[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་འཁོར་དུས་ཆེན་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ།
    ཟླ་བ་ ༨ ཚེས ༤ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༨ ཚེས་ ༤ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣ བོད་ཟླ་ ༦ ཚེས་ ༤ ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པས་གནས་མཆོག་ཝ་ར་ཎ་སིར་དམ་པའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་ནས་མི་ལོ་ཧྲིལ་པོ་ ༢༦༠༠… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྙན་ཐོ་ཕྱོགས་བསྒྲིགས་བྱས་པའི་དེབ་དབུ་འབྱེད་གནང་བ།
    ཟླ་བ་ ༨ ཚེས ༡ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༨ ཚེས་ ༡ རེས་གཟའ་ཟླ་བ། ༄༅། །རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྐོར་གྱི་གསར་འགོད་གསལ་བསྒྲགས་དང་སྙན་ཐོ་ཕྱོགས་བསྒྲིགས་བྱས་པའི་དེབ་དབུ་འབྱེད་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དབུ་བཞུགས་ཐོག་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་དང་སྦྲགས་ཕྱི་དྲིལ་བཀའ་བློན་མཆོག་གིས་དབྱིན་སྐད་ཐོག་ཕྱི་ནང་གི་གསར་འགོད་པ་ ༣༠ བརྒལ་བར་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གྲུབ་མཚམས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྙན་ཐོ་ཕྱོགས་བསྒྲིགས་བྱས་པའི་དེབ་དབུ་འབྱེད་གནང་ཡོད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཊེན་ནོན་ཨི་སི་རལ་བཟོ་སྐྲུན་རིག་གནས་སློབ་ཁང་ནས་སློབ་ཡོན་ངོས་བཞེས་མ་གནང་བ།
    ཟླ་བ་ ༧ ཚེས ༣༠ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༣༠ རེས་གཟའ་སྤེན་པ། ༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨི་སི་རལ་ཊེཀ་ནོན་བཟོ་སྐྲུན་རིག་གནས་སློབ་ཁང་ནས་ཕྱི་ལོ་ ༢༠༡༡ ལོའི་སྙན་འབུལ་བའི་ཁོངས་ནས་འཛིན་རིམ་བཅུ་པ་དང་བཅིུས་གཉིས་ཀྱི་ཨང་རྩིས་དང་ཚན་རིག་སློབ་ཚན་སོ་སོའི་ནང་བརྒྱ་ཆ་ ༩༠ ཡན་ལོན་མེད་པར་བརྟེན་སློབ་ཡོན་ཞལ་བཞེས་གནང་མེད། སློབ་ཡོན་འདི་བཞིན་ཐོག་མར་ཕྱི་ལོ་ ༢༠༡༠ ལོ་ནས་འགོ་འཛུགས་ཞུས་པ་ཞིག་ཡིན་པ་དང་། སྐབས་དེར་རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བློ་བཟང་འདེམས་ཐོན་བྱུང་སྟེ་བཟོ་སྐྲུན་རིག་གནས་ཀྱི་ (Civil Engineering)… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཨིན་ཡུལ་ལོན་ཌོན་མེ་ཀྲོརོ་པོ་ལི་ཊན་གཙུག་ལག་སློབ་ཁང་དུ་བོད་ཕྲུག་གཉིས་འདེམས་ཐོན་བྱུང་བ།
    ཟླ་བ་ ༧ ཚེས ༣༠ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༣༠ རེས་གཟའ་སྤེན་པ། ༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨིན་ཡུལ་ལོན་ཌོན་མེ་ཀྲོརོ་པོ་ལི་ཊན་གཙུག་ལག་སློབ་ཁང་ནས་བཙན་བྱོལ་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་དོན་གཉེར་ཅན་རྣམས་ལ་ལོ་ལྟར་སློབ་འཇུག་ཐེངས་གཉིས་ཕྱི་ཟླ་ ༢ དང་ ༩ ནང་གཙུག་ལག་སློབ་ཁང་དེ་གའི་འདེམས་སྒྲུག་ཚོགས་ཆུང་ནས་མཐའ་མའི་འདེམས་སྒྲུག་གནང་གི་ཡོད། ཤེས་རིག་ལས་ཁུངས་ནས་སྙན་འབུལ་བ་དོ་བདག་སོ་སོའི་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ས་གནས་འགོ་འཛིན་གྱི་རྒྱབ་གཉེར་དང་། དཔྱ་ཁྲལ་ལག་དེབ་དང་རྒྱ་གར་སྐྱབས་བཅོལ་ལག་དེབ་གཉིས་ཀྱི་ངོ་བཤུས་བཅས་ལ་ཞིབ་འཇུག་གིས་རྒྱབ་གཉེར་ཞིག་གཙུག་ལག་སློབ་ཁང་ལ་འབུལ་བཞིན་ཡོད་པ་དང་། སློབ་ཡོན་དེ་བརྒྱུད་ནས་བོད་མི་གཞོན་སྐྱེས་མང་དག་ཅིག་ལ་དེང་རབས་སློབ་ཚན་འདྲ་མིན་ཐོག་ལ་སྦྱངས་བཤད་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་བྱུང་ཡོད། སློབ་ཡོན་ཁོངས་སུ་སློབ་དོད་དང་ཉལ་ཁང་གི་དོད་ཙམ་མ་གཏོགས་དེ་མིན་གནམ་གླ་དང་ཐོངས་མཆན་གྱི་འགྲོ་གྲོན་གཞན་ཆ་ཚང་རང་ངོས་ནས་བསྒྲུབ་དགོས་པ་ཡིན། སློབ་ཡོན་འདི་བཞིན་འགོ་འཛུགས་ཞུས་ཏེ་ལོ་ངོ་བཅུ་ལྷག་ཕྱིན་ཡོད། ཨིན་ཡུལ་མེ་ཀྲོརོ་པོ་ལི་ཊན་གཙུག་ལག་སློབ་གཉེར་ཁང་ནས་འདི་ལོའི་ཕྱི་ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཕྱི་ལོ་ ༢༠༡༡ ལོའི་ཧི་མ་ཅལ་སྨན་པའི་ཟུར་བཅད་ཞབས་སྟེགས་བོད་ཕྲུག་གཉིས་ལ་ཐོབ་པ།
    ཟླ་བ་ ༧ ཚེས ༣༠ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༣༠ རེས་གཟའ་སྤེན་པ། ༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཧི་མ་ཅལ་གཞུང་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ལེགས་ཐོན་བྱུང་བའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གཉིས་ལ་སྨན་པའི་སློབ་སྦྱོང་ཆེད་ཟུར་བཅད་ཞབས་སྟེགས་གཉིས་གནང་མུས་བཞིན། ཕྱི་ལོ་ ༢༠༡༡ ལོར་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ས་ལྡི་ལི་དང་སྦེང་ལོར་ས་གནས་གཉིས་སུ་སྨན་པ་དང་བཟོ་སྐྲུན་རིག་གནས་གཉིས་ཀྱི་ཚུད་རྒྱུགས་ (DoE MBBS/Engineering Entrance Test 2011)  གོ་སྒྲིག་ཞུས་མཐར་སྨན་པའི་ཚུད་རྒྱུགས་ཀྱི་གྲུབ་འབྲས་ཨང་རིམ་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་གྲངས་ ༢༠… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཨ་རིའི་གཞུང་ཚབ་པ་གསར་པས་བོད་ཀྱི་གནད་དོན་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་བ།
    ཟླ་བ་ ༧ ཚེས ༢༩ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༢༩ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༧ ཉིན་དེ་སྔའི་ཨ་རིའི་ཚོང་ལས་བློན་ཆེན་སྐུ་ཞབས་གྷེ་རི་ལོཀ་(Gary Locke)མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ཨ་མེ་རི་ཀའི་གཞུང་ཚབ་གསར་པར་སྲིད་འཛིན་ནས་བསྐོ་གཞག་གནང་བ་དེར་གྲོས་ཚོགས་ནས་གཏན་འབེབས་གནང་ཡོད། ཟླ་ ༥ ཚེས་ ༢༦… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་ནག་ཏུ་བསྐོ་གཞག་གནང་རྒྱུའི་ཨ་རིའི་གཞུང་ཚབ་མཆོག་ལ་བོད་མིའི་མངོན་འདོད་དང་རང་དབང་ཆེད་ཐུགས་འགན་ཆེ་བཞེས་ཡོང་བའི་རེ་འདུན་བཏོན་པ།
