ཟླ་བ་ ༡༢ ཚེས ༧ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༧ རེས་གཟའ་ཕུར་བུ།

སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་དང་ལྷན།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡ ནས་བཟུང་དངོས་གྲུབ་ཚེ་རིང་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་དོན་ཡོངས་རྫོགས་འགན་ཁུར་རྐང་བཞེས་གནང་རྗེས་ཨ་རི་ཝ་ཤིང་ཌོན་དུ་འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གྲོས་ཚོགས་འཐུས་མི། གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་གནང་འདུག

དེ་ཡང་སྐུ་ཚབ་དོན་གཅོད་ཁོང་ནས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་དང་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern     མཆོག་དང་། བོད་དོན་དང་འབྲེལ་བའི་རོགས་དངུལ་མཐུན་འགྱུར་སླད་འབྲེལ་བ་ཧ་ཅང་ཤུགས་ཆེ་ཡོད་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ནི་ཏ་ལོ་ཝེ་ Nita Lowey མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཨ་རིའི་རོགས་དངུལ་ཐེབས་རྩ་ USAID དང་ PRM རོགས་ཚོགས་གཉིས་ཀྱི་ལས་བྱེད་རྒན་གྲས་ཁག་གཅིག་དང་མཇལ་འཕྲད་གནང་འདུག

 

ལྕམ་སྐུ་ནི་ཏ་ལོ་ཝེ་ Nita Lowey མཆོག་དང་མཇལ་འཕྲད་སྐབས།

སྐུ་ཚབ་དོན་གཅོད་ཀྱིས་ཨ་རིའི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་དགོས་དོན་གཙོ་བོ་ནི། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཆབ་སྲིད་གོ་རྟོགས་སྤེལ་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མིའི་དབར་གྲོས་མོལ་བསྐྱར་གསོ་ཡོང་སླད་ཨ་རིའི་གཞུང་ནས་རྒྱབ་སྐྱོར་དང་། འདི་ལོའི་ཕྱི་ཟླ་ ༡༢ ནང་སྔོན་རྩིས་འཆར་འབུལ་དགོས་སྟབས། ཨ་རིའི་སྔོན་རྩིས་ནང་བོད་དོན་དང་འབྲེལ་བའི་རོགས་དངུལ་མུ་མཐུད་ཐོབ་ཐབས་སླད་ཡིན་འདུག སྐུ་ཚབ་དོན་གཅོད་ཀྱིས་མཇལ་འཕྲད་གནང་བའི་གྲོས་ཚོགས་འཐུས་མི་དང་སྐུ་ཚབ་འཐུས་མི་རྣམ་པས་རོགས་དངུལ་མུ་མཐུད་ཐོབ་ཐབས་དང་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་སྟོན་ཡོད་པ་བཅས།།

Share with your friends










Submit