ཟླ་བ་ ༡༡ ཚེས ༡༦ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༡༤ རེས་གཟའ་མིག་དམར།

ཁང་པ་མེད་མཁན་ཚོར་རིན་མེད་ཞལ་ལག་སྦྱིན་པ་གཏོང་མཁན་ CASA ཞེས་པའི་ཚོགས་པའི་ཚོགས་མི་སྐུ་ཞབས་ཕར་ནེན་ཌོ།

༄༅། །སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་པུར་ཏུ་གལ་ Portugal ཡུལ་གྱི་རྒྱལ་ས་ལིས་བྷོན་ Lisbon  དུ་ཕྱི་ཟླ་ ༡༡ ཚེས་ ༦ ནས་ ༩ བར་རྒྱལ་སྤྱིའི་དྲྭ་རྒྱའི་ཚོགས་ཆེན་མཉམ་ཞུགས་དང་། སྤྱི་ཚོགས་ལས་འགུལ་རྒྱ་ཆེ་སྤེལ་གནང་མཁན་སྤྲུལ་སྐུ་པདྨ་དབང་རྒྱལ་མཆོག་དང་མཇལ་འཕྲད་གནང་འདུག

སྤྲུལ་སྐུ་པདྨ་དབང་རྒྱལ་མཆོག་གིས་བཀའ་འབྲེལ་ལྟར་དོན་གཅོད་ནས་ཆོས་ཚོགས་ཀྱི་སློབ་མ་རྣམས་ལ་༸རྒྱལ་བའི་རླབས་ཆེན་དགོངས་བཞེད་ཐོག་གསུང་བཤད་གནང་བཞིན་པ།

དེ་ཡང་ཡུལ་དེའི་སྲིད་བློན་ཨན་ཀྲོ་ནི་ཡོ་ཀོས་ཀྲ་ Antonio Costa མཆོག་གིས་མགྲོན་འབོད་ལྟར།  སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་རྒྱལ་སྤྱིའི་དྲྭ་རྒྱའི་ཚོགས་ཆེན་གྱི་ལས་གཞི་ཁག་ལ་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་ཚོགས་བཅར་བ་མི་གྲངས་ ༦༠,༠༠༠ ལྷག་ཡོད་པ་དང་།  གཏམ་བཤད་གནང་མཁན་སྐུ་མགྲོན་གྲངས་ ༡༢༠༠ ལྷག་ཡོད་འདུག  རྒྱལ་སྤྱིའི་དེང་དུས་དྲྭ་རྒྱ་དང་དེ་འབྲེལ་དེང་དུས་ཀྱི་འཕྲུལ་ཆས་ཡར་ཐོན་ཁག་གི་ཁྲོམ་ར་ཆེན་པོ་ཞིག་ཀྱང་ཡིན་འདུག

སྤྲུལ་སྐུ་པདྨ་དབང་རྒྱལ་མཆོག་དང་སྤྱི་ཚོགས་བདེ་དོན་ཚོགས་པ་འདྲ་མིན་གྱི་ཚོགས་མི་རྣམས་དང་ལྷན།

ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྤྲུལ་སྐུ་པདྨ་དབང་རྒྱལ་མཆོག་གི་སློབ་མ་གྲངས་ ༡༠༠ ལྷག་ལ་སྤྱི་ནོར་༸གོང་ས་༧སྐྱབས་མགོན་མཆོག་གི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞིའི་སྐོར་ངོ་སྤྲོད་དང་དྲི་བ་ཁག་ལ་ལན་འདེབས་གནང་འདུག སྤྱིར་༸གོང་ས་མཆོག་ཡུལ་དེར་དེ་སྔ་ཆིབས་སྒྱུར་ཐེངས་ ༢ བསྐྱངས་ཡོད་ཀྱང་དད་ལྡན་མང་ཚོགས་རྣམས་ཀྱིས་རིང་མིན་ཡང་མགོན་པོ་གང་ཉིད་མཆོག་ཁུལ་དེར་སླར་ཡང་ཆིབས་བསྒྱུར་བཀའ་དྲིན་བསྐྱང་ཐུབ་རྒྱུའི་རེ་སྨོན་ཇི་ལྟར་ཞུ་བཞིན་ཡོད་པ་རྣམས་དོན་གཅོད་ལ་ཞུས་འདུག

དུད་འགྲོ་ཚེ་ཐར་གཏོང་བཞིན་པ།

ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ནས་བོད་ཀྱི་རིག་གཞུང་ཁྱབ་སྤེལ་གྱིས་མཚོན་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་གྱི་ཚོགས་པ་སྲོང་བཙན་ཞེས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་བ་མ་ཟད།  ཀ་ས་ཞེས་པའི་ཚོགས་པས་ཁང་པ་མེད་མཁན་རྣམས་ལ་ཉིན་རེའི་ཞལ་ལག་སྦྱིན་པ་གཏོང་བཞིན་ཡོད་པའི་ཚོགས་པ་དེའི་འགན་འཛིན་དང་ལྷན་ལས་གཞིར་མཉམ་ཞུགས་གནང་། དེ་བཞིན་ Mother Earth ཞེས་པས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་བཞིན་པ་དེར་མཉམ་ཞུགས་གནང་བ་དང་འབྲེལ་མ་འོངས་ལས་འཆར་སྐོར་གྲོས་བསྡུར་གནང་ཡོད་པ་བཅས།།

རྒྱལ་སྤྱིའི་དྲ་རྒྱའི་ཚོགས་ཆེན།

Share with your friends










Submit