ཟླ་བ་ ༤ ཚེས ༡༦ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༥ ཉིན་ཧི་མཱ་ཅལ་མངའ་སྡེ་དབུ་བརྙེས་ནས་མི་ལོ་བདུན་ཅུ་དོན་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་དུས་དྲན་མཛད་སྒོ་དེ་བཞིན་ཀངྒ་ར་རྫོང་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སའི་ཉེན་རྟོག་ཐང་ཆེན་དུ་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེ་གཞུང་གི་ནུས་ཤུགས་བློན་ཆེན་སྐུ་ཞབས་ཨ་ནིལ་ཤར་མ་ Shri Anil Sharma  མཆོག་དང་། དམིགས་བསལ་སྐུ་མགྲོན་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཧན་སི་རཇ་ Shri Hans Raj  མཆོག་བཅས་ཕེབས་ཡོད།

དེ་བཞིན་ཀངྒ་ར་རྫོངས་ལས་ཁུངས་ནས་མགྲོན་ཤོག་གནང་འབྱོར་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་མཛད་སྒོའི་སྐུ་མགྲོན་དུ་ཕེབས་གནང་བ་དང་། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱལ་དར་སྒྲེང་འཛུགས་གནང་བསྟུན། ཉེན་རྟོག་རུ་ཁག་རྣམས་ཀྱིས་རུ་སྒྲིག་གི་ལམ་ནས་སྐུ་མགྲོན་རྣམས་ལ་ཆེ་མཐོང་ཞུས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད།

སྤྱིར་ཧི་མཱ་ཅལ་ཞེས་ས་ཁུལ་འདིར་ཡོངས་གྲགས་ཀྱི་མིང་ནི་ཕྱི་ལོ་ ༡༩༤༨ ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ཐོག་མར་བྱུང་ཡོད། དེ་རྗེས་ཕྱི་ལོ་ ༡༩༦༦ ཕྱི་ཟླ་ ༡༡ ཚེས་ ༡ ཉིན་པན་ཇབ་དང་ཉེ་འཁོར་རྒྱལ་ཕྲན་ ༣༡ རྣམས་ཧི་མཱ་ཅལ་ས་ཁུལ་ཁོངས་སུ་ཟླ་སྒྲིལ་བཏང་ཡོད། ཕྱིས་སུ་ཕྱི་ལོ་ ༡༩༧༡ ཕྱི་ཟླ་ ༡ ཚེས་ ༢༥ ཉིན་ཧི་མཱ་ཅལ་པར་དེ་ཤི་ཞེས་དེང་སྐབས་ཡོངས་གྲགས་ཀྱི་མངའ་སྡེ་གསར་དུ་དབུ་བརྙེས་པ་བཅས།།
Share with your friends










Submit