ཟླ་བ་ ༤ ཚེས ༢༡ ༢༠༡༨
Published By ngawang thokmey
ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༡ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༢ ནས་ཉིན་གྲངས་གསུམ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་མཛད་འཕྲིན་རྒྱ་ཆེ་བསྐྱང་གཏན་འཁེལ་བ་ལྟར།  ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཐོག་མར་རྒྱ་གར་དང་བལ་ཡུལ་ནས་བོད་མི་བཙན་བྱོལ་བའི་ལྷ་མོ་འཁྲབ་སྟོན་པ་རྣམས་རྡ་སར་ཞོ་སྟོན་རྒྱས་པ་འཁྲབ་སྟོན་ཞུ་ཆེད་ཕེབས་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་སྩལ་གྲུབ་བསྟུན།  སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་ཧྲག་བསྡུས་དང་བཅས་ལྡི་ལིར་ཆིབས་སྒྱུར་བསྐྱངས།

དེ་ཡང་མཛད་འཆར་ལྟར་ན་ཕྱི་ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ཏིན་མུར་ཏི་ Teen Murti ཞེས་པའི་བསྟི་གནས་ཁང་གི་ནེ་རུ་རྗེས་དྲན་གྱི་དཔེ་མཛོད་ཁང་དུ་ Nehru Memorial and Library མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས། ཞི་བདེ་དང་འཆམ་མཐུན་ངང་ཡར་རྒྱས་ཀྱི་མདུན་བསྐྱོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད། ཕྱི་ཚེས་ ༢༣ ཉིན་ཌབཱར་ཀ་རྒྱལ་སའི་མངའ་ཁུལ་གཞན་ Dwarka  ཞེས་པ་དེར་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ལཱལ་བྷ་ཧཱ་དུར་ཤཱསྟྲི་འཛིན་སྐྱོང་བསྟི་གནས་ཁང་Lal Bahadur Shastri Institute of Management གི་ལོ་འཁོར་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱང་ནས་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་།

 ཕྱི་ཚེས་ ༢༤ ཉིན་རྒྱ་གར་འཕྲུལ་རིག་བསྟི་གནས་ཁང་དུ་རྒྱ་གར་གནའ་རབས་ཀྱི་ལེགས་བྱང་བསྐྱར་གསོའི་གལ་གནད་སྐོར་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས། །
Share with your friends










Submit