ཟླ་བ་ ༡ ཚེས ༩ ༢༠༡༨
Published By Bhara Yeshi

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༩ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་ Sri Jai Ram Thakur མཆོག་དང་མཇལ་འཕྲད་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་རྣམ་གཉིས་ཀྱིས་རྡ་ཤོད་དུ་རྟེན་གཞི་བྱས་པའི་མངའ་སྡེ་གཞུང་གི་མགྲོན་ཁང་ Circuit House དུ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་ཟ་བཅའི་བློན་ཆེན་སྐུ་ཞབས་ཀི་ཤན་ཀ་པུར་ Shri Kishan Kapoor, Food, Civil Supplies & Consumer Affair Minister མཆོག་དང་། གྲོང་ཁྱེར་འཛུགས་སྐྲུན་བློན་ཆེན་ལྕམ་སར་ཝིན་ཅོ་ཌི་རི་ Shmt Sarveen Chaudhary, Urban Development Minister མཆོག བཟོ་ལས་བློན་ཆེན་སྐུ་ཞབས་སྦི་རམ་སིངྒ་ Shri Bikram Singh, Industries Minister མཆོག འཕྲོད་བསྟེན་བློན་ཆེན་སྐུ་ཞབས་བི་པིན་སིངྒ་པར་མར་ Shri Vipin Singh Parmar, Health and Family Welfare Minister མཆོག Shri Rajiv Saizal, Social Justice & Empowerment Minister མཆོག མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་བཅས་སོགས་དང་མཇལ་འཕྲད་གནང་སྟེ། འཚམས་འདྲིའི་མཇལ་དར་ཕུལ་བ་དང་ལྷན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་སྟོན་པའི་སྐུ་ཐང་ཞིག་ཀྱང་ཕྱག་རྟགས་སུ་ཕུལ་ཡོད།

དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསར་འགོད་པ་རྣམས་ལ་གསུང་དོན། དེ་རིང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་མཆོག་མཇལ་བྱུང་། རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་མཐུན་འགྱུར་གནང་བ་ལས་ལྷག་རྒྱལ་ཁབ་སུ་གང་གིས་གནང་མེད། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་མཐུན་འགྱུར་གནང་བ་དེ་དམིགས་བསལ་ཞིག་རེད། གང་ཡིན་ཞེ་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་སར་བཞུགས་ནས་མི་ལོ་ ༥༠ ལྷག་འགྲོ་གི་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡོད་པ་མ་ཟད།  འབྲེལ་ཡོད་ལས་ཁུངས་དང་སློབ་གྲྭ་ཁག་མང་པོ་ཞིག་འདིར་ཡོད་སྟབས། ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེར་བརྟེན་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་ཡིན། ཁོང་ཚོའི་སྐུ་ཚབ་ཅིག་གིས་དེ་སྔ་རྒྱབ་སྐྱོར་གནང་བ་དེ་དག་མུ་མཐུད་གནས་ཀྱི་རེད། ཅེས་གསུང་སོང་བ་ལྟར་ཡིད་ཆེས་ཡོད།

ཕྱི་ལོ་ ༢༠༡༡ ལོར་ང་རང་འདིར་ཡོང་བའི་སྐབས་རྒྱ་གར་ཆབ་སྲིད་ཚོགས་པ་ Bharatiya Janata Party ཡིས་གཞུང་རེད། དེ་ནས་རྒྱ་གར་ཆབ་སྲིད་ཚོགས་པ་ཀོང་རེ་སི་ཨ་ཡི་ Indian National Congress ཡིས་གཞུང་འཛིན་པ་རེད། ད་ཆ་སླར་ཡང་ BJP ཆབ་སྲིད་ཚོགས་པའི་གཞུང་སླེབ་ཡོད། ཁོང་ཚོས་དེ་སྔ་ནས་ང་ངོ་ཤེས་ཀྱི་ཡོད། རྒྱ་གར་དབུས་གཞུང་དང་ང་ཚོའི་དབར་འབྲེལ་བ་གང་འདྲ་ཡོད་པ་དང་རྒྱབ་སྐྱོར་གང་གནང་གི་ཡོད་སྐོར་དང་། དེ་བཞིན་མངའ་སྡེ་གཞུང་དང་འབྲེལ་བ་ཇི་འདྲ་ཡོད་སྐོར་ངོ་སྤྲོད་ཞུས་སྐབས་ཁོང་ཚོས་སྣང་དག་མེད། དེ་སྔ་རྒྱབ་སྐྱོར་ཡོད་པ་ནང་བཞིན་མུ་མཐུད་གནང་གི་ཡིན་ཞེས་གསུང་གི་འདུག  ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡ་སར་ཆིབས་སྒྱུར་བསྐྱང་བསྟུན་མཇལ་ཁར་བཅར་གྱི་ཡིན། ཞེས་གསུང་བྱུང་།།

Share with your friends










Submit