ཁྲིམས་ཞིབ་ཁང་།



    བཙན་བྱོལ་སྤྱི་ཚོགས་ཀྱི་དབུས་སའི་འཛིན་སྐྱོང་སྤེལ་གསུམ་ཡང་དག་པའི་ཁྲིམས་ཀྱི་དབང་སྒྱུར་གྱི་ནུས་པས་ཁྱབ་སྟེ་ཡར་རྒྱས་ཀྱི་ལམ་དུ་འགྲོ་ཐུབ་པའི་སྲུང་སྐྱོབ་དང་། སྟངས་འཛིན་བྱ་རྒྱུའི་འགན་དབང་ཡོད། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པ་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་། ས་གནས་ཁྲིམས་ཞིབ་ཁང་བཅས་ཡོད་དགོས།


ཁྲིམས་ཞིབ་ཁང་།



    བཙན་བྱོལ་སྤྱི་ཚོགས་ཀྱི་དབུས་སའི་འཛིན་སྐྱོང་སྤེལ་གསུམ་ཡང་དག་པའི་ཁྲིམས་ཀྱི་དབང་སྒྱུར་གྱི་ནུས་པས་ཁྱབ་སྟེ་ཡར་རྒྱས་ཀྱི་ལམ་དུ་འགྲོ་ཐུབ་པའི་སྲུང་སྐྱོབ་དང་། སྟངས་འཛིན་བྱ་རྒྱུའི་འགན་དབང་ཡོད། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པ་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་། ས་གནས་ཁྲིམས་ཞིབ་ཁང་བཅས་ཡོད་དགོས།


ཁྲིམས་ཞིབ་ཁང་།



    བཙན་བྱོལ་སྤྱི་ཚོགས་ཀྱི་དབུས་སའི་འཛིན་སྐྱོང་སྤེལ་གསུམ་ཡང་དག་པའི་ཁྲིམས་ཀྱི་དབང་སྒྱུར་གྱི་ནུས་པས་ཁྱབ་སྟེ་ཡར་རྒྱས་ཀྱི་ལམ་དུ་འགྲོ་ཐུབ་པའི་སྲུང་སྐྱོབ་དང་། སྟངས་འཛིན་བྱ་རྒྱུའི་འགན་དབང་ཡོད། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པ་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་། ས་གནས་ཁྲིམས་ཞིབ་ཁང་བཅས་ཡོད་དགོས།


ཁྲིམས་ཞིབ་ཁང་།



    བཙན་བྱོལ་སྤྱི་ཚོགས་ཀྱི་དབུས་སའི་འཛིན་སྐྱོང་སྤེལ་གསུམ་ཡང་དག་པའི་ཁྲིམས་ཀྱི་དབང་སྒྱུར་གྱི་ནུས་པས་ཁྱབ་སྟེ་ཡར་རྒྱས་ཀྱི་ལམ་དུ་འགྲོ་ཐུབ་པའི་སྲུང་སྐྱོབ་དང་། སྟངས་འཛིན་བྱ་རྒྱུའི་འགན་དབང་ཡོད། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པ་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་། ས་གནས་ཁྲིམས་ཞིབ་ཁང་བཅས་ཡོད་དགོས།

ཁྲིམས་ཞིབ་ཁང་།


ངོ་སྤྲོད་།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་དང་། ཁྲིམས་ཁོངས་ཁྱབ་ཚད།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གྲུབ་ཆ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པའི་འོས་ཆོས་དང་། དམ་འབུལ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ཡུན་ཚད།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་པ་གཞན་བགྲེས་ཡོལ་དུ་ཕེབས་ཟིན་པ་དང་།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཤེར་དཔང་ལྷན་ཚོགས་དང་། གཟུ་དཔང་།
གཟུ་དཔང་ཚོགས་མི།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འཛིན་སྐྱོང་།
སྐོར་སྐྱོད་ཁྲིམས་ཞིབ་ཁང་།
ས་གནས་ཁྲིམས་ཞིབ་ཁང་།
གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་།
ས་གནས་ཁྲིམས་ཞིབ་ཁང་གི་འགན་དབང་དང་། ཁྲིམས་ཁོངས་ཁྱབ་ཚད།
ཁྲིམས་འཛིན་ལྷན་ཚོགས་དང་། ཁྲིམས་ལུགས་ཟབ་སྦྱོང་།
ཁྲིམས་འཛིན་ལྷན་ཚོགས་ཐེངས་གསུམ་པའི་སྐོར་ཡིག་ཆ།


