རང་སེམས་པ་ཤིན་ཏུ་སྐྱོ་བོ་བྱུང། འབྱུང་ཁམས་ཀྱི་གོད་ཆག་དེའི་ཆེད་དེ་རིང་སང་ཉིན་གང་མགྱོགས་ང་ཚོས་སྨོན་ལམ་མཆོད་འབུལ་ཞུ་རྒྱུ་ཡིན་”ཞེས་བཀའ་སློབ་སྩལ་ཡོད་ཕྱི་ཟླ ༦ ཚེས ༤ ཉིན་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་བཀོད་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟི་ཁྲོན་ཝུན་ཁྲོན་དུ་ས་ཡོམ་བྱུང་བར་བསྔོ་སྨོན་སྐྱབས་འཇུག་ཞུས་ཡོད་ཀྱང་། ཁྱེད་ཚོས་ ཕྱི་ལོ་ “༢༠༠༨ ལོའི་ཟླ་ ༥ ཚེས་ ༡༢ ཉིན་གྱི་སི་ཁྲོན་ཝུན་ཁྲོན་ས་ཡོམ་ཆེན་པོ་བྱུང་ནས་མི་མང་པོ་ཤི་རྨས་ཐེབས་པ་དང་། བོད་རིགས་མི་ཉུང་བ་ཤི་གསོན་ཧ་མ་གོ་བའི་སྐབས་དེར། ཏཱ་ལའི་འཇར་མན་དུ་སོང་ཞིང་། མིའི་རིགས་ཀྱི་འཇིགས་པ་ཆེན་མོ་འདིའི་སྐོར་ཚིག་གཅིག་ཀྱང་མ་བཤད་ལ། ལྷག་པར་དུ་ལུས་དང་སེམས་ཀྱི་སྡུག་བསྔལ་ཚད་མེད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལའང་སྙིང་རྗེ་རྩ་བ་ནས་མཚོན་མེད་པ་རེད།” ཅེས་བཤད་པ་ནི་མིའི་རིགས་ཀྱི་སྐད་ཆ་བཤད་སྟངས་ཤིག་རེད་དམ། ད་དུང་སྐབས་དེའི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གྱི་སྐྱབས་ཐོའི་ནང་དུའང” བར་ལམ་ ཕྱི་ལོ་ ༢༠༠༨། ༥། ༡༢། ཟི་ཁྲོན་ཝུན་ཁྲོན་དུ་ས་ཡོམ་གྱི་གོད་ཆག་བྱུང་སྟེ་མི་གྲངས་ ༦༩༠༡༩ (དྲུག་ཁྲི་དགུ་སྟོང་བརྒྱ་མེད་བཅུ་དགུ)་རྐྱེན་འདས་གྲོངས་གྱུར་བ་དང་། མི་མང ༣༧༣༥༧༣ ལ་རྨས་སྐྱོན། མི་མང་ ༡༨༦༢༧ གར་སོང་ཆ་མེད། མི་མང་ས་ཡ་ ༡༥.༡༥ གནས་སྤོས་བྱེད་དགོས་པ་སོགས་མདོར་ན་མི་མང་འབུམ་ ༡༥༠ ལྷག་ཙམ་ལ་གོད་ཆག་གི་སྡུག་བསྔལ་བཟོད་དཀའ་བྱུང་བ་རྣམས་ཀྱི་སླད། རྟེན་མཆོག་སྤྱན་སྔར་མཆོད་བཤམས་དང་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་དང་དགེ་འདུན་པ་རེར་སྐུ་འགྱེད་ཧིན་སྒོར་ ༡༠༠ རེ་ཕུལ་ཏེ་ཟི་ཁྲོན་ཝུན་ཁྲོན་དུ་ས་ཡོམ་གོད་ཆག་འོག་འདས་གྲོངས་ཕྱིན་པ་རྣམས་ཀྱི་སྡིག་ལྟུང་བྱང་སྟེ་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་ཐོབ་པ་དང་། ཤུལ་ལུས་ནང་མི་རྣམས་ཀྱི་སེམས་ངལ་སངས་པ་ཚེ་མཇུག་བདེ་སྐྱིད་ཡོང་ཐབས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་བསྔོ་སྨོན་ཤུགས་དྲག་ཞུ་ན་”ཞེས་འཁོད་འདུག་པ་དང། གཞན་༧གོང་ས་མཆོག་གིས་སྐབས་དེར་ཟི་ཁྲོན་ཝུན་ཁྲོན་དུ་སྐུ་དངོས་སུ་ཕེབས་འདོད་ཡོད་པའི་ཐུགས་རེ་གནང་བ་སོགས་རྒྱ་རིགས་མི་མང་གིས་གསལ་གཟིགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
དྲིས་ལན་བདུན་པ། རྒྱ་ནག་གཞུང་གིས་སྒོར་མོས་དྲ་དམངས་བསླུ་ཉོ་བྱེད་ཀྱི་ཡོད་པ་སུས་མི་ཤེས།
“སྒོར་ཟུར་ལྔ་པ་”ཞེས་ན་དེང་སང་འཛམ་གླིང་དུ་ཡོངས་གྲགས་ཆགས་ཟིན་སྟབས། རྒྱ་ནག་གཞུང་གིས་བསླུ་ཉོ་བྱས་པའི་དྲ་དམངས་ལ་གྲངས་ཀ་ཞིག་གང་དུ་ཡོད་དམ། གླེང་ཕྱོགས་རྫུན་མ་བཟོ་བ་དང་གུང་བྲན་ལ་ཆེ་བསྟོད་ཀྱིས་འུར་རྒྱག་པ་སོགས་ནི་ཧུའུ་ཅིན་ཐའོས་དབུ་ཁྲིད་པའི་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་ཚང་ཁ་ཤིག་ཤིག་ཡོད་ནའང་། དེས་སྐུ་ཞབས་ཧུའུ་ཅིན་ཐའོར་དོན་དངོས་འཆམ་མཐུན་གྱི་གཞུང་དམངས་བསྐྲུན་སོང་ངམ། ཡང་ན་སྤྱི་ཚོགས་བརྟན་ལྷིང་བསྐྲུན་སོང་ངམ། དེ་ལ་ཏང་ཀྲུང་དབྱང་རང་ཉིད་རྒྱུས་ཡོད་ཆེ་ཤོས་ཡིན་སྟབས་ཁ་གསང་ནས་གསུང་ཐུབ་ཀྱི་ཡོད་དམ།
