Published By ngawang thokmey

༢༠༡༨ ཟླ་ ༤ ཚེས་ ༡ རེས་གཟའ་ཉི་མ།

༄༅། །བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ India International Centre གི་ཚོགས་ཁང་དུ་བོད་ཀྱི་ཐུན་མིན་རིག་གནས་སྒྱུ་བོད་ཀྱི་གསོ་བ་རིག་པའི་སྐུ་ཐང་དང་རྡུལ་ཚོན་གྱི་དཀྱིལ་འཁོར།  ལྕགས་དང་ཤིང་རྐོས་སྒྱུ་རྩལ། བོད་དོན་དངོས་བྱུང་གློག་བརྙན།  འཐག་ལས་ལག་ཤེས། པང་གདན་དང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ།  ཁ་ཟས་སྒྱུ་རྩལ། བོད་དོན་པར་རིས་འགྲེམས་སྟོན། མཁས་པའི་གསུང་བཤད། དེ་བཞིན་སྲོལ་རྒྱུན་བོད་མིའི་འབྲོག་པ་རྣམས་ཀྱི་འཚོ་བའི་དངོས་ཆས་སོགས་འགྲེམས་སྟོན་གནང་ཡོད།

དེ་ཡང་ཕྱི་ཚེས་ ༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཙམ་ལ་དུས་སྟོན་དབུ་འཛུགས་ཀྱི་ཐོག་མར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། རྒྱ་གར་ཤེས་ཡོན་དང་རིག་གནས་སྒྱུ་རྩལ་ཐོག་མཁས་དབང་ལྕམ་སྐུ་ཀ་པཱི་ལ་ཝཏསྱ་ཡན་ Kapila Vatsyan མཆོག  ལྕམ་སྐུ་སོན་དྷི་ Mrs Sondhi  ལགས། ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་སྐུ་ཤཱི་ལ་ཌིག་ཤི་ཏི་ Smt Sheila Dixit མཆོག

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། དེ་བཞིན་སྐུ་མགྲོན་ཁག་གཅིག་བཅས་དབུ་བཞུགས་ཐོགདཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་སྐུ་ཤཱི་ལ་ཌིག་ཤི་ཏི་མཆོག་རྣམ་གཉིས་ཀྱིས་དར་མཚོན་གཅོད་འབྲེག་དང་སྦྲགས་བོད་ཀྱི་རིག་གཞུང་དུས་སྟོན་དབུ་འབྱེད་གནང་བསྟུན་བོད་མིའི་སྲོལ་རྒྱུན་རིག་གནས་དང་པར་རིས་འགྲེམས་སྟོན་སོགས་ལ་གཟིགས་ཞིབ་གནང་།

དེ་རྗེས་ཆུ་ཚོད་ ༡ ཡོལ་ཙམ་ལ་ཏའི་སི་ཏུ་རིན་པོ་ཆེ་མཆོག་གིས་དོན་གཉེར་བ་མི་གྲངས་ ༣༥༠ ཙམ་ལ་ནང་པའི་གཞུང་ནས་དྲན་པ་ཉེར་བཞག་སྐོར་དང་བདེ་སྐྱིད་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།

དེ་ནས་ཕྱེད་ཡོལ་ཆུ་ཚོད་ ༣ ནས་ ༤།༣༠ བར་འཕགས་བོད་གཉིས་དབར་གནའ་དེང་འབྲེལ་ལམ་སྐོར་མཁས་པའི་བགྲོ་གླེང་དང་གསུང་བཤད་གནང་ཡོད།

དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་རིག་གཞུང་འཁྲབ་སྟོན་གནང་ཡོད་པ་བཅས།།

Share with your friends










Submit