ཁྲིམས་ལུགས་དབང་འཛིན།

༄༅། བོད་མིའི་ཆོས་སྲིད་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་འཕྲལ་ཡུན་ཕན་བདེའི་ལམ་དུ་འཇུག་ཐབས་སུ་དེང་རབས་ཡར་ཐོན་ཅན་མང་གཙོའི་ལམ་སྲོལ་བཟང་པོ་བཀའ་དྲིན་བསྩལ་བ་ལྟར། བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་སྦྲེལ་མང་གཙོའི་གཞུང་གི་ཀ་བ་གསུམ་ནི། གཞུང་སྲིད་འཛིན་སྐྱོང་འགན་འཛིན་དང་། ཁྲིམས་བཟོའི་དབང་འཛིན། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་འགན་དབང་འདྲེས་མེད་ཁུངས་སོ་སོར་ཕྱེ་སྟེ་ཡོད་པ་ལས། ཁྲིམས་ལུགས་དབང་འཛིན་ནི། གཞུང་སྲིད་འཛིན་སྐྱོང་འགན་འཛིན་གྱིས་བཙན་བྱོལ་གཞུང་མང་སྤྱི་ཚོགས་ནང་། ཁྲིམས་བཟོའི་དབང་འཛིན་གྱིས་གཏན་ལ་ཕབ་སྟེ་ཁྲིམས་སུ་བཅས་པའི་ཁྲིམས་སྒྲིག་ཁག་དངོས་སུ་ལག་ལེན་བསྟར་སྐབས་ཁྲིམས་སྒྲིག་གི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་མ་མཐུན་པའི་རྩོད་གླེང་བྱུང་ན། ཁྲིམས་ཐོག་ནས་ཁྲིམས་སྒྲིག་གི་ཚིག་དོན་འགྲེལ་བརྗོད་དང་འབྲེལ་མཐའ་མའི་ཐག་གཅོད་བྱ་རྒྱུའི་འགན་དབང་ཁྲིམས་ལུགས་དབང་འཛིན་ཁོ་ནར་ཡོད། བཙན་བྱོལ་བོད་མི་སྤྱི་སྒེར་སུ་རུང་གི་ཁྲིམས་གཏུག་གྱོད་རྩར་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་དབུས་སའི་འཛིན་སྐྱོང་སྤེལ་གསུམ་ཡང་དག་པའི་ཁྲིམས་ཀྱི་དབང་སྒྱུར་གྱི་ནུས་པས་ཁྱབ་སྟེ་ཡར་རྒྱས་ཀྱི་ལམ་དུ་འགྲོ་ཐུབ་པའི་སྲུང་སྐྱོབ་དང་། སྟངས་འཛིན་བྱ་རྒྱུའི་འགན་དབང་ཡོད། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པ་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་། ས་གནས་ཁྲིམས་ཞིབ་ཁང་བཅས་ཡོད་དགོས།
ཆེས་མཐོའི་ཁྲིམས་ཞིབ་ཁང་།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་གཞུང་གི་བསྟི་གནས་ལྷ་རམ་ས་ལར་ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་དབུ་འཛུགས་གནང་བ་དང་།
ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག
བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཆེས་མཐོའི་ཁྲིམས་ཁང་ནས་བཟོ་འགོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཞུས་འབྲས་སུ་ ༡༩༩༦ ཟླ་ ༣ ཚེས་ ༢༨ ཉིན་ཆོག་མཆན་བཀའ་འཁྲོལ་ཕྱག་རྟགས་རིན་པོ་ཆེ་སྩལ་སྨིན་བྱུང་སྟེ་ཁྲིམས་ཡིག་ཏུ་གཏན་འབེབས་གནང་ཡོད།

