ཟླ་བ་ ༥ ཚེས ༡༧ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ཀྱིས་བཏང་གནས་ནང་འཁོད་དོན།  དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༡ ནས་ ༢༥ བར་ཉིན་གྲངས་ལྔའི་རིང་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད། བདེ་སྐྱིད་གླིང་དང་། སྤོན་ཊ་ཆོལ་གསུམ། ཧར་པ་སྤུར། སིམ་ལ། ཌོ་ལན་ཇི། ཀུམ་རའོ། སྤུ་རུ་ཝ་ལ། ས་ཏོན་བཅས་ས་གནས་བརྒྱད་ཀྱི་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་རྣམས་ལ་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞི། དེ་བཞིན་དམར་ཁྲིད་ཟབ་སྦྱོང་གནང་རྒྱུའི་ཆེད་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་རྣམ་གཉིས་ཕྱི་ཚེས་ ༡༨ ཉིན་རྡ་ས་ནས་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༡ ནས་ཟབ་སྦྱོང་འགོ་འཛུགས་གནང་རྒྱུ། ཕྱི་ཚེས་ ༢༦ ཉིན་སྤོན་ཊ་ཆོལ་གསུམ་ནས་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།

Share with your friends










Submit