མདུན་ཤོག » Flash Mobile » གསར་གནས། »

རྒྱ་གར་བརྙན་འཕྲིན་གསར་འགྱུར་ཚན་པ་གྲགས་ཅན་ Times Now ཞེས་པའི་གྲོས་སྟོན་པ་དང་ཇུས་འགོད་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༡༤ རེས་གཟའ་མིག་དམར།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།   ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༣ ཉིན་རྒྱ་གར་བརྙན་འཕྲིན་གསར་འགྱུར་ཚན་པ་ Times Now ཞེས་པའི་གྲོས་སྟོན་པ་དང་ཐབས་ཇུས་འགོད་མཁན་སྐུ་ཞབས་མ་རུཕ་རཱ་ཛ་ Maroof Raza ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་སྐུ་ཞབས་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་སྦྲགས། བོད་དང་བོད་མིའི་འཐབ་རྩོད་ཀྱི་གནས་བབ་ངོ་སྤྲོད་དང་།   ད་ལྟའི་བོད་ནང་གི་གནས་སྟངས་སྐོར།  རྒྱལ་སྤྱིའི་ནང་བོད་དོན་ཐོག་ལས་འགུལ་ཇི་ལྟར་སྤེལ་བཞིན་པ། དེ་བཞིན་བོད་དོན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱབ་སྐྱོར་ཇི་ཐོབ་བཞིན་པ། ལྷག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གྱིས་གཙོས་འཛམ་གླིང་རྒྱལ་ཁབ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཇི་འདྲ་སྤེལ་དང་སྤེལ་བཞིན་པའི་སྐོར་སོགས་ངོ་སྤྲོད་གནང་འདུག

ཕྱོགས་མཚུངས་སྐུ་ཞབས་ཁོང་གིས་བརྙན་འཕྲིན་གྱི་བརྒྱུད་ལམ་ཐོག་བོད་ཀྱི་གནད་དོན་ཐོག་འདྲི་རྩད་དང་། རྒྱ་ནག་གི་སྤྱི་ཡོངས་སྲིད་བྱུས་དང་། ལྷག་པར་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཛིན་པའི་སྲིད་བྱུས་སོགས་ཀྱི་ཐོག་རྒྱ་གར་སྤྱི་ཚོགས་ནང་གོ་རྟོགས་སྤེལ་བཞིན་ཡོད་པའི་སྐོར་དང་། མ་འོངས་པར་གསར་འགྱུར་བརྒྱུད་ལམ་ནང་བོད་རྒྱའི་དཀའ་རྙོག་དང་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་སོགས་གོ་སྒྲིག་ཞུ་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་ཀྱང་མགྲོན་འབོད་ཞུ་རྒྱུ་ཡིན་སྐོར་གསུངས།  དེ་རྗེས་སྤྱི་ལྷན་གྱི་གྲོས་ཚོགས་ཚོགས་ཁང་དང་དཔེ་མཛོད་ཁང་བཅས་སུ་གཟིགས་སྐོར་གནང་ཡོད་པ་བཅས།།

Share with your friends










Submit