ཐོག་མ་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་དང་། ཁྲིམས་ཁོངས་ཁྱབ་ཚད།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནི། བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུག་བྱ་ཡུལ་བཙན་བྱོལ་བོད་གཞུང་གི་ཁྲིམས་འཛིན་གོང་ན་མེད་པའི་ཁྲིམས་ཞིབ་ཁང་དེ་ཡིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་ཁག་གཞིར་བཟུང་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། འགྲོ་ལུགས། སྒྲིག་གཞི་བཅས་བཟོ་འགོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འཁྲོལ་ཞུས་ཐོབ་དང་འབྲེལ་གཏན་འབེབས་ལག་བསྟར་བྱ་རྒྱུའི་འགན་དབང་ཡོད། གཏན་འཇགས་སམ་འཕྲལ་སེལ་གང་རུང་གི་ཁྲིམས་ཞིབ་ཁང་འོག་མ་ཁག་གསར་འཛུགས་དང་། ཕྱིར་བསྡུ། ཁྲིམས་ཞིབ་ཁང་དེ་དག་གི་ལས་དོན་བྱེད་ཕྱོགས་ལ་ཞིབ་འཇུག་ལམ་སྟོན་དང་སྟངས་འཛིན་བྱ་རྒྱུའི་འགན་དབང་ཡོད། བོད་གཞུང་གི་འགན་འཛིན་ལས་ཁུངས་སམ། སྒྲིག་འཛུགས་མ་ལག་གི་ལས་བྱེད་པ་ཆེ་ཕྲའི་གཞུང་འབྲེལ་ལས་དོན་བྱེད་ཕྱོགས་དང་། ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང་། བོད་མིའི་སྤྱི་ཚོགས་ཀྱི་རྩོད་རྙོག་དང་། སྤྱི་ཚོགས་ཀྱི་བདེ་འཇགས། གཞན་ཡང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དབང་ཐོག་ནས་དགག་བྱ་མེད་པའི་སྤྱི་སྒེར་གྱི་རྩོད་གཞི་ཁག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བོད་མིའི་ཁྲིམས་དང་། ལམ་སྲོལ་རྣམ་པ་འདྲ་མིན་གྱི་ཁྲིམས་ཞིབ་དང་། བཀོད་ཁྱབ་བྱ་རྒྱུའི་འགན་དབང་ཡོད། བོད་ཀྱི་ཡུལ་མིའི་གཞི་རྩའི་རང་དབང་དང་། ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་བཀོད་འདོམས་བྱ་རྒྱུ་སོགས་བཅའ་ཁྲིམས་དོན་ཚན་ ༦༦ དང་ ༦༨། ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༦ དང་ ༧ བཅས་ཀྱི་དགོངས་དོན་ལྟར་འགན་དབང་དང་། ཁྲིམས་ཁོངས་ཁྱབ་ཚད་ཡོད།

ཐོག་མ་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གྲུབ་ཆ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོ་ནི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ། ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་དེ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་མཚན་ཐོག་ནས་བསྐོ་གཞག་མཛད་རྒྱུ། དགོས་གལ་བྱུང་ན་ཁྲིམས་པ་ཆེ་བས་ཚོགས་མི་གསུམ་ལས་མི་མང་བའི་བཤེར་དཔང་ལྷན་ཚོགས་འཛུགས་ཆོག་པ་མ་ཟད། གྱོད་གཞིའི་གནད་དོན་གྱི་ཆ་ནས་དགོས་གལ་ནམ་བྱུང་མཚམས་འབྲེལ་ཆགས་གྱོད་གཞི་ལ་ཉམས་མྱོང་ཡོད་པའི་གཟུ་དཔང་ཚོགས་མི་གྲངས་དགུ་ལས་མ་བརྒལ་བ་ཞིག་ཁྲིམས་ཞིབ་པ་ཆེ་བས་བསྐོ་གཞག་བྱེད་ཆོག་པ་ཡིན།

