Published By ngawang thokmey

༢༠༡༨ ཟླ་ ༡ ཚེས་ ༢༢ རེས་གཟའ་ཟླ་བ།

 

༄༅། །མི་རིང་བར་རྡ་ས་གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ལས་གཞི་གཙོ་བོའི་ཁོངས་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་པ་རྒྱལ་གཅེས་ཕོ་མོ་ཁོང་རྣམས་ཀྱི་རྗེས་དྲན་སླད་བོད་མིའི་རྗེས་དྲན་གྱི་ལས་འཆར།  The Tibetan People’s Memorial Project ཞེས་པའི་བརྗོད་གཞིའི་ཐོག་དམིགས་བསལ་འགྲན་བསྡུར་གྱི་ལས་གཞི་ཞིག་གོ་སྒྲིག་གནང་གཏན་འཁེལ་བ་དང་།  འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་ འབུམ་གཅིག་ ༼ ༡༠༠༠༠༠ ༽ གནང་རྒྱུར།   འགྲན་བསྡུར་ནང་ཞུགས་མཁན་རྣམ་པས་གོང་གི་བརྗོད་གཞི་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་བཀོད་པ་ design དང་། དེའི་ནང་དོན་ concept འབྲི་རྩོམ་གནང་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ ནང་ཚུད་གཤམ་གསལ་འབྲེལ་ཡོད་ལས་ཁུངས་སུ་འབུལ་གནང་ཟིན་པ་དགོས་རྒྱུ།

འགྲན་བསྡུར་ནང་བོད་རིགས་དང་བོད་རིགས་མ་ཡིན་པ་སུ་ཡིན་རུང་འཛུལ་ཞུགས་ཆོག་རྒྱུ་དང་།  གོང་གི་བརྗོད་གཞི་མཚོན་པར་བྱེད་པའི་བཀོད་རིས་དང་། དེའི་ནང་དོན་ངོ་སྤྲོད་ཀྱི་འགྲེལ་བཤད་ཁ་གསལ་འབུལ་མཁན་ཨང་དང་པོར་འདེམས་ཐོན་བྱུང་བ་དེ་ཕྱི་དྲིལ་འགྲེམས་སྟོན་ཁང་གསར་པའི་ནང་གཏན་འཇགས་སྒྲིག་ཤོམ་བྱ་རྒྱུ་དང་།  ཇུས་འགོད་པའི་མིང་གོང་གསལ་བཀོད་རིས་དང་ནང་དོན་ངོ་སྤྲོད་དེའི་འོག་ཏུ་ཁ་གསལ་འགོད་རྒྱུ་ཡིན།

ལས་འཆར་གོ་སྒྲིག་ཚོགས་ཆུང་དང་།  འགྲན་བསྡུར་ཚོགས་ཆུང་གི་ཐག་གཅོད་གང་གནང་བ་དེ་བཞིན་མཐའ་མའི་ཐག་གཅོད་ཡིན་པར་ཚད་འཛིན་བྱ་རྒྱུ་བཅས།

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པ་ནས།

 

དྲ་ཐོག་འབྲེལ་གཏུགས་ཁ་བྱང་།

 

tibetmuseum@tibet.net

 

ཡིག་ཆ་ལག་ཐོག་ནས་འབུལ་མཁན་ཡིན་ན་འབྲེལ་གཏུགས་ཁ་བྱང་།

The Director,
The Tibet Museum
Department of Information and International Relations
Central Tibetan Administration
Gangchen Kyishong
Dharamsala, 176215
H.P. India

Share with your friends










Submit