Published By Bhara Yeshi

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡ རེས་གཟའ་ཕུར་བུ།

ལས་བྱེད་གསར་འདེམས་གསལ་བསྒྲགས།

༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞི་བཟུང་ཕྱི་དྲིལ་ཁྱབ་ཁོངས་ཀམ་པུ་ཀྲར་སྡེ་ཚན་དང་། ཚོགས་དྲུང་ལས་ཁུངས་གཉིས་སུ་གཤམ་གསལ་ས་སྟོང་ཡོད་པར་དགོས་ངེས་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།

ཀ༽  ཕྱི་དྲིལ་ཁྱབ་ཁོངས་ཀམ་པུ་ཀྲར་སྡེ་ཚན་དུ་ཁྱད་ལས་པ་སྡེ་འགན་གྱི་ས་མིག་ ༡ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།

༡།  ལས་འགན།      དྲྭ་རྒྱ་དང་གྲངས་མཛོད་བཟོ་སྒྲིག་ལས་འཛིན་པ། Website & Database Developer

༢།  ཤེས་ཚད།       ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉུང་མཐར་ཀམ་པུ་ཀྲར་ཐོག་གཙུག་ལག་རབ་འབྱམས་པ་ Master in Computer Science or Master in Information Technology (Computer Science and Engineering) or Master in Information technology or Equivalent in Computer Science. ཐོན་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།

༣།  ལོ་ཚད།          ༢༠༡༨།༠༣།༠༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།

༤། རྒྱུགས་གཞི།      ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་དང་། ལག་བསྟར་བྱེད་ཕྱོགས་ (Practical) ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ།

 

ཁ༽     ཚོགས་དྲུང་ལས་ཁུངས་སུ་དམིགས་བཀར་སྡེ་འགན་གྱི་ས་མིག་ ༡ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།

༡།  ལས་འགན།     བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་སྒྲིག་གསར་བཟོ་དང་བསྐྱར་བཅོས་བྱུང་སྐབས་ཀམ་པུ་ཀྲར་ནང་བཟོ་སྒྲིག་དང་ཕྱོགས་སྒྲིག་གི་ལས་འགན་རྐང་ལེན་པ།

༢།  ཤེས་ཚད།     ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་བོད་ཀྱི་སྐད་ཡིག་ཚད་འཕེར་ཤསྟྲཱི། ཡང་ན། མཐོ་རིམ་རིག་གནས་རབ་འབྱམས་པ་ཐོན་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།

༣།  ཉམས་མྱོང་།     ཉུང་མཐར་ལོ ༢ རིང་ཀམ་པུ་ཀྲར་ནང་དུས་དེབ་བྱུས་འགོད་དང་། དྲྭ་རྒྱ་ནང་དུས་བསྟུན་ཁ་གསབ་ (Update) དང་ཕྱོགས་སྒྲིག་གི་ལས་མྱོང་ཡོད་པ།

༤།  ལོ་ཚད།         ༢༠༡༨།༠༣།༠༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།

༥།   རྒྱུགས་གཞི།    ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་བོད་ཨིན་འབྲི་རྒྱུགས་དང་། ངག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ།

གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས་ནས་ཞུ་བའམ། ཡང་ན། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།

༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང། (one passport & one stamp size)

༢༽ འཛིན་རིམ་བཅིུས་ཡན་གྱི་སློབ་ཐོན་ལག་འཁྱེར་ཆ་ཚང་དང་། གོང་གསལ་དགོས་མཁོའི་བཞིན་དེའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Degree Certificate) བཅས་ཀྱི་ངོ་བཤུས།

༣༽ དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།

༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར། (RC) ཤོག་གྲངས་དང་པོ་དང། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།

༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།

༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(MC) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།

༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།

༨༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་(Attestation) ཞུས་ཏེ། ༢༠༡༨ ཟླ་ ༠༣ ཚེས་ ༠༩ ཉིན་གྱི་དགོང་དྲོ་ཚོུད་ ༥ པ་འགྱངས་མེད་འབུལ་དགོས་རྒྱུ། འབྲེལ་བ་ཞུ་བདེའི་ཆེད་སོ་སོའི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་ཀྱི་ཁ་བྱང། ཁ་དཔར་ཨང། གློག་འཕྲིན། (E-Mail)སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོཌ་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༨ ཟླ་ ༠༢ ཚེས་ ༠༡ ལ།།

Secretary, Public Service Commission

Central Tibetan Administration

Gangchen Kyishong, Dharamsala-176215

Distt. Kangra(H.P)

Tel: 01892-226240

Telefax: 01892-22232

E-mail: psc@tibet.net

Share with your friends










Submit