ཐོག་མ་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པའི་འོས་ཆོས་དང་། དམ་འབུལ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་འོས་ཆོས་ནི། ཀ བོད་ཀྱི་ཡུལ་མི་ཡིན་པ་དང་། ཁ རང་ལོ་ ༥༠ ཧྲིལ་པོ་ལོན་པ་ཡན། ག ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་ཁུར་བྱེད་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབས་ཡོད་པ་མ་ཡིན། འོན་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལག་བསྟར་འགོ་འཛུགས་བྱས་པ་ནས་བཟུང་ལོ་ཉི་ཤུའི་དུས་ཡུན་རིང་གོང་འཁོད་དོན་ཚན་ནང་གསེས་ ག པ་ནང་གསལ་ལ་བསྟུན་དགོས་མེད། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་བཅས་བསྐོ་གཞག་མཛད་པའི་སྐྱེ་བོ་དེ་དག་གིས་ལས་ཁུར་དུ་མ་ཞུགས་གོང་༸གོང་ས་མཆོག་གི་སྐུ་མདུན་དུ་ཁྲིམས་ལུགས་གཏན་འབེབས་ཡོད་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའ་འབུལ་དགོས་པ་ཡིན།

ཐོག་མ་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ཡུན་ཚད།

ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་བཅས་སུ་རུང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་འཕོ་འགྱུར་དགོས་པའི་གྲོས་ཆོད་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོག་མཆན་སྩལ་ཐོན་གྱིས་འཕོ་འགྱུར་དགོས་པ་བྱུང་ན་ལས། དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་ ༦༥ ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་ ༦༥ ཧྲིལ་པོ་མ་ལོན་བར་ལས་ཁུར་རྒྱུན་འཛིན་བྱ་རྒྱུ།

ཐོག་མ་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་པ་གཞན་བགྲེས་ཡོལ་དུ་ཕེབས་ཟིན་པ་དང་། མཛད་ཁུར་བཞེས་མུས་བཅས་གཤམ་གསལ།

ཀ༽ བགྲེས་ཡོལ་དུ་ཕེབས་ཟིན་པ། ཁྲིམས་པ་ཆེ་བ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་ ྙ༡༩༩༢།༢།༢༤ ནས་ ༢༠༠༢།༩།༡༩༽ ཁྲིམས་ཞིབ་པ་ཆེ་བྱ་དུར་བསོད་ནམས་བཟང་པོ་ ྙ༢༠༠༡།༩།༢༤ ནས་ ༢༠༠༤།༩།༢༤༽ (ཁྲིམས་ཞིབ་པ་དང་། ཁྲིམས་པ་ཆེ་བ) ཁྲིམས་ཞིབ་པ་སྲོང་བུ་ཚང་མདོ་སྔགས་བསྟན་འཛིན་ ྙ༡༩༩༧།༡།༢༠ ནས་ ༢༠༠༢།༣།༡༧༽ ཁྲིམས་ཞིབ་པ་ཞེ་བོ་བློ་བཟང་དར་རྒྱས་ ྙ༡༩༩༧།༡།༢༠ ནས་ ༡༩༩༩།༢།༡༧༽ ཁྲིམས་ཞིབ་པ་གྲོང་རེ་ཚང་བློ་བཟང་མཁས་གྲུབ་ ྙ༢༠༠༢།༩།༢༤ ནས་༢༠༠༥།༧།༡༽ བཅས་དང་། ཁ༽ ཁྲིམས་ཞིབ་པ་ཆེ་བ་གྲེས་མའི་ནང་པ་རྣམ་རྒྱལ་ཚེ་རིང་དང་། ཁྲིམས་ཞིབ་པ་ཨ་མྱེ་ཚང་ཐུབ་བསྟན་བཀྲིས། ཁྲིམས་ཞིབ་པ་རྒན་ཆེན་ངག་དབང་འཕེལ་རྒྱལ་བཅས་མཛད་ཁུར་བཞེས་མུས་སུ་ཡོད།

ཐོག་མ་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཤེར་དཔང་ལྷན་ཚོགས་དང་། གཟུ་དཔང་།

ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་བཅས་ཀྱི་ཁྲིམས་ཞིབ་ལས་དོན་ལ་མཐུན་འགྱུར་ཞུ་ཆེད་བཤེར་དཔང་ཚོགས་མི་གྲངས་ ༣ ལས་མི་མང་བའི་ལྷན་ཚོགས་ཤིག་དགོས་གལ་བྱུང་ན་ཁྲིམས་ཞིབ་པ་ཆེ་བས་བསྐོ་གཞག་ཆོག་པ་དང་། བཤེར་དཔང་ཚོགས་མི་གསུམ་ཡོད་ཚེ་དེའི་ཁོངས་སུ་གཉིས་ལས་མ་ཉུང་བ་ཚད་ལྡན་མཐོ་སློབ་ནས་ཁྲིམས་རྩོད་པ་བྱེད་འོས་པའི་ཁྲིམས་སློབ་ཐོན་པའི་ལག་ཁྱེར་ཡོད་པ་ཞིག་དགོས། བཤེར་དཔང་ལྷན་ཚོགས་ཀྱི་ཚོགས་མིའི་ལས་ཁུར་ཡུན་ཚད་ལོ་ ༣ ལས་མི་མང་བ་ཡིན། འོན་ཀྱང་བསྐྱར་དུ་བསྐོ་གཞག་བྱ་རྒྱུར་དགག་བྱ་མེད། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བཤེར་དཔང་གཅིག་བསྐོ་གཞག་གནང་ཡོད་པ་བྱུང་།

ཐོག་མ་།

གཟུ་དཔང་ཚོགས་མི།

གྱོད་གཞི་གལ་ཆེའི་རིགས་ཀྱི་ཁྲིམས་ཞིབ་ལ་དགོས་གལ་ནམ་བྱུང་སྐབས་གྱོད་གཞི་དེའི་ཐོག་ཐག་གཅོད་དྲང་བདེན་འབྱུང་ཐབས་སུ་དངོས་དོན་ཐོག་མཐོང་ཚུལ་འདོན་འབུལ་ཞུ་ཆེད་གྱོད་གཞིའི་དོན་གནད་ཐོག་ཉམས་མྱོང་ཡོད་པའི་གཟུ་དཔང་ཚོགས་མི་གྲངས་ ༩ ལས་མ་བརྒལ་བ་ཐད་ཀར་སྐབས་སོ་སོར་ཁྲིམས་ཞིབ་པ་ཆེ་བས་བསྐོ་གཞག་ཆོག་པ་ཡིན།

ཐོག་མ་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འཛིན་སྐྱོང་།

བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དེས་ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་བྱ་སྒོ་ཁག་དང་། འཛིན་སྐྱོང་བཅས་པའི་སྤྱི་ཡོངས་འགོ་འདོམས་ཀྱི་ལས་འགན་འཁུར་དགོས་པ་ཡིན་། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་དྲུང་ཡིག་ཆེན་མོའི་གནས་རིམ་ཅན་གྱི་སྤྱི་ཁྱབ་ཁྲིམས་དྲུང་ཞིག་དགོས་པ་དང་། སྤྱི་ཁྱབ་ཁྲིམས་དྲུང་དེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འཛིན་སྐྱོང་ལས་དོན་མཐའ་དག་འགན་ཁུར་བྱ་རྒྱུའི་ཐོག ཁྲིམས་ཞིབ་ཁང་འོག་མ་ཁག་གི་མཚོན་ཁྲིམས་འཛིན་སྡེ་ཚན་ཡོངས་ལ་འཛིན་སྐྱོང་ལས་དོན་སྤྱི་ཡོངས་ལ་ལྟ་རྟོག་དང་ལམ་སྟོན་བྱ་དགོས་པ་ཡིན། ད་ལྟའི་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྤྱི་ཁྱབ་ཁྲིམས་དྲུང་ཆོས་སྟེང་ངག་དབང་ཆོས་གྲགས་དང་། གཞན་ལས་བྱེད་གྲངས་ ༡༢ ཡོད།

ཐོག་མ་།

སྐོར་སྐྱོད་ཁྲིམས་ཞིབ་ཁང་།

སྐོར་སྐྱོད་ཁྲིམས་ཞིབ་ཁང་ཁག་ས་གནས་ཁྲིམས་ཞིབ་ཁང་ལས་རིམ་པ་མཐོ་བ་དང་། གོང་ཞུ་བྱ་ཡུལ་གྱི་ཁྲིམས་ཞིབ་ཁང་ཡིན། སྐོར་སྐྱོད་ཁྲིམས་ཞིབ་ཁང་རེ་རེར་ཁྲིམས་ཞིབ་པ་ཉུང་མཐར་གཅིག་རེ་དགོས་པ་ཡིན། མཐུན་རྐྱེན་གྱི་ཆ་ནས་ད་བར་སྐོར་བསྐྱོད་ཁྲིམས་ཞིབ་ཁང་ཟུར་འཛུགས་ཐུབ་པ་བྱུང་མེད།

