ཟླ་བ་ ༥ ཚེས ༡༧ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༧ ནས་ཟླ་ ༥ ཚེས་ ༡༦ བར་བཅས་ཉིན་གྲངས་ ༡༠ རིང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ Shimla རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་འཛིན་སྐྱོང་ཟབ་སྦྱོང་བསྟི་གནས་ཁང་ HIPA དུ་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་ལྷན་གྱི་གོ་སྒྲིག་འོག སྲི་ཞུ་བ་སྡེ་འགན་དང་ལས་དོ་ཁག་གཅིག་ལ་འཛིན་སྐྱོང་དང་འགོ་ཁྲིད་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་ཡོད།

དེ་ཡང་ལས་བྱེད་འདེམས་ལྷན་གྱི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་ཀྱིས་འགོ་ཁྲིད་འོག བཀའ་དྲུང་ཡིག་ཚང་དང་། ཤེས་རིག་ལས་ཁུངས། དཔལ་འབྱོར་ལས་ཁུངས། ནང་སྲིད་ལས་ཁུངས། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས་བཅས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བྱེད་ཁྱོན་མི་གྲངས་ ༢༡ ཟབ་སྦྱོང་ནང་མཉམ་ཞུགས་གནང་འདུག  ཐེངས་འདིའི་ཟབ་སྦྱོང་ནི་ཨ་རིའི་ USAID རོགས་ཚོགས་ནས་དཔལ་འབྱོར་གྱི་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས།

ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ནང་།

Share with your friends










Submit