Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་དང་། ཤེས་རིག་ཁྱབ་ཁོངས་སློབ་གྲྭའི་དགེ་རྒན། ས་རྭ་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་ཁང་གི་སློབ་ཕྲུག་ དེ་བཞིན་འཛིན་རིམ་བཅུ་གཉིས་ཐོན་རྗེས་མུ་མཐུད་མཐོ་སློབ་ཏུ་བསྐྱོད་རྒྱུའི་གོ་སྐབས་མ་ཐོབ་པའི་རང་རིགས་ན་གཞོན་རྣམས་ལ་སོ་སོའི་ཤེས་ཚད་གོང་མཐོར་གཏོང་ཐབས་ཆེད་ཡིག་འགྲུལ་ལམ་ནས་ཚད་ལྡན་ནམ་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་བྱ་འདུན་ཡོད་རིགས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༩ འགྱངས་མེད་གཤམ་གསལ་དྲྭ་ཐོག་འགེངས་ཤོག་འཐུས་བཀང་དགོས་པ་དང་། དེའི་མཉམ་དུ་དགོས་མཁོའི་ཡིག་ཆའི་ངོ་བཤུས་སྟེང་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས་ལས་བྱེད་གང་རུང་གིས་འགན་ལེན་དག་མཆན་བཀོད་ཏེ་མཉམ་སྦྱར་དགོས་རྒྱུ།

དྲྭ་ཐོག་འགེངས་ཤོག

དགོས་ངེས་ཆ་རྐྱེན།

སློབ་ཡོན་ས་མིག་གྲངས་ ༧༥ གསར་དུ་གཏན་འབེབས་ཡོད་པར་ལོ་རེར་སློབ་ཡོན་ཧིན་སྒོར་ ༡༠་༠༠༠།༠༠ གནང་རྒྱུ།

ཀ༽ རྒྱ་གར་དུ་གཏན་སྡོད་ཆོག་པའི་ལག་འཁྱེར་གྱི་ངོ་བཤུས།
ཁ༽ དཔྱ་དངུལ་ལག་དེབ་གཙུང་ཕུལ་ཟིན་པའི་ངོ་བཤུས། (ཕ་མའི་ལག་དེབ་ངོ་བཤུས་ཀྱང་མཉམ་འབུལ་དགོས་རྒྱུ།)
ག༽ བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གཉིས་ཀྱི་ལས་བྱེད་དང་ཤེས་རིག་ཁྱབ་ཁོངས་སློབ་གྲྭའི་དགེ་རྒན། ས་རྭ་དང་ནོར་གླིང་རིག་གཞུང་སློབ་གཉེར་ཁང་ནས་ཡིན་ཚེ་སོ་སོའི་འབྲེལ་ཡོད་འགན་འཛིན་ལས་ཁུངས་ནས་དགག་ཆ་མེད་པའི་ངོས་སྦྱོར་ཞུའབུལ་དགོས། དེ་མིན་སློབ་མ་གཞན་ཚོས་སོ་སོའི་འཛིན་རིམ་བཅིུས་ཀྱི་ཨང་ཤོག་གི་ངོ་བཤུས་མཉམ་སྦྱར་དགོས།
ང༽ ཤེས་ཚད་མཐོ་ཤོས་ཀྱི་ལག་འཁྱེར་ངོ་བཤུས།

སློབ་ཡོན་ཆ་བགོས།

ཀ༽ བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་ཆེད་ས་མིག་ ༢༠ ཡོད།
ཁ༽ ཤེས་རིག་ཁྱབ་ཁོངས་སློབ་གྲྭའི་དགེ་རྒན་ཆེད་ས་མིག་ ༢༠ ཡོད།
ག༽ སྭ་ར་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་ཁང་གི་སློབ་ཕྲུག་ཆེད་ས་མིག་ ༡༥ ཡོད།
ང༽ འཛིན་གྲྭ་བཅིུས་ཐོན་རྗེས་མཐོ་སློབ་བསྐྱོད་རྒྱུའི་གོ་སྐབས་མ་ཐོབ་པའི་ན་གཞོན་ཆེད་ས་མིག་ ༢༠ ཡོད།

 

ཟུར་བརྗོད། གལ་སྲིད་ས་མིག་ལྷག་འཕྲོས་བྱུང་ཚེ་གོང་གསལ་སྡེ་ཚན་བཞིའི་ནང་མ་ཚུད་པའི་ཞུ་སྙན་ཁག་ལ་དགོངས་བཞེས་གནང་རྒྱུ།

སློབ་ཡོན་གསལ་བསྒྲགས་འདིའི་ཐོག་དྭོགས་འདྲི་གང་ཡང་ཡོད་ཚེ་སློབ་ཡོན་སྡེ་ཚན་གྱི་ལས་བྱེད་བསྟན་འཛིན་བསམ་གྲུབ་དང་ངག་དབང་ཡོན་ཏན་གཉིས་ཀྱི་གློག་འཕྲིན་ཁ་བྱང་ scholarship@tibet.net, doe.lobyon@tibet.net དང་། ཁ་པར་ཨང་གྲངས་ +91-1892-222572, +91-1892-222721 ཐོག་འབྲེལ་གཏུགས་གནང་རོགས་བཅས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༥ ལ་ཕུལ།།

Share with your friends










Submit