ང་ཚོས་ཤེས་གསལ་ལ་རྒྱ་ནག་ནང་ཁུལ་དུ་”སྒོར་ཟུར་ལྔ་པ་”མིན་པའི་དྲ་ཞུགས་པའི་གནས་ཚུལ་ལ་ལྟ་རྟོགས་བྱ་ཆེད་ངོ་སྤྲོད་ལག་ཁྱེར་བརྒྱུད་ཐོ་འགོད་བྱ་དགོས་པ་དང་། ངོ་སྤྲོད་ལག་ཁྱེར་མེད་ན་དྲ་བར་ཞུགས་ཐུབ་ཀྱི་མེད་པའི་གནས་ཚུལ་ཐབས་རྡུག་མང་པོ་ཉིན་རེར་ཇེ་མང་དུ་འགྲོ་ཡི་འདུག ག་རེ་བྱས་ནས་རྒྱ་ནག་གཞུང་གིས་རང་གི་མི་མང་ལ་ཡིད་ཆེས་མ་རྙེད་པ་རེད་དམ། གཞན་སྒོར་ཟུར་ལྔ་པས་རྒྱ་ནག་ནང་ཁུལ་གྱི་རྙོག་གླེང་ཆེད་དཀྲོག་གཏམ་སྣ་ཚོགས་སྤེལ་རྒྱུར་འགྲོ་སོང་ག་ཚོད་གཏོང་གི་མེད་དམ། ༧གོང་ས་མཆོག་གིས་རྒྱ་ནག་གི་རྒྱལ་སྲུང་ལས་ནང་ཁུལ་གྱི་རྙོག་གླེང་ལ་དཔལ་འབྱོར་འགྲོ་སོང་ཕོན་ཆེ་གཏོང་བཞིན་པར་ཧ་ཅང་ཐུགས་འཚབ་མཛད་ཀྱི་ཡོད་ལ། རྒྱ་རིགས་ནམ་འཕྲད་ལ་ནང་ཁུལ་འཆམ་མཐུན་གྱི་རྩ་བ་ཡིད་ཆེས་ལ་ཐུག་ཡོད་པའི་བོད་དང་༧གོང་ས་མཆོག་གི་རིག་གནས་གཞི་རྩར་དྲངས་ནས་བསླབ་བྱ་ལམ་སྟོན་གནང་གི་ཡོད་པས། འཆམ་མཐུན་དང་མཐུན་སྒྲིལ། གཞུང་མང་བར་ཡིད་ཆེས་དགོས་ན་ངེས་པར་དུ་༧གོང་ས་མཆོག་གི་ལམ་སྟོན་སྙིང་པོ་ལས་བརྒལ་ཐབས་མེད་པས། སྲིད་བློན་ཝུན་ཅཱ་པོས་བཤད་པ་ལྟར་ཆབ་སྲིད་བསྒྱུར་བཅོས་མ་བྱས་ཚེ་གུང་བྲན་གྱིས་བསླུ་ཉོ་བྱས་པའི་དྲ་དམངས་རྙོག་གཏམ་རུ་ཁག་གིས་གུང་བྲན་ལ་རྫུན་བསྟོད་བྱས་ནས་གུང་བྲན་གྱི་རྒྱལ་སྤྱིའི་མཚན་ཉིད་སྔར་བཞིན་སྲུང་དགོས་ཤར་ཚེ་ནམ་རིང་སྒྲུང་གིས་མི་འཁྱོལ་བ་ས་རིས་ཐང་གསལ་རེད་མི་འདུག་གམ། ད་དུང་ཡ་ང་བག་ཚ་གང་ཡང་མེད་པར་རང་གིས་བསླུ་ཉོ་བྱས་པའི་དྲ་དམངས་རྙོག་གཏམ་རུ་ཁག་གི་སྐད་ཆ་དྲངས་ནས་༧གོང་ས་མཆོག་ལ་སྡུག་དམོད་གཏོང་ཁུལ་འདི་ནི་”ཐབས་ཟད་གཏི་ཐུག་གི་ལས་ཀ་”མིན་ན་གཞན་དུ་མིང་ཞིག་འདོགས་རྒྱུ་གཏན་ནས་མི་འདུག་གོ
དེས་ན་མཐའ་སྡོམ་དྲ་དམངས་ཀྱི་སྐད་ཆ་མ་ཡིན་པའི་འཛམ་གླིང་འདིར་སྐད་གྲགས་ས་ཁྱབ་གནམ་ཁྱབ་ཏུ་ཕྱིན་པ། ལྟ་སྤྱོད་གཉིས་ལ་འཛམ་གླིང་ནང་ཆ་འཇོག་ཡོད་པའི་ཞི་བདེའི་དེད་དཔོན་ཆེན་པོ་བཅུ་གཉིས་ཀྱིས་དེ་རིང་༢༠༡༢ ཟླ ༤ ཚེས ༣ ཉིན་སྐུ་ཞབས་ཧུའུ་ཅིན་ཐའོར་ཕུལ་བའི་སྙན་ཞུའི་སྙིང་དོན་འདིར་དྲངས་ན། “བོད་མི་ཚོས་ཡུན་རིང་ནས་དོན་དམ་གྱི་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་བཞིན་ཡོད། ཁོང་ཚོས་འཚེ་བ་མེད་པ་དང་གྲོས་མོལ་གྱི་ལམ་ནས་དགོས་འདུན་དེ་དག་སྒྲུབ་ཐབས་བྱས་ཡོད་ཀྱང་ད་བར་གྲུབ་འབྲས་གང་ཡང་བྱུང་མེད་སྟབས། ད་ཆ་ཞི་རྒོལ་བྱེད་དགོས་ཐུག་གི་ཡོད། ང་ཚོའི་ཆོས་གྲོགས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད། རྒྱ་ནག་དབུ་ཁྲིད་ཚོས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་གནད་དོན་དེ་བཞིན་ཞི་མོལ་གྱི་ལམ་ནས་སེལ་རྒྱུའི་གོ་སྐབས་དེ་འཛིན་དགོས། དེའི་ཆེད་གྲོས་མོལ་གྱི་བརྒྱུད་རིམ་ཚར་གཅིག་འགོ་བཙུགས་ཚར་བ་དེ་བར་མ་ཆད་པ་ཞིག་དང་འཁྲུག་ཆ་དོད་པོ། དོན་ཕན་སོན་པ་ཞིག་དགོས”ཞེས་འཁོད་དོན་ལྟར།
ད་ནི་རྒྱ་ནག་གཞུང་གིས་དོན་དམ་གྱིས་བོད་མི་རིགས་ལ་དུས་རབས་ཕྱེད་ཀ་ལྷག་རིང་བཙན་བཟུང་གིས་གསོད་རྡུང་རྨས་གསུམ་ཚད་མེད་བྱས་དང་བྱེད་བཞིན་པའི་ལོ་རྒྱུས་ཀྱི་སྐྱོ་གར་མཚམས་འཇོག་བྱས་ཏེ། རྒྱ་བོད་མི་རིགས་གཉིས་འདྲ་མཉམ་གཞི་མཐུན་མཉམ་གནས་ཡོང་གཞིའི་མ་གདན་ཞིག་བསྐྲུན་ན་གོ་སྐབས་ཏག་ཏག་ཤར་འདུག་སྙམ་བྱུང་།
ཕྱི་ལོ་ ༢༠༡༢།༣། ༤། ཉིན་ཤར་མར་བྲིས། མུ་འགོད།
1) ༧གོང་ས་མཆོག་གི་བཀའ་སློབ་ལུང་འདྲེན་གྱི་ཁུངས། http://www.gyalwarinpoche.com/newsdetail.php?recordID=111
2)ཞི་བདེའི་དེད་དཔོན་ཆེན་པོ་བཅུ་གཉིས་ཀྱིས་ཧུའུ་ཅིན་ཐའོར་ཕུལ་བའི་སྙན་ཞུ།
http://bod.asia/2012/04/
3) ཨ་རི་གསེར་གྱི་རྟགས་མའི་གཟེངས་རྟགས་མཛད་སྒོར་སྩལ་བའི་བཀའ་སློབ་ནས་དྲངས།
4) རང་སྐྱོང་བསམ་འཆར་གྱི་ཤོག་ངོས ༢༠ སྟེང་གི་ཐིག་ཕྲེང ༡༠ ནས་ ༡༥ པར་གསལ།
ཧི་མཱ་ཅལ་མངའ་སྡེས་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་ཁྲིམས་འགལ་གྱི་ནག་ཉེས་མེད་པའི་གསལ་བསྒྲགས་གནང་བར་བཀའ་ཤག་གིས་ཐུགས་རྗེ་ཆེ་ཞུའི་གསལ་བསྒྲགས།
