ཟླ་བ་ ༡༡ ཚེས ༢༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༢༡ རེས་གཟའ་མིག་དམར།

༄༅། །འདི་གར་སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  ལུག་སམ་བྷག་Luxembourg ཏུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བྱིས་པ་དབང་པོ་སྐྱོན་ཅན་རོགས་སྐྱོབ་ཚོགས་པ་གཉིས་ཐུན་མོང་ཐོག་ཡུ་རོབ་ལུག་སམ་བྷག་ཏུ། ཆུ་ལོག་མ་བྱུང་སྔོན།  ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བསྟན་འདུག སྐབས་དེར་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མཐོ་སྒང་བོད་ནི་འཛམ་གླིང་ཡངས་ཐོག་ཅེས་གྲགས་ཤིང་།  བོད་ཀྱི་ཁོར་ཡུག་ནི་ཧ་ཅང་འཇིག་སླ་ཞིང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པ་དང་།

བོད་ཀྱི་གཙང་པོ་ཁག་ལ་ཆུ་མཛོད་ཚད་ལས་བརྒལ་བ་སོགས་བརྒྱབ་དང་རྒྱག་བཞིན་ཡོད་སྟབས་གཙང་ཆུ་དེ་དག་རྒྱུག་ཡུལ་གཤམ་འོག་རྒྱལ་ཁབ་ ༡༢ ནང་གི་མི་འབོར་ཐེར་འབུམ་ལྷག་གི་འཚོ་བའི་གནས་སྟངས་ལ་ཐད་ཀར་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་སྟབས།   གནས་སྟངས་ཧ་ཅང་གཉན་འཕྲང་ཆེ་ཞིང་ཛ་དྲག་ནང་ལྷུང་ཡོད་ཀྱང་།  བོད་མི་ཚོ་ནི་རྒྱ་ནག་གི་དབང་སྒྱུར་འོག་རང་དབང་སྤུ་ཙམ་མེད་སྟབས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་དཀའ་བའི་གནས་སུ་གྱུར།  འོན་ཀྱངབཙན་བྱོལ་ནང་གི་བོད་མི་ཉུང་ཤས་ལས་མེད་ཀྱང་རང་དབང་ཡོད་སྟབས་གང་ཐུབ་ཅི་ཐུབ་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་སྐོར་སོགས་གསུངས།

ཐེངས་འདིར་ལུག་སམ་བྷག་བོད་དོན་རྒྱབ་སྐྱོར་ཚོགས་པས་མགྲོན་འབོད་ལྟར་སྦར་སེལ་སྐུ་ཚབ་དོན་གཅོད་ས་གནས་སུ་ཕེབས་ནས་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་དང་ལས་བྱེད་རྣམས་ཐུག་འཕྲད་གནང་སྟེ་བོད་དོན་སྐོར་དང་། ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་ལམ་སྟོན་ཡང་གནང་ཡོད་པ་བཅས།།

Share with your friends










Submit