ཟླ་བ་ ༡༢ ཚེས ༨ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༨ རེས་གཟའ་པ་སངས།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ དང་ ༡༡ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་ནང་པའི་ཆོས་ལུགས་ཚོགས་ཆེན་ International Buddhist Confederation 2017 ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག

དེ་ཡང་ལྷན་ཚོགས་དེ་རྒྱ་གར་རྒྱལ་ས་ལྡི་ལིའི་  Hotel ITC གསོལ་མགྲོན་ཁང་དུ་ཚུགས་གཏན་འཁེལ་ཡོད་པ་དང་།  ལྷན་ཚོགས་སྐབས་བཀའ་བློན་ཁྲི་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་།  ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཙོས་རྒྱལ་ཁབ་ཁག་འདྲ་མིན་ནས་ཆོས་ལུགས་དབུ་ཁྲིད་ཁག་གཅིག་དང་།  མཁས་དབང་སོགས་མཉམ་ཞུགས་གནང་རྒྱུ་ཡིན་འདུག སྤྱིར་ཚོགས་ཆེན་དེ་ལོ་གསུམ་རེའི་མཚམས་སུ་ཐེངས་གཅིག་འཚོགས་སྲོལ་ཡོད་པ་དང་། སྐབས་དེར་འབྱུང་འགྱུར་ཆོས་ཕྱོགས་དང་འབྲེལ་བའི་བྱེད་སྒོ་ཁག་སྐོར་གོ་བསྡུར་སྦྱང་བཤད་སོགས་གནང་སྲོལ་ཡོད་པ་མ་ཟད། ཐེངས་འདིའི་ལྷན་ཚོགས་སྐབས་འཛིན་སྐྱོང་ཚོགས་མི་གསར་བསྐོ་གནང་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit