ཟླ་བ་ ༤ ཚེས ༡༢ ༢༠༡༨
Published By ngawang thokmey

 

༢༠༡༨ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༩ ཉིན་རྡ་སའི་ཉེ་འགྲམ་ནུར་པུར་ཁུལ་དུ་སྒེར་གཉེར་སློབ་གྲྭ་ཞིག་གི་སྣུམ་འཁོར་གཡང་དུ་ལྷུང་སྟེ་སློབ་ཕྲུག་ ༢༣ ཚུད་པའི་ཁྱོན་མི་གྲངས་ ༢༧ གྱི་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་མང་ཚོགས་སྤྱི་དང་ལྷག་པར་འབྲེལ་ཡོད་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་སྐྱེ་གནང་འདུག  དེ་ཡང་སྲིད་སྐྱོང་མཆོག་གིས།  ཧི་མཱ་ཅལ་མངའ་སྡེའི་ནང་འདས་པའི་མི་ལོ་ངོ་དྲུག་ཅུ་ཙམ་རིང་བོད་མི་བཙན་བྱོལ་བ་རྣམས་འཚོ་གནས་བྱེད་བཞིན་ཡོད་པར་བརྟེན།  ཐེངས་འདིར་གོད་ཆག་འདི་ལྟ་བུ་བྱུང་སྐབས་སུ་ང་ཚོའི་བློ་ངོར།  ཨ་ཁ་བསམ་པའི་ཡིད་གདུང་གི་ཚོར་བ་ཞིག་ངང་གིས་སྐྱེ་བཞིན་འདུག ངས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ཕྲུ་གུའི་ཕ་མ་གཙོ་བོར་གྱུར་བའི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་སེམས་གསོ་དང་སྦྲགས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།

Share with your friends










Submit