ཟླ་བ་ ༢ ཚེས ༨ ༢༠༡༨
Published By Kalsang Dekyi

༢༠༡༨ ཟླ་ ༢ ཚེས་ ༨ རེས་གཟའ་ཕུར་བུ།

༄༅། །དེ་ཡང་ཕྱི་ཟླ་ ༢ ཚེས་ ༦ ཉིན་ཐེ་ལྦན་དུ་ས་ཡོམ་ཤུགས་ཚད་ ༦  བརྒྱབ་པར་བརྟེན་ཡུལ་དེའི་གྲོང་ཁྱེར་ Hualien city ཞེས་པ་དེར་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་སྟབས།  བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༧ ཐེ་ཝན་གྱི་སྲིད་བློན་ལྕམ་སྐུ་  Ms. Tsai Ing-wen  ལགས་བརྒྱུད་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།

ས་ཡོམ་གྱི་གོད་ཆག་འོག་རྨས་སྐྱོན་ཕོག་པ་རྣམས་ཀྱིས་གཙོས་གནོད་འཚེ་ཚབས་ཆེ་ཕོག་མཁན་རྣམས་ལ་ཛ་དྲག་ངལ་སེལ་རོགས་སྐྱོབ་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་ངོས་ཀྱིས་ཤེས་རྟོགས་ཐུབ་ཀྱི་འདུག  ངོས་ནས་ཀྱང་སྐུ་ཉིད་མཆོག་བརྒྱུད་གོད་ཆག་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ལ་སྨོན་ལམ་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

གསུང་འཕྲིན་ངོ་མ་ཏཱ་ལའི་བླ་མའི་དྲ་རྒྱ་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།

 

Share with your friends










Submit