ཟླ་བ་ ༡༢ ཚེས ༢༨ ༢༠༡༧
Published By Kalsang Dekyi

༢༠༡༧ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ཕུར་བུ།

༄༅།  །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།   དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་དུས་སྟོན་སྲུང་བརྩིིའི་ཐོག་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་རྡ་ས་ནས་ལྡི་ལི་བརྒྱུད་ཝཱ་ར་ཎ་སིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣༠ དང་ ༣༡ ཉིན་གཉིས་རིང་རྒྱལ་སྤྱིིའི་རང་བཞིན་ལྡན་པའི་ “རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཁག་དང་དེང་རབས་ཚན་རིག་པ་བཅས་ཀྱི་ནང་སེམས་དང་སེམས་ཀྱི་བྱེད་ལས་” ཐོག་བགྲོ་གླེང་ལས་རིམ་ནང་མཉམ་ཞུགས་དང་། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་མཛད་སྒོར་ཆེད་བཅར་གནང་རྒྱུ།

ཕྱི་ཚེས་ ༢  ཉིན་ལྡི་ལི་བརྒྱུད་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།

Share with your friends










Submit