༢༠༡༡ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༦ ཉིན་ཧི་མཱ་ཅལ་མངའ་སྡེས་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་ཁྲིམས་འགལ་གྱི་ནག་ཉེས་མེད་པའི་གསལ་བསྒྲགས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་ཐག་གཅོད་དེ་དང་འབྲེལ་ཡོད་ཀྱི་ལས་བྱེད་ཚང་མར་བསྔགས་བརྗོད་ཞུས་པ་དང་སྦྲགས། སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་བཞིན་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་དང་སྒྲིག་གཞིར་བརྩི་བཀུར་དང་ལེན་ཞུ་མཁན་ཞིག་ཆགས་ཡོད་ཀྱང་། གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གོ་སྐབས་འདི་བརྒྱུད་སླར་ཡང་རྒྱ་གར་གནས་སྡོད་བོད་མི་ཚང་མས་སྔར་བཞིན་རྒྱ་གར་གྱི་ཡུལ་ཁྲིམས་ལ་བརྩི་བཀུར་དང་ལེན་ཞུ་རོགས་ཞེས་ནན་ཏན་གྱི་ཚུལ་དུ་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པའི་གསར་འགོད་གསལ་བསྒྲགས་གནང་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནོ་བེལ་ཞི་བདེའི་ལྷན་ཚོགས་སྐབས་ ༡༢ ཐོག་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༤ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ཆི་ཁ་གོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༢ ཚུགས་སྐབས་ལྷན་ཞུགས་མཛད་ཡོད། ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་འཚེ་བ་མེད་པའི་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་སེམས་ཤུགས་ནམ་ཡང་མ་ཆག ཅེས་པའི་བརྗོད་གཞིའི་བགྲོ་གླེང་ལྷན་ཚོགས་ཐོག་ལྷན་ཞུགས་མཛད་སྐབས། བགྲོ་གླེང་གི་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་ཨོ་ཐོར་ཇིམ་ཝུ་ཌན་(Author Jim Wooten)ལགས་ཀྱིས་༸གོང་ས་མཆོག་ལ་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་སྐོར་གྱི་དྲི་བ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་བྱུང་རབས་ཀྱི་རྒྱབ་ལྗོངས་རྣམས་ཞིབ་ཕྲ་གསལ་བཤད་མཛད་ཐོག་ད་ལྟའི་བོད་རྒྱའི་འབྲེལ་ལམ་གྱི་འཕེལ་རིམ་ཐོག་བཀའ་ལན་སྩལ་དོན། ཕྱི་ལོ་ ༡༩༤༩ །༡༩༥༠ ལོར་རྒྱ་མིས་བོད་ལ་བཙན་འཛུལ་བྱས་རྗེས་བོད་དང་རྒྱ་ནག་གི་འབྲེལ་བའི་རྣམ་པ་གསར་པ་འདི་བྱུང་བ་མ་གཏོགས་དེའི་གོང་དུ་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་མང་པོས་བོད་ཀྱི་གནས་བབས་དེ་བཞིན་དོན་དངོས་ཐོག་རང་བཙན་རྒྱལ་ཁབ་de-facto stateཀྱི་ངོ་བོར་གནས་ཡོད་པར་ངོས་འཛིན་བྱས་ཡོད། བཙན་འཛུལ་རྗེས་རིམ་བཞིན་རྒྱ་མིས་ཞི་བའི་བཅིངས་བཀྲོལ་གཏོང་ཆེད་བོད་མིས་རྒྱ་ནག་དང་ལྷན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་མིང་རྟགས་བཀོད་ཡོད། གྲོས་མཐུན་དེའི་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆ་རྐྱེན་བཀོད་ཡོད་པ་མ་ཟད། ཆ་རྐྱེན་དེ་དག་དབུ་མའི་ལམ་གྱི་གཞི་རྩའི་ལྟ་གྲུབ་དང་མཐུན་པ་ཞིག་ཀྱང་ཆགས་ཡོད།
ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་བྲོས་བྱོལ་ལ་སླེབས་རྗེས་དུས་ཚོད་གང་ཙམ་ཞིག་གཞིས་ཆགས་ཁག་གསར་འཛུགས་དང་འབྲེལ་བའི་ལས་གཞིའི་ཐོག་བཏང་བ་རེད། ཕྱི་ལོ་ ༡༩༧༤ ལོར་རྒྱ་ནག་ཏུ་རིག་གནས་གསར་བརྗེ་དར་ཏེ་བྲེལ་ཟིང་ཆེ་ཤོས་སྐབས་སུ་ང་ཚོས་རྒྱ་ནག་འགོ་ཁྲིད་ཚོ་དང་སྔ་ཕྱི་མ་གཏོགས་སྐད་ཆ་ཤོད་རྒྱུའི་དུས་ཚོད་ཅིག་ཤར་ངེས་ཡིན། སྐབས་དེར་ང་ཚོས་ད་ལྟའི་བོད་ནང་གི་གནས་སྟངས་ངོས་ལེན་བྱ་རྒྱུ་དང་རང་བཙན་རྩོད་རྒྱུའི་མཐའ་གཉིས་ལས་མ་ལྷུང་བར་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་སྐད་ཆ་ཤོད་རྒྱུ་ཡིན་ཞེས་ཐག་གཅོད་བྱས་ཡོད། ཕྱི་ལོ་ ༡༩༧༨། ༡༩༧༩ སྐབས་རྒྱ་ནག་གཞུང་གིས་ངོས་ལ་ལན་བཏང་བའི་ནང་རང་བཙན་མ་གཏོགས་པའི་གནད་དོན་ཇི་འདྲ་ཞིག་ཡིན་ཡང་ང་ཚོས་སྐད་ཆ་བཤད་ཆོག་ཅེས་གསལ་འདུག ང་ཚོས་སྔོན་ནས་གྲ་སྒྲིག་བྱས་ཟིན་པར་བརྟེན་ལང་ཕྱོགས་འདི་གཞི་རྩར་འཛིན་ནས་འབད་བརྩོན་བྱེད་སྐབས་མཚམས་རེ་བཟང་ཕྱོགས་ཀྱི་རེ་བ་ཡོད་པའི་རྣམ་པ་དང། སྐབས་རེ་དཀའ་ངལ་ཡང་འཕྲད་ཡོད་ཀྱང་དོན་དངོས་ཐོག་བོད་ནང་གི་གནས་སྟང་ལ་འགྱུར་བ་གང་ཡང་ཕྱིན་མེད། འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་གཞུང་དང་ལྷན་བོད་ཀྱི་གནད་དོན་སེལ་ཆེད་འབད་བརྩོན་གང་ཡོད་བྱས་ཀྱང་གྲུབ་འབྲས་ཐོན་མེད། འོན་ཀྱང་རྒྱ་ནག་མི་མང་ཚོར་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་གོ་སྐབས་ཤིག་བྱུང་བར་བརྟེན་བོད་དོན་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེའི་རྒྱུ་མཚན་ནི་ང་ཚོའི་འཐབ་རྩོད་འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་ལང་ཕྱོགས་འཛིན་པ་དེས་ཡིན། ཞེས་སོགས་ཀྱི་བཀའ་ལན་སྩལ་གྲུབ་བསྟུན། མང་ཚོགས་ཀྱི་དྲི་བར་བཀའ་ལན་ཡང་སྩལ་ཡོད།
བགྲོ་གླེང་གྲོལ་རྗེས་༸གོང་ས་མཆོག་དང་པོ་ལན་ཌིའི་སྲིད་འཛིན་སྐུ་ཞབས་ལེ་ཆི་ཝ་ལེ་ས་Lech Walesaམཆོག ཇོ་ཌི་ཝིལ་ཡེམ་སི་མཆོག་ Prof. Jody Williams སོགས་དབུ་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་མཛད་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་སྐུའི་ཡང་སྲིད་སྐོར་དང་བོད་ཀྱི་གནད་དོན་ཇི་ལྟར་སེལ་ཐུབ་མིན། འཚེ་མེད་ཞི་བ་གོང་མཐོར་གཏོང་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཞིབ་ཕྲ་གསལ་བཤད་མཛད་ཡོད། ཕྱི་ཚེས་ ༢༦ ཉིན་༸གོང་ས་མཆོག་གིས་ས་གནས་བོད་མི་ཚོར་བཀའ་སློབ་དང་འཚེ་མེད་ཞི་བའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་བགྲོ་གླེང་ནང་ལྷན་ཞུགས་མཛད་རྒྱུ་མ་ཟད། ལོ་ཡོ་ལ་གཙུག་ལག་སློབ་གྲྭར་Loyola University. ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།
བཀའ་ཁྲི་མཆོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་སུ་མཉམ་ཞུགས་གནང་བ།
༢༠༡༢ ཟླ་ ༤ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༣ ནས་ ༢༥ བཅས་ཉིན་གྲངས་གསུམ་གྱི་རིང་ཨ་རིའི་གྲོང་ཁྱེར་ཆི་ཁ་གོའི་ (Chicago) ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༢ སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཚོགས་ཆེན་དུ་ལྷན་བཞུགས་གནང་ཡོད། ལྷན་ཚོགས་དེར་འཛམ་གླིང་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་མི་སྣ་ཨུ་རུ་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་མེ་ཁེལ་གོར་བྷ་ཆོབ་ Mikhail Gorbachev མཆོག་དང། ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ཌི་ཀ་ལག་མཆོག ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཀར་ཊར་Jimmy Carter མཆོག པོ་ལན་ཌིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེ་ཆི་ཝ་ལེ་ས་ Lech Walesa མཆོག ཨ་རི་བ་ལྕམ་སྐུ་ཇོ་ཌི་ཝིལ་ཡམ་སི་མཆོག དེ་བཞིན་ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་བཅས་ལྷན་འཛོམས་གནང་ཡོད།