ཐོག་མ་།

ས་གནས་ཁྲིམས་ཞིབ་ཁང་།

ས་གནས་ཁྲིམས་ཞིབ་ཁང་ནི་ཁ་མཆུ་ཐོག་མའི་གཏུག་བཤེར་བྱ་ཡུལ་ཁོ་ནའི་ཁྲིམས་ཞིབ་ཁང་ཡིན། བཙན་བྱོལ་བོད་མིའི་གནས་ཡུལ་ས་གནས་སུ་གྱོད་གཞིར་ཁྲིམས་ཞིབ་ལས་དོན་སྒྲུབ་མཁན་གཏན་འཇགས་སམ་། འཕྲལ་སེལ་གྱི་ས་གནས་ཁྲིམས་ཞིབ་ཁང་ཁག་དེ་དག་གི་ཁྲིམས་ཞིབ་པ་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྐབས་མཚམས་དགོས་གལ་དང་བསྟུན་ཏེ་བསྐོ་འཛུགས་བྱེད་ཆོག་པ་ཡིན། ཀ དེ་ཧྲཱ་དན་ས་གནས་བོད་མིའི་ཁྲིམས་ཞིབ་ཁང་ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༩ ཉིན་བཙུགས་ཏེ་ས་གནས་ཁྲིམས་པ་ཆུ་སྟེང་ངག་དབང་ཐུབ་བསྟན་དང་། ཁྲིམས་དྲུང་ཉི་མ་དགྲ་འདུལ། གཞན་ལས་བྱེད་ ༢ བཅས་ཡོད། དེ་ཧྲཱ་དཱུན་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་ལྡི་ལི་དང་། ཨུ་ཏར་ཁན། ཧི་མ་ཅལ་བཅས་མངའ་སྡེ་གསུམ་གྱི་ཁུངས་སུ་ཡོད་པའི་བོད་མིའི་གཞིས་ཆགས་དང་། སྡོད་སྒར་ཁག ༢༡ ཡོད། ཁ མ་སར་ས་གནས་བོད་མིའི་ཁྲིམས་ཞིབ་ཁང་ཕྱི་ལོ་ ༢༠༠༢ ཟླ་ ༥ ཚེས་ ༡ ཉིན་བཙུགས་ཏེ། ས་གནས་ཁྲིམས་པ་མདའ་ཟུར་ནོར་པ་ཚེ་རིང་ནོར་བུ་དང་། ཁྲིམས་དྲུང་བསྟན་འཛིན་མཁྱེན་རབ། གཞན་ལས་བྱེད་ ༢ བཅས་ཡོད། མེེ་སོར་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔ་དང་། སྤོན་ཌ་ཅ་རི། གྷོ་ཝ། སྦེང་ལུར་བཅས་སུ་གནས་སྡོད་བོད་མིའི་སྡོད་སྒར་ཁག་བཅས་བསྡོམ་ས་ཁག ༡༡ ཡོད།

