ཟླ་བ་ ༣ ཚེས ༡༦ ༢༠༡༨
Published By Kalsang Dekyi

༢༠༡༨ ཟླ་ ༣ ཚེས་ ༡༢ རེས་གཟའ་མིག་དམར།

 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༧ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོར་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་བའི་ཉིན་མོ་དྲན་གསོ་ཞུ་རྒྱུའི་སླད་དམིགས་བསལ་མཛད་སྒོ་ཞིག་འཚོགས་གཏན་འཁེལ་ཡོད་ཀྱང་ཕྱི་ཚེས་ ༡༧ ཉིན་མགོན་པོ་གང་ཉིད་མཆོག་རྒྱ་གར་བྱང་ཕྱོགས་ཇཱ་མུ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་པའི་མཛད་སྒོར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་སྟབས་དུས་ཚོད་ངེས་མེད་རིང་ཕར་འགྱངས་གནང་འདུག

ཉིན་མོ་དེ་ནི་རང་ཅག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་དྲུག་ཅུ་ལ་ཁ་བལྟ་བའི་དུས་ཚིགས་ཤིག་འཁེལ་ཡོད་པར་བརྟེན།  རྒྱ་གར་གཞུང་མང་གཙོ་བོར་གྱུར་བའི་ཕྱི་རྒྱལ་གཞུང་མང་སོགས་ནས་བོད་མི་དང་བོད་དོན་འཐབ་རྩོད་ལ་ཁ་ཞེ་གཉིས་མེད་ཐོག་ད་བར་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་པར་ངོས་འཛིན་ཐོག་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit