ཟླ་བ་ ༡༢ ཚེས ༢༨ ༢༠༡༧
Published By Kalsang Dekyi

༢༠༡༧ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ཕུར་བུ།

༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༧ ཉིན་སིམ་ལར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་ (Sri Jai Ram Thakur ) མཆོག་གི་དམ་འབུལ་མཛད་སྒོ་ཚོགས་གནང་ཡོད། 

གོང་ཚེས་ཉིན་གྱི་དམ་འབུལ་མཛད་སྒོར་སྐུ་མགྲོན་གཙོ་བོར་རྒྱ་གར་གཞུང་གི་སྲིད་བློན་སྐུ་ཞབས་ན་རེནྡྲ་མོ་དི་ ( Narendra Modi)  མཆོག་གིས་དབུས།   དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁབ་སྐུ་ཞབས་ཌེབ་རཊ་ (Governor Acharya Dev Vrat)  མཆོག བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་( BJP President) སྐུ་ཞབས་ཨ་མིཊ་ཤྷ་ ( Amit Shah) མཆོག་དང་། སྐུ་ཞབས་ལླ་ཀི་ཤན་ཨཌ་ལྦ་ནི་( Lal  Kishan Advani ) མཆོག  རྒྱ་གར་དབུས་ནང་སྲིད་བློན་ཆེན་སྐུ་ཞབས་རཇ་ནཐ་སིང་( Rajnath Singh) དང་། སྐུ་ཞབས་ནི་ཊིན་གྷཊ་ཀ་རི་( Nitin Gatkari) མཆོག  རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ཇེ་པི་ནཱ་ཌཱ་( JP Nadda) མཆོག་དང་། སྐུ་ཞབས་ཐཱ་ལྦར་ཅནཊ་གྷེ་ལོཊ་( Thawar Chand Gehlot) མཆོག  སྐུ་ཞབས་ར་དྷ་མོ་ཧན་སིང་ ( Radha Mohan SIngh) མཆོག  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་པེ་རེམ་ཀུ་མར་དུ་མལ་( Prof. Prem Kumar Dhumal) མཆོག་དང་། སྐུ་ཞབས་ཤྣ་ཏ་ཀུ་མར་( Shanta Kumar ) མཆོག་གཙོས་པའི་རྒྱ་གར་མངའ་སྡེ་འདྲ་མིན་གྱི་སྤྱི་ཁྱབ་བློན་ཆེན་( བྷི་ཇེ་པི་ཆབ་སྲིད་ཚོགས་པ་ ) ཁག་ཅིག་དང་།  ཧི་མ་ཅལ་མངའ་སྡེའི་ནང་འོས་ཐོབ་ BJP གྲོས་ཚོགས་འཐུས་མི་གྲངས་ ༤༤ བཅས་ནས་མཉམ་ཞུགས་གནང་ཡོད།

དེ་ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༡།༣༠ ཐོག་མཛད་སྒོའི་དངོས་གཞིའི་ལས་རིམ་འགོ་འཛུགས་ཀྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་ (  Shri Jai Ram Thakur ) མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་སྐུ་ཞབས་ཌེབ་རཊ་ (Governor Acharya Dev Vrat )  སྐུ་མདུན་ནས་དམ་འབུལ་བཞེས་གནང་མཛད་ཡོད།

མཛད་སྒོའི་ཐོག་སིམ་ལ་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་དང་། རྡོ་བྲག་དགོན་པའི་སྐུ་ཚབ་དབུ་འཛིན་གཞོན་པ་ཡར་འཕེལ་བཟང་པོ་ལགས། ཇོ་ནང་དགོན་པའི་སྐུ་ཚབ་བསྟན་འཛིན་རང་གྲོལ་ལགས། དེ་བཞིན་སྤྱི་ཁྱབ་ལས་ཁུངས་ཀྱི་དྲུང་ཡིག་ཨོ་ཤོད་ཨོ་རྒྱན་ཆོས་སྒྲོན་ལགས་བཅས་མཛད་སྒོར་ངོ་བཅར་ཞུས་ཡོད།

དེ་རྗེས་རིམ་པར་གཤམ་གསལ་འཐུས་མི་རྣམས་བློན་ཆེན་དུ་བསྐོ་གཞག་གནང་བས་དམ་འབུལ་བཞེས་གནང་མཛད་ཡོད་པ་བཅས།།

  1. Mahendra Singh from Dharampur Constituency
  2. Kishan Kapoor from Dharamshala Constituency
  3. Suresh Bhardwaj from Shimla Constituency
  4. Anil Sharma from Mandi Constituency
  5. Sarveen Chaudhary from Shahpur Constituency
  6. Ram Lal Markanda from Lahaul & Spiti Constituency
  7. Vipin Singh Parmar from Sullah Constituency
  8. Virendra Kanwar from Kutlehar Constituency
  9. Bikram Singh from Jaswan Pragpur Constituency
  10. Govind Singh Thakur from Manali Constituency
  11. Rajiv Sezal from Kasauli Constituency
Share with your friends










Submit