ཟླ་བ་ ༦ ཚེས ༡༣ ༢༠༡༨
Published By Kalsang Dekyi

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ རེས་གཟའ་མིག་དམར་ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇེ་རཱམ་ཋཱ་ཀུར་  Shri Jai Ram Thakur མཆོག་མ་ན་ལི་དུ་རྟེན་གཞི་བྱས་པའི་ Shri Atal Bihari Vajpayee Institute of Mountaineering & Allied Sports ཞེས་པའི་བསྟི་གནས་ཁང་དུ་འཚམས་གཟིགས་ཕེབས་སྐབས་ཀུ་ལུ་མ་ན་ལིའི་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དང་། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་མ་ན་ལི་སམ་བྷོ་ཊ་སློབ་གྲྭའི་དགེ་ཆེ་སོགས་ཀྱིས་ཀུ་ལུ་མ་ན་ལི་ཁུལ་གྱི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན་ཤིང་ནགས་དང་འགྲུལ་བཞུད། དེ་བཞིན་ན་གཞོན་རྩེད་རིགས་ལྷན་ཁང་གི་བློན་ཆེན་གཅིག་ལྕོགས་སྐུ་ཞབས་གྷོ་ཝིནྜ་ཋཱ་ཀུར་ Shri Govind Thakur མཆོག་ཀྱང་ཕེབས་ཡོད་པ་བཅས།། 

 

 

Share with your friends










Submit