ཟླ་བ་ ༣ ཚེས ༦ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༦ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༥ ཉིན་གྱི་དགོང་དྲོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་ས་ཁུལ་གྱི་བོད་རིགས་དང་རྒྱ་གར་ས་གནས་གསར་འགོད་པ་རྣམས་ལ་རྡ་ཤོད་རྡོ་ལ་དར་ Dauladhar གསོལ་མགྲོན་ཁང་དུ་གསོལ་སྟོན་རྒྱས་པ་ཞིག་གོ་སྒྲིག་ཞུས་ཡོད། ཐེངས་འདིར་ཕྱི་དྲིལ་ལས་ཁུངས་ནས་གསར་འགོད་པ་ཚོར་གསོལ་སྟོན་གོ་སྒྲིག་ཞུས་པ་ཐེངས་ལྔ་པ་ཆགས་ཡོད།

དེ་ཡང་སྐབས་དེར་ཌིབ་ཡ་ཧི་མཱ་ཅལ། Divya Himachal དང་། ཧིན་དུ་སི་ཐན་དུས་བབ། Hindustan Times ཨེ་ཨེན་ཨ་ཡི། ANI དེ་ནིག་བྷ་སི་ཀར།Dainik Bhaskar དེ་ནིག་ཇ་གྷ་རན། Dainik Jagran སོགས་རྒྱ་གར་གྱི་གསར་འགྱུར་ཚན་པ་ཁག་གི་འགན་འཛིན་དང་གསར་འགོད་པ་བཅས་དང་། དེ་བཞིན་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༡ ཕེབས་ཡོད་པ་མ་ཟད། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་ཀྱང་ཕེབས་ཡོད།


ཕྱི་དྲིལ་ལས་ཁུངས་ནས་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ལོ་འཁོར་གསོལ་སྟོན་གོ་སྒྲིག་ཞུས་དགོས་དོན་ནི། བོད་རིགས་དང་རྒྱ་གར་གྱི་གསར་འགོད་པའི་དབར་འབྲེལ་ལམ་དམ་ཟབ་ཡོང་ཐབས་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་དང་ས་གནས་ཀྱི་གསར་འགོད་པའི་དབར་འབྲེལ་ལམ་དམ་ཟབ་ཡོང་སླད་དང་། ཕྱོགས་མཚུངས་་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤྱི་ཚོགས་ཁྲོད་གོ་རྟོགས་ཀྱི་ལས་དོན་རླབས་ཆེན་སྤེལ་བཞིན་པའི་བྱས་རྗེས་དེར་ངོས་འཛིན་གནང་ཆེད་ཀྱང་ཡིན་འདུག་པ་བཅས།།

Share with your friends










Submit