སྐབས་དེར་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་ཀྱི་འབོད་སྒྲ་སྒྲོག་དགོས། “Speak Up, Speak Out for Freedom and Rights” ཞེས་པའི་བརྗོད་གཞིའི་ཐོག་བཀའ་མོལ་གནང་ཡོད་པ་དང། དབུ་འབྱེད་མཛད་སྒོའི་གཏམ་བཤད་སྐབས་ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཀར་ཊར་ Jimmy Carter མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་དྲྲང་བདེན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འགན་གཙོ་བོ་ཨ་རིའི་སྣེ་ཁྲིད་དགོས་སྐོར་དང་། དམག་འཐབ་ཀྱི་ལས་གཞི་དེ་མཐར་ཐུག་གི་འདམ་ཁ་ཞིག་ལས་གོ་སྐབས་ནམ་བྱུང་ལ་དམག་འཐབ་བྱས་ཚེ་ཕན་པ་ལས་གནོད་པ་ཆེ་བ་ཡོད་ཚུལ། དེ་བཞིན་ད་བར་ཨ་རིས་དམག་འཐབ་མང་པོ་བྱས་པའི་ཁྲོད་ཨི་རག་དང་ཨབ་གྷ་ནི་སི་ཐན། ཝི་ཏི་ནམ་སོགས་དཔེར་བཀོད་པ་མ་ཟད། དེང་སྐབས་ཨ་རིས་ཨི་རན་ནང་དུའང་དམག་གི་སྡིགས་ར་གཏོང་བཞིན་པ་དེ་དག་ནི་དགོས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་སྐོར་སོགས་ཀྱི་གཏམ་བཤད་གནང་ཡོད།
ད་ཐེངས་ལྷན་ཚོགས་སྐབས་ཨི་ལི་ནོ་ཡེ་སི་གཙུག་ལག་སློབ་ཁང་ University of Illinois at Chicago དང་ཆི་ཁ་གོ་འགྲེམས་སྟོན་ཚོགས་ཁང་ཆེན་མོ། The Field Museum, the Art Institute of Chicago དེ་བཞིན་ཆི་ཁ་གོའི་གཏམ་བརྗོད་འཁྲབ་སྟོན་ཚོགས་ཁང་ Chicago Symphony Orchestra Hall སོགས་ཀྱི་ནང་གོང་འཁོད་བརྗོད་གཞིའི་དེའི་ཐོག་གསུང་བཤད་དང་བགྲོ་གླེང་སོགས་གནང་ཡོད། རེས་གཟའ་ཟླ་བའི་ཉིན་ཁོང་རྣམ་པས་ཆི་ཁ་གོར་རྟེན་གཞི་བྱས་པའི་གཞུང་གི་སློབ་གྲྭ་བཅུ་གཉིས་ལྷག་ཙམ་ནང་དུ་གཟིགས་སྐོར་གནང་ཡོད་པ་མ་ཟད། དེ་ཉིན་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷིལ་ཁི་ལིན་ཊོན་ (Bill Clinton) མཆོག་དང་ལྷན་གསོལ་སྟོན་ཡང་གནང་འདུག
ཐེངས་འདིར་བཀའ་བློན་ཁྲི་པ་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལག་མཆོག་དང་ཨ་རིའི་ལྕམ་སྐུ་ཇོ་ཌི་ཝིལ་ཡམ་སི་མཆོག ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་བཅས་དང་ཟུར་མཇལ་གནང་འདུག
དེ་བཞིན་ལྷན་ཚོགས་ཀྱི་མཇུག་བསྡོམས་ J.W. Marriot Hotel མར་རི་ཡོ་ཊ་མགྲོན་ཁང་དུ་ཚུགས་སྐབས་ད་ལྟའི་བོད་ནང་གི་གནད་དོན་དང། རྡ་སར་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་འཕོ་འགྱུར་སྐོར་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་ཡོད་པ་མ་ཟད། .ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་བུད་མེད་ཚོས་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཤིག་ཏུ་ཕེབས་ཏེ་འཁྲུག་རྩོད་ནང་ཚུད་པའི་བུད་མེད་ཚོར་བཙན་གཡེམ་དང་བརྙས་བཅོས་འགོག་ཐབས་ཀྱི་བརྗོད་གཞི་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད།
གཞན་ཡང་ཕྱི་ཚེས་ ༢༦ ཉིན་བཀའ་ཁྲི་མཆོག་གིས་ཆི་ཁ་གོ་བོད་རིགས་ཚོར་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བོད་ཀྱི་རིག་གཞུང་རྩ་བརླག་འགྲོ་བཞིན་པའི་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་བ།
༢༠༡༢ ཟླ་ ༤ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༣ ཕེབས་པའི་འཁྲུངས་སྐར་ཀྱི་ཉིན་མོ་དང་སྟབས་བསྟུན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (ICT) ནས་བོད་ཀྱི་རིག་གཞུང་རྩ་བརླག་འགྲོ་བཞིན་པའི་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། སྙན་ཐོ་དེའི་ནང་འཁོད་དོན་གཙོ་བོ་ནི། བོད་ལ་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་ནས་ལོ་ངོ་དྲུག་ཅུ་ལྷག་སོང་བའི་བརྒྱུད་རིམ་ཁྲོད་བོད་མིར་གཉའ་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་བརླག་བཏང་དང་གཏོང་མུས་ཡིན་པའི་མི་རིགས་ཤིག་གི་རིག་གཞུང་ཆག་འཇིགས་སོགས་ཀྱི་གནད་དོན་གཙོ་འདོན་གནང་ཡོད་པ་མ་ཟད། སྙན་ཐོ་དེ་བརྒྱུད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་བོད་རྒྱ་འབྲེལ་མོལ་གནང་དགོས་སྐོར་དང་། རྒྱ་ནག་གཞུང་གི་སྲིད་བྱུས་ལ་བསྒྱུར་བ། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་དོན་ཐོག་རྒྱབ་སྐྱོར་གྱི་ནུས་པ་ཤུགས་ཆེ་རུ་གཏོང་དགོས་རྒྱུ་གལ་ཆེ་ཆགས་ཡོད་སྐོར་སོགས་ཀྱང་འཁོད་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་དབུ་ཁྲིད་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་པ།
༢༠༡༢ ཟླ་ ༤ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ཆི་ཁ་གོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༢ ཚུགས་སྐབས་ལྷན་ཞུགས་མཛད་ཡོད།
དེ་ཉིན་སྔ་དྲོ་ཐོག་མར་པོ་ལན་ཌིའི་སྲིད་འཛིན་ཟུར་པ་ལེ་ཆི་ཝ་ལེ་ས་ (Lech Walesa) མཆོག་དང་ཨ་རི་བ་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་ (Jody Williams) མཆོག དེ་བཞིན་ཨུ་རུ་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་མི་ཁེལ་གོར་བྷ་ཆོབ་ (Mikhail Gorbachev) བཅས་དང་མཇལ་འཕྲད་ཀྱིས་བཀའ་མོལ་མཛད་སྐབས་མགོན་པོ་གང་ཉིད་མཆོག་གིས་པོ་ལེན་ཌི་སྲིད་འཛིན་ཟུར་པ་མཆོག་གིས་གཅིག་བསྡུས་དབང་འཛིན་ལ་གདོང་ལེན་གནང་བའི་བྱས་རྗེས་ལ་བསྟོད་བསྔགས་མཛད་པ་དང་སྦྲགས། ཁོང་པི་དཔའ་བོ་ཞིག་ཡིན་པར་ངོས་འཛིན་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་ཡོད་པ་མ་ཟད། ཨུ་རུ་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་མི་ཁེལ་གོར་བྷ་ཆོབ་དང་མཇལ་འཕྲད་སྐབས་སྐུ་ཞབས་མེ་ཁེལ་མི་གཅིག་གིས་འབད་བརྩོན་གནང་བར་བརྟེན་རྒྱལ་སྤྱིའི་ཐོག་བཟང་ཕྱོགས་ཀྱི་གཡོ་འགུལ་ཐེབས་དགོས་པ་བཟོས་ཡོད་སྐོར་གྱི་ཆེ་བསྟོད་ཞུས་གནང་མཛད། མཇལ་འཕྲད་རྣམས་རེ་རེ་བཞིན་མཛད་སྐབས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཀྱང་ལྷན་བཅར་ཞུས་ཡོད།
དེ་རྗེས་ཞི་བདེའི་ལྷན་ཚོགས་སུ་ལྷན་ཞུགས་གནང་མཁན་ཚོར་གསོལ་སྟོན་འབུལ་སྐབས་༸གོང་ས་མཆོག་ཀྱང་ལྷན་ཞུགས་མཛད་ཡོད།
ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་འཚེ་བ་མེད་པའི་འཛམ་གླིང་ཞི་བདེ་སྐྲུན་རྒྱུར་སེམས་ཤུགས་ནམ་ཡང་མ་ཆག ཅེས་པའི་བརྗོད་གཞིའི་བགྲོ་གླེང་ལྷན་ཚོགས་ཐོག་ལྷན་ཞུགས་མཛད་ཡོད། བགྲོ་གླེང་ནང་ལྷན་ཞུགས་མཛད་མཁན་༸གོང་ས་མཆོག་དང་མི་ཁེལ་གོར་བྷ་ཆོབ་མཆོག ཇོ་ཌི་ཝིལ་ཡེམ་སི་མཆོག མོ་ཧཱ་མྡ་ཡོ་ནུ་སུ་མཆོག་བཅས་ཡིན་འདུག
བགྲོ་གླེང་དབུ་འཛུགས་མ་མཛད་གོང་ཞི་བདེའི་ལྷན་ཚོགས་སུ་ལྷན་ཞུགས་མཛད་མཁན་ཚང་མ་སྡིངས་ཆའི་སྟེང་ལྷན་འཛོམས་ཀྱིས་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ཤན་པན་ལགས་ལ་ནོ་བེལ་ཞི་བདེའི་ལྷན་ཚོགས་སྐབས་ ༡༢ གཟེངས་རྟགས་ཕུལ་གྲུབ་མཚམས། བྷར་མའི་མང་གཙོ་དོན་གཉེར་བ་ལྕམ་སྐུ་ཨང་སང་སུ་ཅིས་ལྷན་ཚོགས་ནང་ལྷན་ཞུགས་མཛད་མཁན་ཚོར་ Aung San Suu Kyiའཚམས་འདྲི་ཞུས་པའི་བརྙན་འཕྲིན་ཞིག་ཀྱང་གཟིགས་འབུལ་ཞུས་ཡོད་པ་བཅས།།
ཡིད་སྐྱོའི་གནས་ཚུལ།