    ཟླ་བ་ ༧ ཚེས ༢༩ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༢༩ རེས་གཟའ་པ་སངས། ༄༅། །རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་ཨ་རིར་རྟེན་གཞི་བྱས་པའི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་བཅུ་ཐུན་མོང་ནས་རིང་མིན་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་ཀྱི་འགན་ཁུར་བཞེས་མཁན་སྐུ་ཞབས་(Gary Locke)གྷ་རི་ལོཀི་མཆོག་ལ་ཕྱག་བྲིས་ཤིག་ཕུལ་འདུག དེ་ཡང་འཕྲིན་ཡིག་དེའི་ནང་འཁོད་དོན། སྐུ་ཞབས་གྷ་རི་ལོཀི་མཆོག་གིས་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་གནང་ཡུན་རིང་བོད་མིའི་མངོན་འདོད་དང་རང་དབང་ཐོག་དུས་རྟག་ཏུ་ཐུགས་འགན་ཆེ་བཞེས་ཡོང་བའི་རེ་འདུན་ཞུས་ཡོད། སྐུ་ཞབས་གྷ་རི་ལོཀི་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ལ་མཚན་ཐོ་ཐོན་པར་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་རྒྱ་ནག་གི་གཞུང་ཚབ་པར་བོད་ནང་གི་ཐུགས་འགན་གང་ཡོད་པ་རྣམས་ཞིབ་ཕྲ་བཀོད་གནང་འདུག དེ་བཞིན་འཕྲིན་ཡིག་དེའི་ནང་ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པར་ཛ་དྲག་གི་གནས་སྟངས་བྱུང་བ་དང་། མདོ་སྟོད་སྐྱེ་རྒུ་མདོར་རང་འབྱུང་གི་གནོད་འཚེ་བྱུང་རྗེས་རྒྱ་ནག་གཞུང་ནས་རིག་གནས་དང་རྩ་ཆེན་གནས་ས་དེ་ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུའི་འཆར་གཞི་བཏིངས་བ། ཕྱོགས་མཚུངས་སྔ་ལོ་རྒྱ་ནག་གཞུང་གི་སློབ་གཞི་བཅོས་བསྒྱུར་གྱིས་སྲིད་བྱུས་འོག་བོད་མིའི་སྐད་ཡིག་རྩ་མེད་བཟོ་ཐབས་བྱས་རྐྱེན་བོད་མི་རྣམས་ནས་ཞི་རྒོལ་བྱས་ཡོད་པར་བརྟེན། སྐུ་ཞབས་གྷ་རི་ལོཀི་མཆོག་གིས་གནད་དོན་དེ་དག་ཐོག་དམིགས་བསལ་ཐུགས་ཞིབ་ཡོང་བའི་རེ་འདུན་ཡང་བཏོན་འདུག གཞན་ཡང་ཁོང་རྣམ་པས་ཨ་རིིའི་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་དེ་བཞིན་གལ་ཆེ་དོན་ཆེར་འཛིན་པའི་ཐོག་ཕྱི་ལོ་ ༢༠༠༢ ནས་ཕྱི་སྲིད་ལས་ཁུངས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་ཡོད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བཀའ་ཤག་སྐབས་བཅུ་གསུམ་པའི་བཀའ་དྲིན་རྗེས་དྲན་སླད་དགའ་སྐྱེལ་གསོལ་སྟོན་ཕུལ་བ།
    ཟླ་བ་ ༧ ཚེས ༢༨ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༢༨ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༧ ཉིན་ཕྱེད་ཡོལ་ཆུ་ཚོད་ ༧ པའི་ཐོག་དབུས་བོད་མིའི་འཛིན་སྐྱོང་ངོས་ནས་བཀའ་ཤག་སྐབས་བཅུ་གསུམ་པ་འཕོ་འགྱུར་གྱི་དགའ་སྐྱེལ་གསོལ་སྟོན་སྐབས་སྲི་ཞུ་བ་ཟུང་དྲུང་ཡན་ལ་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཐབ་ཡང་སྟེང་དུ་ཕུལ་ཡོད། དེའི་སྐོར་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་ ༡༣… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཡེ་རྡོར་སྤྱང་དྲགས་ནས་བསྟོད་བསྔགས་རེག་འདུག
    ཟླ་བ་ ༧ ཚེས ༢༨ ༢༠༡༡
     •  Published By b
     
    ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༨ རེས་གཟའ་ཕུར་བུ། ༄༅།  །༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོད་ཚད་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་སྩལ་རྗེས། འཛམ་གླིང་གི་ཆབ་སྲིད་དེབ་ཐེར་ནང་ལོ་རྒྱུས་གསར་བ་ཞིག་བྲིས་ཡོད་ལ། ལོ་རྒྱུས་དེའང་མང་གཙོ་དང་དྲང་བདེན་གྱི་སྲོག་ཏུ་བྱས་ཡོད། ཡིན་ནའང་སྒེར་གཅོད་དབང་འཛིན་པ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་ཆབ་སྲིད་ཐད་ཀྱི་དགོངས་ཞུ་གནང་བ་ནི། རང་ཉིད་ལ་གནའ་ནས་ཕོག་ཚར་བའི་སྐྲན་ནད་ངོས་འཛིན་བྱེད་པོ་ཞིག་ཏུ་བརྩིས་ཏེ། ནང་ཁོག་རུལ་ཟིན་པའི་སྐྲན་ནད་དེ་ད་དུང་ཕྱི་ཐུམ་མཛེས་བོ་ཞིག་གིས་གཡོག་རྩིས་ཐེངས་མང་བྱེད་ཀྱི་ཡོད་པ་རེད་ལ། བརྒྱུད་ལམ་རྫུན་བཟོ་བྱས་ཏེ་ནང་ཁོག་རུལ་བའི་གནས་སྟངས་དེ་ཉིད་ཐ་ན་རང་གི་མི་མང་ལའང་སྟོན་འདོད་མེད་པ་རེད་མོད། ཡིད་སྐྱོ་དགོས་པ་ཞིག་ནི། དེང་དུས་ཆ་འཕྲིན་དུས་རབས་ནང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་རྒྱུའི་གནས་ཚུལ་དངོས་མ་འཛམ་གླིང་ནང་གསལ་བོ་ཆགས་པ་དེ་རེད། ༧གོང་ས་མཆོག་མི་ཞིག་ཡིན་པ་དང་། དགེ་སློང་ཞིག་ཡིན་པ།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱི་རྒྱུན་ལས་ཡོངས་ལ་གསུང་བཤད་གནང་བ།
    ཟླ་བ་ ༧ ཚེས ༢༨ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༢༨ རེས་གཟའ་ཕུར་བུ། ༄༅།  འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༧ ལ་ཉིན་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བྱང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་། སྦེལ་འཇམ་དུ་གཞུང་འབྲེལ་ལས་དོན་ནས་ཕྱིར་འཁོར་གྲུབ་བསྟུན།  བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་རེ་འདུན་ཞུས་པ་ལྟར།  ཕྱི་ཚེས་ ༡༧… རྒྱས་པ་འདིར་གཟིགས་རོགས་གནང་།
  • མདོ་ཁམས་ཀྱི་འཇང་དགུན་ཆོས་ཆེན་མོ་ལི་ཐང་དགོན་ཆེན་དུ་ཚོགས་པ།
    ཟླ་བ་ ༧ ཚེས ༢༧ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༢༧ རེས་གཟའ་ལྷག་པ། ༄༅། །འདི་གར་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཞི་པ་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༥ ཉིན་དང་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་ལི་ཐང་དགོན་ཆེན་དུ་ཚོགས་འདུག དེ་ཡང་ལོ་སྔོན་མར་སྐབས་གསུམ་པ་བྲག་མགོ་དགོན་ཆེན་དུ་འཚོགས་སྐབས་སུ་སྐབས་བཞི་པ་ལི་ཐང་དགོན་ཆེན་དུ་འཚོགས་གཏན་འཁེལ་བ་ནས་བཟུང། ལི་ཐང་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་གིས་འགན་འཁུར་གཙོ་བོ་གནང་སྟེ། མདོ་ཁམས་ཡུལ་གྱི་དགོན་སྡེ་བརྒྱ་ལྷག་ཙམ་ལ་མགྲོན་བརྡ་བཏང་བ་སོགས་གོ་སྒྲིག་བྱེད་བཞིན་པའི་སྐབས་སུ་རྫོང་སྲིད་གཞུང་གིས་གྲྭ་པ་ཆིག་སྟོང་ལས་བརྒལ་མི་ཆོག་པ་དང་། རྔ་པ་ཀིརྟི་དགོན་པ་ལ་མགྲོན་ཤོག་གཏོང་མི་ཆོག་པའི་དོན་ཚན་གཉིས་ཁས་ལེན་དུ་བཅུག་འདུག… རྒྱས་པ་འདིར་གཟིགས་རོགས་གནང་།
  • ༸གོང་ས་མཆོག་ལ་ཊི་ཝི་ཊར་དྲ་རྒྱ་བརྒྱུད་འཕྲིན་གཏོང་གི་འབྲེལ་ལམ་ཞུ་མཁན་མི་གྲངས་ས་ཡ་གཉིས་བརྒལ་ཟིན།
