Published By Kalsang Dekyi

༢༠༡༨ ཟླ་ ༢ ཚེས་ ༤ རེས་གཟའ་ཉི་མ།

ལྷོ་ཨ་ཕི་རི་ཀའི་གསར་འགྱུར་ཚན་པས་བཅར་འདྲི་ཞུ་བཞིན་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྷོ་ཨ་ཕི་རི་ཀའི་ South Africaཇོ་ཧན་ནེསི་བྷག་Johannesburg གྲོང་ཁྱེར་དུ་ཐེངས་དང་པོར་ཕེབས་འབྱོར་བྱུང་འདུག གནམ་ཐང་དུ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་ལམ་རིམ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུ་ཞུས་འདུག

དེ་ཡང་ཐེངས་འདིར་སྲིད་སྐྱོང་མཆོག་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ལམ་རིམ་ཆོས་ཚོགས་དང་གསར་འགྱུར་ལས་ཁུངས་ཁག་གཅིག་ནང་ཕེབས་ནས་བཅར་འདྲི་དང་ལེན་གནང་འདུག སྤྱིར་ཐེངས་འདིར་ལྷོ་ཨ་ཕི་རི་ཀ་གྲོས་ཚོགས་ཀྱི་ཨིན་ཀ་ཐ་ཆབ་སྲིད་ཚོགས་པས་སྲིད་སྐྱོང་མཆོག་ལ།  ཕྱི་ཚེས་ ༨ ཉིན་ཡུལ་དེའི་གྲོས་ཚོགས་འཚུགས་སྐབས་སྲིད་འཛིན་ཛུ་མ་མཆོག་གི་རྒྱལ་ཡོངས་གཏམ་བཤད་གནང་རྒྱུའི་མཛད་སྒོ་གལ་ཆེའི་ཐོག་ཆེད་མངགས་མགྲོན་འབོད་ཞུས་ཡོད་ཀྱང་། རྒྱལ་ནང་གི་ཆབ་སྲིད་ཀྱི་གནད་དོན་ཞིག་གིས་རྐྱེན་པས་མཛད་སྒོ་འཕར་འགྱངས་གནང་དགོས་བྱུང་འདུག

 

ལམ་རིམ་ཆོས་ཚོགས་ནང་།

ཕྱི་ཚེས་ ༦ ཉིན་གྱི་ཕྱེད་ཡོལ་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊ་འོན་ Cape Town ནང་ཕེབས་སྐབས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག་པ་བཅས།།

Share with your friends










Submit