ཟླ་བ་ ༤ ཚེས ༡༦ ༢༠༡༨
Published By Kalsang Dekyi

༢༠༡༨ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།

༄༅། །བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ བཞུགས་སྒར་བོད་ཀྱི་ཟློས་གར་དུ་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༨ ཉིན་ནས་འཚོགས་རྒྱུ་གཏན་འཁེལ་ཟིན་ནའང་། ཉེ་ཆར་ཧི་མཱ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་ནུར་པུར་ས་ཁུལ་དུ་སློབ་གྲྭའི་རླངས་འཁོར་བརྡབ་སྐྱོན་བྱུང་སྟེ་སློབ་ཕྲུག་གིས་གཙོས་ཁྱོན་མི་གྲངས་ ༢༧ འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་གདུང་སེམས་མཉམ་སྐྱེ་ཞུ་སླད་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ ཉིན་གྲངས་གཉིས་རིང་ཕར་འགྱངས་ཀྱིས་ཕྱི་ཚེས་ ༢༠ ནས་ ༢༥ བར་ཚོགས་གཏན་འཁེལ་ཡོད་པ་བཅས།།

 

Share with your friends










Submit