ལས་བྱེད་འདེམས་ལྷན།

ལས་བྱེད་འདེམས་ལྷན།


ལས་བྱེད་འདེམས་ལྷན་གྱི་ངོ་སྤྲོད།
ལས་བྱེད་་གསར་འདེམས་སྐབས་ཡིག་རྒྱུགས་ཀྱི་སློབ་ཚན་གཤམ་གསལ།


༄༅། ཕྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་མདོ་སྟོད་སྨད་གཉིས་ཀྱི་ས་ཁུལ་ཁག་ཏུ་རྒྱ་དམག་བཙན་འཛུལ་མཁན་ལྷགས་ཏེ་མཐར་ཕྱི་ལོ་ ༡༩༥༩ ལོར་དྲག་གནོད་མི་ཟད་པའི་འོག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བླ་ན་མེད་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཁོང་གི་ཕེབས་རྗེས་སུ་བོད་མི་བརྒྱད་ཁྲི་ཙམ་རྒྱ་གར་འཕགས་ཡུལ་སོགས་སུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། བཙན་བྱོལ་དུ་ཕེབས་མ་ཐག་ཐོག་མར་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་བྱང་ཕྱོགས་ས་ཁུལ་མ་སུ་རིར་བཙན་བྱོལ་གཞུང་བསྐྱར་གསོ་གནང་ཡོད་ཅིང་། ཕྱོ་ལོ་ ༡༩༦༠ ཟླ་ ༤ ནང་བཙན་བྱོལ་གཞུང་གི་ལྟེ་གནས་མ་སུ་རི་ནས་རྡ་རམ་ས་ལར་སྤོ་ཤུགས་གནང་རྗེས་བཙན་བྱོལ་གཞུང་གི་ལས་ཁུངས་འདྲ་མིན་བཀོད་སྒྲིག་རིམ་པར་གནང་ཡོད་པ་ནས་གཞུང་ཞབས་གསར་འདེམས་བཀོད་སྒྲིག་གནང་ཕྱོགས་སོགས་ཐད་ཐོག་མར་ཕྱི་ལོ་ ༡༩༧༢ བར་བདེ་སྲུང་དང་། ནང་སྲིད་ལས་ཁུངས་གཅིག་ལྕོགས་ནས་འགན་བཞེས་གནང་བ་དང་། དེ་རྗེས་བཙན་བྱོལ་གཞུང་གི་མཛད་རྒྱ་ཇི་ཆེར་འགྲོ་བཞིན་པའི་གནས་སྟངས་ལ་གཞིགས་ཏེ་འཛིན་སྐྱོང་སྤྱི་ཁྱབ་བཀའ་ཤག་གི་ཐད་ཀའི་བཀོད་བྱུས་འོག་ལས་བྱེད་བདག་གཉེར་ཁང་གསར་འཛུགས་དང་འབྲེལ་ལས་བྱེད་བཀོད་སྒྲིག་སོགས་དང་འབྲེལ་བའི་ལས་འགན་ཆ་ཚང་འགན་དཀྲི་གནང་ཡོད།

ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་བསྐྱངས་པ་ནས་བཟུང་སྤྱི་འཐུས་སྐབས་བཅུ་པ་བར་གྲངས་འབོར་རྒྱས་བསྡུས་དང་། རྩ་ཁྲིམས་རིན་པོ་ཆེའི་དགོངས་པ་གཞི་རྩར་བཟུང་སྟེ་མི་མང་ལ་གདམ་བྱ་འདེམས་བྱེད་ཀྱི་ཁེ་དབང་གསོལ་རྩལ་གནང་བའི་བཀྲིན་གཞལ་དཀའ་ན་ཡང་། དུས་རབས་ཀྱི་རྒྱང་མཆོངས་དང་། ལེགས་བྱང་དམན་ཞིང་། མང་ཚོགས་རང་ཉིད་ཀྱིས་ནུས་འདོན་ལས་མ་གྲུབ་པར་དབུ་འཁྲིད་བཟང་པོས་མི་མང་ལ་མང་གཙོའི་ཁེ་དབང་གསོལ་སྩལ་གནང་བའི་མྱོང་ཚོར་ལས་ལྟ་གྲུབ་ཇི་བཞིན་གྱི་ལེགས་བྱད་མ་སྨིན་ པའི་དཀའ་གནད་ལས་ཁྱད་པར་འཕགས་པའི་རྣམ་དབྱེ་བཅད་ཐུབ་མིན་ལ་མ་ལྟོས་པར་སྐབས་བཅུ་གཅིག་པའི་སྤྱི་འཐུས་གྲངས་འབོར་སྤར་ཆ་དང་སྦྲགས་བཅའ་ཁྲིམས་གཏན་ལ་ཕབ་པའི་དོན་བཞིན་མང་གཙོའི་རྣམ་པ་ཆེ་ཆེར་དར་བའི་སྲོལ་ལུགས་དར་རྒྱས་ཆེན་པོ་ཆགས་པའི་ནང་གསེས་རང་དབང་ཅན་གྱི་སྡེ་ཚན་ཁོངས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ཞེས་གཏན་འཇགས་ཀྱི་ལས་ ཁང་ཟུར་འཛུགས་དང་། གཞུང་ཞབས་འདེམས་བསྐོ་སོགས་དང་འབྲེལ་ཆགས་ལས་རིམ་སྒྲིག་གཞི་དང་བཅས་བཀོད་སྒྲིག་གཏན་འབེབས་གནང་ཡོད།

