ཟླ་བ་ ༣ ཚེས ༢༧ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༧ རེས་གཟའ་མིག་དམར།

༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། དེང་སྐབས་ཨ་རིའི་མངལ་སྡེ་མི་ནི་སོ་ཌར་འཚམས་འདྲི་གནང་བཞིན་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་ཨ་རིའི་མངའ་སྡེ་མི་ནི་སི་ཌ་དབུས་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Betty McCollum མཆོག་དང་མཇལ་འཕྲད་གནང་ཞིང་། མཇལ་འཕྲད་སྐབས་མི་ནི་སོ་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་འཆི་མེད་ལགས་དང་རྒྱུན་ལས་ཁག་གཅིག་དང་། ས་གནས་ཀྱི་བོད་མི་འཇིགས་མེད་དབུ་རྒྱན་ལགས། སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་བཅས་མཉམ་དུ་བཅར་ཡོད།

སྐུ་ཚབ་དོན་གཅོད་ཀྱིས་ལྕམ་ Betty McCollum མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་དང་། ལྕམ་སྐུ་མཆོག་གིས་དུས་ཡུན་རིང་པོར་འགྱུར་བ་མེད་པའི་སྒོ་ནས་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ལྕམ་སྐུ་མཆོག་གིས་ཀྱང་སྐུ་ཚབ་དོན་གཅོད་དང་། སྤྱི་མཐུན་ཚོགས་པའི་རྒྱུན་ལས་མཇལ་ཐུབ་པར་དགའ་ཚོར་གྱི་རྣམ་འགྱུར་བསྟན་གནང་བ་མ་ཟད། གནད་དོན་བྱེ་བྲག་པ་འགའི་ཐོག་ཐུགས་སྣང་ཆེན་པོས་བཀའ་འདྲི་གནང་བས་མཚོན་མ་འོངས་ལས་དོན་བྱེད་ཕྱོགས་ཐད་ཕན་ཚུན་ནང་ལྷུག་གི་བཀའ་མོལ་བྱུང་།

ཐེངས་འདིའི་མཇལ་འཕྲད་ནི་མི་ནི་སུད་ཌ་བོད་རིགས་སྤྱི་མཐུན་པས་གྲ་སྒྲིག་གནང་བ་ཞིག་ཡིན་པ་དང་། མི་ནི་སོ་ཌ་ནི་བྱང་ཨ་མེ་རི་ཀའི་ནང་གི་བོད་རིགས་འདུས་སྡོད་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་ལ། བོད་རིགས་སྤྱི་མཐུན་ཚོགས་པ་བཙུགས་སྔ་ཤོས་ཀྱི་ས་གནས་ཤིག་ཀྱང་ཡིན་ཞིང་། སྤྱི་མཐུན་ཚོགས་པ་བཙུགས་ནས་འདི་ལོ་ ༢༥ འཁོར་གྱི་ཡོད་པ་རེད། །

Share with your friends










Submit