ཟླ་བ་ ༡༢ ཚེས ༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡ རེས་གཟའ་པ་སངས།

༄། །འདི་གར་སྡེ་ར་དུན་འབྲི་གུང་བཀའ་བརྒྱུད་གཙུག་ལག་སློབ་གཉེར་ཁང་གི་དྲུང་ཆེ་མཁན་པོ་དཀོན་མཆོག་རང་གྲོལ་ལགས་ཀྱིས་རྒྱལ་ས་ལྡི་ལི་ནས་བཏང་གནས་ནང་འཁོད་དོན།   ཕྱི་ལོ་༢༠༡༧ ཟླ་བ་ ༡༡ པའི་ཚེས་ ༢༥-༢༦ བར་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མེས་པོ་དམ་པ་གཱཾ་དྷིའི་བཞུགས་གནས་སུ་ Constructive Workers’ Conference ཞེས་པ་རྒྱ་གར་ནང་རིགས་དམན་པར་བརྩི་བཞིན་པའི་འགོ་ཁྲིད་དང་། ས་མཐའི་ཡུལ་གྱི་འགོ་དཔོན། དེ་བཞིན་སློབ་ཕྲུག་སོགས་སྟོང་ཚོ་བརྒལ་བ་འདུ་འཛོམས་ཀྱི་མཛད་སྒོའི་ཐོག་ཧིན་དུ་དང་ཁ་ཆེ།  སིག ནང་པ། གཅེར་བུ་བ་སོགས་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་རྣསམ་དང་ལྷན་དུ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ཀྱང་མཛད་སྒོར་མཉམ་ཞུགས་གནང་ཡོད་ཅིང་།   ཉིན་དང་པོའི་ལྷན་ཚོགས་སྐབས་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་ཝེན་ཀ་ཡ་ནའི་དུ་མཆོག  Shri. M. Venkaiah Naidu ཆེད་ཕེབས་ཀྱིས་མེས་པོ་དམ་པ་གཱན་དྷི་ Mahatma Gandhi མཆོག་གི་མཛད་རྗེས་དང་འབྲེལ་བའི་སྐོར་གསུང་བཤད་གནང་།

ཚོགས་ཐེངས་གཉིས་པའི་སྐབས་འབྲི་གུང་སྐྱབས་མགོན་མཆོག་གིས་གསུང་བཤད་གནང་སྐབས་གཙོ་བོ་ཆོས་ལུགས་མཐུན་འབྲེལ་གལ་ཆེ་ཡིན་སྐོར་དང་། གཞོན་སྐྱེས་རྣམས་ནི་མ་འོངས་པར་འཛམ་གླིང་ནང་ཞི་བདེ་སྐྲུན་མཁན་ཡིན་པ་དང་། དེ་བཞིན་སྐུ་ཞབས་ Francis Bacon ཀྱིས་གསུང་པ་ལྟར་སློབ་སྦྱོང་ནི་ཞི་བདེ་བསྐྲུན་རྒྱུའི་སྟོབས་ཤུགས་གལ་ཆེ་ཤོས་ཡིན་སྐོར་སོགས་གསུང་བཤད་གནང་།

ཕྱི་ཚེས་ ༢༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པ་ཙམ་ལ་འབྲི་གུང་སྐྱབས་མགོན་མཆོག་དང་།  དེ་བཞིན་ཚོགས་བཅར་བ་བཅས་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་དུ་ཕེབས་ནས་སྲིད་འཛིན་དསྐུ་ཞབས་རཱམ་ནཐ་ཀོ་ཝིནྜ་  The President of India,  Shri. Ram Nath Kovind མཆོག་དང་ལྷན་དུ་མཇལ་འཕྲད་གནང་ཞིང་།  སྐབས་དེར་སྭ་མི་ཅིཏཱནནྡ་  Pujia Swami Chitanand མཆོག་གིས་སྲིད་འཛིན་མཆོག་ལ་ཉིན་གཉིས་ཀྱི་ཚོགས་འདུ་ལམ་ལྷོངས་བྱུང་སྐོར་སྙན་སེང་ཞུ་སྐབས།  སྲིད་འཛིན་མཆོག་ནས་ཀྱང་སྐར་མ་བཅུའི་རིང་ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་དགོས་གལ་སྐོར་གསུང་བཤད་གནང་བའི་ནང་དོན་དུ།

ཞི་བདེ་ནི་ང་ཚོའི་མི་ཚེའི་ནང་མེད་ཐབས་མེད་པ་ཡིན་ཞིང་། ང་ཚོའི་སེམས་ནང་ཞི་བདེ་ཡོང་ཆེད་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐབས་ལམ་མང་པོ་གསུང་ཡོད་སྐོར་སོགས་ཀྱི་གསུང་བཤད་གྲུབ་བསྟུན།  སྲིད་འཛིན་མཆོག་དང་སྐུ་པར་ལྷན་སྒྲོན་གནང་།  སྐབས་དེར་སྲིད་འཛིན་མཆོག་དང་ལྷན་བླ་ཆེན་རྣམ་པས་སྲིད་འཛིན་ཕོ་བྲང་གི་མཛེས་སྡུག་ལྡན་པའི་ལྡུམ་རའི་ནང་བྱང་ཆུབ་ལྗོན་ཤིང་ཞིག་ཀྱང་འདེབས་འཛུགས་གནང་།  འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་མཆོག་ལ་མཐུན་པ་སྤུན་བཞིའི་བརྙན་པར་ཞིག་ཕྱག་རྟགས་སུ་འབུལ་ལམ་ཞུ་སྐབས།    སྲིད་འཛིན་མཆོག་ནས་ཀྱང་ཐུགས་དགྱེས་བཞེས་གནང་སྐབས་རིན་པོ་ཆེ་མཆོག་གིས་མཐུན་པ་སྤུན་བཞིའི་ཕྱག་རྟགས་དེ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཝི་ཏི་ནམ་ནས་ཆེད་མངགས་ལག་པས་བཟོས་པ་ཞིག་ཡིན་པ་དང་།  མཐུན་པ་སྤུན་བཞི་ནི། འཆམ་མཐུན་དང་རྒན་གཞོན་གོ་རིམ་མཚོན་སྐོར།  ལོ་རྒྱུས་འགྲེལ་སྟངས་ཁག་གཅིག་ནང་གོ་རིམ་སྒྲིག་སྟངས་དེ་སངས་རྒྱས་བཅོམ་ལྡན་འདས་དང་། མོངྒལ་གྱི་བུ། ཤ་རིའི་བུ། ཀུན་དགའ་བོ་བཅས་མཚོན་སྐོར་སྲིད་འཛིན་མཆོག་ལ་གསལ་བཤད་ཞིབ་ཕྲ་ཞུས་འདུག་པ་བཅས།།

Share with your friends










Submit