བཅའ་ཁྲིམས་ནང་གསལ་འདེམས་བསྐོ་ལྷན་ཁང་ལ་ཚོགས་གཙོ་གཅིག་དང་། ཚོགས་མི་གཉིས་ནས་བཞིའི་བར་དགོས་པ་དམིགས་འཛུགས་ཚོགས་ཆུང་ནས་འོས་འཆར་ཕུལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཁབ་ཀྱི་དབུ་འཛིན་མཚན་ཐོག་ནས་བསྐོ་གཞག་གནང་གི་ཡོད། ཚོགས་གཙོ་དང་། ཚོགས་མི་རྣམ་པའི་ལས་ཁུར་ཡུན་ཚད་ལོ་ལྔ་ཡིན།

གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ལས་དོན་ཐོག་དགོས་གལ་ནམ་བྱུང་སྐབས་ཚོགས་འཛོམས་དགོས་རྒྱུའི་ཐོག་རྣམ་ཀུན་ཟླ་རེའི་ནང་ལྷན་འཛོམས་ཐེངས་རེ་ངེས་པར་གནང་དགོས་ཡོད། ལྷན་ཚོགས་ནམ་ཡིན་ལ་ཚོགས་མི་རྩ་འབོར་གྱི་སུམ་ཆ་གཉིས་ལས་མ་ཉུང་བ་ཚང་འཛོམས་ངེས་པར་དགོས་པ་དང་། འདེམས་བསྐོ་ལྷན་ཁང་གི་ལས་ཁུངས་འགན་འཛིན་དྲུང་ཆེས་ལྷན་ཚོགས་སུ་ལས་དོན་འགྲེལ་བཤད་དང་། བསམ་ཚུལ་འདོན་ཆོག་ཀྱང་། ཐག་གཅོད་དང་འོས་བསྡུ་བྱེད་པའི་ཐོབ་ཐང་མེད། འདེམས་བསྐོ་ལྷན་ཚོགས་ནས་ཐག་གཅོད་ཟིན་པའི་ལས་དོན་རྣམས་ཚོགས་གཙོའི་གཟིགས་སྐྱོང་འོག་ལས་ཁུངས་ནས་འཕྲལ་འཕྲལ་ལག་ལེན་བསྟར་དགོས་ཡོད་ཅིང་།

འདེམས་བསྐོ་ལྷན་ཁང་གི་རྒྱུན་ལྡན་ལས་ཁུངས་ཤིག་དགོས་པ་དེའི་འཛིན་སྐྱོང་ཆེད་ཚོགས་གཙོའི་འོག་འགན་འཛིན་དྲུང་ཆེ་དང་ལས་བྱེད་ཇི་དགོས་འཛིན་སྐྱོང་ནས་བཀོད་སྒྲིག་གནང་གི་ཡོད། བཙན་བྱོལ་གཞུང་གི་འགན་འཛིན་དང་། ལས་བྱའི་གཞུང་ཞབས་ཡོངས་རྫོགས་ཀྱི་འདེམས་སྒྲུག་དང་། བསྐོ་གཞག གནས་སྤར། ལས་དོན་སྦྱོང་བརྡར། སྒྲིག་གཞི་གཏན་འབེབས་བཅས་ཀྱི་ལས་དོན་བྱ་རྒྱུའི་འགན་དབང་ཆ་ཚང་ཡོད་པ་མ་ཟད། ལས་བྱེད་བླང་དོར་དང་། ཐོབ་ཐང་གི་སྒྲིག་གཞི་བཀའ་ཤག་གིས་བཟོ་འགོད་ཀྱིས་འཆར་འབུལ་ལ་ཞིབ་འཇུག་གཏན་འབེབས་གནང་དགོས་ཡོད།