    ཟླ་བ་ ༧ ཚེས ༢༧ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༢༧ རེས་གཟའ་ལྷག་པ། ༄༅། །༸གོང་ས་མཆོག་ལ་ཊི་ཝི་ཊར་(Twitter)དྲ་རྒྱ་བརྒྱུད་འཕྲིན་གཏོང་གི་འབྲེལ་ལམ་ཞུ་མཁན་མི་གྲངས་ས་ཡ་གཉིས་བརྒལ་ཟིན་ཡོད་སྐོར་(IANS) ཞེས་པའི་གསར་འགྱུར་ཚན་པས་བཏོན་ཡོད།  དེ་ཡང་གསར་འགྱུར་བརྒྱུད་ལམ་དེའི་ནང་གནས་ཚུལ་ཐོན་གསལ་ལྟར་ན་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༥ རེས་གཟའ་ཟླ་བའི་ཉིན་རྒྱབ་ཆུ་ཚོད་ ༡ དང་སྐར་མ་ ༤༠… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་རྒྱ་གཞུང་ནས་འཁྱོག་བཤད་ཁོ་ན་བརྗོད་ཀྱི་འདུག་གསུངས་པ།
    ཟླ་བ་ ༧ ཚེས ༢༧ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༢༧ རེས་གཟའ་ལྷག་པ། ༄༅། །ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་རྒྱ་ནག་གཞུང་ནས་བཤད་པའི་སྐད་ཆ་རྣམས་འཁྱོག་བཤད་ཁོ་ན་ཡིན་སྐོར་གསུངས་འདུག དེ་ཡང་སྐུ་ཚབ་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གི་མགྲིན་ཚབ་པ་དང་འགོ་ཁྲིད་ཚོས་དེ་སྔོན་ནས་རྒྱ་བོད་གཉིས་ཀྱི་འབྲེལ་བའི་ཐོག་ལ་དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པ་སྐད་ཆ་མང་དག་ཅིག་བཤད་དང་ཤོད་མུས་ཡིན་པར་བརྟེན། ད་ལྟ་རྒྱ་ནག་གི་གསར་ཤོག་ནང་ཐོན་པའི་གནས་ཚུལ་ཡིན་རུང་འཁྱོག་བརྗོད་ཁོ་ན་རེད། ང་ཚོ་ཕྱི་ལོ་ ༢༠༡༠ ཟླ་ ༡ པའི་ཟླ་མཇུག་ལ་ཐུག་འཕྲད་ཐེངས་དགུ་པ་དེ་བྱས་པ་རེད། དུས་དེ་ནས་བཟུང་ད་ལྟ་བར་བཀའ་མོལ་གང་ཡང་བྱུང་མེད། རྒྱལ་སྤྱིའི་ནང་གི་གཞུང་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་ཡང་ནས་བསྐྱར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་བཀའ་མོལ་གནང་དགོས་འདུག་ཅེས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད། གནད་དོན་དེ་དག་འགེབས་སྲུང་ཆེད་ད་ལྟ་བར་རྒྱ་ནག་གཞུང་ཕྱོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་དང་ལྷན་བཀའ་མོལ་མཛད་རྒྱུ་ཡིན་ཞེས་པའི་བཀའ་སློབ་རབ་དང་རིམ་པ་སྩལ་བ་དེ་དག་ལྷག་བསམ་རྣམ་དག་མ་རེད་ཅེས་འཁྱོག་བརྗོད་ཀྱི་སྐད་ཆ་དེ་དག་གིས་རྒྱལ་སྤྱིའི་གནོན་ཤུགས་འགེབས་སྲུང་བྱ་རྒྱུའི་ཆེད་དེ་ལྟར་བརྗོད་ཀྱི་ཡོད་པ་རེད་སྙམ་གྱི་ཡོད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཀིརྟི་དགོན་པའི་དགེ་འདུན་པ་དོན་ཡོད་རྡོ་རྗེར་ལོ་གསུམ་གྱི་དུས་བཀག་བཙོན་འཛུག་བཟོས་པ།
    ཟླ་བ་ ༧ ཚེས ༢༧ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༢༧ རེས་གཟའ་ལྷག་པ། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༦ ཉིན་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཏུ་ནི་སིའི་ནང་འཚེ་མེད་ཞི་བའི་ལྷན་ཚོགས་སུ་གསུང་བཤད་གནང་བ།
    ཟླ་བ་ ༧ ཚེས ༢༧ ༢༠༡༡
     •  Published By b
     
    ༢༠༡༡ ཟླ་ ༧ ཚེས་ ༢༧ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༢ ནས་ ༢༤ བར་བྱང་ཨ་ཕི་རི་ཀའི་ནང་དུ་ཡོད་པའི་ཏུ་ནི་ཤི་ཡའི་རྒྱལ་ཁབ་ཀྱི་རྒྱལ་ས་ཏུ་ནི་སིའི་(Tunis)ནང་ཨི་ཊ་ལིའི་ཆབ་སྲིད་ཚོགས་པ་(Nonviolent Radical party Transnational … རྒྱས་པ་འདིར་གཟིགས་རོགས་གནང་།