༢༠༡༢ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༥ ཉིན་གྱི་སྔ་དྲོ་དགུང་གྲངས་ ༧༢ སོན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷི་རི་ཆི་བཧུ་ཤན་མཆོག་ Brij Bhushan Tiwari ལྡི་ལིར་རྟེན་གཞི་བྱས་པའི་Babu Jagjeevan Ram Hospital, Delhi བྷ་བྷུ་ཇག་ཇི་ཝན་རམ་སྨན་ཁང་དུ་སྙིང་རྩའི་ཁྲག་ལམ་འགག་སྟེ་འདས་གྲོངས་སུ་གྱུར་བར་བོད་མིའི་སྒྲིག་འཛུགས་ཀྱིས་བློ་ཕམ་ཆེན་པོའི་ཐོག་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང། དམ་པ་ཁོང་ནི་ས་མཱ་ཇི་ཝ་དིའི་ Samajwadi party ཆབ་སྲིད་དབུ་ཁྲིད་ཀྱི་འགན་ཁུར་ཐོག་རྒྱ་གར་དབུས་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་སྐབས་ལྔའི་རིང་འགན་ཁུར་ཞེས་མྱོང་ཡོད་འདུག དམ་པ་ཁོང་གྲོས་ཚོགས་འོག་མར་ཕྱི་ལོ་ ༡༩༧༧ ལོར་ཐོག་མར་འོས་འདེམས་བྱུང་རྗེས་ཕྱི་ལོ་ ༢༠༠༦ ནས་གྲོས་ཚོགས་གོང་མའི་ནང་ཐེངས་གཉིས་འོས་འདེམས་བྱུང་ཡོད།
དམ་པ་ཁོང་ནི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པ་མ་ཟད། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ (INPAT) གྱི་ཚོགས་མིའང་ཡིན་འདུག དམ་པ་ཁོང་གིས་དེ་སྔ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་ཨི་ཊཱ་ལིའི་རྒྱལ་ས་རོམ་གྱི་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གསུམ་པ་དང་ལྔ་པ་སོ་སོར་ལྷན་ཞུགས་་གནང་ཡོད་པ་དང། གཞན་ཡང་འདི་ཟླའི་ཚེས་ ༢༦ ནས་ ༢༩ རིང་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་བར་ Ottawa ཚུགས་རྒྱུའི་ཚོགས་འདུར་ཡང་ཕེབས་འཆར་ཡོད་འདུག དམ་པ་ཁོང་གིས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་བཀའ་བློན་ཁྲི་པའི་དམ་འབུལ་གྱི་མཛད་སྒོའི་སྐབས་སུའང་ལྷན་ཞུགས་གནང་བ་མ་ཟད། བོད་དོན་དང་འབྲེལ་བའི་ཚོགས་འདུ་དང་ལས་གཞི་སོགས་ཀྱི་ནང་དུ་འགན་ཁུར་ཆེན་པོས་ཆ་ཤས་ལེན་མྱོང་མཁན་ཞིག་ཡིན་པར་བརྟེན་། བོད་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་བོད་མིའི་འཐབ་རྩོད་ལ་སེམས་ཐག་ཉེ་པོས་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་བློས་ཐུབ་གཅིག་མེད་པར་གྱུར་བར་ཧ་ཅང་བློ་ཕམ་ཞུ་རྒྱུ་ཡིན། དམ་པ་ཁོང་གི་སྐུ་ཟླ་དང་ཕྲུ་གུ་བུ་གཉིས་དང་བུ་མོ་གཉིས་བཅས་ལྷན་རྒྱས་འཚོ་གནས་ཡོད་པ་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ཨཱ་ཅརྱཱ་ཡེ་ཤེ་ཕུན་ཚོགས་ལགས་དང་ཧིན་བོད་འབྲེལ་འཐུད་པ་བསྟན་འཛིན་ནོར་བུ་ལགས། དེ་བཞིན་ལྡི་ལི་མན་ཆུ་ཊི་ལའི་ས་གནས་འགོ་འཛིན་བཅས་ཀྱིས་སྨན་ཁང་དང་ས་མཱ་ཇི་ཝ་དིའི་ཆབ་སྲིད་ཚོགས་པའི་ལས་ཁུངས་ཨ་མར་ཆེད་བཅར་ཞུས་ཏེ་བོད་མི་ཚང་མའི་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེ་ཞུས་ཡོད་པ་བཅས།།
བསམ་འགྲུབ་རྒྱ་མཚོ་ལགས་ལ་ལོ་ ༥ ཁྲིམས་ཆད་བཏང་བ།
༢༠༡༢ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༤ ཉིན་རྡ་སར་རྟེན་གཞི་བྱས་པའི་བསམ་འགྲུབ་རྒྱ་མཚོ་ལགས་ཀྱི་ཕ་གཅིག་པའི་གཅུང་པོ་དར་རྒྱས་ལགས་ཀྱི་གནས་ཚུལ་མཁོད་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༥ ཚེས་ ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་སྐད་འབོད་གནང་མཁན་གྱི་བོད་མི་བསམ་འགྲུབ་རྒྱ་མཚོ་ལགས་སུ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ད་ལྟ་རྒྱ་གར་དྷ་རམ་ས་ལར་གནས་སྡོད་བྱེད་ཀྱིན་པའི་བསམ་འགྲུབ་རྒྱ་མཚོ་ལགས་ཀྱི་ཕ་མ་གཅིག་པའི་གཅུང་པོ་དར་རྒྱས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁོང་གི་ཕུ་བོ་མསམ་འགྲུབ་རྒྱ་མཚོ་ལགས་ཀྱིས་ ༢༠༡༠ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པ་དང་། སྐབས་དེར་ཁོང་གིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་གཏོང་དགོས། རྒྱ་ནག་གིས་ཐེངས་འདིའི་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་བྱུང་ཡུལ་ནས་བོད་མི་མང་པོ་ཞིག་ཕྱིར་ཕུད་བཏང་བ་དེ་དག་ལ་ས་གནས་ས་ཐོག་ཏུ་ངོ་སྐྱོད་ཀྱིས་རོགས་སྐྱོར་བྱེད་དུ་འཇུག་དགོས་ཞེས་དུས་ཡུན་སྐར་མ་སྔ་ཙམ་རིང་སྐད་འབོད་བྱས་ཡོད་པ་དང་། དེའི་རྗེས་ཉེན་རྟོག་མི་སྣ་བདུན་ཙམ་འབྱོར་ཏེ་འཛིན་བཟུང་བཙན་ཁྲིད་བྱས་འདུག