དེ་བཞིན་གཞུང་ཞབས་རྣམས་ཀྱི་གནས་རིམ་ཕབ་པ་དང་། གནས་དབྱུང་། རྩ་དགོངས་ཞུ་འཁྲོལ། རྒས་ཡོལ་སྔ་བསྣུར་དང་དུས་འགྱངས། རྒས་ཡོལ་བསྐྱར་བསྐོ་བཅས་ཀྱི་སྐོར་བཀའ་ཤག་ནས་འཆར་འབུལ་བྱུང་རིགས་ལ་འོས་མིན་རྟོགས་ཞིབ་ཀྱིས་འོས་འཚམས་ལ་མོས་མཐུན་ལག་བསྟར་བྱ་རྒྱུའི་འགན་དབང་ཡོད།
བོད་མིའི་སྒྲིག་འཛུགས་གྱི་ལས་བྱེད་ཡོངས་རྫོགས་གཤམ་གསལ་སྡེ་ཚན་གཉིས་སུ་དབྱེ་ཡོད།
ཀ༽ འགན་འཛིན་སྡེ་ཚན།
༡་ དྲུང་ཡིག་ཆེན་མོ།
༢་ དྲུང་ཆེ་ལས་འཕར།
༣་ ཟུང་འབྲེལ་དྲུང་ཆེ།
༤་ དྲུང་ཆེ་གཞོན་པ།
༦་ དྲུང་གཞོན་ལས་རོགས།
ཁ༽ ལས་བྱའི་སྡེ་ཚན།
༡་ སྡེ་ཚན་འགན་འཛིན།
༢་ ལས་ཁུངས་དོ་དམ་པ།ལས་དྲུང་།
༣་ རྒན་དྲུང་།
༤་ གཞོན་དྲུང་ངམ་ལས་བྱ།

ལས་བྱེད་འདེམས་ལྷན་བྱ་ལམ།
དྲུང་གཞོན་ལས་རོགས་ཀྱི་གནས་རིམ་དུ་ས་མིག་རྩ་འབོར་གྱི་བརྒྱ་ཆ་བཞི་བཅུ་ལས་མི་བརྒལ་བ་ཞིག་འོས་ཆོས་ཚང་བའི་ལས་བྱའི་སྡེ་ཚན་གྱི་སྡེ་ཚན་འགན་འཛིན་ནས་གནས་སྤར་དང་། བརྒྱ་ཆ་དྲུག་ཅུ་ལས་མ་ཉུང་བ་ཞིག་ཐད་ཀར་འདེམས་བསྐོ་བྱ་རྒྱུ། དྲུང་ཆེ་གཞོན་པ་དང་། ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་ས་མིག་རྩ་འབོར་གྱི་བརྒྱ་ཆ་སུམ་ཅུ་ལས་མི་བརྒལ་བ་ཞིག་ཐད་ཀར་འདེམས་བསྐོ་དང་། ཞབས་གཡར་དང་། ཆོད་གན་བཅས་ཐོག་བསྐོ་འཐུས། བརྒྱ་ཆ་བདུན་ཅུ་ལས་མི་ཉུང་བ་གནས་སྤར་གྱིས་བསྐོ་རྒྱུ། དྲུང་ཆེ་ལས་འཕར་དང་། དྲུང་ཆེའི་གནས་རིམ་དུ་ས་མིག་རྩ་འབོར་གྱི་བརྒྱ་ཆ་ལྔ་ལས་མི་བརྒལ་བ་ཞིག་ཞབས་གཡར་ཐོག་བསྐོ་འཐུས་ཀྱང་བརྒྱ་ཆ་གོ་ལྔ་ལས་མ་ཉུང་བ་གནས་སྤར་གྱི་བསྐོ་རྒྱུ་ལས་ཐད་ཀར་འདེམས་བསྐོ་མི་ཆོག
ལས་བྱའི་གཞུང་ཞབས་ཁོངས་གཞོན་དྲུང་གནས་རིམ་དུ་ཐད་ཀར་འདེམས་བསྐོ་ཁོ་ན་དང་། དེ་ཡན་གནས་རིམ་གཞན་བཞིར་ས་མིག་རྩ་འབོར་གྱི་བརྒྱ་ཆ་ཉེར་ལྔ་ལས་མ་བརྒལ་བར་ཐད་ཀར་འདེམས་བསྐོ་དང་། ཞབས་གཡར། ཆོད་གན་བཅས་ཀྱིས་བསྐོ་བཞག་ཆོག་རྒྱུ་དང་། བརྒྱ་ཆ་དོན་ལྔ་ལས་མ་ཉུང་བ་གནས་སྤར་གྱིས་བསྐོ་གཞག་བྱ་རྒྱུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༠༨ ཟླ་ ཚེས་ ལ།

