ཟླ་བ་ ༥ ཚེས ༡༧ ༢༠༡༨
Published By Kalsang Dekyi

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།

༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༠ ནས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༢ བར་དཔལ་འབྱོར་ལས་ཁུངས་ཀྱི་དཔྱ་དེབ་གྲངས་ཐོ་ཚན་པའི་འགན་འཛིན་སྐལ་བཟང་ཆོས་སྒྲོན་ལགས་དང་། ལས་རོགས་བདེ་ཆེན་མཚོ་མོ་ལགས་གཉིས་ཀྱིས་བོད་མི་གནས་སྡོད་དཀའ་ཚེགས་ཆེ་བའི་ས་ཁུལ་ཀྲུ་ཀྲིང་དང་། བསྟན་འཛིན་སྒང་། འབུམ་སྡེ་ལ། དེ་བཞིན་རྟ་དབང་བཅས་སོ་སོར་ཆེད་བསྐྱོད་ཀྱི་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་ཡོད་མཁན་རྣམས་རེ་རེ་བཞིན་ཐུག་འཕྲད་ཀྱིས་ཡིག་ཆར་བསྐྱར་ཞིབ་དང་འབྲེལ་མི་གྲངས་ ༢༤༢ ཙམ་གྱི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད། རྡིབ་རུ་གྷར་དུ་ཡོད་པའི་ཚོང་པ་རྣམས་ནས་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་བདེ་སྡུག་ཞུས་དོན་ལྟར་ཆེད་བཅར་ཞུས་པ་བཅས།

མོན་རྟ་དབང་།

བསྟན་འཛིན་སྒང་།

ཀྲུ་ཀྲིང་།

Share with your friends










Submit