དེ་ནས་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་མ་བྱུང་བར་ལྷག་ཡོད་ཀྱང་། གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། ཉིན་དགའི་སྔོན་དུ་ཡི་གེ་ཞིག་འབྱོར་བའི་ནང་། བསམ་འགྲུབ་རྒྱ་མཚོ་ལགས་སུ་ལྷ་ས་གྲྭ་བཞི་བཙོན་ཁང་དུ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་སྐོར་འཁོད་ཡོད་འདུག
ཡིན་ནའང་། ལོ་སྔོན་མའི་ལོ་མཇུག་ཏུ་བསམ་འགྲུབ་རྒྱ་མཚོའི་ཨ་མ་དང་ནང་མི་ཉེ་འབྲེལ་འགའ་ལྷ་སར་ཁོང་ཐུག་འཕྲད་དུ་ཐེངས་གཉིས་ཙམ་སོང་འདུག་ཀྱང་། ཐུག་འཕྲད་བྱེད་བཅུག་མི་འདུག
བསམ་འགྲུབ་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༨༢ ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གསེར་ཐང་གྲོང་བརྡལ་ཀྱི་མི་ཡིན་པ་དང་། ཕྱི་ལོ་ ༡༩༩༦ ནས་བཟུང་ལོ་བཞིའི་རིང་ལཱ་མོ་ཞབས་དྲུང་སྒར་ཐོག་དགོན་དུ་སློབ་གཉེར་བྱས། ཕྱིས་སུ་ ༢༠༠༧ ལོའི་ཟླ་ ༡༡ པའི་ནང་བཙན་བྱོལ་ཏུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་ ༡ མ་ཟིན་ཙམ་ལ་སློབ་གཉེར་བྱས་འདུག
ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ནང་ཕྱིར་རང་ཡུལ་དུ་ལོག་སྐབས་རྒྱ་ནག་གཞུང་གིས་རྒྱ་གར་ནང་གནས་སྡོད་བྱས་པ་དང་༸གོང་ས་མཆོག་གི་བཀའ་སློབ་ཀྱི་དཔེ་ཆ་བོད་ནང་དུ་འཁྱེར་ཡོང་ཡོད་པའི་ཉེས་མིང་འོག་ཟླ་ ༧ རིང་གྲྭ་བཞི་བཙོན་ཁང་དུ་དུས་བཀག་བཙོན་འཇུག་བྱས་ཡོད་པ་རེད། དེའི་རྗེས་གློད་བཀྲོལ་བཏང་ནས་རང་ཡུལ་ཏུ་ལོག་ཀྱང་མདའ་བཞི་རྫོང་དུ་ཉིན་གསུམ་རིང་བཀག་གཉར་དང་འདྲི་གཅོད་བྱས་འདུག སྐབས་དེར་ཡུལ་དེའི་སྡེ་དཔོན་དང་ཉེ་མི་རྣམས་ཀྱིས་སྤྱི་བདེ་ལས་ཁུངས་ལ་རྒྱ་སྒོར་ཆིག་ཁྲི་ལྷག་གི་ཉེས་ཆད་དང་ཕྱིས་སུ་གང་སར་མི་འགྲོ་བའི་ཁས་ལེན་འོག ལོ་གཉིས་ཀྱི་བཟང་བཙོན་ཀྱི་ཡིག་ཆ་སྤྲད་ནས་ཕྱིར་བཏང་རྗེས་ཁོང་གིས་སྔ་ས་ནས་སེམས་ཐག་བཅད་པ་བཞིན་རྒྱ་གར་ནང་ཡོད་ཁོའི་ནུ་བོ་བསྟན་པ་དར་རྒྱས་ལ་འབྲེལ་གཏུག་བྱས་ནས་ཡང་བསྐྱར་བོད་ནང་དུ་དགོས་མཁོ་ཆེ་བའི་བཀའ་སློབ་དང་ཡིག་ཆ་སྐོར་གསང་ལེན་བྱས་ཏེ་༸གོང་ས་མཆོག་གི་བཀའ་དྲིན་དྲན་གསོ་དང་ཞབས་བརྟན་ཆེད། ཟོག་ལུག་ཚེ་ཐར་གཏོང་རྒྱུ་དང་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་དགོས་པའི་ས་ཡིག་བསྡུ་རུབ་ཀྱི་སྐབས་དང་བསྟུན་ནས་དཔེ་དེབ་གང་མང་ཞིག་བཀྲམས་གང་ཐུབ་བྱས་འདུག སྐབས་དེར་སྤྱི་བདེ་ལས་ཁུངས་ཀྱི་དོགས་གཞི་བྱེད་བཞིན་པ་ཤེས་ནས་མགྱོགས་མྱུར་ངང་ཕྱིར་བོད་ཀྱི་རྒྱ་ས་ལྷ་སར་ཡོང་ཐུབ་པ་བྱས་ཡོད། དེའི་རྗེས་ཕྱི་ཟླ་ ༥ ཚེ་ ༡ ཉིན་ཕྱི་དྲོ་ཆུ་ཚོད་གསུམ་དང་སྐར་མ་ ༢༠ ཐོག་ལྷ་ལྡན་གཙུག་ལག་ཁག་གི་མདུན་ཐང་དུ་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་གཏོང་དགོས། རྒྱ་ནག་གིས་ཐེངས་འདིའི་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་བྱུང་ཡུལ་ནས་བོད་མི་མང་པོ་ཞིག་ཕྱིར་ཕུད་བཏང་བ་དེ་དག་ལ་ས་གནས་ས་ཐོག་ཏུ་ངོ་སྤྲོད་ཀྱིས་རོགས་སྐྱོར་བྱེད་དུ་འཇུག་དགོས་ཞེས་དུས་ཡུན་སྐར་མ་ལྔ་ཙམ་རིང་སྐད་འབོད་བྱས་མཐར་ཉེན་རྟོག་མི་སྣ་བདུན་ཙམ་འབྱོར་ཏེ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་པ་བཅས།།།