ཟླ་བ་ ༡༡ ཚེས ༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༡ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་བཞུགས་སྒར་ཉེ་འགྲམ་གྷ་གལ་གནང་ཐང་དུ་ཕེབས་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་དང་། ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས། ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

དེ་ཡང་ཐེངས་འདིར་སྤྱི་ཁྱབ་བློན་ཆེན་ཁོང་རྡ་སར་ཕེབས་དགོས་དོན་ནི། ལྷ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུ་དང་།  ཕྱི་ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་གྲྭ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བཅར་བ་ཞིག་ཡིན་འདུག

སྤྱིར་སློབ་གྲྭ་དེའི་ནང་འདི་ལོའི་ཕྱི་ཟླ་ ༥ ནང་ཨ་རུ་ནཱ་ཅལ་མངའ་སྡེ་སྡི་རང་ས་ཁུལ་གྱི་གྲོང་གསེབ་ཁག་ནས་སློབ་ཕྲུག་ ༦༤ ཙམ་ཆོས་ཞུགས་དང་སྦྲགས་སློབ་གྲྭར་འཛུལ་ཞུགས་བྱས་ཡོད།

དེ་ཡང་ཕྱི་ཚེས་ ༡ ཉིན་གུང་ ༢།༣༠ ཙམ་ལ་སྤྱི་ཁྱབ་བློན་ཆེན་མཆོག་སྟོན་འཁོར་དང་བཅས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་ཕེབས་འབྱོར་སྐབས་སྲིད་ཚབ་ཆོས་རིག་བཀའ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཙོས་བཀའ་བློན་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་གྲུབ་བསྟུན་གསོལ་སྟོན་དང་དྲན་རྟེན་ཕྱག་རྟགས་འབུལ་ལམ་ཞུས་ཡོད་པ་བཅས།།

Share with your friends










Submit