ཟླ་བ་ ༣ ཚེས ༡༣ ༢༠༡༨
Published By Kalsang Dekyi

༢༠༡༨ ཟླ་ ༣ ཚེས་ ༡༢ རེས་གཟའ་ཟླ་བ།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༣  ཚེས་ ༡༢  ཉིན་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཙམ་ལ་བོད་ཨ་མདོ་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་བཞི་བའི་གནམ་མཚོ་སྡེ་བ་ནས་ཡིན་པའི་ཕ་ཀ་དག་དང་། མ་སྐྱིད་ལྷ་གཉིས་ཀྱི་བུ་རང་ལོ་ ༤༤ ཡས་མས་ཡིན་པ་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པར། 

དམ་པ་དེ་ཉིད་ཀྱི་ཆེད་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཁང་དུ་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་  ༤ ནས་ ༥ བར་འཚོགས་གཏན་འཁེལ་བ་ལགས་ན། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་ཡོངས་རྫོགས་དུས་ཐོག་ངེས་ཕེབས་ཡོང་བ་ཞུ། ཞེས་འཁོད་འདུག་པ་བཅས།།

 

Share with your friends










Submit