ཟླ་བ་ ༤ ཚེས ༦ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༦ རེས་གཟའ་པ་སངས།

༄༅།།འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་བཞུགས་སྒར་རྡ་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསར་མཇལ་ཞུ་ཆེད་ཕེབས་པ་དང་བསྟུན།

དེ་རིང་ཕྱི་ལོ་༢༠༡༨ ཟླ་ ༤ ཚེས་ ༦ ཉིན་གྱི་སྔ་དྲོར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྡ་ས་མེག་གྷན་དུ་རིན་པོ་ཆེ་མཆོག་བཞུགས་སའི་སུརྱ་གསོལ་མགྲོན་ཁང་ནང་འཚམས་འདྲིའི་མཇལ་བཅར་ཞུས་ཏེ་བསྟན་པ་སྤྱི་དང་། བྱེ་བྲག་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་འགན་བདག་གིར་བཞེས་ཏེ་བསྟན་འགྲོའི་བྱ་བ་རླབས་ཆེན་ཡོང་བའི་ཐུགས་བསྐྱེད་དང་མཛད་འཕྲིན་རྒྱས་པའི་སྨོན་འདུན་བཅས་ཞུས་གནང་ཡོད་པའི་གནས་ཚུལ་དུ། །

Share with your friends










Submit