ཟླ་བ་ ༡ ཚེས ༡༡ ༢༠༡༨
Published By Bhara Yeshi

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༡ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༠ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་འོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཨ་རིའི་ཝ་ཡོ་མིང་ Wyoming མཐོ་སློབ་ཀྱི་ལྕམ་ Nicloe M. Crawford ལགས་ཀྱིས་འགྲེམ་སྟོན་དཔྱད་རིག་སྐོར་ཟབ་ཁྲིད་གནང་ཡོད།

དེ་ཡང་ཟབ་སྦྱོང་དུ་ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཁང་གི་ལས་བྱེད་གྲངས་ ༦ དང་། བོད་ཀྱི་སྨན་རྩིས་ཁང་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགྲེམ་སྟོན་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད།

ཟབ་སྦྱོང་སྐབས་ཚོགས་བཅར་བ་རྣམས་ཀྱིས་ AUDIENCE/VISITOR ཞེས་པའི་བརྗོད་གཞི་ཐོག་གྲོས་བསྡུར་དང་། འགྲེམ་སྟོན་དཔྱད་རིག་དང་འབྲེལ་བའི་མིང་བྱང་འགོད་སྟངས་དང་།  ཕྱོགས་བསྡུས།  ཉར་ཚགས། སྒྱུ་སྩལ་གསར་གཏོད་འཛིན་སྐྱོང་སོགས་ཀྱི་སྐོར་གོ་བསྡུར་ལྷུག་པོ་གནང་བ་མ་ཟད། ཆེད་ལས་པ་དང་ལྷན་དུ་ཆོགས་བཅར་བ་རྣམས་ཀྱིས་བསམ་ཚུལ་བརྗེ་ལེན་དང་དྲི་བ་དྲིས་ལན་ལ་སོགས་ཀྱི་ངང་ནས་ཟབ་སྦྱོང་ལེགས་གྲུབ་བྱུང་ཡོད།

སྐབས་དེར་ཚོགས་བཅར་བ་རྣམས་ཀྱིས་བར་སེང་གི་གོ་སྐབས་དང་བསྟུན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགྲེམ་སྟོན་དུ་གཟིགས་སྐོར་ཕེབས་ཡོད་པ་བཅས།།

Share with your friends










Submit