ཐོག་མ་།

གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ས་གནས་སོ་སོའི་འགོ་འཛིན་དང་། གཞན་ཡང་ལས་བྱེད་པ་བཅས་སུ་འོས་ལ་དུས་ཚོད་ངེས་ཅན་གྱི་རིང་ས་གནས་ཁྲིམས་ཞིབ་པའི་འགན་དབང་གཅིག་ལྕོགས་སུ་བསྐུར་ཆོག་པ་དང་། ད་ལྟའི་ཆར་རྒྱ་བལ་གཉིས་དང་། སུད་སི་བཅས་སུ་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་གྲངས་ ༡༥ ཡོད། དེ་དག་ནི། ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་དང་། མེ་ཨོ་ཆོས་འཕེལ་གླིང་གཞིས་ཆགས། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། འབུམ་ལ་བསྟན་འཛིན་སྒང་གཞིས་ཆགས། ལ་དྭགས་སླེ་བྱང་ལ་སྤྱིའི་ཁྱབ་ཁོངས། བལ་ཡུལ་འཇོ་ལ་ཁེལ་བཟོ་གཞིས། ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས། བྷན་ལྷ་ར་ནོར་རྒྱས་གླིང་གཞིས་ཆགས། ཤི་ལོང་བོད་མིའི་སྡོད་སྒར། ཀ་སྦག་ས་གནས་འགོ་འཛིན་ཁྱབ་ཁོངས། རྡོར་གླིང་ས་གནས་འཛིན་ཁྱབ་ཁོངས། སྤོག་ར་གློ་སྒྲིག་ས་གནས་འཛིན་གཅིག་ལྕོགས་ཁྲིམས་ཞིབ་པའི་ཁྱབ་ཁོངས་སུ། སྤོག་ར་ཁུལ་གཞིས་ཆགས་ཁག མན་སྤར་ཕན་བདེ་གླིང་གཞིས་ཆགས། སྒང་ཏོག་ས་གནས་འགོ་འཛིན་ཁྱབ་ཁོངས། སུད་སི་བོད་མིའི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་བཅས་ཡིན།

ཐོག་མ་།

ས་གནས་ཁྲིམས་ཞིབ་ཁང་གི་འགན་དབང་དང་། ཁྲིམས་ཁོངས་ཁྱབ་ཚད།

ས་གནས་ཁྲིམས་ཞིབ་ཁང་ནི་ཁ་མཆུ་ཐོག་མའི་གཏུག་བཤེར་བྱ་ཡུལ་ཁོ་ནའི་ཁྲིམས་ཞིབ་ཁང་ཡིན། ས་གནས་ཁྲིམས་ཞིབ་ཁང་སོ་སོར་ཁྲིམས་ཁོངས་ཁྱབ་ཚད་ཡོད་པའི་གྱོད་གཞི་ཐོག་མའི་གཏུག་བཤེར་བྱུང་བར་གཟུ་བོའི་ཚུལ་གྱིས་བོད་མིའི་ཁྲིམས་དང་། ལམ་སྲོལ་རྣམ་པ་འདྲ་མིན་གྱི་ཁྲིམས་ཞིབ་དང་། བཀོད་ཁྱབ། བོད་ཀྱི་ཡུལ་མིའི་གཞི་རྩའི་རང་དབང་དང་། ཐོབ་ཐང་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་བཀོད་འདོམས་བྱ་རྒྱུའི་འགན་དབང་ཡོད།

ཐོག་མ་།

ཁྲིམས་འཛིན་ལྷན་ཚོགས་དང་། ཁྲིམས་ལུགས་ཟབ་སྦྱོང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག ཁྲིམས་འཛིན་ལྷན་ཚོགས་འཚོགས་པ་དང་། ས་གནས་ཁྲིམས་ཞིབ་པའི་སྦྱོང་བདར། ཁྲིམས་དྲུང་གི་སྦྱོང་བདར། ཁྲིམས་རྩོད་པའི་སྦྱོང་བདར། བོད་མི་མང་ཚོགས་ལ་ཁྲིམས་ལུགས་སྐོར་ཟབ་སྦྱོང་བཅས་གནང་གི་ཡོད།

ཐོག་མ་།


གསར་གནས་གཞན།
  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་དང་འབྲེའ་བའི་བཀའ་ཤག་གི་གསལ་བསྒྲགས།

  • ༄༅། །སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཁེ་ན་ཌ་དང། ཨ་རི་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གྲུབ་ཏེ་བཞུགས་སྒར་དུ་ཕྱིར་འཁོར་བ།

  • ནང་སྲིད་བཀའ་བློན་མཆོག་རྒྱ་གར་གནའ་དངོས་ཤུལ་རྫས་དཔྱད་རིག་རྟོགས་ཞིབ་ཚོགས་པ་བཙུགས་ཏེ་ལོ་བརྒྱ་དང་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་སྐབས་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ།

  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་རྟགས་མ་འབུལ་ལམ་ཞུས་རྗེས་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་མཛད་པ།

  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊི་རི་ཡར་གསར་འགོད་ལྷན་ཚོགས་ཐོག་བཀའ་སློབ་སྩལ་བ།

  • སྤྱི་ཚོགས་དྲ་འབྲེལ།