མདུན་ཤོག » Flash Mobile » གསར་གནས། »

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སྦེལ་ཇམ་རྒྱལ་ས་སྦར་སིལ་དུ་ཕེབས་འབྱོར་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ཟླ་བ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་འོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས།   སྤྱི་འཐུས་ངག་དབང་ཐར་པ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་གླིང་ཕྲན་ནང་གི་རྒྱལ་ཁབ་སྦེལ་ཇམ་དང་། ཕ་རན་སི། ནི་ཐར་ལན་ཌི། སུད་སི་བཅས་བཞི་ལ་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་དང་བོད་དོན་ཞུ་སྐུལ་ཆེད་དུ་ཕེབས་ཡོད།

དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱ་གར་ནས་དྷུ་བྷེ་ Dubai གནམ་ཐང་བརྒྱུད་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་གནམ་ཐང་དུ་ཕེབས་འབྱོར་མཚམས།   སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ། ས་གནས་དབུས་གཙང་ཆོལ་ཁ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག   དེ་རྗེས་སྦར་སིལ་གྱི་མགྲོན་ཁང་ཞིག་ནང་སྐུ་ངལ་གསོས་གནང་ཡོད་པ་རེེད།

ཕྱི་ཚེས་ ༡༢ ཉིན་ས་གནས་ཨན་ཝབ་ཏུ་སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་གནང་བའི་ཚོགས་འདུའི་ཐོག་ཆེད་ཕེབས་ཀྱིས་ཐོག་མར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་གྱིས་མཛད་རིམ་ངོ་སྤྲོད་གནང་རྗེས། སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྤྱི་འཐུས་རྣམ་པ་བཞི་ངོ་སྤྲོད་གནང་ཡོད་འདུག

དེ་རྗེས་སྤྱི་འཐུས་རྣམ་པ་བཞིས་བརྗོད་གཞི་ཁག་མི་འདྲ་བའི་ཐོག་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་གསུང་བཤད་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེའི་རླབས་ཆེན་གྱི་མཛད་ཁུར་སྐོར། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར།

དེ་བཞིན་སྤྱི་འཐུས་ངག་དབང་ཐར་པ་ལགས་ཀྱིས་བོད་ནང་གི་ཛ་དྲག་གི་གནད་དོན་དང་སྐད་ཡིག་སྲུང་སྐྱོབ་སྐོར་བཅས་ལ་གསུང་བཤད་གནང་བ་མ་ཟད། མི་མང་གི་དྲི་བ་ཁག་ལ་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་གནང་ཡོད་འདུག

དེ་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུས་གནང་རྗེས་ ཚོགས་འདུ་གྲོལ།  དགོང་དྲོ་སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་འཐུས་རྣམ་པར་གསོལ་ཚིགས་འདེགས་འབུལ་ཞུས་འདུག

ཕྱི་ཚེས་ ༡༣ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་སྤྱི་ཡོངས་ཀྱི་སྒྲོམ་གཞིའི་སྐོར་ངོ་སྤྲོད་དང་། སྦར་སིལ་སྐུ་ཚབ་དོན་གཅོད་ནས་ཡུ་རོབ་སྤྱི་མཐུན་གྱི་ད་ལྟའི་སྲིད་བྱུས། ལྷག་པར་བོད་དོན་ཐོག་འཛིན་པའི་སྲིད་བྱུས།  དེ་བཞིན་འདས་པ་དང་ད་ལྟ་འགྲོ་བཞིན་པའི་ལས་འཆར། ཡུ་རོབ་སྤྱི་མཐུན་གྱི་སྒྲིག་འཛུགས་ཁག་དང་། ཡུ་རོབ་སྤྱི་མཐུན་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས། སྦེལ་ཇམ་ལ་རྒྱ་ནག་གཞུང་གིས་ཤུགས་རྐྱེན་ཇི་འདྲ་སྤྲོད་བཞིན་ཡོད་མེད་སྐོར་སྤྱི་འཐུས་རྣམ་པར་ངོ་སྤྲོད་ཞུ་རྒྱུ་དང་།

དེ་རྗེས་སྐུ་ཚབ་དོན་གཅོད་ཁང་ནས་གཞུང་འབྲེལ་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་རེད་འདུག   ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཚོགས་དྲ་ལམ་ནས་ལས་འགུལ་དང་འབྲེལ་བའི་སྐོར་ལ་དྲི་བ་དྲིས་ལན་གནང་རྒྱུ་དང་། དེ་རྗེས་ཆུ་ཚོད་ ༢ པའི་ཐོག་མེ་འཁོར་བརྒྱུད་ཕ་རན་སིར་ཕེབས་ཐོན་གནང་རྒྱུ་ཡིན་དུག   འདི་ཟླའི་ཚེས་ ༢༢ ནས་ ༢༤ བར་སྦེལ་ཇམ་ཁུལ་གྱི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དངོས་སུ་འགོ་འཛུགས་གནང་རྒྱུ་ཡིན་འདུག།

Share with your friends










Submit