ཐོག་མ།

༄༅། །ལས་བྱེད་འདེམས་བསྐོའི་སྒྲིག་གཞི་གཏན་འབེབས་གནང་མཇུག་གཞུང་ཞབས་གསར་འདེམས་སྐབས་ཡིག་རྒྱུགས་ཀྱི་ལམ་སྲོལ་བཏོད་ཡོད་ན་ཡང་ད་བར་བོད་ཡིག་ཐོག་མཐོ་སློབ་ཀྱི་སློབ་ཚན་དམིགས་བསལ་མེད་སྟབས་བར་ལམ་ཕྱོགས་འགའ་ཤས་ནས་གཏན་འབེབས་ཤིག་བྱུང་ན་ལེགས་གནས་བསམ་ཚུལ་དང་། ལྷན་ཚོགས་ནང་དུའང་སྔ་རྗེས་བཀའ་བསྡུར་བྱུང་བ་བཞིན་འབྱུང་འགྱུར་ཤེས་རིག་ལྷན་ཁང་ནས་གཏན་འབེབས་མ་བྱུང་བར་ངོས་འཛིན་གནང་རྒྱུ་སློབ་ཚན་གཤམ་གསལ།

བརྡ་སྤྲོད་ཀྱི་སྐོར། (བརྒྱ་ཆ་ ༣༠ཡི་གེ།)

  • སྤྱིར་ཡི་གེར་མིང་གཞི་དང་དབྱངས་གཉིས་སུ་དབྱེ་བ། མིང་གཞིའི་རྟགས་ཀྱི་དབྱེ་བ། སྔོན་རྗེས་ཀྱི་རྟགས་ཀྱི་དབྱེ་བ།
  • ཡི་གེ་ལས་མིང་ཞེས་པའི་མིང་གི་དོན།
  • མིང་ལས་ཚིག་ཅེས་པའི་ཚིག་གི་གོ་དོན།
  • ཕྲད་རང་དབང་ཅན་དང་གཞན་དབང་ཅན་གྱི་རྣམ་གཞག
  • བདག་གཞན་དུས་གསུམ་གྱི་རྣམ་གཞག

སྦྱོང་གཞིའི་དཔེ་དེབ།

  • སི་ཏུ་ཞལ་ལུང་། (ཤེས་རིག་དཔར་ཁང་།)
  • ཡིག་བཤད་མཁས་པའི་ཁ་རྒྱན། (བསྟན་དར་ལྷ་རམས་པ།) (འབྲས་སྤངས་བློ་གསལ་གླིང་།)

སྙན་ངག་དང་ཡིག་སྐུར་རྣམ་གཞག (བརྒྱ་ཆ་ ༡༠)

  • སྙན་ངག་ཅེས་པའི་གོ་དོན་དང་སྙན་ངག་གི་སྤྱི་དོན།
  • སྙན་ངག་ལེའུ་བར་པའམ་དོན་རྒྱན་སོ་ལྔ་ཆ་ཚང་།
  • བོད་ཀྱི་ཐུན་མོང་མ་ཡིན་པའི་གཏོང་ཡིག་གི་འབྲི་སྲོལ།

སྦྱོང་གཞིའི་དཔེ་དེབ།

  • སྙན་ངག་སྤྱི་དོན། (ཚེ་ཏན་ཞབས་དྲུང་།) (ཤེས་རིག་དཔར་ཁང་།)
  • སློབ་དཔོན་དིས་མཛད་པའི་དོན་རྒྱན་སོ་ལྔའི་རྩ་བ་དང་བོད་མཁས་ཀྱི་དཔེར་བརྗོད་དང་འགྲེལ་བ། (ཤེས་དཔར།)
  • ཤེས་རིག་པར་ཁང་ནས་ཕྱོགས་བསྒྲིགས་བྱས་པའི་ཡིག་སྐུར་རྣམ་གཞག

བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། (བརྒྱ་ཆ་ ༡༥)

  • བོད་ཀྱི་སྣོད་བཅུད་ཆགས་ཚུལ།
  • བོད་དུ་རིག་གནས་དར་ཚུལ།
  • བོད་རྗེ་གཉའ་ཁྲི་བཙན་པོ་དང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐོར།
  • ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ནས་སྡེ་བ་གཙང་པའི་བར།
  • ༸གོང་ས་ལྔ་པ་ཆེན་པོ་ནས་ད་བར་གྱི་རྒྱལ་རབས།
  • བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་གནས་སྟངས།
  • བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་བྱུང་བ།

སྦྱོང་གཞིའི་དཔེ་དེབ།

  • ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས། (ཤེས་དཔར།)
  • བཙན་བྱོལ་བོད་མིའི་བཅའ་ཁྲིམས། (ཚོགས་དྲུང་ལས་ཁུངས།)
  • ༸གོང་ས་མཆོག་གིས་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། (ཤེས་དཔར།)

ནང་ཆོས་སློབ་ཚན། (བརྒྱ་ཆ་ ༡༥)

  • སྐྱབས་འགྲོ་ལས་འབྲས་ཀྱི་རྣམ་གཞག
  • སྤྱིན་པ་སོགས་ཕར་ཕྱིན་དྲུག་གི་སྐོར།
  • བདེན་བཞི་དང་བདེན་གཉིས་རྣམ་གཞག

སྦྱོང་གཞིའི་དཔེ་དེབ།

  • བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་བརྒྱད་པ་བར། (རྒྱལ་སྲས་ཆེན་པོ་ཞི་བ་ལྷ།) (ཤེས་དཔར།)
  • མདོ་མཛངས་བླུན། (མཉམ་མེད་ཤྭ་་ཀྱ་ཐུབ་པ།)
  • ཁྱད་པར་འཕགས་བསྟོད། (སློབ་དཔོན་ཐུ་བཙུན་གྲུབ་རྗེ།)

ཕབ་སྒྱུར། (བརྒྱ་ཆ་ ༡༠)

སྦྱོང་གཞིའི་དཔེ་དེབ།

  • ༸གོང་ས་སྐྱབས་མགོན་ཆེན་པོས་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། (My Land & My People) (ཤེས་དཔར།)
  • དངོས་ཡོད་ལམ་ནས་བོད་ཀྱི་བདེན་པ་ར་སྤྲོད། (ཕྱི་དྲིལ་ལས་ཁུངས།)
  • ལོ་ ༣ ནང་འཚུད་ཀྱི་གསུམ་དུས་སྐབས་༸གོང་ས་ཆེན་པོའི་ཡོངས་ཁྱབ་གསུང་འཕྲིན། (ཕྱི་དྲིལ་ལས་ཁུངས།)
    བཅས་ལ་ ༢༠༠༣ ཟླ་ ༧ ཚེས་ ༡ ནས་རྩ་འཛིན་གནང་རྒྱུ་དང་གོང་གསལ་སློབ་ཚན་སྐོར་ལེགས་བཅོས་དགོས་གལ་བྱུང་ན་འདེམས་བསྐོའི་ལྷན་ཚོགས་ནས་མང་མོས་ཐོག་འགྱུར་བཅོས་གནང་འཐུས། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༠༣ ཟླ་ ཚེས་ ལ།།

ཐོག་མ།

གསར་གནས་གཞན།
  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་དང་འབྲེའ་བའི་བཀའ་ཤག་གི་གསལ་བསྒྲགས།

  • ༄༅། །སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཁེ་ན་ཌ་དང། ཨ་རི་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གྲུབ་ཏེ་བཞུགས་སྒར་དུ་ཕྱིར་འཁོར་བ།

  • ནང་སྲིད་བཀའ་བློན་མཆོག་རྒྱ་གར་གནའ་དངོས་ཤུལ་རྫས་དཔྱད་རིག་རྟོགས་ཞིབ་ཚོགས་པ་བཙུགས་ཏེ་ལོ་བརྒྱ་དང་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་སྐབས་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ།

  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་རྟགས་མ་འབུལ་ལམ་ཞུས་རྗེས་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་མཛད་པ།

  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊི་རི་ཡར་གསར་འགོད་ལྷན་ཚོགས་ཐོག་བཀའ་སློབ་སྩལ་བ།

  • སྤྱི་ཚོགས་དྲ་འབྲེལ།