ཟླ་བ་ ༡༢ ཚེས ༨ ༢༠༡༧
Published By Kalsang Dekyi

༢༠༡༧ ཟླ་ ༡༢ ཚེས་ ༨  རེེས་གཟའ་པ་སངས།

༄༅།  །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།   ཕྱི་ཟླ་ ༡༢ པའི་ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་ནིའུ་ཡོག་  (New York)  གནམ་ཐང་དུ་ཕེབས་འབྱོར་གནང་སྐབས་བོད་ཕྲུག་ན་གཞོན་རྣམས་ཀྱིས་གྲོ་སོ་ཕྱེ་མར་བཏེགས་པ་དང་།  ཕྱོགས་མཚུངས་ཨ་རིའི་དོན་གཅོད་ལས་བྱེད་ཀུན་དགའ་བཀྲ་ཤིས་ལགས།  བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམ་པ། བོད་མི་མང་ཚོགས་བཅས་ནས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས་གནང་འདུག                                                                                               
དེ་ཡང་ཕྱི་ཚེས་ ༨ ཉིན་རྒྱབ་རྒྱ་རིགས་གྲོགས་པོའི་ཚོགས་འདུ་ཐོག་མཉམ་ཞུགས་དང་གསུང་བཤད་གནང་རྒྱུའི་ལས་རིམ་དང་།    ཕྱི་ཚེས་ ༩ ཉིན་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོར་གསུང་བཤད་གནང་རྒྱུ།  ཕྱི་ཚེས་ ༡༠ ཉིན་བོད་དོན་གདུང་སེམས་མཉམ་སྐྱེའི་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་རྒྱུ།                                                                        

ཕྱི་ཚེས་ ༡༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ (Washington)  དུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།

Share with your friends










Submit