ཟླ་བ་ ༡༢ ཚེས ༡༦ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡༥ རེས་གཟའ་པ་སངས།

༄༅། །འདི་ག་ཕྱི་འབྲེལ་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། བུ་མོ་པདྨའི་འགུལ་བརྙན་གྱི་སྒྲུང་གཏམ་དང་སྦྱར་ནས་བོད་ནང་གི་དམ་བསྒྲགས་གནས་སྟངས་གསལ་འདོན་གནང་འདུག

དེ་ཡང་སྐར་མ་དྲུག་ཅན་གྱི་འགུལ་བརྙན་དེའི་ནང་རང་ལོ་ ༢༧ སོན་པའི་བུ་མོ་པདྨ་བོད་ནས་རྒྱ་གར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ ཞུ་ཆེད་དཀའ་བ་དུ་མ་ཁྱད་དུ་གསད་ནས་མཐར་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་ཐུབ་ཡོད་ཀྱང་། དུས་འཁོར་དབང་ཆེན་བཀའ་ཆོས་དབུ་འཛུགས་མ་མཛད་པའི་ཉིན་གཅིག་གི་གོང་བོད་ནས་གློ་བུར་དུ་ཁོ་མོར་ཁ་པར་ཞིག་འབྱོར་རྐྱེན་འཕྲལ་མར་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་བྱུང་།  དེ་ནི་རྒྱ་ནག་གཞུང་གིས་བུ་མོ་པདྨས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུ་མདུན་ནས་བཀའ་ཆོས་ཞུ་བ་དེ་གཏན་ནས་མ་འགྲིག་པ་ཡིན་ཚུལ་སོགས་ཁོ་མོའི་ནང་མི་རྣམས་ལ་བཤད་དེ་སྡིགས་སྐུལ་སྣ་ཚོགས་བཏང་འབྲས་སུ་ཕ་མ་གཉིས་ཀྱིས་བུ་མོ་པདྨ་མར་ཛ་དྲག་གི་ཁ་པར་བཏང་བ་ཞིག་རེད།   དེར་བརྟེན་ཁོ་མོ་བཀའ་ཆོས་ཞུ་སློང་མེད་པར་བོད་དུ་ཕྱིར་ལོག་བྱ་དགོས་བྱུང་།  ཛ་དྲག་ཁ་པར་དེ་འབྱོར་མ་ཐག་བུ་མོ་པདྨའི་ཡིད་ལ་བརྣག་པའི་རང་གི་རྩ་བའི་བླ་མའི་དྲུང་ནས་བཀའ་ཆོས་ཞུ་རྒྱུའི་རྨི་ལམ་དེ་མ་ཐག་དཔྱིད་ཀྱི་མེ་ཏོག་སེར་བས་བཅོམས་པ་ལྟར་རྨིག་མེད་དུ་བཏང་།  བུ་མོ་པདྨས་མི་འདོད་བཞིན་དུ་རང་གི་རྩ་བའི་བླ་མ་དང་ཁ་བྲལ་ནས་ཕྱིར་རང་ཡུལ་དུ་ལོག་དགོས་བྱུང་།  

དེ་ཡང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་ཀྱིས། “བཅོས་སྒྲུང་འདིའི་གོ་དོན་གཙོ་བོ་ནི་དེ་རིང་གི་བོད་འདི་བོད་མི་གཞོན་སྐྱེས་ཚོས་མདུན་ལམ་བཟང་པོ་ཞིག་བསྒྲུབ་རྒྱུར་རེ་བ་རྒྱག་ས་མེད་པའི་ཞིང་ཁམས་ཤིག་ཏུ་གྱུར་བ་དེ་འཛམ་གླིང་ཕྱི་ལ་དྲིལ་བསྒྲགས་བྱ་རྒྱུ་དེ་ཡིན། ” ཞེས་གསུངས།

 

Share with your friends










Submit